བོད་ནས་ལྷམ་ཀོག་གིས
—————-
ཕག་ལོ་བ ངས་ཁྱོད་ལ་འདྲི
ཁྱོད་ཀྱིས་གསེར་ཁྲི་སེར་བོའི་ཡང་སྟེང་ནས་འཇིག་རྟེན་ལ་ལྟ་དུས
ཞོགས་པ་དང་ས་སྲོད་ལ་པོ་ཏྰ་ལའི་མཛེས་སྡུག་གི་རྒྱ་ཕིབས་མཐོང་དུས
ཁྱོད་ལ་སྐྱོ་བ་དང་སྡུག་བསྔལ་ཡོད་དམ
ཕག་ལོ་བ ངས་ཁྱོད་ལ་འདྲི
ཅི་བྱ་གཏོལ་བྲལ་གྱི་ལོ་ཟླ་རླུང་རླབས་ཀྱིས་དེད་ནས
ཁྱོད་ཀྱིས་འགྲོ་འདུག་སྤྱོད་གསུམ་བྱ་སྤུ་ལྟར་སྐྱོད་དུས
ཁྱོད་ནི་ཉམ་ཆུང་གི་བྱེའུ་ཁེར་འཕུར་ཞིག
དེ་དུས་གར་སོང་གི་གཞི་ནས་མཆི་མ་བཏོན་མྱོང་ངམ
ཕག་ལོ་བ ངས་ཁྱོད་ལ་འདྲི
ཁྱོད་རང་གཞི་ནས་ཕ་ཡུལ་གྱི་གཙང་ཆབ་དང་གྱེས་ནས
ཁྱོད་རང་གཞི་ནས་ཕ་ཡུལ་གྱི་ནམ་མཁའ་དང་བྲལ་ནས
སྐྱོ་ལྷིང་ལྷིང་གི་གཤོག་ཟུང་སྤོབས་པས་བརྐྱངས་ཏེ
རྒྱང་རིང་གི་གནས་མལ་དུ་ཆས་དུས
ཁེར་རྐྱང་གི་སྐྱོ་བ་རི་རབ་བཞིན་ལྕི་ཨང
ཕག་ལོ་བ ངས་ཁྱོད་ལ་འདྲི
ཁྱོད་ཀྱིས་སྡུག་བསྔལ་ཡོད་ཚད་འཛུམ་མདངས་ཀྱིས་བསུས་ཤིང
རྒྱང་རིང་གི་ས་མཐའ་དེ་ནས་ཕ་ཡུལ་དྲན་དུས
ཕ་ཡུལ་གྱི་གཉེན་ཉེ་དག་གི་སྨོན་ལམ་དང་གསོལ་འདེབས་ཀྱི་ཀློང་ན
ཁྱོད་ཉིད་སྒོམ་པའི་ངང་ཚུལ་དེ་ཡིད་ལ་ཤར་ཐེངས་རེར
ཁྱོད་ཀྱི་གོམ་ཁ་བྲེལ་བྲེལ་ཞིག་ཡིན་ནམ
ཕག་ལོ་བ ངས་ཁྱོད་ལ་འདྲི
འུ་ཅག་གི་བར་ཐག་འདི་རི་ཀླུང་དང་གཙང་བོས་བཅད་རུང
འུ་ཅག་གི་བར་ཐག་འདི་གཉའ་གནོན་དང་དྲག་སྤྱོད་ཀྱིས་བསྡམས་རུང
བརྩེ་བ་ནི་མཚོ་ལྟར་ཟབ་ཅིང དྲན་གདུང་ནི་མཁའ་ལྟར་ཡངས་པས
ཤི་ཡང་ཕྱི་མིག་ཅེར་ནས་བལྟ་ས་ཁྱོད་རང་ཡིན་ཞིང
གསོན་ན་མིག་ཟུང་གིས་གཏོད་ས་ཁྱོད་ཉིད་ཡིན་པས
ཁྱོད་རང་གཞི་ནས་ཁེར་རྐྱང་ཡིན་པའི་སྐྱོ་བ་དེ་ཞི་བར་མཛོད
ཕག་ལོ་བ ངས་ཁྱོད་ལ་འདྲི
ཁྱོད་ཀྱིས་སྐྲ་དཀར་གྱི་ཉག་མ་རེ་རེ་བཏུས་ནས
མིག་ཤེལ་ལ་གད་བརྡར་ཡང་ཡང་བྱས་ནས
ཕྱིར་ཕ་ཡུལ་དུ་འོང་བའི་ཉི་མ་དེ་ནམ་ཞིག་ཡིན་ནམ
ནམ་རྒྱུན་ཁྱོད་ལ་རེ་ཞིང་བསྒུགས་པའི་འདོད་དོན་དེ་ག་དུས་འགྲུབ་བམ
ནམ་རྒྱུན་ཁྱོད་རང་དྲན་ནས་ཕ་ཡུལ་གྱི་ནམ་མཁའ་ལ་མཆི་མ་འཁོར་ཡོད
ནམ་རྒྱུན་ཁྱོད་རང་དྲན་ནས་ཕ་ཡུལ་གྱི་ཁྱིམ་གཞིས་ལ་ཁ་བ་བབས་ཡོད
དུས་བབ་ཟིན་བྲིས་སུ་སྤེལ་ཟིན་པ་དག་འདིར་མ་སྤེལ་ན་ལེགས་ལ། འདིར་སྤེལ་ཟིན་པ་དག་ཡང་སྐྱར་དུས་བབ་ཟིན་བྲིས་སུ་མ་སྤེལ་ན་ལེགས།
གཞིས་བཞུགས་ཤེས་ཡོན་ཅན་བོང་སྟག་རི་ལི་དང་ལྷན་ཀོག་ལྟ་བུས་ག་རེ་བྲིས་ནའང་སྙན་པོ་དང་གོ་ཡ་འདུག བྱས་ཙང་འདིའི་རིགས་ག་ས་ག་བར་དགོད་རོགས།
སྙན་མོ་འདུག་ན་ཡིན་རྒྱུ་རེད། གློག་བརྙན་གསར་པ་ཞིག་ས་ཕྱོགས་གང་ས་ནས་སྟོན་པ་འདྲ་བོ་རེད། ཡིན་ན་ཡང་གློག་བརྙན་རྙིང་པ་ཞིག་ཕྱོགས་གང་ས་ནས་བསྟན་ཀྱང་དེ་ཙམ་ཞིག་རེད།
དྲ་ཐོག་ལ་འདི་འདྲ་མི་འཇོག་གང་འཇོག། ལྷག་པར་དུ་བོད་ནང་གི་སྨྱུག་ཐོགས་པ་ཚོའི་རྩམ་ཆོས་ལ་ང་དྲ་མྱུལ་བ་ཟིག་གི་ཆ་ནས་བཤད་ན་དགའ་བསུ་ཆེན་པོ་ཡོད། ཕྱི་སྡོད་རྩོམ་པ་པོ་ཚོ་རང་དབང་ཡོད་བཞིན་དུ་གང་འདོད་བཤད་པ་ལས་དགོས་ངེས་ཀྱི་རྩམ་ཆོས་ཉུང །
ཕག་ལོ་བ ངས་ཁྱོད་ལ་འདྲི་་་་་་་་་་་་འདི་ནི་གཞིས་བཞུགས་བོད་མི་ཟིག་གི་བསམ་ཚོར་ངོ་མ་ལས་བྱུང་བས་ག་ཚོད་ཁྱབ་ན་བཟང་། ཕྱི་རྒྱལ་ལ་ཁ་བ་བབས་པ་ལྟབུའི་འདྲ་པར་ལས་ལྡབ་གྱུར་གྱིས་ཀློག་རིན་འདུག།
བོད་ཕྱི་ནང་གང་ནས་བྲིས་ན་ཡང་འདྲ། ནང་དོན་ཡོད་པ་ཞིག་དང་རྣམ་པ་གསར་བ་ཞིག་ལ་རེ་སྒུག་ཆེ།
སྤྱིར་ན་རྩོམ་ཡིག་གི་བཟང་ངན་ཟེར་ནས་གླེང་མཁན་དག་གིས་ཀྱང་རྩོམ་ཡིག་ལ་རྒྱུས་མངའ་མེད་ཁོ་ཐག་རེད། གལ་ཏེ་རྩོམ་ཡིག་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ན། རྩོམ་ཡིག་ནི་རང་འགར་གྱི་དམའ་འབེབས་བྱེད་ས་ཞིག་ཆགས་མེད་པ་རེད། ལྷག་པར་དུ་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་སུ་ཞིག་གིས་རྩོམ་ཡིག་གང་ཞིག་སྤེལ་ཀྱང་ཕྱོགས་རིས་དང་ཕྲག་དོག་འགྲན་སེམས་མེད་པའི་སྒོ་ནས་བརྩམ་ཆོས་དེ་དག་གི་རིགས་གང་ཡིན་ཡང་དྲ་ཚིགས་གང་སར་བཀྲམ་ཐུབ་ན་ཡག་པོ་འདུག རྩོམ་པ་པོ་དག་གི་རེ་བ་ཡང་དེ་ཡིན་ལ་དྲ་ཚིགས་གཅིག་ནས་རང་གི་ཆུང་མ་བཞིན་གཞན་ལ་སྤྱོད་དུ་འཇུག་མི་རུང་བ་དེ་འདྲ་ཞིག་གཏན་ནས་མ་རེད། འདི་ནི་རྩོམ་པ་པོ་དག་གི་ཐ་ན་རང་རང་གི་ཚེ་སྲོག་དང་འབྲེལ་ནས་བརྩམ་པ་ཡིན་དུས། འདི་དག་ནི་བོད་ཀྱི་དྲ་ཚིགས་དང་ཚགས་ཤོག་གང་ཡིན་གྱི་དངོས་སུ་བཀོད་ན་འགྲིག་གི་འདུག ཡིན་ཡང་། དྲ་ཚིགས་གཅིག་གི་སྒང་ལ་བསྐྱར་འགོད་བྱེད་མཁན་ཡང་ཡོང་མི་སྲིད་པ་མ་རེད། དེ་འདྲའི་རིགས་ཀྱི་ཅུང་ཙམ་གཟབ་ན་ཡག་པོ་རེད། བོད་ཕྱི་ནང་གང་གི་ཡིན་ཡང་རྩོམ་པ་པོ་སྙན་གྲགས་རྒྱུས་ཡོད་མེད་ཚང་མས་རང་རང་གི་ཤེས་ཚད་ལ་བརྟེན་ནས་རྩོམ་ཡིག་སྤེལ་བཞིན་ཡོད་སྟབས་ཚང་མ་འདྲ་མཉམ་ཞིག་ག་ལ་ཡོང་། དེ་ནི་རང་བཞིན་གྱི་ཆོས་ཉིད་རེད། གལ་ཏེ་འདྲ་མཉམ་ཞིག་ཡིན་ན་རྩོམ་ཡིག་གི་ལྕི་ཁོག་ལ་ཡང་ཁྱད་པར་ཕྱེ་མི་ཐུབ་པ་ཡིན། གང་ལྟར་རྩོམ་ཡིག་གང་ཞིག་དྲ་ཚིགས་གང་ཞིག་ནས་འདོན་སྤེལ་བྱས་ཟིན་ན་ཡང་། དྲ་ཚིགས་གཞན་པ་དག་ནས་དུས་ཐོག་དུ་སྤེལ་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་འདུག རྒྱུ་མཚན་ནི་མི་ཁ་ཤས་ཀྱིས་དྲ་ཚིགས་གཅིག་གི་ནང་དུ་མགོ་འཁོར་ནས་བསྡད་ཡོད་པ་རེད། རྩོམ་ཡིག་འབྲི་བ་ནི་ཀློག་པ་པོ་ཆེད་དུ་ཡིན་ལ། ཀློག་པ་པོ་གང་ན་ཡོད་ན་དེ་རུ་རྩོམ་ཡིག་དེ་དག་འབྱོར་ཐུབ་པ་ཡིན་ན་ད་གཟོད་གྲུབ་འབྲས་ཐོན་ངེས་རེད།
བོད་ནང་གི་སེམས་པ་འདི་འདྲ་ཞིག་རེད་ http://www.youtube.com/user/wwwkanglamcom
འདི་ནས་བལྟ་མི་ཐུབ་ན་་་་ http://www.kanglam.com དུ་ཕེབས་ནས་་་་་་བཙན་པོའི་གདུང་རྒྱུད་་་་ཞེས་པའི་ལེའུ་ཚན་དེར་གནོན་དང་ཆོག
གང་ལྟར་ཚང་མ་ལ་སྐུ་ཚེ་རིང་ཞིང་བསམ་དོན་འགྲུབ་པའི་སྨོན་འདུན་ཞུ།
བོད་ནང་གི་བོད་མི་འདི་དག་གིས་སྙིང་སྟོབས་དང་ལར་ཞེན་ཡོད་ཚད་ཀྱིས་ངེད་ཅག་ཡུལ་གྱར་བ་ཚོ་ལ་ངོ་ཚ་གཏད་འདུག་པ་དངོས་ནས་ཤེས་རན་རེད་ཡ། ཁོང་ཚོ་གཅིག་རྗེས་གཅིག་མཐུད་དེ་རང་རིགས་བོད་ཀྱི་བདེ་སྡུག་གི་ཆེད་དུ་རང་སྲོག་ཀྱང་འབུལ་རྒྱུར་ཚེར་སྣང་མེད་པར་མདུན་བསྐྱོད་བྱེད་བཞིན་པ་འདི་དག་གིས་ངེད་ཅག་ཡུལ་གྱར་བ་དག་གིས་ཁོང་ཚོའི་སེམས་ནང་གི་རེ་སྐུལ། འཛམ་གླིང་མི་དམངས་བདེན་དོན་ལ་དགའ་མཁན་དག་གི་རྣ་ལམ་དུ་བསྐྱེལ་ཐུབ་བྱེད་པ་དང་རང་རང་གི་ས་ནས་ནུས་པ་གང་ཡོད་རེ་བོད་དོན་དུ་འདོན་དགོས་པར་ཁོང་ཚོས་རང་ཉིད་ཀྱི་ཤ་ཁྲག་རུས་གསུམ་བདེན་དབང་དུ་བཞག་ནས་ངེད་ཅག་ལ་འབོད་སྐུལ་ཞུ་བཞིན་པ་འདི་དག་བོད་སེམས་ཡོད་མཁན་དག་གི་ཤེས་རན་རེད།
སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་སྟོན་པ་ཡེ་ཤུའི་འཁྲུངས་ཡུལ་ཇེ་རུ་སི་ལིམ་ལ་ཕེབས་པ།
http://www.youtube.com/watch?v=BDNBjoSazGs&feature=related
ཐག་རིང་ཐག་རིང་ནས་ཕེབས་པས ཕ་ཡུལ་བོད་ནས་ཕེབས་པས
ལྷམ་ཀོག་ལགས ཁྱེད་དང་བོད་མི་ཡོངས་ཀྱིས
ཉིན་སྒུག་མཚན་སྒུག་གི་རེ་བ་ཡོད་ཚད
སྤྱན་རས་གཟིགས་ཀྱི་མཁྱེན་ཡོད་ལ
སྤྱན་རས་གཟིགས་ཀྱིས་དུས་རྟག་དུ་ཁྱེད་ཅག་གླེང་གི་འདུག་པ་གོ་ཡོད་ངེས
སྤྱན་རས་གཟིགས་ལ་རྩེ་གཅིག་དད་ཞེན་ཡོད་མཁན་ཡང་
ཁྱེད་ཅག་བོད་ནང་དུ་གནས་པའི་བོད་པ་ཚོ་ཡིན་དུས
འགྱུར་མེད་ཀྱི་དམ་ཚིགས་ལ་ལྷད་ཤོར་དུ་མ་འཇུག་དང་
སྤྱན་རས་གཟིག དུས་དང་དབྱེ་བ་མེད་པར
ཁྱེད་ཅག་དང་འབྲལ་མེད་ཡིན་ངེས
ཐེ་ཚོམ་དང་དོགས་པ་མེད་ས་ནས
ཁྱེད་ཅག་གི་མགོན་པོའི་ཐུགས་རྒྱུད་ན
ཉེ་རིང་མེད་ལ་ཕྱོགས་རིས་ཀྱང་མེད་པར
འགྲོ་དྲུག་སེམས་ཅན་གྱི་སྐུ་དོན་དུ་མཛད་པ་འཕྲིན་ལས་སྔར་ལས་རྒྱས་འདུག
སྐུ་གཟུགས་བདེ་ཐང་ངང་ ད་དུང་ཡང་
སྐུ་ངལ་ཙམ་ཡང་མི་གསོ་བར ང་བོད་ཀྱི་འགྲིན་ཚབ་བ་ཞིག་ཡིན་གསུང་བཞིན
ཕྱག་གཉིས་ཐལ་མོ་སྤྱར་ནས འཛམ་གླིང་གི་ཡུལ་གྲུ་མང་བོར
དགུ་རོང་གྲུབ་ཆེན་ལགས། འདི་ནི་ལོ་ངོ་གཉིས་ཀྱི་གོང་དུ་༧གོང་ས་མཆོག་ཨེས་སུ་རལ་ལ་ཆིབ་བསྒྱུར་བསྐྱངས་བ་ཞིག་ལས། རྗོ་སུ་ལམ་ནི་སྟོན་པ་ཡེ་ཤེས་འཁྲུངས་ས་རེད་མི་འདུག་པར་གྲོངས་ས་དེ་རེད་འདུག ཡེ་ཤེས་སྟོན་པ་འཁྲུངས་ས་ནི་རྗོ་སུ་ལམ་ནས་རླངས་འཁོར་ནང་དུ་སོང་ན་ཆུ་ཚོད་གཉིས་གསུམ་གྱི་ལམ་ཐག་ཞིག་ན་ཡོད་པའི་ས་མིང་ལ་ན་རྫ་ར་ཐི་ཟེར་ས་ཞིག་ན་འདུག་པར་བཤད་ཀྱི་འདུག ཨེས་སུ་རལ་གྱི་ཡུལ་བསྐོར་ཟིན་བྲིས་ཤིག་གི་སྒང་ན་བྲིས་འདུག
ཕག་ལོ་བར་དྲིས་ནས་ཅི་བྱེད་ སོ་སོར་འདྲི་དགོས་ཀྱི་འདུག མ་རེད་དམ་
བོད་འབྱོར་རྩོམ་འདི་ནི་སྒྱུ་རྩལ་གྱི་འཆར་བཀོད་ལྡན་པའི་རྩོམ་ཡིག་ཅིག་ཡིན་ཞིང་། དྲི་ཚིག་ཏུ་བཀོད་པའི་རྩོམ་ཡིག་འདིས་བོད་གཞིས་མི་མང་གི་འགྱུར་བ་མེད་པའི་དད་པ་དང་། བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ལ་དཔའ་མི་ཞུམ་པའི་བསམ་བློའི་ངར་ཤུགས། ཆབ་སྲིད་ཀྱི་གོ་རྟོགས་བཅས་གསལ་བར་མཚོན་པས། རྩོམ་ཡིག་འདི་རིགས་ཕྱི་སྤེལ་ནང་སྤེལ་བྱ་དགོས་པར་མ་ཟད། སྐད་རིགས་གཞན་གྱི་ཤེས་ཚད་ཡོད་མཁན་ཚོས་གང་ཐུབ་ཀྱིས་གཞན་པའི་སྐད་ཡིག་བསྒྱུར་ཏེ་ཁྱབ་སྤེལ་བྱ་ཐུབ་ན་རྒྱ་གཞུང་གིས་བོད་དོན་ཟེར་བ་ནི་ཏཱ་ལའི་བླ་མ་དང་དེའི་ཕྱོགས་ཀྱི་མི་ཉུང་ཤས་ཤིག་གི་བསམ་ཚུལ་དང་ཁེ་ཕན་འཐབ་ཡིན་པའི་ལྟ་ཚུལ་ལོག་པའི་ཁྱབ་ནུས་མེད་དུ་གཏོང་ཐུབ།
ཁྱབ་བསྒྲགས་སུ་བཅོས་དགོས་
འགྲིག་མི་འགྲིག་གི་སྐད་ཆ་རྐྱང་རྐྱང་བཤད་ནས་ནམ་ས་བསྐྱལ་ནའང་འགྲིག་ཡོད་ནི་ཡིན་རྒྱུ་རེད། ངས་ནི་བོད་ནང་གི་རྩོམ་པ་པོ་སུ་ཞིག་གིས་མི་རིགས་ཀྱི་བདེན་དོན་ཆེད་རྩོམ་ཡིག་གང་ཞིག་སྤེལ་ན་དེ་ལ་རྒྱབ་སྐྱོར་བྱེད་རྒྱུ་ལས་མེད། གང་ཡིན་ཟེར་ན། ཁོ་ཚོའི་སྨྲ་བརྗོད་རང་དབང་རྒྱ་དམར་གྱིས་བཙན་འཕྲོག་བྱས་ཡོད་པའི་ཡིན། བཙན་བྱོལ་གྱི་རྩོམ་པ་པོ་འདི་ཚོ་གཞན་གྱིས་མནར་མནར་ལ་འདུག་པ་མ་གཏོགས་རང་ངོས་འཕག་འཚག་ཅིག་རྒྱག་རྒྱུ་མེད་པ་འདྲ། འོ་་་་ཐལ་དྲག་སོང་རེ་ཟུང་ཡོད་ངེས་ཡིན།
ཀླུ་སྨྱོན་སོགས་ཇི་སྙེད་ཅིག་གིས་དྲ་ཚིགས་ཐོག་ནས་རེ་མདོ་སེངྒེ་འཚོལ་བཞིན་འདུག་ཟེར། རེ་མདོ་སེངྒེ་ཁོ་རང་གི་མིང་དངོས་བེད་མ་བཏང་བར་དྲ་ཚིགས་སྣ་ཚོགས་སུ་བབས་ནས་ཁྱེད་ཚོ་དང་གཏམ་གླེང་བྱེད་བཞིན་མཆིས། ཁོ་བྲེལ་བ་ཆེ་ཡང་དྲ་ཚིགས་དང་ཁ་བྲལ་འདོད་མེད་ཚོད་རེད། ཁོ་ས་གནས་གང་དུ་སོང་ཡང་གློག་ཀླད་འཁྱེར་ནས་གསར་འགྱུར་དང་དྲ་ཚིགས་དག་དང་ཁ་མ་བྲལ་བར་བྱེད་ཀྱི་ཡོད་པ་ངས་ཐེངས་འགའ་ཤས་ལ་མཐོང་བྱུང་། ཁོ་རིག་གཞུང་གི་གཏམ་གླེང་ལ་ཤིན་ཏུ་དགའ་བར་མ་ཟད། ཚོར་བ་ཆེ་བའི་སྐབས་རིགས་ལམ་རྣོན་པོས་བགྲོ་གླེང་ངར་ཤུགས་ལྡན་པ་བྱེད་ཟེར་མཁན་ཞིག་ཡིན།