ཀླུ་སྨྱོན།
བོད་ལ་དྲ་བའི་རིག་གནས་འདི་དར་ནས་ཅུང་ཟད་མ་གཏོགས་འགོར་མེད་ལ། ཕྱི་སྡོད་བོད་མིའི་ཁྲོད་དུ་དྲ་བའི་རིག་གནས་འདི་བེད་སྤྱད་དེ་རང་རང་གི་བསམ་ཚུལ་འབྲི་མཁན་དང་སྤྱི་སྒེར་ལ་སྐྱོན་བརྗོད་བྱེད་མཁན། བསམ་བཞིན་དུ་མི་སེམས་ལ་མནར་གཅོད་གཏོང་མཁན་དང་མི་ལུས་ལ་ཁབ་གཙག་བྱེད་མཁན་སྐོར་ཞིག་བྱུང་། དེ་དག་གི་ཁྲོད་དུ་རང་མིང་དངོས་སུ་འབྲི་མཁན་སྐོར་ཞིག་དང་སྨྱུག་མིང་གི་འོག་ཏུ་ཡིབ་མཁན་སྐོར་ཞིག་ཡོད། རང་མིང་དངོས་སུ་འབྲི་མཁན་ནི་ཁང་གསར་རྡོ་རྗེ་དང་རབ་གསལ་ལྟ་བུ་རེད་ལ། སྨྱུག་མིང་གི་འོག་ཏུ་ཡིབ་མཁན་ནི་མི་རྐང་གླིང་བུ་དང་སྤོབས་པ་མཐའ་ཡས་ལྟ་བུ་རེད། སྨྱུག་མིང་གི་འོག་ཏུ་ཡིབ་ནས་རྩོམ་ཡིག་འབྲི་མཁན་སྤྱིར་ན་ཧ་ཅང་མང་མོད་ཀྱང་། བརྗོད་བྱ་རྗོད་བྱེད་གང་ཐད་ནས་ཁོ་བོའི་བློ་ལ་འགྲོ་ཤོས་ཀྱི་དཔྱད་བརྗོད་སྤེལ་མཁན་ཞིག་ནི་སྤོབས་པ་མཐའ་ཡས་ཟེར་བའི་མི་འདི་ཡིན།
ང་ཚོའི་དྲ་ངོས་སུ་དཔྱད་བརྗོད་སྤེལ་མཁན་གང་འཚམ་ཞིག་ཡོད་མོད་ཀྱང་དེ་དག་ལས་ཕལ་མོ་ཆེ་ཞིག་ནི། “གཡོ་སྒྱུ་དང་མགོ་བདེ་བོ་ལས་མ་འདས་པས་གྲོགས་པོ་དང་ཕྲད་ན་སྐད་ཆ་སྙན་པོ་བཤད་ཅིང་ཅི་ནུས་སྒོས་ངོ་བསྟོད་བྱེད་པ། གྲོགས་པོ་མ་ཡིན་པ་ལ་སྐད་ཆ་མི་སྙན་པ་བཤད་ཅིང་ཅི་ནུས་སྒོས་དམའ་འབེབ་བྱེད་པ་ཡིན། གྲོགས་པོ་ཡིན་ན་ཅི་འདྲ་ངན་ཡང་སྐྱོན་མི་བརྗོད་པ་དང་བཟང་ཆ་ཅུང་ཙམ་ལས་མེད་ཀྱང་བསྟད་ནས་དགུང་དུ་འཇོག་པ་དང་། སུས་རང་ལ་ཕོག་ཐུག་བཏང་ན་དགག་པ་རྒྱག་པ་དང་སུ་རང་ལ་དྲང་ན་གཟེངས་བསྟོད། ད་དུང་གཞན་གྱིས་བསྟོད་ན་དེ་དག་གི་རྗེས་སུ་འབྲངས་ནས་བསྟོད་པ་དང་། གཞན་ཚང་མས་སྐྱོན་བརྗོད་ཀྱང་རང་གིས་སྐྱོན་མི་བརྗོད་པར་གྱང་ཁའི་རྩྭ་བཞིན་དུ་གཞན་པར་ཕོག་ཐུག་མི་གཏོང་། དཔྱད་བརྗོད་དེ་དག་གིས་ཧ་ཅང་ཞེ་མེར་བར་བྱེད་པ་སྟེ། བལྟས་མ་ཐག་གསར་སྣང་སྐྱེ་ཡང་ལྟ་ཡུན་རིང་ན་ཡིད་ལ་སྐྱོ་སྣང་སྐྱེད། ཁོ་ཚོས་ཚིག་རོ་ཉ་ཉོག་ལ་ཡིད་དུ་འོང་བའི་ཕྱི་གོས་བཀླུབས་སུ་བཅུག་ནས་གསར་བ་གསར་རྐྱང་གི་རྣམ་པས་སེམས་ཅན་གྱི་ཡིད་བསླུ་བ་ཡིན་པས།” དཔྱད་བརྗོད་འདི་རིགས་ལ་ནམ་ཡང་མི་རྣམས་ཀྱིས་ཤེས་ལ་མ་ཤེས་པའི་སྒོ་ནས་ངོ་བསྟོད་ཀྱིས་མཆོད་ཁྲིའི་ནང་དུ་བཤམ་པར་བྱེད་དོ།།
གོང་གི་གཡའ་དང་བཙའ་འདི་དག་གིས་དེ་ཙམ་གོས་མེད་པའི་སྤོབས་པ་མཐའ་ཡས་ཁོང་གིས་རྩོམ་ཡིག་མང་པོ་ཞིག་བྲིས་མེད་མོད། གནའ་དེང་གི་རྩོམ་ཡིག་གང་ཞིག་ལ་མཆན་བུ་བཏབ་ཚེ། དེ་ནི་སྨན་པ་མཁས་པ་ཞིག་གིས་ནད་པའི་ནད་ངོས་ཟིན་པ་ཇི་བཞིན་དམིགས་ཡུལ་དེ་དང་འབྱར་འགྲོ་བ་དང་། རྒྱུ་མཚན་གྱིས་ཕྱུག་ཅིང་ཁུངས་ལུང་དང་ལྡན་པ་ཞིག་དང་། ཡང་རྣ་བར་སྙན་ཅིང་ཡིད་དུ་འབབ་པ་ཞིག་རེད། དེ་ཡང་རེ་རེ་བཞིན་ལུང་འདྲེན་བྱེད་མི་དགོས་པར་དྲ་ངོས་འདིར་བཤད་མི་དགོས་བཤམས་བཞག་ཡོད་པ་རེད།
ད་འོ་ན་གོང་དུ་བརྗོད་པའི་བྱ་བརྒྱའི་ཁྲོད་ཀྱི་རྨ་བྱ་དང་རྟ་བརྒྱའི་ཁྲོད་ཀྱི་རྐྱང་རྒོད་དེ་སྤོབས་པ་མཐའ་ཡས་ཟེར་བའི་མི་འདི་དོན་ངོ་མར་སུ་ཡིན་ནམ་ཞེས་དྲིས་པ་ཡིན་ན། མི་ཕལ་མོ་ཆེ་ཞིག་གིས་ཁ་ནང་ལ་མཛུབ་མོ་བརྒྱུས་ནས་སྡོད་པ་ལས་འོས་མེད་ཅིང་ཁོ་བོ་ཡང་དེ་དག་གི་ཁྲོད་ཀྱི་གཅིག་ཡིན་ནོ།། སྤོབས་པ་མཐའ་ཡས་འདི་གནའ་བོའི་ནང་ཆོས་ཀྱི་སྐོར་ལ་རྒྱུས་མངའ་ཆེ་ཚུལ་ལ་བརྟགས་ན་རབ་གསལ་ཡིན་པ་འདྲ་བོ། དེང་རབས་རྩོམ་རིག་ལ་དཔྱད་སྟོབས་རྫོགས་པར་བསམས་ན་ཨ་ཁུ་པད་མ་འབུམ་ཡིན་པ་འདྲ་བོ། གཉིས་ཀར་མཁས་ཚུལ་ལ་བརྟགས་ན་ཧོར་གཙང་འཇིགས་མེད་ཡིན་པ་འདྲ་བོ། གང་ལྟར་ཁོང་གི་ཟིན་བྲིས་ཀྱི་ཆེད་བརྗོད་ལ་བལྟས་ན་ཨ་མདོ་ནས་སྐྱེས་ཏེ་རྡ་སར་བསྡད་མྱོང་ཞིང་། དེང་སྐབས་ནུབ་ཕྱོགས་སྤྱི་ཚོགས་ཤིག་ཏུ་ཡོད་པ་ཁས་ལེན་བྱས་འདུག
ནམ་རྒྱུན་ནང་ཆོས་ཀྱི་ཁྲོད་དུ་སྨྲ་བསམ་བརྗོད་དུ་མེད་པ་ཞེས་པ་དང་བཏགས་དོན་བཙལ་ན་མི་རྙེད་པ་ཞེས་པའི་ཆེས་རླབས་ཆེ་བའི་ཐ་སྙད་འོད་དུ་འཚེར་བ་གཉིས་ཡོད་པ་དང་། ངས་ནམ་རྒྱུན་སྤོབས་པ་མཐའ་ཡས་ལགས་སུ་ཡིན་གང་ཡིན་སྐོར་ལ་བསམ་བློ་རེ་གཏོང་དུས་གོང་གི་ཐ་སྙད་འདི་གཉིས་ཤར་རྒྱག་ཀླད་པའི་ནང་དུ་འཆར་ཡོང་གིན་འདུག གང་ལྟར་མཐའ་དོན་སྤོབས་པ་མཐའ་ཡས་ཀྱིས་སྔར་བཞིན་སྤོབས་པ་མཐའ་ཡས་ཞེས་པའི་སྨྱུག་མིང་དོན་དང་ལྡན་པ་འདིའི་འོག་ཏུ་ཡིབ་ནས་དཔྱད་བརྗོད་ཀྱི་གསེར་རྡོག་རེ་རེ་བཞིན་དྲ་ངོས་འདིར་སྤུང་རྒྱུ་མཁྱེན།
ཀླུ་སྨྱོན་ལགས།
རང་གིས་རང་ཉིད་རྩད་གཅོད་བྱེད་གྱིན་པ་ཡིན་ནམ། ཨ་ལ་རྩེད་མོ་ཡིན་ད།
སྒི་རིག་གི་མཚན་ཉིད་རིག་པའི་སློབ་དཔོན་ཆེན་པོ་ཕི་ལ་ཁྲོས་འདི་འདྲ་ཞིག་གསུངས་ཡོད་རེད།
“སྐྱེ་བོ་མཁས་པས་གཏམ་འཆད་པར་བྱེད་དེ་བཤད་རྒྱུ་ཞིག་ཡོད་པས་སོ༎
སྐྱེ་བོ་བླུན་པོས་གཏམ་འཆད་པར་བྱེད་དེ་ཅིག་བཤད་དགོས་པར་རློམ་པས་སོ༎”
“Wise men talk, because they have something to say;
Fools talk because they have to say something.”
Plato
གང་ལྟར་ཡང་སེམས་ལ་གང་ཤར་ཤར་ཞིག་བཤད་ཁུལ་བྱེད་ཀྱིན་ཡོད་རེད། ཡར་རྒྱས་ཡག་པོ་འགྲོ་གི་འདུག མ་འོངས་པར་ཡང་ཡར་རྒྱས་གཏོང་བའི་འཆར་གཞི་འདྲ་བོ་ཡོད། ཀླུ་སྨྱོན་ཁྱེད་དང་ཁྱེད་ལྟ་བུ་ཚོ་ནི་ངེད་ཚོའི་ལམ་སྣེ་ཁྲིད་མཁན་གནའ་ཡང་ཡིན་ལ་ད་དུང་ཡང་ཡིན། ཁྱེད་ཚོའི་གདེངས་འཇོག་དེ་ཚོས་ང་ཚོར་སེམས་ཤུགས་སྐྱེད་ཀྱིན་འདུག ཐུགས་རྗེ་ཆེ།
ཀླུ་སྨྱོན་གྱིས་སྣེ་མོ་ཞིག་ནས་གླེང་གི་འདུག་གཱ ད་དུང་རི་སྤྱང་གིས་ཀྱང་སྣེ་མོ་ཞིག་གླེང་གི་འདུག ད་ང་ཚོས་སྣེ་མོ་ནས་གླེང་ནས་འགྲོ་ཡ། ཧ་ཧ་ཧ། རྩེད་མོ་ཡིན།
ངས་ནི་རི་སྤྱང་ཁེར་འགྲོ་དང་སྤོབས་པ་མཐའ་ཡས་གཉིས་ཀའི་རྩོམ་ཡིག་བཀླགས་དང་ཀློག་བཞིན་ཡོད་མོད། ཁོང་གཉིས་མི་གཅིག་དང་ཡང་ན་གཉིས་ཡིན་པ་སོགས་མི་སུ་ཡིན་ལ་འདང་བརྒྱབས་མ་མྱོང་། སྤྱིར་དྲ་ཐོག་གི་མི་སུ་ཡིན་ཡང་གཅིག་གཅིག་ངོ་མ་ཤེས་ན་བཟང་གི་སྙམ།
ཁོང་གཉིས་ཀའི་རྩོམ་ཡིག་ཡག་པོ་རེ་ཀླགས་མྱོང་བས་དགའ་ཞིང་བཀུར་བཞིན་ཡོད།
སྐུ་ཞབས་ཧོར་གཙང་ནང་ཆོས་ལ་མི་མཁས་པར་མ་ཟད་ནང་ཆོས་མི་ཤེས་པ་དང་། ནང་ཆོས་ལ་སྦྱངས་པ་གང་ཡང་མེད་མཁན་ཞིག་ཡིན་པ་ཡོངས་གྲགས་ཡིན། ཀླུ་སྨྱོན་གྱིས་ངོ་བསྟོད་བྱེད་ཀྱི་འདུག ཚོང་རེ་ཡོད་པ་ཡིན་ན་མི་ཤེས། ཨ་ལ་རྩེད་མོ་ཡིན། དགོངས་དག སྤོབས་པ་མཐའ་ཡས་འདི་ངས་སུ་ཡིན་ཤེས་ཡོད་ལ། ངེད་གཉིས་ལ་གྲོགས་པོའི་འབྲེལ་བ་ཡང་ཡོད་མོད། ཤེས་མདོག་བྱས་མེད། གང་ཡིན་ཟེར་ན་ཁོང་གིས་རྒྱུན་དུ་མིང་ཚབས་ཞིག་བཀོལ་བ་དེ་ལ་རྒྱུ་མཚན་ཞིག་ཡོད་རྒྱུ་རེད།
ཧ་ཧ། འདི་དོགས་པ་མཐའ་ཡས་ཤིག་ཅི་མ་རེད། མི་ཞིག་མི་ཤེས་པ་མ་རེད་དམ། ད་དུང་ཀླུ་སྨྱོན་ཟེར་བ་འདིས་གཡོ་སྒྱུ་དང་མགོ་བདེ་བོས་རང་གི་གྲོགས་པོ་འགའ་རེ་ལ་བསྟོད་པ་བྱེད་ཁུལ་བྱས་པ་མ་ཡིན་ནམ། །སྤོབས་པ་མཐའ་ཡས་ཟེར་བ་དེ་སྒོམ་སྡེ་ལྷ་རམས་པ་དེ་རེད། ། ཁོ་ལ་གུས་བཀུར་ཡོད་་་
པདྨ་གེ་སར་ལགས། སྐུ་ཉིད་ཀྱི་མཆན་དེ་ཅུང་ཐལ་གྲབས་འདུག རྒྱུ་མཚན་ནི་ཨ་ལགས་ཀླུ་སྨྱོན་ཚང་གིས་༼གང་ལྟར་ཁོང་གི་ཟིན་བྲིས་ཀྱི་ཆེད་བརྗོད་ལ་བལྟས་ན་ཨ་མདོ་ནས་སྐྱེས་ཏེ་རྡ་སར་ བསྡད་མྱོང་ཞིང་། དེང་སྐབས་ནུབ་ཕྱོགས་སྤྱི་ཚོགས་ཤིག་ཏུ་ཡོད་པ་ཁས་ལེན་བྱས་འདུག༽གསུངས་པ་ལ་གཞིགས་ན་སྒོམ་སྡེ་ཚང་མིན་པ་གསལ་བོ་རེད། དེ་མིན་ཁྱོད་ལ་རྒྱུ་མཚན་རེ་ཡོད་ན་གསལ་བོར་བཤད་རོགས། སྤོབས་པ་མཐའ་ཡས་ཟེར་བ་དེ་ཨ་ལགས་ཁོང་མིན་པས་རྒྱུ་མཚན་འདྲ་ཡོད་དམ།
ཨ་ལགས་ལགས། ངས་དྲན་སོང་།རབ་གསལ་དང་། ཨ་ཁུ་པད་མ་འབུམ། ཧོར་གཙང་འཇིགས་མེད་གསུམ་ག་རེད་འདུག་ན་མི་བཞི་དེ་ནི་ཨ་ལགས་སྐུ་ཉིད་མ་ཡིན། ཧ་ཅང་རྩེད་མཚར་ཡིན།
ཨ་ཁུ་ལོ་ལོ། དྲང་པོ་བཤད་ན། ང་ནི་ཨ་ལགས་ཁྱེད་ཀྱིས་རྩོམ་པའི་སྒྲུང་རྩོམ་ལ་ནང་ཡང་བསྒུགས་ཡོད། བོད་བཙན་བྱོལ་འདིའི་ནང་ཨ་ལགས་ཁྱེད་ཀྱི་སྒྲུང་རྩོམ་ལས་བྲོ་བ་ཆེ་བ་ཞིག་གཅིག་ཀྱང་མ་མཐོང་། ངས་སུའང་བཤད་ཡོད། ངོ་མ་ང་ནི་ཨ་ལགས་ཁྱོད་ཀྱི་ཟང་ཟིང་གི་འཇིག་རྟེན་གྱི་ཟང་ཟིང་གི་ཚོར་བར་སྐྱེ་འཇུག་མྱོང་། གང་ལྟར་ངས་རེ་བ་ཆེ་ཤས་ཞིག་ལ་ཨ་ལགས་ཁྱེད་ཀྱིས་སྒྲུང་རྩོམ་རེ་བྲི་ཐུབ་ན་གསར་སྐྱེས་རྣམས་ལ་ཕན་པ་བརླབས་ཆེན་རེ་འབྱུང་ངེས།
ཨ་ལགས་ལགས། ངས་དྲན་སོང་།རབ་གསལ་དང་། ཨ་ཁུ་པད་མ་འབུམ། ཧོར་གཙང་འཇིགས་མེད་གསུམ་ག་རེད་མི་འདུག་ན་མི་བཞི་བ་དེ་ནི་ཨ་ལགས་སྐུ་ཉིད་མ་ཡིན། ཧ་ཅང་རྩེད་མཚར་ཡིན།
ཨ་ཁུ་ལོ་ལོ། དྲང་པོ་བཤད་ན། ང་ནི་ཨ་ལགས་ཁྱེད་ཀྱིས་བརྩམསཔའི་སྒྲུང་རྩོམ་ལ་ནང་ཡང་བསྒུགས་ཡོད། བོད་བཙན་བྱོལ་འདིའི་ནང་ཨ་ལགས་ཁྱེད་ཀྱི་སྒྲུང་རྩོམ་ལས་བྲོ་བ་ཆེ་བ་ཞིག་གཅིག་ཀྱང་མ་མཐོང་། ངས་སུའང་བཤད་ཡོད། ངོ་མ་ང་ནི་ཨ་ལགས་ཁྱོད་ཀྱི་ཟང་ཟིང་གི་འཇིག་རྟེན་གྱིས་ཟང་ཟིང་གི་ཚོར་བར་སྐྱེ་རུ་ འཇུག་མྱོང་། གང་ལྟར་ངས་རེ་བ་ཆེ་ཤས་ཞིག་ལ་ཨ་ལགས་ཁྱེད་ཀྱིས་སྒྲུང་རྩོམ་རེ་བྲི་ཐུབ་ན་གསར་ སྐྱེས་རྣམས་ལ་ཕན་པ་བརླབས་ཆེན་རེ་འབྱུང་ངེས།
ཧ་ཧ། གཙང་ཁའི་བུ་ལགས། ཧ་ཅང་ཐལ་བ་ཞིག་ཀླུ་སྨྱོན་ཚང་གིས་བཤད་འདུག་གྰ། ༼གང་ལྟར་ཁོང་གི་ཟིན་བྲིས་ཀྱི་ཆེད་བརྗོད་ལ་བལྟས་ན་ཨ་མདོ་ནས་སྐྱེས་ཏེ་རྡ་སར་ བསྡད་མྱོང་ཞིང་། དེང་སྐབས་ནུབ་ཕྱོགས་སྤྱི་ཚོགས་ཤིག་ཏུ་ཡོད་པ་ཁས་ལེན་བྱས་འདུག༽རབ་གསལ་དང་། ཨ་ཁུ་པད་མ་འབུམ། ཧོར་གཙང་འཇིགས་མེད་གསུམ་ཡང་ལྐོག་གཡོ་ངན་ཇུས་ཀྱིས་རྩོམ་ཆོས་སྤེལ་བའི་གྲངས་སུ་བཞག་མི་འདུག་གམ། །ངས་ཤེས་པའི་སྒོམ་སྡེ་ཡིན་པའི་གསལ་བཤད་རྗེས་སུ་་་་་
སྔོན་མ་བོད་ཀྱི་བང་ཆེན་ནང་ལ་2009.04.19 23:35:24ཉིན་
མི་ཞིག་གིས་མཆན་འདི་འདྲ་བཀོད་འདུག མཆན་འགོད་མཁན་དེ་Questཟེར་གྱི་འདུག
གཙོ་བོ་འདི་སྤོབས་པ་མཐའ་ཡས་སུ་ཡིན་མིན་གྱི་སྐོར་ཡིན་སྟབས་འདི་ལ་བཤུས་ཡོད། ཞིབ་ཕྲ། http://www.tibetexpress.net/bo/blog/viewpost/1152 གཟིགས།
ཞིབ་འཇུག་གི་དམིགས་ཡུལ་གཅིག་ལས་གཞན་གང་ཡང་མེད།
“སྤོབས་པ་མཐའ་ཡས་ཟེར་བ་འདི་སྐྱེས་སར་ཀླུ་སྒྲུབ་ཡིན་མིན་དང༌། ལྷ་སའི་བསང་དུད་ཟེར་བ་དེ་སེར་རྟ་ཚུལ་ཁྲིམས་རེད་ཟེར་བར་བཤད་ཚོད་དཀའ་ཡང༌། སྤོབས་པ་མཐའ་ཡས་དང་ལྷ་སའི་བསང་དུད་གཉིས་ནི་མི་གཅིག་རང་རེད། ཡིན་པའི་རྒྱུ་མཚན་ཁ་ཤས་བགྲངས་ན། ཡིག་སྒམ་གྱི་ཁ་བྱང་གཅིག་པ་དང༌། ཁོས་སྐད་ཆ་འགའ་ཞིག་འགོ་འཛུགས་དུས། ཁ་སང་ཅིག་ཅིག་མིག་མིག་མང་པོ་ཡོད་པ་རྣམས་དེ་རིང་ག་བར་ཕྱིན་སོང་ཟེར་བ་དང༌། སྨོད་བྱའི་གང་ཟག་རྣམས་ལ་ཨ་ཁུ་ཚང་དང་ཨ་བོ་རྟ་བཞོན་ཟེར་བ་དང༌། གསལ་ཆ་ཆེ་ཤོས་ནི་ཁོང་གཉིས་ཀས་ཡི་གེ་བཏགས་དུས་ཅི་ཞིག་མི་འགྲིག་པ་ཡིན་ནམ། ཀ་ལ་བཏགས་ཀླ་འབྲི་སྐབས་ཡིག་འབྲུ་བར་ཐོར་དུ་གྱུར་པ་གཉིས་ཀ་ལ་འདུག ཁོས་སྨོད་བྱའི་མི་སྣ་ངོས་བཟུང་ན་བེ་རི་འཇིགས་མེད་དབང་རྒྱལ་དང༌། ཆབ་མདོ་ཤེས་རབ། སྨོན་ལམ་མཐར་ཕྱིན་གསུམ་རེད་འདུག དེ་དག་ལ་བརྟེན་ནས་ཡིན་ནམ་གང་ཤེས་ཏྲེ་ཧོར་ཁམས་པ་དང༌། ཆབ་མདོའི་སྲུང་མ། བོན་པོའི་ཆོས་ལུགས་ལའང་ངན་སྨོད་ཧ་ལས་པ་བྱས་ཤག ད་དུང་ཡིན་གྱི་རེད་ཟེར་བ་ལ་ཡིན་རྒྱུ་རེད། ཡོད་ཀྱི་རེད་ལ་ཡོད་རྒྱུ་རེད་ཅེས་པ་སོགས་ཀྱི་འགྲོས་ལའང་བརྟགས་ན་ཤེས། ཁོས་མིང་རྫུན་ཁུར་ནས་ཆོས་ལུགས་ལ་སྨད་པ་རྣམས་བོན་རྒྱ་བསྟན་རབ་ཀྱིས་ཚགས་པར་དུ་བཀོད་ཡོད་ཟེར་བ་རྣམས་མ་འོངས་པར་ཆོས་ལུགས་བར་ལ་འགལ་བ་བྱུང་མི་སྲིད་པ་མིན་པས་བསྟན་རབ་པས་འགན་གཙང་བཞེས་དགོས་ལ། ཁུངས་མེད་ལུང་མེད་ཀྱི་ཆོས་ལུགས་ལ་སྨད་པ་འདི་ཚོ་འགག་སླ་ཡང་བཤད་པ་པོའི་མིང་སྦེད་བྱས་ན་འགན་ཁུར་མཁན་མེད་པས་ལས་ཐབས་དཀའ། འཛམ་གླིང་འདིར་རྒྱལ་ཁབ་ནང་གཏོར་མང་ཤོས་དེ་ཆོས་ལུགས་ཀྱིས་བཟོས་པར་མཁྱེན་དགོས། འཇིགས་སྐུལ་རིང་ལུགས་པ་མང་ཤོས་དེའང་ཆོས་ལུགས་ཕན་ཚུན་བརྙས་རེས་ལས་བྱུང་བ་མིན་ནམ། དེ་མིན་ལོ་རྒྱུས་གླེང་ཁུལ་དུ་ཞོར་ལ་བོན་གྱི་ཆོས་ལུགས་ལ་སྨད་པ་ངག་དབང་བྱམས་པ་ལྟ་བུ་ཡིན་ན་མིང་དངོས་སུ་བྲིས་ཡོད་པས་དེ་ནི་བང་ཆེན་རྩོམ་སྒྲིག་ཁང་དང་ཁོ་རང་ལ་འགན་ཡོད་པ་གསལ་པོ་ཡིན་པས་འགྲིག་འདུག གཞན་མིང་བརྫུས་དེ་ཚོའི་ལས་ཀ་དེ་སུས་འགན་ཁུར་དགོས་སམ། དེ་འདྲ་སུས་ཀྱང་ལས་ཤེས་པ་ཞིག་རེད། མི་འདི་ཚོ་རྩད་ཆོད་རྒྱུ་གལ་ཆེ། ད་དུང་མཐུན་སྣང་མང་པོ་འདུག་ལྟོས་དང༌།
དཔེར་ན། བསང་དུད་ཀྱིས་བང་ཆེན་ནང་འདི་ལྟར་བཤད་ཡོད།
སྨོན་ལམ་མཐར་ཕྱིན་གྱིས་སྔོན་མ་ཞིག་ལ་བོན་གྱི་ངོ་སྤྲོད་ཅིག་དྲྭ་ངོས་འདིར་བཀོད་སྐབས་སུ་ཡང་ངས་ཁྱོད་ཚོའི་སྟོན་པ་གཤེན་རབ་ཟེར་བ་ཞིག་ཡོད་པ་དེ་གང་དུ་འཁྲུངས་པ་གསལ་པོ་ཞིག་ཤོད་ཤོག དེ་ནས་ངོ་སྤྲོད་རྫིགས་པོ་དེ་ཚོ་རྗེས་སུ་བྲིས་ཤོག་ཅེས་བཤད་ཡོད། ཅེས་པ་འདི་དང་དུས་བབ་ནང་དུ་སྤོབས་པས་བྲིས་པ་དཔེར་ན།
ང་ཚོས་གླིང་གེ་སར་རྒྱལ་པོ་ཟེར་བ་ཞིག་བྱུང་མྱོང་ཡོད་མེད་སྐོར་ལ་དོགས་སློང་བྱེད་མཁན་ཡོད་པ་ལ་བལྟས་ན་གཤེན་རབ་ཟེར་བ་འདི་བྱུང་མྱོང་ཡོད་མེད་ལ་དོགས་པ་དེ་ལས་ཀྱང་སྐྱེས་དགོས་པ་ཞིག་རེད། ད་དུང༌། གཤེན་རབ་ཟེར་བ་འདི་སྐྱེས་པའི་ཡུལ་གང་ཡིན་ངོས་འཛིན་བྱེད་ཐུབ་ཀྱིན་མེད་པ་རེད།
ཟེར་བ་ལྟ་བུ་ལ་བལྟས་ན་ཁོང་གཉིས་ལྟ་ཚུལ་གཅིག་པ་མང་པོ་འདུག
ད་དུང་ལྷོད་ལྷོད་བྱས་ནས་རྒྱུ་མཚན་མང་པོ་བགྲངས་རྒྱུ་འདུག ག་ལེར་ཡིན། ཁྱེད་ཚོས་ཀྱང་གཟིགས།”
དྲ་གྲོགས་པདྨ་གེ་སར་དང་ཚངས་དབྱངས་གཉིས་ཀྱིས་བཤད་པ་འདི་དངོས་གནས་བཟང་། སྤྱིེར་བཏང་ཁོ་བོ་འགལ་རྐྱེན་སྣ་མང་ཞིག་གིས་རྐྱེན་གྱིས་དྲ་ངོས་ཐོག་ཏུ་སླེབས་ནས་རྒྱུན་རིང་མིན། དེས་ན་“སྤོབས་པ་མཐའ་ཡས་ཟེར་བ་ འདི་སྐྱེས་སར་ཀླུ་སྒྲུབ་ཡིན་མིན་གྱིས་དོགས་བློང་བྱས་པ་འདི་དངོས་གནས་རྒྱུ་མཚན་འདུག སྐྱེས་སར་ཀླུ་སྒྲུབ་ཀྱི་རྩོམ་ཡིག་འགའ་བཀླགས་མྱོང་བས་རྗེས་སུ་ཞིབ་ལྟ་བྱེད་ཆོག ལྷ་སའི་བསང་དུད་ཟེར་བ་དེ་གསེར་རྟ་ཚུལ་ཁྲིམས་ཕལ་ཆེན་ཡིན་མི་སྲིད། ཁོང་གི་སྨྱུག་མིང་འདྲ་མིན་སྐྱེད་སྲིད་ཀྱང་ལྷ་ས་ཞེས་པའི་འབྲི་འདི་ཁོས་ངོས་ནས་བསམ་ཡུལ་ལ་འཁོར་མི་སྲིད་པ་ཞིགརེད་སྙམ།
ཡང་སྤོབས་པ་མཐའ་ཡས་ཀྱིས་༼ང་ཚོས་གླིང་གེ་སར་རྒྱལ་ པོ་ཟེར་བ་ཞིག་བྱུང་མྱོང་ཡོད་མེད་སྐོར་ལ་དོགས་སློང་བྱེད་མཁན་ཡོད་པ་ལ་བལྟས་ན་ གཤེན་རབ་ཟེར་བ་འདི་བྱུང་མྱོང་ཡོད་མེད་ལ་དོགས་པ་དེ་ལས་ཀྱང་སྐྱེས་དགོས་པ་ཞིག་ རེད། ད་དུང༌། གཤེན་རབ་ཟེར་བ་འདི་སྐྱེས་པའི་ཡུལ་གང་ཡིན་ངོས་འཛིན་བྱེད་ཐུབ་ཀྱིན་མེད་པ་རེད།༽ ཅེས་བཤད་ཡོད་ན་ཁོང་ནི་ལོ་རྒྱུས་ལ་དེ་ཙམ་དོ་སྣང་དང་ཆ་རྒྱུས་མེད་པ་ཞིག་ཏུ་ངོས་འཛིན་བྱ་ཆོག དེ་རིང་དེ་ཙམ་ཡིན་རྗེས་སུ་རིམས་པར་ཡོད།
ད་ཚང་མས་སྤོབས་པ་མཐའ་ཡས་ཨེ་རྙེད་མི་རྙེད་ལྟོས། རིའི་ཕར་རྒྱབ་ནས་ཚུར་ངོས་ལ་ལྟོས། ཚུར་ངོས་ནས་ཕར་རྒྱབ་ལ་ལྟོས། དེ་ནས་ད་རྙེད་ཀི་རེད། གསལ་པོ་དག་པོས་བཤད་རྒྱུ་གཅིག་ལ། སྤོབས་པ་མཐའ་ཡས་ནི་རྩོམ་ཡིག་དང་བསམ་ཚུལ་གང་ཡང་ཞིབ་ཚགས་དང་ཁུངས་ལྡན་དུ་བྱེད་པ་ལ་མཁས་པ་ཞིག་རེད། དེར་བལྟས་ན། ཧོར་གཙང་འཇིགས་མེད་མིན་པ་ཐག་ཆོད་རེད། ད་སུ་ཡིན་ནམ།་ངར་བ་ཞིག་ནི་རེད་ཐག་ཆོད་རེད། ཨ་མདོ་ཞིག་ནི་རེད། གནད་དོན་ནི། ད་ལྟ་ཕྱི་རྒྱལ་ཞིག་ན་ཡོད་ཟེར་བ་དེ་ནས་འཁྲུག་ཡོད་ག ག་ལེར་ལྟོས་དང་རིག་གི་རེད། སྤོབས་པ་མཐའ་ཡས་འདི་ལས་སླ་བོ་ཞིག་རྩ་བས་མིན། ལྗིད་ཏིག་སེར་ཡོད། བརྟན་གྱིག་སེར་ཡོད། ངོ་ཐག་ཆོད་མི་ཆོད་གལ་ཆེན་པོ་མ་རེད། གཙོ་བོ་ཁོང་ལ་སློབ་སྦྱོང་བྱོས། མདུན་བསྐྱོད་བྱོས།
ཀླུ་སྨྱོན་གྱིས་བཤད་པའི་མི་གསུམ་པོ་སྤོབས་པ་མཐའ་ཡས་མིན་པ་ཡིད་ཆེས་ཡོད།
གང་ལྟར་སྤོབས་པ་མཐའ་ཡས་ནི་དྲང་ཚིག་ཅན་ཞིག་རེད། རྨེའུ་མཁར་གྱི་རྩོམ་ཡིག་གི་མཆན་འབྲི་སྐབས་ཁོང་གིས་ངས་ཆོས་མི་ཤེས་ཟེར་ནས་ངོས་ལེན་བྱས། དེ་ལྟར་ན་སྤོབས་མཐའ་ནི་རང་ཉེས་ཡོད་ན་ངོས་ལེན་བྱེད་པའི་སྤོབས་པ་ཡོད་མཁན་ཞིག་དང་རྒྱུ་མཚན་གཙོ་བཟུང་བྱས་ནས་འགྲོ་མཁན་ཞིག་མཐོང་།
ཁ་ཤས་ཀྱིས་སྤོབས་པ་མཐའ་ཡས་ལོ་རྒྱུས་ལ་མི་མཁས་ཟེར་ཡང་ཁོང་ལོ་རྒྱུས་ལ་མཁས་པ་མ་ཟད་ལོ་རྒྱུས་ལ་ཧ་ཅང་དོ་སྣང་ཅན་གྱི་མི་སྣ་ཞིག་རེད། ཁོང་གི་ཤེས་ཡོན་གྱི་ཨ་མའང་ལོ་རྒྱུས་སྒང་མང་ཙམ་ཡོད་པ་མཐོང་།
དགེ་ཆོས་ཀྱིས།
གངས་ཀྱི་སེངྒེ་གང་ཡང་མེད་པ་དང་།།
གེ་སར་རྒྱལ་པོ་གུར་དུ་མ་བཞུགས་ཤིང་།།
ཡོད་བཏགས་སེམས་ལ་མེད་བཏགས་སྒྲོ་བཏགས་ནས།།
སྙན་ཚིགས་སྒྲ་ཡི་བརྗོད་བྱ་ཅིས་མི་ཆོག།
སྤོབས་པ་གངས་སེང་ཡོད་མེད་ལ་དོགས་གཞི་ཡོད་པའང་གནས་ལུགས་འདི་ཡིན་ཤས་ཆེ། སྤོབས་མཚོག་ལགས། མུ་མཐུད་བྲིས། ཅི་འདོད་ཐམས་ཅད་མུ་མཐུད་དུ་བྲིས།
ཁྱེད་རྣམས་པ་ཚང་མའི་སྤོབས་པ་མཐའ་ཡས་སུ་ཡིན་ཕྱོགས་ཙམ་ཡང་ཏོག་མི་འདུག
སྤོབས་པ་མཐའ་ཡས་ནི་སྒོམ་སྡེ་དང་ཧོར་འཇིག་ལྟ་བུའི་ཕྱོགས་རིས་ཅན་ཞིག་མིན་པ་གསལ་པོ་རེད
ད་དུང་ཁོང་འཁྲུང་ས་ཁོམ་ནས་རེད་ ཁོང་གིས་རྣམ་དཔྱོད་་དང་མཁྱེན་ཡོན་སོགས་་ལ་སུས་ཀྱང་འགྲན་ཟླ་བྲལ་བའི་ཆེས་ཕུལ་བྱུང་གི་སྐྱེས་བུ་རབ་ཞིག་རེད་
ང་ཚོ་ཚང་མིའི་ཁོང་ལ་སློབ་སྦྱང་བྱེད་མིག་དཔེ་ལྟ་དགོས་ས་ཞིག་རེད
ངའི་མཐའ་མའི་འབབ་ས་དེ་སུ་ཡིན་ཨེ་ཤེས། … … ཀྱི་སྟེང་དུ་བབས་སོང་། ཨ་མདོ་བ་ཡིན་པ་དང་གཅིག རྡ་སར་ཏོག་ཙམ་བསྡད་པ་དང་གཉིས། ནང་ཆོས་ལ་རྒྱུས་མངའ་ཡོད་པ་དང་གསུམ། (ཁོང་དེང་སྐབས་ནང་ཆོས་ལ་དོ་སྣང་གསར་བ་ཞིག་བསླེབས་ཡོད་ལུགས་བྲིས་ཡོད།) ཚིག་གི་སྒྱུ་རྩལ་ལ་མཁས་པ་དང་བཞི། དབྱིན་སྒྱུར་ཐུང་ཐུང་ཞིག་གི་སྐབས་སུ་ངེད་ཅག་གི་སློབ་ཚན་ཅིག་ཅིག་ཟེར་བས་དེང་སྐབས་སློབ་གྲྭ་ཞིག་ན་ཡོད་པ་དང་ལྔ་སྟེ། དོན་ཚན་འདི་ལྔ་བོའི་སྒོ་ནས་ངས་སྤོབས་པ་མཐའ་ཡས་དང་… … ་གཉིས་མི་གཅིག་ཡིན་པར་འདོད། རི་སྤྱང་ཁེར་འགྲོ་ཡང་མི་འདི་ཡིན་ན་ཐང་ཀི གང་ལྟར་ཡོན་ཏན་ལ་ཡིད་སྨོན་འཆོར་གི ཕྲག་དོག་ཀྱང་ཟ་གི
སྤོབས་མཐའི་རྩོམ་ཡིག་འགའ་ཞིག་བཀླགས་མྱོང་། གང་ལྟར་བོད་ཀྱི་ལོ་རྒྱུས་དང་རྩོམ་རིག་ལ་བྱང་ཆ་ཅན་ཞིག་ཡིན་ཐག་ཆོད་རེད་འདུག ཨ་རོགས་ཚོ། ཆུང་ཚེ་རིང་དང་། ཡང་ན་ཤེས་རབ་དར་རྒྱས་ཟོ་མིན་ན། ངས་ཁོང་གཉིས་ལའང་དོགས་པ་ཟ་གི་འདུག གང་དུ་མང་པོ་ཞིག་ཧོར་འཇིགས་ཀྱིས་ནང་ཆོས་ཤེས་ཀྱི་མ་རེད་སོང་། ནང་ཆོས་གང་འཚམས་ཤིག་ཤེས་ཀྱི་ཡོད་པ་འདྲ། ཁོང་གིས་བྲིས་པའི་སྙན་ངག་གི་འགྲེལ་བ་ཆེན་པོར་གཟིགས་དང་ནང་ཆོས་སྐོར་ལས་འཕྲོས་པའི་འགྲེལ་བཤད་ཡག་པོ་འདྲ་རྒྱབ་འདུག ཞོར་འཕྲོས་ཙམ་ཡིན།
ཀླུ་སྨྱོན་ལགས།
སྤོབས་པ་མཐའ་ཡས་ལ་བརྩེ་དུང་དང་བརྩི་བཀུར་མི་ཆུང་བ་ཞིག་ཡོད།
ཡིན་ནའང་མི་ངོ་མ་སུ་ཡིན་ཤེས་འདོད་མེད། གཅན་བཟོད་རྒྱམ་གྱིས་མ་ཤེས་ན་བཟང་གསུངས་འདུག དེ་ལ་མོས་མཐུན་ཡོད། གསང་བ་གང་དེར་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་མ་རེད་དམ།
རེད་ཡ། དོགས་པ་དང་གསང་བ་ནི་ཁོ་རང་གི་ངོས་ནས་བཞག་ན་བྲོ་བ་དང་གཟི་བརྗིད་ཆེ། ངས་ཀྱང་གནས་ལུགས་འདི་ལ་བརྩི་བསྲུང་བྱེད་འོས། ཡ་ཡ། ད་འདི་ནས་མཚམས་འཇོག་རྒྱུ་བྱེད། ཕ་གིའི་རི་མགོ་གན་ནས་ཡང་སྐྱར་ཐུག་ནའང་ཐང་།
སྤོབས་པ་མཐའ་ཡས་ཟེར་བ་འདི་ནི་ནང་ཆོས་ཤེས་དང་མི་ཤེས་གང་ལྟར་ནང་ཆོས་ཀྱི་ཆོས་རྒྱུད་བྱེ་བྲག་པ་ཞིག་ལ་ཞེན་ཁོག་ཡོད་པ་ཞིག་ཐག་ཆོད་བྱུང།
གཞན་ཡང་སྤོབས་པ་ཤིན་ཏུ་ཆེན་པོ་ཡོད་མཁན་གྱི་མི་ཞིག་ཡིན་པར་རྟོགས་བྱུང།
གང་ལྟར་སུ་ཁོང་སུ་ཡིན་མིན་ང་ཡི་གྲོགས་པོ་ཞིག་གིས་ཟུར་ཙམ་ཞིག་བཤད་བྱུང་དེ་ལ་ད་ལྟ་བརྟག་དཔྱད་བྱེད་སྒང་ཡིན།
ཨ་ནུ་ཐང་བསོད་ནམས་ལགས་ཀྱིས་༼ཁ་ཤས་ཀྱིས་སྤོབས་པ་ མཐའ་ཡས་ལོ་རྒྱུས་ལ་མི་མཁས་ཟེར་ཡང་ཁོང་ལོ་རྒྱུས་ལ་མཁས་པ་མ་ཟད་ལོ་རྒྱུས་ལ་ཧ་ ཅང་དོ་སྣང་ཅན་གྱི་མི་སྣ་ཞིག་རེད། ཁོང་གི་ཤེས་ཡོན་གྱི་ཨ་མའང་ལོ་རྒྱུས་སྒང་མང་ཙམ་ཡོད་པ་མཐོང་།༽ཟེར། རྩོད་གཞི་སྤོབས་པ་ལགས་ལོ་རྒྱུས་མཁས་མིན་རྩོད་པའི་སྐབས་སུ་ཁྱོད་ཀྱིས་རྒྱུ་མཚན་གཞན་ཅི་ཡང་མེད་པར་ཧ་ཅང་མཁས་ཟེར་བའི་ཚིག་འདི་མི་རུང་ཞིང་། མཁས་ན་རྒྱུ་མཚན་དང་བཅས་གསུང་རོགས། དེ་མིན་ཁྱོད་ཀྱིས་ལོ་རྒྱུས་ལ་ཧ་ ཅང་དོ་སྣང་ཅན་གྱི་མི་སྣ་ཞིག་ཅེས་པའི་ཚིག་འདི་སྒྲུབ་བྱེད་ཡིན་མི་སྲིད་ལ། ཡིན་ཀྱང་སྒྲུབ་མི་ཐུབ་བོ། །
དགེ་ཆོས་ཀྱིས།
གངས་ཀྱི་སེངྒེ་གང་ཡང་མེད་པ་དང་།།
གེ་སར་རྒྱལ་པོ་གུར་དུ་མ་བཞུགས་ཤིང་།།
ཡོད་བཏགས་སེམས་ལ་མེད་བཏགས་སྒྲོ་བཏགས་ནས།།
སྙན་ཚིགས་སྒྲ་ཡི་བརྗོད་བྱ་ཅིས་མི་ཆོག།སྙན་ཚིག་འདི་ལ་ཞུ་དག་ཅིག་དགོས་གལ་མཐོང་།
གངས་སེང་དཀར་མོ་གངས་རིའི་རྩེ་ལ་གནས། །
གེ་སར་རྒྱལ་བོ་འབྲུག་མོ་པང་དུ་གཟིམ། །
མེད་བཏགས་སེམས་ལ་ཡོད་བཏགས་སྒྲོ་བཏགས་ནས། །
སྙན་ཚིག་སྒྲ་ཡི་བརྗོད་བྱ་ཅིས་མི་ཆོག །
སྤོབས་པ་གངས་སེང་ཡོད་མེད་ལ་དོགས་གཞི་ཡོད་པའང་གནས་ལུགས་འདི་ཡིན་ཤས་ཆེ། སྤོབས་མཚོག་ལགས། མུ་མཐུད་བྲིས། ཅི་འདོད་ཐམས་ཅད་མུ་མཐུད་དུ་བྲིས།
དགོངས་དག་བསྣན་ནོར་གྱིས་ཤོར་སོང་།
ཨ་ནུ་ཐང་བསོད་ནམས་ལགས་ ཀྱིས་༼ཁ་ཤས་ཀྱིས་སྤོབས་པ་ མཐའ་ཡས་ལོ་རྒྱུས་ལ་མི་མཁས་ཟེར་ཡང་ཁོང་ལོ་རྒྱུས་ལ་མཁས་པ་མ་ཟད་ལོ་རྒྱུས་ལ་ཧ་ ཅང་དོ་སྣང་ཅན་གྱི་མི་སྣ་ཞིག་རེད། ཁོང་གི་ཤེས་ཡོན་གྱི་ཨ་མའང་ལོ་རྒྱུས་སྒང་མང་ཙམ་ཡོད་པ་མཐོང་།༽ཟེར། རྩོད་གཞི་སྤོབས་པ་ལགས་ལོ་རྒྱུས་མཁས་མིན་རྩོད་པའི་སྐབས་སུ་ཁྱོད་ཀྱིས་རྒྱུ་ མཚན་གཞན་ཅི་ཡང་མེད་པར་ཧ་ཅང་མཁས་ཟེར་བའི་ཚིག་འདི་མི་རུང་ཞིང་། མཁས་ན་རྒྱུ་མཚན་དང་བཅས་གསུང་རོགས། དེ་མིན་ཁྱོད་ཀྱིས་ལོ་རྒྱུས་ལ་ཧ་ ཅང་དོ་སྣང་ཅན་གྱི་མི་སྣ་ཞིག་ཅེས་པའི་ཚིག་འདི་སྒྲུབ་བྱེད་ཡིན་མི་སྲིད་ལ། ཡིན་ཀྱང་སྒྲུབ་མི་ཐུབ་བོ། །
ཡང་ཁོང་གིས་༼སྤོབས་པ་གངས་སེང་ཡོད་མེད་ལ་དོགས་གཞི་ཡོད་པའང་གནས་ལུགས་འདི་ཡིན་ཤས་ཆེ། ༽ཞེས་པའི་ཚིག་འདིར་གོ་རྒྱུ་ཚོར་རྒྱུ་ཅི་འདུག
འོན་ཏེ་ཨ་ནུ་ཐང་ལགས། རང་དབང་གི་དར་ཆེན་འཕྱར་ནས་མུ་མཐུད་དུ་ཕྲིས། ཅི་འདོད་ཐམས་ཅད་མུ་མཐུད་དུ་ཕྲིས།
དགེ་ཆོས་ཀྱིས།
གངས་ཀྱི་སེངྒེ་གང་ཡང་མེད་པ་དང་།།
གེ་སར་རྒྱལ་པོ་གུར་དུ་མ་བཞུགས་ཤིང་།།
ཡོད་བཏགས་སེམས་ལ་མེད་བཏགས་སྒྲོ་བཏགས་ནས།།
སྙན་ཚིགས་སྒྲ་ཡི་བརྗོད་བྱ་ཅིས་མི་ཆོག།སྙན་ཚིག་འདི་ལ་ཞུ་དག་ཅིག་དགོས་གལ་མཐོང་།སྙན་ཚིག་འདི་བློ་ལ་ངེས་ཀྱི་མི་འདུག
གངས་སེང་དཀར་མོ་གངས་རིའི་རྩེ་ལ་གནས། །
གེ་སར་རྒྱལ་བོ་འབྲུག་མོའི་པང་དུ་གཟིམ། །
མེད་བཏགས་སེམས་ལ་ཡོད་བཏགས་སྒྲོ་བཏགས་ནས། །
སྙན་ཚིག་སྒྲ་ཡི་བརྗོད་བྱ་ཅིས་མི་ཆོག །
ཅེས་ཀྱང་སྨྲའོ། །
ཨ་ནུ་ཐང་ལགས། ལོ་རྒྱུས་ཤེས་ཡོན་གྱི་ཨ་མ་ག་དུས་ཆགས་པ་རེད། རྒྱུ་མཚན་བཅས་གསུང་རོགས་ཞུ།
གཙང་ཁའི་བུ་ལགས།
དངོས་གནས་གནད་ལ་འཁེལ་ཞིང་དོན་དང་ལྡན་དྲི་བ་བཏང་འདུག དྲི་བ་འདི་ལྟར་བཏང་བ་ཐུགས་རྗེ་ཆེ། འོན་ཀྱང་ཉིད་ཀྱིས་དགེ་ཆོས་ཀྱི་གསུངས་ལ་བཅོས་བསྒྱུར་བྱས་བའི་ལན་ངས་འབྲི་འདོད་མེད་ལ་བྲིས་ཀྱང་གངས་སེང་སྟོན་དུ་མེད་པས་ཉིད་ཀྱི་ཐུགས་འདོད་རེད།
དྲང་མོ་བཤད་ན་མཁས་དང་མི་མཁས་ཟེར་བའི་གནད་དོན་དེ་བཤད་ཁག་པོ་རེད། དེ་ནི་ཀ་རིང་ལ་ལྟོས་ན་ཀ་ཐུང་ལྟ་བུ་ཡིན་པས་མཁས་དང་མི་མཁས་ཀྱི་ས་ཁྱོན་མཇལ་རྒྱུ་ལས་སླ་བོ་ཞིག་མིན་ཞིང་། ཁྱེད་ཀྱིས་ཁོང་དེ་ཙམ་ལོ་རྒྱུས་ལ་ཆ་རྒྱུས་མེད་གསུངས་བ་དང་ངས་ལོ་རྒྱུས་ལ་མཁས་བ་ཟེར་བའི་དོན་ཡང་དེ་ལྟར་ཡིན་ཤས་ཆེ། ངས་སྤོབས་པ་མཐའ་ཡས་ལོ་རྒྱུས་ལ་རྒྱུས་མཇའ་ཡོད་པ་རྨེའུ་མཁར་གྱི་རྩོམ་ཡིག་འོག་ཏུ་འགག་རྩོམ་འགྱེད་སྐབས་ཤེས་རྟོགས་བྱུང་ལ། ཁོང་གིས་ཁུངས་ལྡན་གྱི་ལོ་རྒྱུས་མང་དུ་བྲིས་བས་ངས་སྤོབས་པ་མཐའ་ཡས་ལོ་རྒྱུས་མི་ཤེས་མཁན་ཞིག་ཏུ་སྨྲ་མི་ཐུབ་ལ་ལོ་རྒྱུས་ལ་སྤྱངས་བ་གང་མཚམས་ཡོད་མཁན་ཞིག་ཏུ་ངེས་ཤེས་རྙེད། གསལ་བཤད། ངས་ཁོང་ལོ་རྒྱུས་ལ་ཆེས་ཕུལ་ཏུ་བྱུང་བའི་མཁས་བ་ཞེས་ནས་སྨྲ་བཞིན་མེད་ལ། ཡོད་པ་ནི་ཁོང་ལོ་རྒྱུས་ཀྱི་ཤེས་བྱ་གང་མཚམས་མཁྱེན་རྟོགས་ཡོད་མཁན་གྱི་མཁས་བ་ཞིག་ཏུ་འདོད་བཞིན་ཡོད་ལ། རྣམ་དཔྱོད་ཅན་གྱི་མི་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད།
ཁོང་ལོ་རྒྱུས་ལ་དོགས་སྣང་ཡོད་པ་ཁོང་གིས་བྲིས་བའི་”མཁར་རྨེའུ་བསམ་གཏན་གྱི་ཡིག་ཆ་གསར་རྙེད་དོགས་དཔྱོད།།” ལ་གཟིགས་དང་ཤེས་ངེས་རེད།
http://www.khabdha.org/?p=11443
ངས་ཤེས་ཡོན་ཨ་མ་ཟེར་བའི་དོན་ནི་སྤོབས་ལ་མཚོན་ན་ལོ་རྒྱུས་ཀྱི་ཤེས་ཡོན་ནི་ཁོང་གི་སློབ་སྦྱོང་གི་གྲུབ་ཆ་གལ་ཆེན་ཞིག་དང་ཁོང་ལ་མཚོན་ན་ལོ་རྒྱུས་ཀྱི་ཤེས་བྱ་ནི་ཁོང་གི་ཤེས་བྱའི་མ་ཡིག་ལྟ་བུ་འདོད།
དྲི་བ་སྟོན་པ་ཐུགས་རྗེ་ཆེ།
སྤོབས་པ་མཐའ་ཡས་ད་ལྟའང་ལྡི་ལི་ན་ཡོད་པ་མ་རེད་དམ། ད་གཡུགས་ཤོག དེ་སུ་ཡིན་དང་གང་དུ་ཡོད་མེད་བརྩད་ནས་ཅི་ཕན། ཁོ་ལ་མིང་ཡག་པོ་ཞིག་འདུག ད་དུང་འབྲི་རྩལ་ཡང་ཡག་པོ་འདུག མུ་མཐུད་དུ་ཕྲིས།
ཨ་ནུ་ཐང་བསོད་ནམས་ལགས།༼སྤོབས་པ་ལ་མཚོན་ན་ལོ་ རྒྱུས་ཀྱི་ཤེས་ཡོན་ནི་ཁོང་གི་སློབ་སྦྱོང་གི་གྲུབ་ཆ་གལ་ཆེན་ཞིག་དང་ཁོང་ལ་ མཚོན་ན་ལོ་རྒྱུས་ཀྱི་ཤེས་བྱ་ནི་ཁོང་གི་ཤེས་བྱའི་མ་ཡིག་ལྟ་བུ་འདོད།༽པ་ནི་ཁྱོད་རང་གི་འདོད་པ་ལས་རྒྱུ་མཚན་གཞན་ཡོད་དམ། ཡང་༼དྲང་མོ་བཤད་ན་མཁས་དང་མི་ མཁས་ཟེར་བའི་གནད་དོན་དེ་བཤད་ཁག་པོ་རེད། དེ་ནི་ཀ་རིང་ལ་ལྟོས་ན་ཀ་ཐུང་ལྟ་བུ་ཡིན་པས་མཁས་དང་མི་མཁས་ཀྱི་ས་ཁྱོན་མཇལ་ རྒྱུ་ལས་སླ་བོ་ཞིག་མིན་ཞིང་། ༽ཟེར་བ་ནི་ཁྱོད་རང་གི་དེ་ཉིད་བསྟན་བྱེད་ཅིག མཁས་མི་མཁས་དང་། རིང་ཐུང་སོགས་ཐ་སྙད་རྣམ་འཇོག་གི་རྟེན་འབྲེལ་ཡིན་པར་རྩོད་ཅི་ཡོད། འོན་ཏེ་མཁས་བླུན་གྱི་ཁྱད་པར་འབྱེད་མི་ཤེས་པར་མཁས་པར་བཤད་པ་ནི་རྡ་སའི་ཁོར་ཡུག་ཏུ་འཚར་ལོང་བྱས་པའི་རྐྱ་སྟོང་ཞིག་གི་ངང་ཚུལ་ལས་མ་འདས།
ཡང་ཁྱོད་ཀྱིས་ངས་སྤོབས་པ་མཐའ་ཡས་ལོ་རྒྱུས་ལ་རྒྱུས་མཇའ་ཡོད་པ་རྨེའུ་མཁར་གྱི་རྩོམ་ཡིག་འོག་ ཏུ་འགག་རྩོམ་འགྱེད་སྐབས་ཤེས་རྟོགས་བྱུང་ལ། ཁོང་གིས་ཁུངས་ལྡན་གྱི་ལོ་རྒྱུས་མང་དུ་བྲིས་བས་ངས་སྤོབས་པ་མཐའ་ཡས་ལོ་རྒྱུས་ མི་ཤེས་མཁན་ཞིག་ཏུ་སྨྲ་མི་ཐུབ་ལ་ལོ་རྒྱུས་ལ་སྤྱངས་བ་གང་མཚམས་ཡོད་མཁན་ཞིག་ ཏུ་ངེས་ཤེས་རྙེད། ཅེས་བཤད་འདུག ཨ་ནུ་ཐང་། སྦྱངས་པ་གང་མཚམས་ཡོད་པ་དང་མཁས་པ་གཉིས་གཅིག་ཏུ་གསེབ་རུང་གི་མ་རེད། མ་ཟད་ཁོང་གིས་རྨེའུ་མཁར་གྱི་རྩོམ་ཡིག་འོག་ ཏུ་འགག་རྩོམ་འགྱེད་སྐབས་ཅི་འདྲ་བྱས་ནས་ཤེས་རྟོགས་བྱུང་ཚུལ་ཞིག་གསུང་རྒྱུ་ཡོད་དམ། ད་དུང་ཁོང་གི་ལོ་རྒྱུས་ཁུངས་ལྡན་ཡིན་པར་ཤེས་ན་ཁྱོད་རང་ཡང་ལོ་རྒྱུས་ལ་མཁས་པ་ཞིག་ཡིན་ངེས་ལ། དེས་ན་ཞུ་ཐལ་མ་དགོངས་པར་ཁོང་གིས་བྲིས་པའི་ལོ་རྒྱུས་ཁག་དང་དེ་རྣམ་ཁུངས་ལྡན་ཡིན་ཚུལབཅས་གསུང་རོགས། ང་ཡང་ལོ་རྒྱུས་ལ་མཁས་པ་ཞིག་མ་ཡིན་ཏེ་རྨོངས་པའི་གྲལ་མཐར་ཡང་བསྡད་འདོད་མེད་མཁན་ཞིག
གྲོགས་པོ་ལགས། ཡང་ཁྱོད་ཀྱིས་འོན་ཀྱང་ཉིད་ཀྱིས་དགེ་ཆོས་ཀྱི་གསུངས་ལ་བཅོས་བསྒྱུར་བྱས་བའི་ལན་ངས་འབྲི་ འདོད་མེད་ལ་བྲིས་ཀྱང་གངས་སེང་སྟོན་དུ་མེད་པས་ཉིད་ཀྱི་ཐུགས་འདོད་རེད། ཅེས་བྲིས་འདུག དེ་ནི་སྐུ་ཉིད་ཀྱི་ཐུགས་བསམ་བཞེས་སྟངས་དང་། རྩོམ་ཡིག་འབྲི་བ་ཐམས་ཅད་འཁྲུགས་འདུག རྒྱུ་མཚན་ནི་ང་ཚོ་རྒྱུ་མཚན་སྨྲ་བ་སོང་། ཆུ་བུར་མིག་གིས་ཤེས་བྱ་ཐམས་ཅད་ཡོད་མེད་ཐག་གཅོད་ག་ལ་རུང་།
དགེ་ཆོས་ལགས་ཀྱིས་ཆུ་བུ་མིག་གིས་མ་མཐོང་བས་མེད་པར་བསྒྲུབས་ཐུབ་ན། རྡོ་རིང་བཀའ་བློན་བསྟན་འཛིན་དཔལ་འབྱོར་གྱིས་དགའ་བཞིའི་རྣམ་ཐར་དུ། ཁོང་གིས་གངས་སེང་མཐོང་ཡང་རྟགས་མ་ལེགས་པར་མ་རྒན་རྟས་དྲུད་ནས་བསད་གྲབས་སོང་བས་ཡག་རྟགས་སྡུག་རྟགས་མ་ཤེས་ཚུལ་སོགས་བཤད་ཡོད། རྡོ་རིང་བ་ནི་ང་ཚོའི་རྟོག་ངོར་སོ་སྐྱེས་ཕལ་བ་སོང་བས་ངས་རྒྱུ་མཚན་དྲངས་པ་ཡིན། དེ་མིན་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ཚོས་རྣམ་ཐར་བཤད་ན་ཁྱོད་ཚོའི་བསོད་ནམས་ཀྱིས་མ་ལྩོག་ནས་ཁ་བཏང་རྒྱུ་ཉག་ཅིག་རེད་དོ། །
གཙང་བུ་ལགས། ད་དུང་སོ་སྐྱེས་ཕལ་མ་ཕལ་གྱི་གནད་དོན་ལས་གྲོལ་ཐུབ་མེད་ན་རྨོངས་དད་ཆེ་བའི་མི་ཞིག་ཡིན་པས་རྩོད་པ་བྱེད་ཀྱང་དགོས་མེད་དུ་མཐོང་།
མཁས་དང་མི་མཁས་ཟེར་བའང་རྟེན་འབྲེལ་ལ་བརྟེན་ནས་ཐག་གཅོད་བྱེད་མི་དགོས་ན་མཁས་བ་ཟེར་བའི་ཚན་གཞི་ཚང་བ་ཞིག་འཇོག་མི་ཐུབ། སུ་ཞིག་འཇོག་རྒྱུ་ཡིན། སྟོན་པ་འཇོག་གམ་ཀླུ་སྒྲུབ་འཇོག དེ་མིན་གཞན་ཞིག་འཇོག དེ་དག་འཇོག་ན་ཁྱེད་ཉིད་ཀྱི་ཞེན་འདོད་གཙོ་བཟུང་ངམ་གཞན་དང་བསྡུར་ནས་མཁས་བ་འཇོག་པ་ལས་དེ་མིན་མཁས་ཤིག་འཇོག་མི་ཐུབ། ཤེས་བ་རྣམས་ལ་སྟོན་པ་ཡེ་ཤེས་མཁས་བའི་ཡང་རྩེ་དང་དེའི་འཁོར་གྱི་གཙོ་བོའི་མཁས་བ་འདོད་ཀྱང་ཁ་ཆེ་པ་རྣམས་ཀྱི་དེ་ལྟར་མི་འདོད་པར་མཁས་བའི་ཡང་རྩེ་ཨ་ལ་དང་མཁས་བའི་དེའི་རྗེས་འཇུག་པ་འདོད་ངེས་རེད། དེ་བཞིན་བན་བོན་ལ་མཚོན་ན་གཅིག་མཚུངས་རེད། འོན་ཀྱང་ཆོས་ལུགས་དུག་ཏུ་འདོད་མཁན་ལ་མཚོན་ན་ཁོང་ཚོར་མཁས་བ་འདོད་པ་ལྟ་ཅི་དེ་ལས་གཞན་དུ་འདོད་དུ་ངེས་རེད། དེ་ནི་གང་ཟག་སོ་སོའི་ལྟ་སྟངས་མ་འདྲ་བས་རེད། དེ་ནི་རྟེན་འབྲེལ་རེད། ངས་བཤད་པའི་ད་ལྟའི་རྟེན་འབྲེལ་ནི་ལས་འབྲས་ཀྱི་རྟེན་འབྲེལ་བཤད་ཀྱིན་མེད་པར་རྒྱུ་དང་རྐྱེན་ཞིག་ཚོགས་ནས་རྟོགས་པས་བཏགས་པ་ཙམ་ལ་བཤད་ཀྱི་ཡོད། རྟོགས་པས་ཕར་བཏགས་པ་དེས་དོན་དངོས་ཐོག་མཁས་བླུན་གང་ལ་ངོས་འཛིན་བྱས་བ་དེ་བཞིན་ལས་ཀ་བྱེད་བཞིན་ཡོད་པས་ཡིན།
ཚངས་དབྱངས་རྒྱ་མཚོ་རྣམ་ཐར་སོགས་བོད་ཀྱ་བླ་ཆེན་རེ་ཟུང་གིས་དགོས་དབང་དང་། དག་སྣང་ངམ་འཁྲུལ་སྣང་གོམས་པའི་དབང་གིས་བཟོ་སྐྲུ་བྱས་བའི་སྲོག་ཆགས་དེ་དག་གནས་ལུགས་ཀྱི་མདུན་དུ་ཡོངས་ས་མེད། དེ་ནི་མི་མངོན་པའི་དབྱིངས་ནས་མི་དམངས་དབང་སྒྱུར་དང་མགོ་སྐོར་བཏང་བའི་ལག་ཆ་ཞིག་གམ། ཡང་ན་ཁོང་ཚོས་རྟོགས་ཀྱི་སྣང་བརྙན་ཞིག་རེད། དེ་ནི་སྟོན་པ་དང་རྗེ་བཙུན་མི་ལ་ཡིས་སྒོམས་བསྒྲུབས་སྐབས་བདུད་དམག་བརྒྱགས་པའི་དེ་ཉིད་ལས་མ་འདས། བདུད་དམག་ཟེར་ནས་ཕྱི་རོལ་ཡུལ་ན་ཡོང་དུ་མེད་ཀྱང་སྒོམས་སྒྲུབས་ཀྱི་མཐུ་ལ་བརྟེན་ནས་ནང་རྩ་མང་པོ་བརྗེ་སྤོ་བརྒྱབས་སྐབས་འཆར་སྣང་འདྲ་མིན་བྱུང་བ་ལྟ་བུ་རེད། དེ་ནི་གསང་བསྔགས་སུ། སེམས་ཀྱིས་ངོས་ཟིན་ན་སངས་རྒྱས་དང་། དེ་ཙམ་མ་ཟིན་ན་ཡིད་དམ། རྩ་བ་ནས་མ་ཟིན་ན་བདུད་དུ་སྣང་བའི་དོན་ལས་མ་འདས། ཞེ་ས་མ་བཞག་ནས་དཔེ་ཙམ་བཞག་ན། ཐ་མ་ནག་པོ་འཐེན་མཁན་སྐབས་དབང་ཤེས་ལ་ཅུང་འགུལ་སྐྱོད་བཏང་བའི་ཉེར་ལེན་གྱིས་འཁྲུལ་ནས་འཆར་སྣང་སྣ་ཚོགས་བྱུང་བ་ལྟ་བུ་རེད། སོ་སྐྱེུས་དང་འཕགས་པ་ཨེ། བོད་ལ་འཕགས་པ་ཡོད་ན་བོད་ས་བརླགས་པའང་མ་བརླགས་བར་དུ་སུ་ཞིག་གིས་འཚོར་མེད། དེ་ལས་ལྡོག་སྟེ་མང་པོ་ཞིག་གིས་མོའོ་ཡང་སངས་རྒྱས་བྱང་སེམས་ག་གེ་མོ་ཞིག་ནས་རྒྱུད་པའི་སྐུ་གསུམ་ཐུགས་གང་རུང་གི་སྤྲུལ་སྐུ་ཡིན་པའི་ཡང་སྲིད་ངོས་འཛིན་བྱས་ཀྱང་། མོའོ་ཡིས་དེ་ལ་གུས་བཀུར་མེད་པར་ཆོས་ལུགས་དུག་ཏུ་འདོད་པས་བོད་པ་རྣམས་ཀྱིས་ལྟ་ཚུལ་དེ་འགྱུར་བ་མ་བཏང་རང་བཏང་ཆགས། གནས་ཚུལ་དེས་ལུང་བསྟན་ཐམས་ཅད་ཞ་ར་ཡིན་པ་གསལ་བཤད་གནང་ཡོད། མངོན་མཁྱེན་རྟོགས་མཁན་ཨེ། པཎ་ཆེན་ཆུང་སྲིད་གང་དུ་ཡོད་མེད་མ་ཤེས་བའི་གནས་སྟངས་འདིས་བོད་ཀྱི་མངོན་ཤེས་མཁན་རྣམས་ཀྱི་ནང་སྙིང་ཕྱི་རོལ་ཏུ་བསྟན་ཡོད། དུས་ལ་མ་བབ་པས་ཡིན་རྒྱུ་རེད། དུས་ལ་བབ་ན་མངོན་ཤེས་མཁན་རྣམས་ཀྱིས་བསླུ་མི་སྲིད། གཙང་ཁ་ལགས། མུ་མཐུད་དུ་ཁོང་ཚོ་སྐྱབས་སུ་མཆི། ཤེས་ཡོན་པ་ཟེར་བ་ཁྱེད་ཉིད་རེད།
དེ་ཡང་ཇི་སྐད་དུ།
ཐུབ་རྣམས་སྡིག་པ་ཆུ་ཡིས་མི་དཀྲུ་ཞིང་།།
འགྲོ་བའི་སྡུག་ངལ་ཕྱག་གིས་མི་སེལ་ལ།།
ཉིད་ཀྱི་དམིགས་པ་གཞན་ལ་སྤོ་མི་ནུས།།
ཆོས་ཉིད་བདེན་པ་བསྟན་པས་གྲོལ་མཛད།།
ཚེ་གཏན་ཞབས་དྲུང་གིས།
སངས་རྒྱས་སྐུ་ལ་ཆོས་ལུང་སྤྲུལ་གསུམ་ཏེ།།
སྤྲུལ་སྐུ་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཡིན།།
བདག་ཉིད་སྐུ་གསུམ་ཐུགས་ལ་རབ་རྨོངས་ན།།
སྤྲུལ་སྐུ་འཁྲུལ་མེད་ཡིན་པ་ཐོལ་ལོ་བཤགས།།
དེ་ཡང་ཕྲན་གྱིས་འདི་ལྟར་འདོད།
ཆང་རྗེས་ར་མ་གསོད་པའི་གཏམ་རྒྱུད་དང་།།
བྱམས་མགོན་ཁྱི་མོ་མཐོང་བའི་ལྷ་སྒྲུང་གཉིས།།
རྐུན་རྒྱབ་རྫུན་གྱིས་གནན་པའི་གཞུང་ལུགས་ཏེ།།
གཟུར་གནས་མཁས་བའི་བཞད་འཛུམ་ངོམས་པ་དཀའ།།
ཆོས་ཞེན་མཁན་པོས་རྡོ་གདན་དག་ཞིང་འདོད།།
བོན་ཞེན་མི་ལ་ཞང་ཞུང་ལྷ་གནས་རེད།།
ཚ་གྲང་དཀའ་སྡུག་མྱོང་སའི་ཞིང་ཁམས་ཏེ།།
ངོས་སུ་མཐོང་ན་མི་ཡུལ་དམྱལ་གནས་ཉིད།།
སྔོན་བྱུང་བོད་མིས་རྒྱ་གར་འཕགས་ཡུལ་འདོད།།
རྒྱ་གར་དམ་པས་ཏི་སེ་ལྷ་ཕྲང་ལྟ།།
འདོད་ཞེན་སེམས་ཀྱིས་བཏགས་པའི་དག་སྣང་གཉིས།།
དཔྱོད་ལྡན་མཁས་བས་ཡིད་རྟོན་བྱེད་པ་དཀའ།།
དག་དང་མ་དག་སེམས་ཀྱི་སྣང་ངོ་རེད།།
སྣང་བ་བདེན་རྫུན་རིག་པས་དཔྱད་ནས་ཤེས།།
དཔྱད་ཞིབ་མྱོང་བ་མེད་པའི་དག་སྣང་དེ།།
རྩ་བ་དེད་ན་རང་ཉིད་བསླུ་བྱེད་རེད།།
ཆུ་ཡི་འདོད་བདེ་ཉ་ཡིས་མྱོང་ནས་ཤེས།།
རྩྭ་ཡི་བྲོ་མཆོག་གཡང་དཀར་ལུག་གིས་མྱོང་།།
ཉ་ལུག་བདེ་བའི་མྱོང་འཚོར་བདེན་རྫུན་དེ།།
ཅི་ཙམ་རྩོད་ཀྱང་ཕ་མཐའ་མེད་པ་རྟོགས།།
བདེན་དང་མི་བདེན་རང་གི་མྱོང་བྱ་རེད།།
མྱོང་དང་མི་མྱོང་སེམས་ཀྱི་འཚོར་བ་རེད།།
འཚོར་བ་ནད་ཀྱིས་ཞུགས་པའི་གང་ཟག་དེས།།
ཅི་ཙམ་མྱོང་ཡང་བདེན་དོན་འབྱེད་པ་དཀའ།།
མི་ཚེ་ནད་ཀྱིས་ཟིན་པ་བློ་ཕམ་རེད།།
བློ་ཕམ་རྩ་བ་དེད་ན་ཆོས་ལུགས་རེད།།
ཆོས་ཀྱིས་མྱོས་བའི་སྐྱེས་བོའི་རྣམ་ཤེས་ཅན།།
ཡུལ་གྲུ་གང་དུ་ཕྱིན་ཡང་བློ་ཕམ་རེད།།
མི་ལ་ཆོས་འཛིན་ཆེ་ན་རང་མཐོང་ཆེ།།
རང་མཐོང་རྩ་བ་དེད་ན་མཁྲེགས་འཛིན་རེད།།
མཁྲེགས་འཛིན་མི་ཡིས་སེམས་ཀྱི་འཁྱེར་སོ་ཀུན།།
ཞིབ་ཏུ་ལྟས་ན་འཇིག་རྟེན་བཀག་རྡོ་རེད།།
མི་ལ་ཆོས་འཛིན་ཆེ་ན་མཆོག་དམན་ཆེ།།
མཆོག་དམན་ཕུགས་སུ་དེད་ན་ཕྱོགས་ཞེན་རེད།།
ཕྱོགས་ལྷུང་སྒྲོག་གིས་བཅིང་བའི་མི་མང་རྣམས།།
འཇིག་རྟེན་མཛེས་བ་མཐོང་བའི་བློ་མིག་དཀོན།།
རྟགས་མཐའི་ཆོས་ནད་ཟིན་པའི་ནད་པ་རྣམས།།
བདུད་རྩི་སྨན་གྱིས་ཕན་མེད་རྟོགས་ཟིན་ཡང་།།
དུང་སེམས་སྙིང་རྗེ་གྲོགས་ཀྱིས་སྐུལ་བྱས་བས།།
ཚུལ་གསུམ་རྟགས་ཀྱི་བྱིན་བརླབས་འཇུག་པ་ཤོག།
དགོངས་དག ཆད་ལྷག་ཁ་ཤས་བྱུང་བས་སྐྱར་བཀོད།
གཙང་བུ་ལགས། ད་དུང་སོ་སྐྱེས་ཕལ་མ་ཕལ་གྱི་གནད་དོན་ལས་གྲོལ་ཐུབ་མེད་ན་རྨོངས་དད་ཆེ་བའི་མི་ཞིག་ཡིན་པས་རྩོད་པ་བྱེད་ཀྱང་དགོས་མེད་དུ་མཐོང་།
མཁས་དང་མི་མཁས་ཟེར་བའང་རྟེན་འབྲེལ་ལ་བརྟེན་ནས་ཐག་གཅོད་བྱེད་མི་དགོས་ན་མཁས་བ་ཟེར་བའི་མཚན་གཞི་ཚང་བ་ཞིག་འཇོག་མི་ཐུབ། སུ་ཞིག་འཇོག་རྒྱུ་ཡིན། སྟོན་པ་འཇོག་གམ་ཀླུ་སྒྲུབ་འཇོག དེ་མིན་གཞན་ཞིག་འཇོག དེ་དག་འཇོག་ན་ཁྱེད་ཉིད་ཀྱི་ཞེན་འདོད་གཙོ་བཟུང་ངམ་གཞན་དང་བསྡུར་ནས་མཁས་བ་འཇོག་པ་ལས་དེ་མིན་མཁས་བ་ཞིག་འཇོག་མི་ཐུབ་སྟེ། ཡེ་ཤེས་བ་རྣམས་ལ་སྟོན་པ་ཡེ་ཤེས་མཁས་བའི་ཡང་རྩེར་དང་དེའི་འཁོར་གྱི་གཙོ་བོའི་རྣམས་མཁས་བ་འདོད་ཀྱང་ཁ་ཆེ་པ་རྣམས་ཀྱིས་དེ་ལྟར་མི་འདོད་པར་མཁས་བའི་ཡང་རྩེར་ཨ་ལ་དང་མཁས་བའི་དེའི་རྗེས་འཇུག་པ་འདོད་ངེས་རེད། དེ་བཞིན་བན་བོན་ལ་མཚོན་ན་གཅིག་མཚུངས་རེད། འོན་ཀྱང་ཆོས་ལུགས་དུག་ཏུ་འདོད་མཁན་ལ་མཚོན་ན་ཁོང་ཚོར་མཁས་བ་འདོད་པ་ལྟ་ཅི་དེ་ལས་གཞན་དུ་འདོད་དུ་ངེས་རེད། དེ་ནི་གང་ཟག་སོ་སོའི་ལྟ་སྟངས་མ་འདྲ་བས་རེད། དེ་ནི་རྟེན་འབྲེལ་རེད། ངས་བཤད་པའི་ད་ལྟའི་རྟེན་འབྲེལ་ནི་ལས་འབྲས་ཀྱི་རྟེན་འབྲེལ་བཤད་ཀྱིན་མེད་པར་རྒྱུ་དང་རྐྱེན་ཞིག་ཚོགས་ནས་རྟོགས་པས་བཏགས་པ་ཙམ་ལ་བཤད་ཀྱི་ཡོད། རྟོགས་པས་ཕར་བཏགས་པ་དེས་དོན་དངོས་ཐོག་མཁས་བླུན་གང་ལ་ངོས་འཛིན་བྱས་བ་དེ་བཞིན་རང་ཉིད་ཀྱི་ངོ་བོར་ལས་ཀ་བྱེད་བཞིན་ཡོད་པས་ཡིན།
ཚངས་དབྱངས་རྒྱ་མཚོ་རྣམ་ཐར་སོགས་བོད་ཀྱ་བླ་ཆེན་རེ་ཟུང་གིས་དགོས་དབང་དང་། དག་སྣང་ངམ་འཁྲུལ་སྣང་གོམས་པའི་དབང་གིས་བཟོ་བསྐྲུན་བྱས་བའི་སྲོག་ཆགས་དེ་དག་གནས་ལུགས་ཀྱི་མདུན་དུ་ཡོང་ས་མེད། དེ་ནི་མི་མངོན་པའི་དབྱིངས་ནས་མི་དམངས་དབང་སྒྱུར་དང་མགོ་སྐོར་བཏང་བའི་ལག་ཆ་ཞིག་གམ། ཡང་ན་ཁོང་ཚོས་རྟོགས་ཀྱི་སྣང་བརྙན་ཞིག་རེད། དེ་ནི་སྟོན་པ་དང་རྗེ་བཙུན་མི་ལ་ཡིས་སྒོམས་བསྒྲུབས་གནང་སྐབས་བདུད་དམག་བརྒྱགས་པའི་དེ་ཉིད་ལས་མ་འདས། བདུད་དམག་ཟེར་ནས་ཕྱི་རོལ་ཡུལ་ན་ཡོང་དུ་མེད་ཀྱང་སྒོམས་སྒྲུབས་ཀྱི་མཐུ་ལ་བརྟེན་ནས་ནང་རྩ་མང་པོ་བརྗེ་སྤོ་བརྒྱབས་སྐབས་འཆར་སྣང་འདྲ་མིན་བྱུང་བ་ལྟ་བུ་རེད། དེ་ནི་གསང་བསྔགས་སུ། སེམས་ཀྱིས་ངོས་ཟིན་ན་སངས་རྒྱས་དང་། དེ་ཙམ་མ་ཟིན་ན་ཡིད་དམ། རྩ་བ་ནས་མ་ཟིན་ན་བདུད་དུ་སྣང་བའི་དོན་ལས་མ་འདས། ཞེ་ས་མ་བཞག་ནས་དཔེ་ཙམ་བཞག་ན། ཐ་མ་ནག་པོ་འཐེན་མཁན་སྐབས་དབང་ཤེས་ལ་ཅུང་འགུལ་སྐྱོད་བཏང་བའི་ཉེར་ལེན་གྱིས་འཁྲུལ་ནས་འཆར་སྣང་སྣ་ཚོགས་བྱུང་བ་ལྟ་བུ་རེད། སོ་སྐྱེུས་དང་འཕགས་པ་ཨེ། བོད་ལ་འཕགས་པ་ཡོད་ན་བོད་ས་བརླགས་པའང་མ་བརླགས་བར་དུ་སུ་ཞིག་གིས་འཚོར་མེད། དེ་ལས་ལྡོག་སྟེ་མང་པོ་ཞིག་གིས་མོའོ་ཡང་སངས་རྒྱས་བྱང་སེམས་ག་གེ་མོ་ཞིག་ནས་རྒྱུད་པའི་སྐུ་གསུམ་ཐུགས་གང་རུང་གི་སྤྲུལ་སྐུ་ཡིན་པའི་ཡང་སྲིད་ངོས་འཛིན་བྱས་ཀྱང་། མོའོ་ཡིས་དེ་ལ་གུས་བཀུར་མེད་པར་ཆོས་ལུགས་དུག་ཏུ་འདོད་པས་བོད་པ་རྣམས་ཀྱིས་ལྟ་ཚུལ་དེ་འགྱུར་བ་མ་བཏང་རང་བཏང་ཆགས། གནས་ཚུལ་དེས་ལུང་བསྟན་ཐམས་ཅད་ཞར་བའམ་ཉེས་ལ་འཁྱོག་གི་སྒལ་མདའ་ཡིན་པ་གསལ་བཤད་གནང་ཡོད། མངོན་མཁྱེན་རྟོགས་མཁན་ཨེ། པཎ་ཆེན་ཆུང་སྲིད་གང་དུ་ཡོད་མེད་མ་ཤེས་བའི་གནས་སྟངས་འདིས་བོད་ཀྱི་མངོན་ཤེས་མཁན་རྣམས་ཀྱི་ནང་སྙིང་ཕྱི་རོལ་ཏུ་བསྟན་ཡོད། དུས་ལ་མ་བབ་པས་ཡིན་རྒྱུ་རེད། དུས་ལ་བབ་ན་མངོན་ཤེས་མཁན་རྣམས་ཀྱིས་བསླུ་མི་སྲིད། གཙང་ཁ་ལགས། མུ་མཐུད་དུ་ཁོང་ཚོ་སྐྱབས་སུ་མཆི། ཤེས་ཡོན་པ་ཟེར་བ་ཁྱེད་ཉིད་རེད།
ཨ་ནུ་ཐང་། མཁས་པ་ལ་ཆོས་པ་ཞིག་ཡིན་དགོས་རྒྱུ་མེད་ལ། ཁྱོད་ཀྱིས་བཤད་པ་བཞིན་ཆོས་བྱེད་མི་སྣའི་མཚན་གཞི་ཙམ་རེ་ངོས་འཛིན་པས་དབང་དུ་བྱས་ན། རྒྱ་གར་གྱི་པཎ་གྲུབ་བཅུ་བདུན། བོད་ཀྱི་སློབ་དཔོན་ཐུ་མི་ནས་བཟུང་ཁུ་རྔོག་ཡབ་སྲས་སོགས་ལོ་ཙྭ་བ་རྣམ་པ་དང་། མར་མི་དྭགས་གསུམ། རྗེ་འབངས་ཉེར་ལྔ། གོང་མ་རྣམ་ལྔ། རྗེ་ཡབ་སྲས། རྒྱལ་བ་ཡབ་སྲས་རིམ་བྱོན། ཀརྨ་པ་རིམ་བྱོན། ས་སྐྱའི་གོང་མ་རིམ་བྱོན། དགའ་ལྡན་ཁྲི་རབས་རིམ་བྱོན། སོགས་དང་། གཞན་དགེ་ཆོས་ལགས་དང་། ཨ་ལགས་དམུ་དགེ་ཙང་། ཚེ་ཏན་ཞབས་དྲུང་ཚང་། ཤར་གདོང་བཤད་སྒྲུབ་ཚང་། དུང་དཀར་རིན་པོ་ཆེ། རྡོ་རྗེ་རྒྱལ་པོ། ཁྲོ་རུ་ཚེ་རྣམ། ཉན་ཤུལ་མཁྱེན་རབ། དཔལ་དོན་རྒྱལ། རེབ་གོང་རྡོ་རྗེ་མཁར། འཇུ་སྐལ་བཟང་སོགས་བོད་ན་མང་བར་མ་ཟད་བཙན་བྱོལ་དུ་ཡང་མགོ་ཟམ་གདོང་ཚང་ནས་བཟུང་སྟེ་མཁས་དབང་གི་གོ་སར་འགྱིང་བ་ཤིན་ཏུ་མང་། དེ་ཐམས་ཅད་ཡིན་ལ། མ་ཚད་ཡེ་ཤེས་མ་ཤུ་ཀ་སོགས་ནང་པ་ཚོས་མཁས་པ་ལས་ཀྱང་འངོང། སྔོན་རྒྱ་གར་མཁས་པ་ཀ་མ་ལ་ཤྲིར་ལ་དང་། རྒྱའི་མཁས་པ་ཧ་ཤང་རྩོད་ཟླ་བྱས་ཚུལ་དང་། ནང་པའི་པཎ་གྲུབ་དང་ཕྱི་རོལ་བའི་མཁས་པ་རྩོད་ནས་སློབ་དཔོན་ལྟ་དབྱངས་ནང་པར་ཞུགས་ཚུལ་སོགས་ལོ་རྒྱུས་སམ་རྣམ་ཐར་ཁག་ལ་ལྟོས་དང་། ནང་པས་ཕྱི་རོལ་པ་ལ་མཁས་པ་ཁས་ལེན་གྱི་ཡོད་མེད་ཤེས་རྒྱུ་རེད། སྟོན་པར་སངས་རྒྱས་མཁས་པ་རེད་དམ་ཞེས་པའི་དྲི་བ་འདི་ལས་བལྟས་ནས་ང་དངོས་གནས་ཁྱོད་ལ་བལྟས་ནས་སྙིང་རྗེ་སྐྱེས་བྱུང་། ཡང་ཁྱོད་ཀྱིས་༼དེ་བཞིན་བན་བོན་ལ་མཚོན་ན་གཅིག་མཚུངས་རེད། འོན་ཀྱང་ཆོས་ལུགས་དུག་ཏུ་འདོད་མཁན་ལ་མཚོན་ན་ཁོང་ཚོར་མཁས་བ་༼པ༽འདོད་པ་ལྟ་ཅི་དེ་ ལས་གཞན་དུ་འདོད་དུ་ངེས་རེད། དེ་ནི་གང་ཟག་སོ་སོའི་ལྟ་སྟངས་མ་འདྲ་བས་རེད། དེ་ནི་རྟེན་འབྲེལ་རེད། ༽ཅེས་པ་འདིས་ཁྱོད་ནི་ཕྱོགས་ལྷུང་ཕྲག་དོགས་ཀྱིས་རྣམ་དཔྱོད་ཡོངས་སུ་བོར་བ་ཞིག་ཏུ་མཐོང་སོང་། ང་ཚོ་སུ་ཡིན་ཀྱང་རང་ཉིད་མི་དེ་དང་ཞེ་འགྲས་ཀྱང་ཁོང་ལ་ཡོན་ཏན་ཡོད་ན་ཡོད་སར་བཞག་དགོས་པ་ལས་རང་ཉིད་མི་དགའ་ས་ཐམས་ཅད་ལ་ཡོད་ཏན་མེད་པའི་ལྟ་སྤྱོད་འཛིན་པ་ནི་ངོ་མ་མ་རབས་ཀྱི་སྤྱོད་པ་རང་རེད། ཡང་ཁྱོད་ཀྱིས༼ངས་བཤད་པའི་ད་ལྟའི་རྟེན་འབྲེལ་ནི་ལས་འབྲས་ཀྱི་རྟེན་འབྲེལ་བཤད་ཀྱིན་མེད་པར་ རྒྱུ་དང་རྐྱེན་ཞིག་ཚོགས་ནས་རྟོགས༼རྟོག༽་པས་བཏགས་པ་ཙམ་ལ་བཤད་ཀྱི་ཡོད། ༽གོ་རྒྱུ་ཚོར་རྒྱུ་ཅི་འདུག ཙམ་སྒྲའི་གཅད་བྱ་གང་ཡིན།། ཡང་༼ཚངས་དབྱངས་རྒྱ་མཚོ་རྣམ་ ཐར་སོགས་བོད་ཀྱ་བླ་ཆེན་རེ་ཟུང་གིས་དགོས་དབང་དང་། དག་སྣང་ངམ་འཁྲུལ་སྣང་གོམས་པའི་དབང་གིས་བཟོ་བསྐྲུན་བྱས་བའི་སྲོག་ཆགས་དེ་དག་ གནས་ལུགས་ཀྱི་མདུན་དུ་ཡོང་ས་མེད། དེ་ནི་མི་མངོན་པའི་དབྱིངས་ནས་མི་དམངས་དབང་སྒྱུར་དང་མགོ་སྐོར་བཏང་༼གཏོང་༽བའི་ལག་ཆ་ ཞིག་གམ། ཡང་ན་ཁོང་ཚོས་རྟོགས་༼རྟོག་བཏགས༽ཀྱི་སྣང་བརྙན་ཞིག་རེད། ༽ཟེར། སྨྲ་བརྗོད་ཀྱི་རང་དབང་འོག་ངས་ཁྱོད་ལ་དགག་བཞག་མི་བྱ། རེད་དེ། དག་སྣང་དང་འཁྲུལ་སྣང་གཉིས་གཞི་གཅིག་ཏུ་འོང་ས་མེད་པས་དེ་འདྲའི་རིགས་མ་བྲིས་ན་བཟང་། ཡང་༼དེ་ནི་སྟོན་པ་དང་རྗེ་བཙུན་མི་ལ་ཡིས་སྒོམས་བསྒྲུབས་༼སྒོམ་སྒྲུབ༽གནང་སྐབས་བདུད་དམག་ བརྒྱགས་པའི་༼རྒྱག༽དེ་ཉིད་ལས་མ་འདས། བདུད་དམག་ཟེར་ནས་ཕྱི་རོལ་ཡུལ་ན་ཡོང་དུ་མེད་ཀྱང་སྒོམས་སྒྲུབས་༼སྒོམ་སྒྲུབ༽ཀྱི་མཐུ་ལ་ བརྟེན་ནས་ནང་རྩ་མང་པོ་བརྗེ་སྤོ་བརྒྱབས་༼རྒྱབ༽སྐབས་འཆར་སྣང་འདྲ་མིན་བྱུང་བ་ལྟ་བུ་ རེད། དེ་ནི་གསང་བསྔགས༼སྔགས༽་སུ། སེམས་ཀྱིས་ངོས་ཟིན་ན་སངས་རྒྱས་དང་། དེ་ཙམ་མ་ཟིན་ན་ཡིད་༼ཡི༽དམ། རྩ་བ་ནས་མ་ཟིན་ན་བདུད་དུ་སྣང་བའི་དོན་ལས་མ་འདས། ༽ཟེར་བ་སོགས་རྒྱ་རྐུས་རྒྱུག་པས་རྡུང་བ་ལྟ་བུ་གཞི་འཛིན་ས་ཅི་ཡང་མེད་པ་མང་པོ་ཞིག་བྲིས་འདུག རྩ་བརྗེ་སྤོ་བྱེད་ཚུལ་དང་། སེམས་ཀྱིས་ངོས་ཟིན་ན་སངས་རྒྱས་དང་། དེ་ཙམ་མ་ཟིན་ན་ཡིད་༼ཡི༽དམ། རྩ་བ་ནས་མ་ཟིན་ན་བདུད་དུ་སྣང་བའི་དོན་ལས་མ་འདས། ཞེས་བཤད་ས་གསང་སྔགས་དེ་གཞུང་གང་རེད།
ཡང་༼སོ་སྐྱེུས་དང་འཕགས་པ་ཨེ། བོད་ལ་འཕགས་པ་ཡོད་ན་བོད་ས་བརླགས་༼ཤོར༽པའང་མ་བརླགས་བར་དུ་སུ་ཞིག་གིས་འཚོར་༼རྙེད་མེེད་ཅེས་པའི་དོན་ཡིན་སྲིད༽མེད། ༽ཟེར། ཨ་ཁ་མ་བཟང་ཐལ། ཁྱོད་རང་གི་གོ་མེད་ཚད། བོད་ས་ཤོར་དུས་ར་འདོམས་དགུ་ཡོད་པའི་འཕགས་པ་དམར་པོ་ཞིག་ཡར་འབྲོག་གཡུ་མཚོའི་ཁ་ལ་ཡོད་ཚུལ་སོགས་ཡང་གྲགས་རེད། ད་དུང་ཁག་ཅིག་གིས་འཕགས་པ་དབུ་སྐྲ་དཀར་བོ་འདོམས་གསུམ་ཡོད་པ་ཞིག་ཀྱང་མཇལ་ཚུལ་སོགས་ལོ་རྒྱུས་མང་ཞིང་། རྗེས་མར་ཁོམ་པ་རེད་རེ་བྱུང་ན་ངས་ཁྱོད་ལ་འཕགས་དེ་ཚོའི་ལོ་རྒྱུས་རྒྱས་པ་རེ་བཤད་ན་འཐད།
ཡང་༼དེ་ལས་ལྡོག་སྟེ་མང་པོ་ཞིག་གིས་མོའོ་ཡང་སངས་རྒྱས་བྱང་སེམས་ག་གེ་མོ་ཞིག་ནས་ རྒྱུད་པའི་སྐུ་གསུམ་ཐུགས་གང་རུང་གི་སྤྲུལ་སྐུ་ཡིན་པའི་ཡང་སྲིད་ངོས་འཛིན་ བྱས་ཀྱང་། མོའོ་ཡིས་དེ་ལ་གུས་བཀུར་མེད་པར་ཆོས་ལུགས་དུག་ཏུ་འདོད་པས་བོད་པ་རྣམས་ཀྱིས་ ལྟ་ཚུལ་དེ་འགྱུར་བ་མ་བཏང་རང་བཏང་ཆགས། ༽ཟེར། སྐད་ཅ་དེ་ངས་ཀྱང་གོ་ནས་ཉིན་ཤས་ལས་མ་སོང་། ལུང་སྟོན་རྒྱག་མཁན་དང་ཡང་སྲིད་ངོས་འཛིན་གནང་མཁན་ཁྱོད་རང་གི་ཕ་དམ་པ་དེ་མ་རེད། ཁོས་ཟུར་བསྟེན་སྔོན་མ་གཤེགས་རྗེས་ཡང་སྲིད་ངོས་འཛིན་བྱས་པ་ཞིག་རེད་ཟེར། དེ་ངོ་མ་བདེན་ནམ།
ཡང་༼པཎ་ཆེན་ཆུང་སྲིད་གང་དུ་ཡོད་མེད་མ་ཤེས་བའི་གནས་སྟངས་འདིས་བོད་ཀྱི་མངོན་ཤེས་ མཁན་རྣམས་ཀྱི་ནང་སྙིང་ཕྱི་རོལ་ཏུ་བསྟན་ཡོད། དུས་ལ་མ་བབ་པས་ཡིན་རྒྱུ་རེད། དུས་ལ་བབ་ན་མངོན་ཤེས་མཁན་རྣམས་ཀྱིས་བསླུ་མི་སྲིད། ༽ཅེས་ཟུར་ཟའི་རྣམ་འགྱུར་ཡིན་ཚད་ཀྱང་། དོན་དངོས་རང་ཉིད་ཀྱི་ནང་སྙིང་ཕྱི་རོལ་བསྟན་པ་ཙམ་རེད། ཨ་ནུ་ཐང་། བོད་པའི་མངོན་ཤེས་མཁན་ཚོས་ཆུང་སྲིད་རྟོགས་མེད་པ་ཁྱོད་རང་གིས་གང་འདྲ་བྱེད་དེ་ཐག་བཅད་ཐུབ། ངས་གོ་མ་བྱུང་ལབ་རྒྱུ་དང་གང་ཡིན། ཁྱོད་དང་ང་གཉིས་ཀྱིས་མ་ཤེས་པའི་ཤེས་བྱ་ཅི་འདྲའི་མང་གི ངོ་མ་སྙིང་རྗེ། ཤེས་པ་མེད་མཁན་རང་རེད།
སོ་སོ་སྐྱེས་བུས་དངོས་སུ་མཇལ་བའི་ཕྱིར། །
ཤྰཀྱ་ཐུབ་པ་སྤྲུལ་སྐུར་སྤྲུལ་པ་ལ། །
སྤྲུལ་སྐུ་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཡིན། །
ཟེར་མཁན་ཚེ་བརྟན་ཞབས་དྲུང་བཟིའམ་ཅི། །
ཆང་རྗེས་ར་མ་གསོད་པར་མཚར་བ་དང་། །
བྱམས་མགོན་ཁྱི་མོར་མཐོང་བ་མི་སྲིད་པ། །
ཨ་ནུ་ཐང་གི་བསོད་ནམས་མཚན་ཅན་ཁྱེད། །
ད་དུང་ནང་བསྟན་མཇལ་བར་བསོད་ནམས་སོག །
ཀ་རྡོ་རབ་འབྱམས་པས་མ་གསུངས་ན་ངས་བརྗེད་འདུག
ཐུབ་རྣམས་སྡིག་པ་ཆུ་ཡིས་མི་དཀྲུ་ཞིང་།།
འགྲོ་བའི་སྡུག་ངལ་ཕྱག་གིས་མི་སེལ་ལ།།
ཉིད་ཀྱི་དམིགས་པ་གཞན་ལ་སྤོ་མི་ནུས།།
ཆོས་ཉིད་བདེན་པ་བསྟན་པས་གྲོལ་མཛད།།ཚིག་ནོར་མང་བས་ཞུ་དག་རེ་གྱིས།
ཚེ་གཏན་ཞབས་དྲུང་གིས།
སངས་རྒྱས་སྐུ་ལ་ཆོས་ལུང་སྤྲུལ་གསུམ་ཏེ།།
སྤྲུལ་སྐུ་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཡིན།།
བདག་ཉིད་སྐུ་གསུམ་ཐུགས་ལ་རབ་རྨོངས་ན།།
སྤྲུལ་སྐུ་འཁྲུལ་མེད་ཡིན་པ་ཐོལ་ལོ་བཤགས།།འདི་ནི་ཚེ་ཏན་ཞབས་དྲུང་ཚང་གི་ཞབས་འདྲེན་འདོད་ཀྱིས་བྲིས་པ་ཡིན་མིན་གྱི་དོགས་པ་ཆེ། ཚིག་ནོར་དོན་ནོར་འདི་ལ་ཞུ་དག་རེ་གྱིས།
གཙང་བུ་ལགས།
ཁྱེད་ཉིད་འུ་ཐུག་ནས་ཚིག་མཛོད་ཀློག་ནས་ཡིག་ནོར་འདྲ་གསལ་ན་མ་གཏོགས་གནས་ལུགས་མི་འདུག ངས་བཤད་པའི་མཁས་དང་མི་མཁས་ཟེར་བ་ནི་ཕྱོགས་རིས་ཀྱི་ལྟ་སྟངས་ཙམ་མིན་པར་འཇིག་རྟེན་གྱི་དངོས་བོ་ཁོ་རང་སྐྱེས་ཉིན་ནས་ཕྱོགས་རིས་ཀྱིས་གྲུབ་པས་རེད། དེ་ནི་ང་ལེན་པ་ག་ལ་ཡིན། ཆོས་ཉིད་ཀྱིས་གྲུབ་པས་རེད། དེ་མིན་ན། ཁྱེད་ཀྱིས་ཕྱོགས་ལྷུང་མ་བཟུང་བར་ཆུ་ནང་དུ་ཉ་ལྟར་འཚོ་བ་རོལ་དང་། ཉ་ཡི་འཚོ་བ་ཆུ་དུ་ཡོད་ཀྱང་མི་སོགས་འཚོ་བ་དེ་ལས་ཕྱི་རོལ་ཏུ་ཡོད་པས་ཕྱོགས་ལྷུང་རེད་དམ། ཁྱེད་ལ་མཚོན་ན་ཕྱོགས་ལྷུང་རེད། ནང་པའི་མཁས་བའི་ཁྲི་ཕྲག་མང་པོས་ཕྱི་རོལ་བ་དགག་ནས་ལྟ་ལོག་ཏུ་བརྩི་བ་ཅི་ཡིན་ནམ། ཁོང་ཚོ་མཁས་བ་ཡིན་ཡང་དངོས་བོ་དེ་ཉིད་མ་རྟོགས་པའི་མཁས་བ་རེད་དམ།
ངས་སྤོབས་པ་ལ་ལགས་མཁས་བ་རེད་ཟེར་ན་ཁྱེད་ཉིད་ཕྲག་དོག་ཟ་ན་ཁྱེད་ཉིད་ཀྱི་ན་ཟུག་ལས་གཞན་ཅི་ཡང་མིན། སེམས་ཀྱི་སྐད་ཆ་བཤད་ན་ཁྱེད་དང་སྤོབས་པ་མཐའ་ཡས་གཉིས་བསྡུར་ན་རྟ་ལུག་བསྡུར་བ་ལས་ཀྱང་ཁྱད་པར་ཆེ་བས་ཕྲག་དོག་ཟ་རང་ཉེས་རེད། ཁྱེད་ལ་སྦྱངས་སྟོབས་ཀྱི་ཡོན་ཏན་ལྟ་ཅི་གཞན་གྱིས་བཤད་པའང་གོ་བའི་ཤེས་ཚད་མེད་པས་ཡིན།
རྟོག་བཏགས་ཙམ་ཟེར་བའི་དོན་ཡང་མ་ཤེས་ན་ངས་ཁྱེད་ལ་བསྐྱར་བཤད་བྱ་དོན་མ་མཆིས་ཤིང་བྱས་ཀྱང་གོ་བརྡ་འཕྲོད་དུ་མ་ངེས་བས་གྲུབ་མཐའི་གཞུང་དང་གསང་སྔགས་ཀྱི་ཆོས་སྐོར་ལ་སྦྱང་བ་མང་ཙམ་བྱོས་དང་གསལ་ཆ་ཡོང་ངེས་རེད། མ་ཤེས་ན་ཤེས་མཁན་ལ་སྐད་ཆ་དྲིས། ང་རྒྱལ་སྐྱེས་ནས་བསྡད་ན་ཡོན་ཏན་གྱི་ལེགས་བཤད་ཅི་འབྱོར་བའི་གནས་མེད།
པན་ཆེན་ཆུང་སྲིད་གཙོན་དུ་ཡོད་པ་ཤེས་མཁན་ཡོད་ན་མི་གསུངས་དགོས་བའི་རྒྱུ་མཚན་གང་རེད། ཐ་ན་སྐྱེས་བ་སྔ་ཕྱི་ཟེར་ནས་སྐད་ཆ་རྗིག་པོ་སྣ་ཚོགས་བཤད་ཀྱང་ཚན་རིག་པའི་མདུན་སར་ད་དུང་སྐྱེས་བ་སྔ་ཕྱི་ཡོད་མེད་ཀྱི་བདེན་དཔང་བྱེད་མཁན་གྱི་མི་ཞིག་བྱུང་ཐུབ་མེད། དེ་ནི་ནང་པ་ཙམ་མིན་པར་ཆོས་ལུགས་པ་ཡོངས་ཀྱི་ངོ་ཚ་རེད། ཁྱེད་ཀྱིས་སྐྱེས་བ་སྔ་ཕྱི་ཡོད་མེད་ཀྱི་བདེན་དཔང་བྱེད་ཐུབ་བམ། ཐུབ་ན་འཇིག་རྟེན་སྟེང་བག་ལ་ཉལ་བའི་གལ་ཆེན་གྱི་གསང་བ་ཞིག་ཕྱི་རོལ་ཏུ་ཐོན་པས་ངས་གསར་འགོད་པ་སྐད་བཏང་ངེས་ཡིན། ཁྱེད་ཀྱིས་ཤེས་ས་རེད། རྫུན་མ་བཤད། དྲང་མོ་བཤད་པའི་རེ་བ་ཡོད། རྫུན་བཤད་ན་རང་གཞན་གཉིས་ལ་མགོ་སྐོར་བཏང་བ་ལས་གཞན་ཅི་ཡང་མིན། དེ་ནི་འཇིག་རྟེན་མགོ་སྐོར་བཏང་མཁན་ཡིན་པས་ཉེས་བ་འདག་ཐབས་མེད། ངས་བཤད་པའི་ཚིག་རིག་གི་བདེན་དཔང་ནི་རང་ཚན་རིག་པས་འདོད་པ་བཞིན་གཞན་ལས་ཐོས་དང་གསན་པ་ཙམ་མ་ཡིན་ཞིང་། འཁོར་ཡུག་དང་གོམས་གཤིས། ཆོས་ལུགས་དང་ཞེན་འདོད་ཀྱིས་ཡིད་ཆེས་སླེབས་པ་དེ་བས་ཀྱང་མ་ཡིན་པར་དངོས་རྒྱུད་ཀྱི་མྱོང་བ་དང་དམར་ཁྲིད་ཀྱི་མཛུབ་སྟོན་ལ་ཟེར། དེ་འདྲའི་བདེན་དཔང་ཞིག་དགོས་བ་ལས་རྟོགས་བཟོས་སྒྲིག་པའི་བསྟན་བཅོས་དང་གཞན་ལས་ཐོས་བའི་སྐད་ཆ། སེམས་པ་ཐང་ལ་མ་ཐང་བའི་སྒྲུང་གཏམ་དང་གཉའ་ཐཱ་འཐེན་མཁན་གྱི་འཆར་ཡན། ཆང་རྐྱལ་གྱི་ངག་འཆར་སོགས་ཀྱིས་ཁུངས་སྐྱེལ་མི་འོས་ཤིང་ཚན་རིག་གི་བདེན་དཔང་མི་འོས་སོ།
སྐྱེས་བ་སྔ་ཕྱི་ཡོད་ན་དགའ་བ་ཡོད།།
ཡོད་པ་ད་བར་ཡིད་ཆེས་བྱེད་མི་ཡིན།།
སྐྱེས་བ་སྔ་ཕྱི་མེད་ན་དགའ་བ་ཡོད།།
ཕྱི་རྗེས་སྡུག་ངལ་མེད་པས་བཀྲ་ཤིས་རེད།།
ཁྱེད་ཀྱི་བསམ་བློ་ལྷ་སྒྲུང་གི་གཏམ་རྒྱུད་ལས་བཟོས་བས་མིའི་གཤིས་ལུགས་དང་བར་ཐག་ཧ་རིང་དུ་འདུག ད་དུང་བོད་ས་ཤོར་དུས་ར་འདོམས་དགུ་ཡོད་པའི་འཕགས་པ་དམར་པོ་ཞིག་ཡར་འབྲོག་གཡུ་མཚོའི་ཁ་ལ་ཡོད་ཚུལ་སོགས་ཡང་གྲགས་རེད། ཡོངས་གྲགས་ཨེ། ཁྱེད་ལ་འཕགས་པ་དམར་པོ་མཐོང་བའི་མྱོང་བའམ་པར་འདྲ་བསྟན་རྒྱུ་ཡོད་དམ། དེ་མིན་བཤད་པ་ཐམས་ཅད་ཡིད་ཆེས་བྱེད་ག་ལ་རུང་།
འཁྱལ་བའི་གཏམ་ལ་ཡིད་ཆེས་བྱས་བྱས་ནས།།
ད་བར་མི་ཚེ་འཁྱལ་བའི་གཏམ་གྱིས་ཟས།།
ཟ་འཕྲོ་ལུས་པའི་མི་ཚེའི་ལྷག་པ་རྣམས།།
རྫུན་གཏམ་གཞུང་ལ་མི་བརྗེའི་མྱོང་བ་ཡོད།།
འཁྱལ་གཏམ་ཡིད་ཆེས་བྱས་ནས་བསྡད་བསྡད་མཐར།།
འཁྱལ་བས་གཡོ་ཚོང་གནང་བས་ཨ་ཐང་ཆད།།
དངོས་གནས་མངོན་སུམ་གཟིགས་པའི་དཔང་ཡོད་ན།།
ལག་ཟུང་ལག་མོ་རྡེབ་ནས་འཇུག་ངེས་ཡིན།།
བརྒྱ་བཤད་སྟང་གི་སྙིང་བོ་ཁྱེད་ཀྱི་བཤད་པའི་སྤོབས་པ་མཐའ་ཡས་ནི་ལོ་རྒྱུས་ལ་དོ་སྣང་ཅན་ཡིན་པ་མ་ཟད་ལོ་རྒྱུས་ཤེས་མཁན་ཞིག་རེད་ཟེར་ནས་ངས་སྐད་སངས་མཐོ་པོའི་བཤད་ཐུབ། རྒྱུ་མཚན་ནི།
སྤོབས་པ་མཐའ་ཡས།
ཉེ་སྔོན་འཚོགས་ཟིན་མ་ཐག་པའི་རྒྱལ་སྤྱིའི་བོད་རིག་པའི་འཚོགས་འདུ་དེའི་སྟེང་དུ་མི་སྣ་སུ་ཞིག་ཕེབས་ཡོད་པ་དང་བགྲོ་གླེང་གང་ཞིག་བྱས་ཡོད་མེད་སྐོར་ལ་ཤེས་འདོད་ཅིག་བྱུང་། ཚོགས་པ་དེའི་དྲ་རྒྱར་བལྟས་རྗེས་སུ་ང་ལ་དོག་པའམ་མཚར་སྣང་ཞིག་སླེབས་པ་ནི་སྐུ་ཞབས་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ཀྱིས་ཡིག་ཆ་གསར་པ་ཞིག་རྙེད་པའི་སྐོར་དེ་རེད། ང་རང་འཚོགས་འདུ་དེར་མེད་ཅིང་ཡིག་ཆ་དེ་མཐོང་མ་མྱོང་བའི་ཐོག་དེར་སོང་མཁན་འགལ་ལ་སྐད་ཆ་དྲིས་ཀྱང་གསལ་པོ་བཤད་མཁན་མ་བྱུང་། གང་ལྟར་ང་རང་ལ་ཡིག་ཆ་དེའི་སྐོར་ཞིག་ཤེས་འདོད་འདུག ཉེ་བའི་ལོ་རབས་ནང་དུ་རྙིང་པ་ཞིག་གསར་དུ་རྙེད་རབས་དཀྲོག་གཏམ་མི་ཉུང་བ་སྤེལ་མྱོང་ཡང་དེ་ཚོ་རྩད་བཅད་སྐབས་སྟག་གི་དཔང་པོ་ལ་གཡག གཡག་གི་དཔང་པོ་ལུག ལུག་གི་དཔང་པོ་ཁྱི། དཔང་པོའི་མཐར་ཐུག་འབུ་ཟེར་བའི་དཔེ་བཞིན་དཔང་རྟགས་དང་ཁུངས་སྐྱེལ་བརྟན་པོ་བསྟན་རྒྱུ་མེད་པ་ཚོའི་སྐད་ཤུགས་རང་བཞིན་གྱིས་མར་ཆག་འགྲོ་བཞིན་འདུག དེང་སྐབས་ཀྱི་ངའི་དོག་པ་དེ་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་གཙིགས་བོན་ཁྲིམས་སྦྱོར་གྱི་དཔྱད་ཁྲ་གསར་རྙེད་ཅེས་པའི་མིང་བྱང་ཅན་གྱི་གཏམ་བཤད་དེ་རེད། ང་ལ་ཤེས་འདོད་ཅིག་བྱུང་བ་དེ་ནི་དཔྱད་ཁྲའམ་བཅད་ཁྲའི་ཡིག་ཆ་དེ་ས་གནས་གང་དུ་མི་སུ་ཞིག་གིས་ཚུལ་ཇི་ལྟར་དུ་དུས་ནམ་ཞིག་ལ་རྙེད་སྐོར་དེ་རེད། དེ་བཞིན་དུ་རྒྱུ་མཚན་གང་ཞིག་གིས་ཡིག་ཆ་དེ་ད་ལྟ་བར་དུ་གྲག་འགུལ་མ་བྱུང་བར་ལུས་པ་ཡིན་ནམ། ལྷ་བླ་མ་བྱང་ཆུབ་འོད་ཁུ་ཚན་གྱིས་སངས་རྒྱས་ཆོས་ལུགས་ཀྱི་ཆེད་དུ་ལས་ཀ་བྱས་ཚུལ་རྣམས་འཁོད་པའི་ལོ་རྒྱུས་ཡིག་ཆ་ཁ་གསལ་བ་དེ་སྙེད་ཅིག་བྱུང་བའི་ཁྲོད་དུ་བོན་པོ་ལ་ཁྲིམས་གཅོད་བཀད་ཁྲའི་ཡིག་ཆ་ཞིག་ཡོད་ཚུལ་མི་གསལ་དོན་ཅི་ཡིན་ནམ། དེ་དང་དེ་ལ་སོགས་པའི་དྲི་རྟགས་མང་པོ་ཞིག་གིས་སོས་དལ་དུ་སྡོད་མི་འཇུག་པས་དྲི་བ་འདི་འདོན་དགོས་བྱུང་། མཁར་རྨེའུ་བསམ་གཏན་ལགས་ཀྱིས་ཡིག་ཆ་དེ་དེ་ལྟར་གལ་ཆེན་དུ་བརྩིས་ནས་ཀློག་འདོན་བྱེད་པར་བལྟས་ན་ངེས་པར་དུ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་གཙིགས་ཡིན་པའི་ཁུངས་སྐྱེལ་དཔང་རྟགས་ཀྱང་དེ་དང་ཆབ་ཅིག་ཏུ་བསྟན་རྒྱུ་ཡོད་ངེས་རེད། གལ་སྲིད་མེད་ན་རྒྱལ་པོའི་སྨྲ་བ་ལན་གཅིག་གི་དཔེ་རུ་མི་འཇོག་པར་དྲིས་ལན་དང་དོག་སེལ་མཛད་རོགས་ཞེས་འབོད་སྐུལ་ཞུ་འདོད་བྱུང་། གལ་སྲིད་མཁར་རྨེའུ་བསམ་གཏན་ལ་ཁུངས་སྐྱེལ་དང་དཔང་རྟགས་བསྟན་མེད་ཕྱིན་ལོ་རྒྱུས་ཀྱི་ཁུངས་སུ་དྲངས་འོས་པའི་ཡིད་ཆེས་བྱེད་ཐབས་མེད་པ་ཞིག་རེད། ལོ་རྒྱུས་ནི་ལོ་རྒྱུས་ཡིན་སྟབས་ལོ་རྒྱུས་ཀྱི་ནག་ཉེས་དེ་ང་ཚོས་འཁུར་མི་དགོས་ཤིང་ལོ་རྒྱུས་ཀྱི་མནར་གཅོད་ཀྱིས་ང་ཚོར་མནར་གཅོད་མི་ཕོག་པའི་ངང་ཚུལ་དེ་ཤེས་པ་གཞིར་བཞག་གི་ཐོག་ནས་ལོ་རྒྱུས་ལ་བགྲོ་གླེང་བྱེད་ཤེས་མཁན་རེ་ཡོད་ན་ལོ་རྒྱུས་ལས་འཕྲོས་པའི་བགྲོ་གླེང་བྱེད་པར་ཕེབས་ཤོག ཡིན་ན་ཡང་ལོ་རྒྱུས་ལས་བསླབ་བྱ་བླངས་ཏེ་ནག་ཉེས་ཅན་གྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་གཞན་དུ་བསྒྱུར་མ་ཐུབ་ན་ལོ་རྒྱུས་ནི་བསྐྱར་འཁོར་གྱི་རང་བཞིན་ཅན་ཞིག་ཡིན་པས་ལོ་རྒྱུས་ལས་བསླབ་བྱ་ལེན་པ་ནི་སྤྱང་གྲུང་ལྡན་པའི་བྱེད་ཐབས་ཤིག་ཡིན། ཧིན་དྷིའི་མཚན་ཉིད་རིག་པའི་ཡབ་ཆེན་དུ་བརྩི་བའི་Swami Viveknanda (1863-1902)མཆོག་གིས། ཡོད་ཚད་ཚང་མ་བདེན་པའི་ཆེད་དུ་བློས་བཏང་ཆོག བདེན་པ་ནི་གང་གི་ཆེད་དུ་ཡང་བློས་བཏང་བྱེད་མི་རུང་གསུངས་པ་བཞིན་གནད་དོན་གང་ཡིན་ཡང་བདེན་པ་ཞིག་རྟོགས་དགོས་པ་གལ་ཆེན་དོན་ཆེན་ཡིན་སྟབས་ཡིག་ཆ་གསར་རྙེད་སོགས་ཀྱི་སྐད་ཆ་དག་ལ་ཡང་ཚན་རིག་དང་མཐུན་པའི་ཁུངས་སྐྱེལ་དཔང་རྟགས་མ་རྙེད་བར་དུ་ལོ་རྒྱུས་ཀྱི་ཁུངས་སུ་མི་དྲངས་རྒྱུ་གལ་ཆེན་རེད།
འདིར་དྲ་རྒྱའི་སྟེང་གི་གྲོགས་པོ་ཚོར་དེའི་སྐོར་གསལ་པོ་རེ་བཤད་རྒྱུ་ཡོད་ན་འདིར་གསུངས་རོགས། མ་གཞི་དེང་སང་འཇིག་རྟེན་སྣོད་བཅུད་ཚང་མ་གསར་བ་ཞིག་ལ་འགྱུར་ནས་འདི་འདྲ་འདི་ལ་དོ་སྣང་བྱེད་འདུག་མཁན་མཁར་རྨེའུ་བསམ་གཏན་ངེད་གཉིས་ཙམ་ལས་མེད་པ་འདྲ། ངེད་གཉིས་ལ་མཐུན་པའི་ཆ་ཡང་མང་པོ་ཡོད་ངེས་ཅན་རེད།
ད་དུང་མང་དུ་ཡོད་ཀྱང་དེ་ཙམ་བྱོས།
ཕྲག་དོག་མ་ཟ། གཙང་ཁའི་བུ།
དགེ་ཆོས་ཀྱིས།
མདོར་ན་ཕྲག་དོག་ཅན་གྱི་སྐྱེས་བུ་དེ།།
དགའ་བའི་དངོས་བོ་གཞན་ཉིད་རྒུད་པ་ཉིད།།
གོང་དུ་དགེ་ཆོས་ཀྱི་གསུངས་དོན་བློ་ན་ཡོད་པ་ཁ་ཐུག་གིས་བཀོད་པས་ཚིག་ཇི་བཞིན་ཡིན་མིན་མི་ཤེས་ཀྱང་དོན་དེ་བཞིན་ཡིན།
༼སྐད་ཅ་༼ཆ༽དེ་ངས་ཀྱང་གོ་ནས་ཉིན་ཤས་ལས་མ་སོང་། ལུང་སྟོན་༼བསྟན༽རྒྱག༼བརྒྱུགས༽་མཁན་དང་ཡང་སྲིད་ངོས་འཛིན་གནང་མཁན་ཁྱོད་རང་གི་ཕ་དམ་པ་དེ་མ་རེད། ཁོས་ཟུར་བསྟེན༼ཁོང་གིས་ཟུར་བསྟན་དུ༽སྔོན་མ་གཤེགས་རྗེས་ཡང་སྲིད་ངོས་འཛིན་བྱས་པ་ཞིག་རེད་ཟེར། དེ་ངོ་མ་བདེན་ནམ།༽ ཡིག་ནོར་དང་དོན་ནོར་གསལ་དུ་བཏོན་གལ་མ་མཆིས་ཀྱང་ཁྱེད་ཀྱི་གོམས་སྲོལ་གྱི་ལས་ཟློས་ཙམ་བྱས་ནས་བྲིས་བ་ཡིན། དེ་མིན་ཁྱེད་ཚོའི་རིགས་ཅན་འདིས་རང་སྐྱོན་རི་བོ་མི་མཐོང་ཞིང་གཞན་སྐྱོན་ཁབ་ཀྱང་མཐོང་བས་དེ་ལྟར་བྱས་བ་ཡིན། ཁྱེད་ཀྱིས་བྲིས་བ་རྒྱུ་མཚན་འདུག་གམ། ཁྱེད་ཀྱིས་མ་མཐོང་ན་མེད་དགོས་བ་ཡིན་ནམ། ཁྲོམ་ནང་གི་སྦལ་བ་ལ་ནམ་མཁའི་རྒྱ་ཁྱོན་གྱི་སློབ་ཁྲིད་གནང་བ་ནི་རང་ཉིད་བླུན་པའི་རྒྱུ་ལས་མ་འདས། ལོ་རྒྱས་ཀློག་དང་ངའི་ཕ་ཡིན་མིན་ཤེས་ངེས་རེད། ཁྱེད་ཀྱིས་ངའི་གནས་ཚུལ་ཞིབ་པ་ཤེས་ཚེ་ཁ་མིང་སྣ་མིང་བཏགས་ནས་འཛིང་ས་རེད། འུ་མ་ཐུག ཁོང་ཁྲོ་མ་ཟ།
༡༥༥༦ལོར་ཚ་སྤྲུལ་ངག་དབང་བློ་བཟང་གིས།
མོའོ་ཙེ་ཏུང་ཞེས་བའི་དམ་པ་འདི།།
ཤཱཀྱ་སེངྒེའི་དགོངས་པ་སྨྲ་མེད་པའི།།
ངོ་མཚར་བསྔགས་པ་འོས་པ་མང་པོ་ཞིག།
འཇལ་དབྱངས་དགྱེས་བའི་བློ་གྲོས་བདག་གིས་མཐོང་།། མོའོ་ཡང་སྤྲུལ་དུ་ངོས་འཛིན་གནང་མཁན་ཁོང་དང་ཁོང་འདྲ་བའི་བོད་ཀྱི་བླ་སྤྲུལ་རྣམས་རེད།
མ་གཞི་གསང་མིང་འཛིན་མཁན་གྱི་ལྐོག་གསོད་པ་ཞིག་ལ་ངས་འདི་ལྟར་ཁུངས་ལུང་བཤད་དོན་མེད་མོད་ངའི་ཕ་མིན་པར་ངེས་ཤེས་སྐྱེད་ཆེད་བཀོད་པ་ཡིན། དངོས་གནས་ཁྱེད་ཉིད་ང་དང་རྩོད་པ་ཞུགས་ན་འདོད་ཡོད་ཚེ་མིང་རྫུན་འོག་ནས་མ་བསྡད་པ་མིང་དངོས་བྲིས་ནས་ཤོག དེ་ནས་ངེད་གཉིས་ཀྱི་རྩོད་པ་དྲང་བདེན་རེད། དེ་མིན་ཁྱེད་ཉིད་ལྐོག་གསོད་པ་ལྟ་བུ་ཞིག་དང་ང་ནི་སྲུང་སྐྱོད་པ་ལྟ་བུ་ཡིན་པས་དྲང་བདེན་མིན། དྲང་བདེན་གྱི་རྩོད་པ་བྱེད་ཡོད་ན་མིང་བྲིས་ནས་ཤོག་དང་། མུ་མཐུད་དུ་འགྲོ། དེ་མིང་རྫུན་གྱི་གོས་ལྭ་གྱོན་མཁན་ཏེ། ཁྱེད་ལྟ་བུ་མགོ་བདེ་དྲན་འཁྲུལ་ཅན་ལ་རྩོད་དུ་ཞུགས་པ་དགོས་མེད་རེད།
གོང་དུ་བཀོད་པའི་ཚན་པ་གཅིག་གི་ནང་གལ་ཆེའི་འབྲི་དོན་ཆད་སྐྱོན་བྱུང་བས་འོག་ཏུ་སྐྱར་བཀོད་བྱེད་རྒྱུ་
ཡིན།
༼རྟོག༽་པས་བཏགས་པ་ཙམ་ལ་བཤད་ཀྱི་ཡོད། ༽གོ་རྒྱུ་ཚོར་རྒྱུ་ཅི་འདུག ཙམ་སྒྲའི་གཅད་བྱ་གང་ཡིན།༼།༽
རྟོག་པས་བཏགས་ཙམ་ཟེར་བའི་དོན་ཡང་མ་ཤེས་ན་ངས་ཁྱེད་ལ་བསྐྱར་བཤད་བྱ་དོན་མ་མཆིས་ཤིང་བྱས་ཀྱང་གོ་བརྡ་འཕྲོད་དུ་མ་ངེས་བས་གྲུབ་མཐའི་གཞུང་དང་གསང་སྔགས་ཀྱི་ཆོས་སྐོར་ལ་སྦྱང་བ་མང་ཙམ་བྱོས་དང་གསལ་ཆ་ཡོང་ངེས་རེད། མ་ཤེས་ན་ཤེས་མཁན་ལ་སྐད་ཆ་དྲིས། ང་རྒྱལ་སྐྱེས་ནས་བསྡད་ན་ཡོན་ཏན་གྱི་ལེགས་བཤད་ཅི་འབྱོར་བའི་གནས་མེད། ཙམ་སྒྲའི་གཅོད་བྱ་གང་ཡིན་མིན་དབུ་མ་ཐལ་འགྱུར་བའི་ལྟ་གྲུབ་ཡག་པོ་ཤེས་མཁན་གྱི་དགེ་བཤེས་རྣམས་ལ་བཀྲ་འདྲི་བྱོས་དང་། གསལ་ཆ་ཡོང་ངེས་རེད། འདི་སློབ་ཚན་མ་རེད། ངས་ཁྱེད་ལ་ཡོད་ཚད་ཁྲིད་བྱེད་མི་ཐུབ། ཁྲིད་ཀྱང་བླུན་རྨོངས་ཁྱེད་ལྟ་བུ་གློར་བུ་ཤེས་ས་མ་རེད། ཚིག་ཅུང་རྩུབ་དྲགས་པས་དགོངས་དག་ཡོད། དོན་དག་དེ་ག་རང་ཡིན།
ཐུབ་རྣམས་སྡིག་པ་ཆུ་ཡིས་མི་དཀྲུ་ཞིང་།།
འགྲོ་བའི་སྡུག་་བསྔལ་ཕྱག་གིས་མི་སེལ་ས།།
ཉིད་ཀྱིས་དམིགས་པ་གཞན་ལ་སྤོ་མི་ནུས།།
ཆོས་ཉིད་བདེན་པ་བསྟེན་པས་གྲོལ་བ་འགྱུར།།
ཚེ་གཏན་གྱིས་ཞབས་དྲུང་གིས།
ངས་རྒྱས་སྐུ་ལ་ཆོས་ལོངས་སྤྲུལ་གསུམ་སྟེ།
སྤྲུལ་སྐུ་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཡིན།།
བདག་ཉིད་སྐུ་གསུམ་གྲངས་ལ་རབ་རྨོངས་ན།།
སྤྲུལ་སྐུ་འཁྲེུད་མེད་ཡིན་པ་ཐོལ་ལོ་བཤགས།། ཁ་སང་བློ་ནས་ཡོད་པ་ཁ་ཐུག་གིས་བཀོད་ཀྱང་དེ་ཡིས་མི་འདང་ཞིང་ཚིག་ཇི་བཞིན་དགོས་བས་དེ་ལྟར་བཀོད་པ་ཡིན།
འབེབས་གཉིས་པའི་ཚིག་ཕྲིང་དང་པོ་ནོར་བཅོས།
སྐད་ཅ་༼ཆ༽དེ་ངས་ཀྱང་གོ་ནས་ཉིན་ཤས་ལས་མ་སོང་། ལུང་སྟོན་༼བསྟན༽རྒྱག༼བརྒྱགས༽་མཁན་དང་ཡང་སྲིད་ངོས་འཛིན་གནང་མཁན་ཁྱོད་རང་གི་ཕ་དམ་པ་དེ་མ་རེད། ཁོས་ཟུར་བསྟེན༼ཁོང་གིས་ཟུར་བསྟན་དུ༽སྔོན་མ་གཤེགས་རྗེས་ཡང་སྲིད་ངོས་འཛིན་བྱས་པ་ཞིག་རེད་ཟེར། དེ་ངོ་མ་བདེན་ནམ།༽ ཡིག་ནོར་དང་དོན་ནོར་གསལ་དུ་བཏོན་གལ་མ་མཆིས་ཀྱང་ཁྱེད་ཀྱི་གོམས་སྲོལ་གྱི་ལས་ཟློས་ཙམ་བྱས་ནས་བྲིས་བ་ཡིན། དེ་མིན་ཁྱེད་ཚོའི་རིགས་ཅན་འདིས་རང་སྐྱོན་རི་བོ་མི་མཐོང་ཞིང་གཞན་སྐྱོན་ཁབ་ཀྱང་མཐོང་བས་དེ་ལྟར་བྱས་བ་ཡིན། ཁྱེད་ཀྱིས་བྲིས་བ་རྒྱུ་མཚན་འདུག་གམ། ཁྱེད་ཀྱིས་མ་མཐོང་ན་མེད་དགོས་བ་ཡིན་ནམ། ཁྲོམ་ནང་གི་སྦལ་བ་ལ་ནམ་མཁའི་རྒྱ་ཁྱོན་གྱི་སློབ་ཁྲིད་གནང་བ་ནི་རང་ཉིད་བླུན་པའི་རྒྱུ་ལས་མ་འདས། ལོ་རྒྱས་ཀློག་དང་ངའི་ཕ་ཡིན་མིན་ཤེས་ངེས་རེད། ཁྱེད་ཀྱིས་ངའི་གནས་ཚུལ་ཞིབ་པ་ཤེས་ཚེ་ཁ་མིང་སྣ་མིང་བཏགས་ནས་འཛིང་ས་རེད། འུ་མ་ཐུག ཁོང་ཁྲོ་མ་ཟ།
༡༥༥༦ལོར་ཚ་སྤྲུལ་ངག་དབང་བློ་བཟང་གིས།
མོའོ་ཙེ་ཏུང་ཞེས་བའི་དམ་པ་འདི།།
ཤཱཀྱ་སེངྒེའི་དགོངས་པ་སྨྲ་མེད་པའི།།
ངོ་མཚར་བསྔགས་པ་འོས་པ་མང་པོ་ཞིག།
འཇལ་དབྱངས་དགྱེས་བའི་བློ་གྲོས་བདག་གིས་མཐོང་།། མོའོ་ཡང་སྤྲུལ་དུ་ངོས་འཛིན་གནང་མཁན་ཁོང་དང་ཁོང་འདྲ་བའི་བོད་ཀྱི་བླ་སྤྲུལ་རྣམས་རེད། ངའི་ཕ་མ་རེད།
ཨ་ནུ་ཐང་ལགས། སྐུ་ཉིད་ཀྱིས་སྐད་ཅ་༼ཆ༽ལ་བསྒྱུར་འདི་མཛོ་རྒན་ཞར་བོའི་ལོ་རྒྱུས་དང་མཚུངས་པ་ཞིག་རེད། སྐད་ཅ་ཞེས་འབྲི་ན་ཕོ་ཡིས་ཕོ་དྲངས་པས་རྟགས་མཚུངས་རེད། སྐད་ཅ་སྐད་ཆ་གང་བྲིས་ཀྱང་འགྲིག ལུང་སྟོན་ཞེས་པ་མིང་ཡིན་པས་སྔོན་འཇུག་ཡོད་པ་ལས་མེད་ན་བཟང་། རྒྱག་མཁན་གྱི་རྒྱག་ལ་ད་ལྟ་བའི་ཚིག་ལས་འདས་ཚིག་ཡོང་མི་སྲིད། ཡང་ངས་ཁོས་ཟུར་བསྟེན་ཞེས་པར་ཁྱོད་ཀྱིས་༼ཁོང་གིས་ཟུར་བསྟན་དུ༽ཞེས་བཅོས་པ་ནི་བྱེད་ཚིག་གི་རྣམ་དབྱེ་བསྡུ་ཚུལ་མ་ཤེས་པས་རྟགས་རེད།
འདིའི་དོན་ནི་སྐྱར་དུ་བཀོད་ན། ལུང་སྟོན་རྒྱག་མཁན་དང་ཡང་སྲིད་ངོས་འཛིན་གནང་མཁན་ཁྱོད་རང་གི་ ཕ་དམ་པ་དེ་མ་རེད་དམ། ཁོས་ཟུར་བསྟེན་སྔོན་མ་གཤེགས་རྗེས་ཡང་སྲིད་ངོས་འཛིན་ བྱས་པ་ཞིག་རེད་ཟེར། དེ་ངོ་མ་བདེན་ནམ། ཞེས་བྲིས་ཡོད།
ཡང་ངས་ཁོ་ལ་མོའོ་ཡང་སྲིད་ངོས་འཛིན་བྱེད་མཁན་ཁྱོད་རང་གི་ཕ་རེད་དམ་ཞེས་འབྲི་དུས། ཁོས་འདི་ལྟར་བྲིས་འདུག ༼༡༥༥༦ལོར་ཚ་སྤྲུལ་ངག་དབང་བློ་བཟང་གིས།
མོའོ་ཙེ་ཏུང་ཞེས་བའི་དམ་པ་འདི།།
ཤཱཀྱ་སེངྒེའི་དགོངས་པ་སྨྲ་མེད་པའི།།
ངོ་མཚར་བསྔགས་པ་འོས་པ་མང་པོ་ཞིག།
འཇལ་དབྱངས་དགྱེས་བའི་བློ་གྲོས་བདག་གིས་མཐོང་།། མོའོ་ཡང་སྤྲུལ་དུ་ངོས་འཛིན་གནང་མཁན་ཁོང་དང་ཁོང་འདྲ་བའི་བོད་ཀྱི་བླ་སྤྲུལ་རྣམས་རེད།༽ཟེར། མཁྱེན་ལྡན་ཚོ་གཟིགས་དང་།
ཚིགས་བཅད་འདིས་མོའོ་ལ་ངོ་མཚར་བའི་ཡོན་ཏན་སྔགས་འོས་མང་པོ་ཞིག་ཡོད་པ་འཇམ་དབྱངས་དགྱེས་པའི་བློ་གྲོས་བདག་གིས་མཐོང་ཞེས་པ་ལས་ཡང་སྲིད་ངེས་འཛིན་གང་འདྲ་བྱས་འདུག ངོོ་མ་ཁྱདོ་ནི་མཐོང་བ་མངོན་གྱུར་བསྟན་ཀྱང་མི་ཤེས། ཅུང་ཟད་ལྐོག་གྱུར་བཤད་ཀྱང་མི་ཤེས། ཤུན་ཏུ་ལྐོག་གྱུར་གྱི་དོན་ལ་མཁས་པས་ཀློང་རྡོལ་བ་ཞིག་ཚད་འདུག
གྲོགས་པོ་ལགས། ང་རྒྱལ་སྐྱེ་ཕོད་མཁན་ཞིག་མ་ཡིན་ཀྱང་ཁྱོད་རང་ལ་བལྟ་དུས་ང་རྒྱལ་སྐྱེ་བའི་རྒྱུ་ཞིག་ལྡན་པར་མཐོང་།
ཡང༼པན་ཆེན་ཆུང་སྲིད་གཙོན་དུ་ ཡོད་པ་ཤེས་མཁན་ཡོད་ན་མི་གསུངས་དགོས་བའི་རྒྱུ་མཚན་གང་རེད། ༽སུ་ལ་གསུང་མི་འདུག ངེད་གཉིས་ཀྱི་གོ་མི་འདུག་ལབ་རྒྱུ་ཡིན་ནམ། ཡང་༼ཐ་ན་སྐྱེས་བ་སྔ་ཕྱི་ཟེར་ནས་སྐད་ཆ་རྗིག་པོ་སྣ་ཚོགས་བཤད་ཀྱང་ཚན་རིག་པའི་མདུན་ སར་ད་དུང་སྐྱེས་བ་སྔ་ཕྱི་ཡོད་མེད་ཀྱི་བདེན་དཔང་བྱེད་མཁན་གྱི་མི་ཞིག་བྱུང་ ཐུབ་མེད། དེ་ནི་ནང་པ་ཙམ་མིན་པར་ཆོས་ལུགས་པ་ཡོངས་ཀྱི་ངོ་ཚ་རེད། ཁྱེད་ཀྱིས་སྐྱེས་བ་སྔ་ཕྱི་ཡོད་མེད་ཀྱི་བདེན་དཔང་བྱེད་ཐུབ་བམ། ཐུབ་ན་འཇིག་རྟེན་སྟེང་བག་ལ་ཉལ་བའི་གལ་ཆེན་གྱི་གསང་བ་ཞིག་ཕྱི་རོལ་ཏུ་ཐོན་པས་ ངས་གསར་འགོད་པ་སྐད་བཏང་ངེས་ཡིན། ༽མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་བྲིས་པའི་སྐྱེ་བ་སྔ་ཕྱིའི་རྣམ་གཞག་གསལ་བའི་མེ་ལོང་དུ་་མིའི་པར་རིས་དང་བཅས་གསལ་ཐག་གཅོད་བཀོད་ཡོད། རྒྱལ་སྤྱིའི་གསར་འགོད་པ་འང་། ཚན་རིག་ལ་སུ་སྐད་གཏོང་ན་གཏོང་རོགས་ཞུ། དེ་ཙམ་མ་ཟད་ཕྱི་རྒྱལ་ཁབ་ཏུ་འང་མང་པོ་ཡོད་རབས་འདུག
ཨ་ནུ་ཐང་ཁྱོད་ཀྱིས།
སྐྱེས༼སྐྱེ༽་བ་སྔ་ཕྱི་ཡོད་ན་དགའ་བ་ཡོད།།
ཡོད་པ་ད་བར་ཡིད་ཆེས་བྱེད་མི་ཡིན།།
སྐྱེས༼སྐྱེ༽་བ་སྔ་ཕྱི་མེད་ན་དགའ་བ་ཡོད།།
ཕྱི་རྗེས་སྡུག༼བསྔལ༽་ངལ་མེད་པས་བཀྲ་ཤིས་རེད།།ཟེར་ན།
ངས་འདི་ལྟར་འབྲི།
སྐྱེ་བ་སྔ་ཕྱི་མེད་ན་སྐྱིད་པ་ལ།།
འཇིག་རྟེན་བདེ་བ་ཡོད་ཚད་ཚེ་འདིར་མྱོང་། །
སྐྱེ་བ་སྔ་ཕྱི་ཡོད་ན་དགའ་བ་ལ།།
སྡུག་བསྔལ་རྒྱ་མཚོའི་དཀྱིལ་ནས་ཐར་རེ་ཡོད། །
ཨ་ནུ་ཐང་དྲང་བོར་བཤད་ན། ལོ་རྒྱུས་ཡོན་ཏན་གྱི་གཞི་མ་ཡིན་པ་མིན་ཤེས་ཀྱང་། བོད་ཡིག་གི་གཞི་རྩ་སུམ་རྟགས་སོགས་ལ་སྦྱོང་དགོས་འདུག་གོ
གཙང་བུ།
མང་པོ་མ་བཤད། ཁྱེད་ཀྱི་རྙོག་གཏམ་ལ་ཆུ་ཚོད་བཏང་ཁོམ་མི་འདུག ཕྱི་རྗེས་སྡུག༼བསྔལ༽་ངལ་མེད་པས་བཀྲ་ཤིས་རེད།།ཟེར་ན། སྡུག་བསྔལ་སྡུག་ངལ་ལ་བསྒྱུར་བ་ནི་དགོས་བ་མེད་པའི་ཚིག་ཚོགས་ཤིག་རེད། དེ་གཉིས་བརྡ་རྙིང་དང་བརྡ་གསར་གྱི་ཁྱད་པར་རམ་འབྲི་ཚུལ་གཞན་ལས་ཅི་ཡང་མི་འདུག
མིང་དངོས་བཤད་ཟེར་ན་རྫུན་མ་བཤད་ཀྱིན་འདུག གང་སྣང་གང་དྲན་ཐ་སྙད་རྫུན་བཟོ་བྱས་ནས་གཞན་ལ་གཏད་འཇལ་བ་ནི་སྨྱོན་པ་ལས་གཞན་ཅི་ཡང་མི་འདུག
སྤོབས་པ་ལག་གི་ལག་མགོ་གཅིག་གི་དོ་ཡ་ཉན་རྒྱུ་ཁག་པོ་རེད། ཕྲག་དོག་ཟ་རུང་སྡུག་གྱོང་རེད།
ལག་པ་ཤོར་བས་ནོར་བཅོས།
གཙང་བུ།
མང་པོ་མ་བཤད། ཁྱེད་ཀྱི་རྙོག་གཏམ་ལ་ཆུ་ཚོད་བཏང་ཁོམ་མི་འདུག ཕྱི་རྗེས་སྡུག༼བསྔལ༽་ངལ་མེད་པས་བཀྲ་ཤིས་རེད།།ཟེར་ན། སྡུག་བསྔལ་སྡུག་ངལ་ལ་བསྒྱུར་བ་ནི་དགོས་བ་མེད་པའི་ཚིག་ཚོགས་ཤིག་རེད། དེ་གཉིས་བརྡ་རྙིང་དང་བརྡ་གསར་གྱི་ཁྱད་པར་རམ་འབྲི་ཚུལ་གཞན་ཡིན་ཡང་དེ་ལ་ལོག་བསྒྲུབས་བྱེད་པ་གཞན་སྐྱོན་འཚོལ་རྒྱུ་དགའ་དྲགས་པས་རེད།
མིང་དངོས་བཤད་ཟེར་ན་རྫུན་མ་བཤད་ཀྱིན་འདུག གང་སྣང་གང་དྲན་ཐ་སྙད་རྫུན་བཟོ་བྱས་ནས་གཞན་ལ་གཏད་འཇལ་བ་ནི་སྨྱོན་པ་ལས་གཞན་ཅི་ཡང་མི་འདུག
དྲང་མོ་བཤད་ན་ཁྱེད་ནི་སྤོབས་པའི་ལག་མགོ་གཅིག་གི་དོ་ཡ་ཉན་རྒྱུ་ཁག་པོ་རེད། ཕྲག་དོག་ཟ་རུང་སྡུག་གྱོང་རེད།
ཁོ་བོ་བཤད་པའི་དོན་གྱི་སྙིང་བོ་ཐམས་ཅད་རིག་པ་དགག་བྱ་མ་འོང་བས་འུ་ཐུག་ནས་ཐ་སྙད་དམ་ཚིག་སྣེ་ཙམ་ལ་འཇུས་ཤིང་གང་སྣང་གང་དྲན་གྱིས་མིང་ཚིག་བཟོས་ནས་ཁ་གཏད་གནང་བ་ནི་རྒྱུ་མཚན་གྱིས་ཕུང་བུ་རྟགས་རེད། ཁྱེད་ཀྱི་བརྡ་སྤྲོད་དང་མི་མཐུན་པའི་ཐ་སྙད་དེ་དག་གཅིག་རྗེས་གཉིས་མཐུད་ཀྱིས་ངན་ཚང་་ཕྱི་རོལ་ཏུ་བཏོན་དགོས་ཀྱང་། དེ་ལྟར་བྱེད་པ་དགོས་མེད་ཀྱི་ངལ་བ་ཡིན་པས་དག་བཅོས་བྱ་འདོད་མེད། གནས་ལུགས་མེད་ཅིང་མིང་རྫུན་གྱོན་པའི་མི་ཞིག་ལ་དེ་ལྟར་ཆུ་ཚོད་བཏང་འདོད་མེད་པས་དེ་ཙམ་བྱོས།
མ་གཞི་ཁྱེད་ལྟ་བུ་ཟོག་རིགས་ཤིག་ལ་གནས་ལུགས་བཤད་འདོད་མེད་མོད་ཕྲན་གྱིས་དེ་སྔོན་བྲིས་བའི་ཚིག་དུམ་ཞིག་བཀོད་རྒྱུ་དམིགས་བསལ་གྱིས་ཆུ་ཚོད་བཏང་མི་དགོས་བས་འདི་བཀོད་རྒྱུ་ཡིན།
སྔོན་གནས་སྐྱེས་བ་མ་དྲན་མེད་ཚུལ་དང་།།
ཕྱིས་ཀྱི་སྐྱེ་སརབས་མ་མཐོང་ཡོད་ཚུལ་གཉིས།།
རིག་པའི་མདུན་དུ་ཁྱད་པ་འབྱེད་དཀའ་བས།།
ཀརྨ་དགེ་ལེགས་གསུངས་ལ་བློ་དོགས་སྐྱེས།།
སྦྲུམ་མའི་སྐབས་སུ་ཡོད་པའི་ཕྲུ་གུའི་ཚུལ།།
སྐྱེས་བའི་རྗེས་སུ་མི་དྲན་བདེན་ན་ཡང་།།
རྗེས་དཔགས་བློ་ཡིས་དཔྱད་ན་ཤེས་ནུས་བས།།
རྐརྨ་དགེ་ལེགས་གསུངས་ལ་བློ་དོགས་སྐྱེས།།
མ་འབྱར་བྱིས་བ་གནས་བའི་དུས་ཀྱི་བྱུང་།།
ལང་ཚོ་འཕེལ་རྗེས་དྲན་མིན་བདེན་སྲིད་ཀྱང་།།
དངོས་སུམ་མིག་གིས་མཐོང་བའི་དཔང་ཡོད་པས།།
ཀརྨ་དགེ་ལེགས་གསུངས་བ་བློ་དོགས་སྐྱེས།།
ཚུལ་ཁྲིམས་བློ་གྲོས་ཕྱག་དཔེ་ཀློག་མྱོང་ཡོད།།
སྔོན་གནས་བརྗེད་དྲན་བྱེད་མཁན་གོ་ཡང་མྱོང་།།
ཡོད་ཚད་རྒྱུད་རྒྱུད་བྱུང་བའི་གཏམ་ཡིན་པས།།
དངོས་བྱུང་བདེན་དཔང་སྟོང་བས་ཡིད་ཆེས་དཀའ།།
ཚུལ་ཁྲིམས་བློ་གྲོས་སྔོན་གནས་དྲན་མ་མྱོང་།།
དྲན་མྱོང་མེད་པས་གཞན་མྱོང་འཚོལ་བས་ན།།
དཔང་མི་ཞུགས་མཁན་མྱོང་བའི་ངག་ཡིན་པས།།
ངག་གི་གང་བཤད་ཡིད་རྟོན་བྱེད་པ་དཀའ།།
སྐྱེ་བ་སྔ་ཕྱི་ཡོད་མེད་མྱོང་བ་མེད།།
མྱོང་གྲུབ་མེད་པས་ཅི་ཞིག་བཤད་མི་ཐུབ།།
གལ་སྲིད་རྟོགས་མཁན་ཡོད་ན་གསུངས་རན་རེད།།
འཇིག་རྟེན་ཧྲིལ་བོས་ཁྱེད་ལ་སྒུག་ནས་འདུག།
ཀརྨ་དགེ་ལེགས་ཀྱིས་ནས།
ཨ་ནུ་ཐང་བསོད་ནམས་ལ།
དོན་གནས་ཚིག་གི་མདའ་མོ་དེ། །
ཁྱེད་ལ་འཕངས་པ་མ་ཡིན་ཡང་། །
འབེན་དུ་རང་ཉིད་བཞེངས་འདུག་ན། །
ང་ལ་ཐབས་ཤེས་གཞན་པ་ཅི། །
སྐྱེ་སྔོན་བྱུང་ཡང་མ་དྲན་དང་། །
ཕྱི་མ་ད་དུང་མ་གྲུབ་ཕྱིར། །
དེ་གཉིས་ཁྱད་པར་ཤིན་ཏུ་ཆེ། །
དབྱེ་འབྱེད་དཀའ་བ་ངོ་མཚར་ཆེ། །
སྐྱེ་འདིར་མྱུང་གྲུབ་མི་དྲན་བཞིན།
སྐྱེ་བ་སྔ་མ་མི་དྲན་ཡང་། །
མེད་པའི་སྒྲུབ་བྱེད་མི་རུང་བའི། །
རྒྱུ་མཚན་བརྗོད་ལ་རྨོངས་དོན་ཅི། །
མངོན་སུམ་མིག་གིས་མི་མཐོང་པས། །
ཡོད་པའི་སྒྲུབ་བྱེད་མེད་བསམས་ན། །
རྗེས་དཔག་བློ་ཡིས་གནོད་པ་ཡོད། །
ཐམས་ཅན་མིག་གི་ཡུལ་ན་མེད། །
མཁན་ཆེན་ཕྱག་དཔེ་ཀློག་མྱོང་ན། །
ངོ་མ་རྗེས་སུ་ཡི་རིང་བྱེད། །
དད་ལོག་གོ་ལོག་མི་བྱེད་པར། །
དགེ་བར་འགྱུར་པའི་སྨོན་ལམ་འདེབས། །
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས། །
སྔོན་གནས་དྲན་མྱུང་མེད་ཟེར་ནས། །
ཁ་ཚོད་གཅོད་པ་འོས་ལགས་སམ། །
རིག་པ་གང་གིས་སྒྲུབ་བྱེད་འོས། །
སོ་སོའི་ལས་སྣང་མ་དག་ན། །
བྱམས་པ་མགོན་པོ་དངོས་བྱོན་ཀྱང་། །
ཁྱི་མོ་ཙམ་ལས་མ་མཐོང་བས། །
དཔེ་འདི་སྐབས་རེ་ཡིད་ལ་ཟུང་། །
ཨ་ནུ་ཐང་བསོད་ནམས་ནས།
ཚུལ་ཁྲིམས་བློ་ཡི་རིན་པོ་ཆེས།།
སྐྱེས་བ་སྔ་ཕྱིའི་ཕྱག་དཔེ་ལས།།
གཞན་མྱོང་མ་གཏོགས་རང་མྱོང་མེད།།
དེ་བརྟེན་སྐད་ཆ་བཤད་འདི་འོས།།
གལ་སྲིད་རང་ལ་མྱོང་ཡོད་ན།།
ཁ་གསལ་གསུངས་བའི་རེ་བ་ཡོད།།
དེ་ནི་མི་ཚེའི་ཤེས་བྱ་རེད།།
ཤེས་བྱའི་ནང་གི་འགངས་ཆེན་རེད།།
ཨ་ནུ་ཐང་བསོད་ནམས་ལགས།
དྲང་པོ་བཤད་ན་ཁྱེད་ལ་ངའི་ཆེད་དུ་ཆུ་ཚོད་གོཏང་ཁོམ་མེད་པ་རེད་དམ། གཏོང་ནུས་མེད་པ་རེད། ཡང་༼སྡུག་བསྔལ་སྡུག་ངལ་ལ་བསྒྱུར་བ་ནི་དགོས་བ་མེད་པའི་ཚིག་ཚོགས་ཤིག་རེད། ༽ཟེར། འོ་ན་ཁྱོད་ལས་གཞན་པའི་སྨྱུག་ཐོགས་པ་ཡོངས་ཀྱིས་དགོས་མེད་ཀྱི་ཚིག་ཙོགས་དེ་འབྲི་བ་རེད་དམ།
ངའི་དངོས་མིང་བེད་སྤྱད་དང་མི་སྤྱོད་དེ་གཙོ་བོའི་གནད་དོན་མ་རེད་ལ། ངས་སྤོབས་པའི་ལག་མགོ་གཅིག་དོ་མི་དོ་ཡང་གནད་དོན་ཞིག་མ་རེད། གལ་སྲིད་སྤོབས་པ་ངེད་གཉིས་མངོན་དུ་གྱུར་ནས་ལྟ་རྒྱ་མཐོང་དང་། ཟབ་གསལ་མྱུར་གསུམ་གྱི་བློ་རིག་རེ་འགྲན་ན་ལས་གཞན་ཤེས་རྒྱུ་མ་རེད། ང་སྤོབས་པ་ལ་ཕྲག་དོགས་ཟ་བ་སྡུག་གྱོང་ཡིན་ན། ཁྱོད་རང་ལ་ངའི་ཁ་གཏད་ཐུབ་པའི་ནུས་པ་མེད་པ་དེའང་སྡུག་གྱོང་མ་རེད་ལབ་ཐུབ་ཀྱི་མ་རེད། དེ་གཉིས་མགོ་མཚུངས་མ་རེད་དམ། ཨ་ཅང་རྩེད་མོ་ཡིན། དྲང་པོ་བཤད་ན་ལུང་རིགས་ཀྱི་དཔྱོད་བསྡུར་བྱེད་དང་།
ཕེབས་དང་། སྤོབས་པ་བསྐྱེད་དང་། མི་བུ་ལགས།
གཙང་བུ་ལགས།
ཟོག་དང་ལྷན་དུ་རྕོད་པ་རྩོད་མཁན་སུ་ཞིག་ཡོད། སྐད་ཆ་བཤད་པར་རྒྱུ་མཚན་ནི་མེད། མིང་ཤོད་ཅེས་ན་ཟོག་ལ་བཤད་པ་ནང་བཞིན་གོ་བ་མེད་པས་ཟོག་མིན་ན་གང་རེད། མིང་ཤོད་དང་། དེ་ནས་འགྲོ། སྤོབས་པ་ལགས་ལོ་རྒྱུས་ལ་དོ་སྣང་མེད་ཚུལ་ཁྱེད་ཀྱི་དང་པོའི་ཁས་ལེན་མ་ཡིན་ནམ། དོ་སྣང་མེད་པའི་རྒྱུ་མཚན་གང་རེད། ངས་དོ་སྣང་ཡོད་ཚུལ་བཤད་ཟིན་ལ་གོང་དུ་བཀོད་དུ་བཀོད་ཟིན། ཁྱེད་ཀྱི་མེད་ཚུལ། ད་དུང་ཡང་མཐོང་རྒྱུ་མེད་པ་ནི་ཁྱེད་ལ་རིག་པ་ཡོད་པས་ཡིན་ནམ།
ངོ་མ་སྤོབས་པ་མཐའ་ཡས་སུ་རེད་ཧ་ཧ་ང་རེད་