ནིའུ་ཡོག་གི་ལ་རྩེ་དཔེ་མཛོད་ཁང་གིས་བོད་ཀྱི་རི་མོའི་བགྲོ་གླེང་ཞིག་སྤེལ་རྒྱུའི་གསལ་བསྒྲགས་བཏོན་འདུག བགྲོ་གླེང་དང་འབྲེལ་བའི་གསལ་བསྒྲགས་ཡི་གེ་གཤམ་གྱི་པར་རིས་ལྟར་ལགས་ཤིང་། དེར་བོད་ཀྱི་རི་མོ་བ་གྲགས་ཅན་སྐོར་ཞིག་འཛོམས་བཞིན་འདུག ཞིབ་གསལ་གཤམ་གྱི་འབྲེལ་ཐག་ལ་གཟིགས་རོགས།
༼རྩེ་དཔེ་མཛོད་ཁང་གིས་བོད་ཀྱི་རི་མོའི་འགྲེམས་སྟོན་ཞིག་དང་། བགྲོ་གླེང་ཞིག་སྤེལ་རྒྱུའི་གསལ་བསྒྲགས་བཏོན་འདུག བགྲོ་གླེང་དང་འབྲེལ་བའི་གསལ་བསྒྲགས་ཡི་གེ་གཤམ་གྱི་པར་རིས་ལྟར་ལགས་ཤིང་། དེར་བོད་ཀྱི་རི་མོ་བ་གྲགས་ཅན་སྐོར་ཞིག་འཛོམས་བཞིན་འདུག༽ཅེས་ཟེར། བོད་ཀྱི་ཅིག་ཅིག་དང་བོད་ཀྱི་མིག་མིག་ཟེར་བཞིན་བོད་ཡིག་རེ་བྲིས་དང་ན་ལོས་ཆོག་མོད། ད་བྱེད་སྟངས་འདི་ཚོ་ཚང་མ་དེང་སང་གི་བོད་ཀྱི་ཅིག་ཅིག་ཅིག་དང་མིག་མིག་མིག་ཟེར་བ་དེ་ཚོ་བྱེད་སྟངས་ཤིག་ཡིན་རྒྱུ་རེད། ང་ནི་རི་མོ་བ་ཞིག་མིན། འགྲེམས་སྟོན་འདི་ཞུགས་མི་ཐུབ་མོད། རི་མོ་གཙོས་སྒྱུ་རྩལ་ལས་རིགས་ལ་ཧ་ཅང་དགའ་བོ་ཡོད། འོན་ཀྱང་དབྱིན་ཡིག་མི་ཤེས་པས་ད་གང་ན་ཡོད་པ་དང་ཅི་ཞིག་ཟེར་གྱིན་པ་ཡང་ཤེས་མ་སོང་ལགས།
ལ་རྩེ་ཟེར་བ་སྔར་སྲོལ་དང་མི་མཐུན་ཅིང་དག་ཆ་འབྲི་སྟངས་སོགས་རང་སྣང་གིས་བསྒྱུར་བར་དགའ་མོས་མེད།
བྱུང་ན་སྔ་རབས་ཀྱི་འབྲི་སྲོལ་དང་ཁ་སྐད་དུ་འབོད་སྟངས་ལ་གཞིགས་ཏེ་དཔྱད་པ་བྱེད་ན་ཡག་པོ་རེད།
དེ་མིན་ཨ་མདོ་བ་ཚོས་དར་བ་ལ་འོ་མ་སྐྱུར་མོ་ཟེར་བ་དེ་ཚོ་བོད་སྐད་ལ་བཅོས་ལྷད་བྱས་ཏེ་ཐམས་ཅད་རྒྱལ་ས་པེརིས་ཀྱི་ཕེ་ཤོན་ཞེས་གསར་ཐོན་གྱོན་གོས་ཀྱི་ཁྱབ་བསྒྲགས་བྱེད་པ་དང་གཅིག་པ་རེད་འདུག
གཅན་བཟོད་རྒྱམ་ལགས།
མདང་ ཐང་ཆད་པའི་ངང་ནས་ གསལ་བསྒྲགས་འདི་བྲིས་ཏེ་འབྲི་ནོར་ཐེབས་འདུག དེ་ཐེངས་གཅིག་བཅོས་ཡོད།
ལ་སྟོད་བུ་ལགས།
ཁྱེད་ཀྱིས་ཅི་ཟེར་གི་ཡོད། “ཨ་མདོ་བ་ཚོས་དར་བ་ལ་འོ་མ་སྐྱུར་མོ་ཟེར་བ་དེ་ཚོ་” ཟེར་བ་སོགས་ཀྱི་ཁུངས་གང་ན་ཡོད། གཞི་མེད་ཀྱི་སྐད་ཆ་མ་བཤད་རོགས། གལ་སྲིད་བཤད་ན་ཡང་། མིའི་མིང་ནས་བོས་ཏེ་བཤད་ན་ལེགས། ཡུལ་ལུང་འཐེན་འཁྱེར་གྱི་སྐད་ཆ་བཤད་ནས་ཅི་བྱེད།
ངའི་ཕ་ཡུལ་དུ། དར་བ་ཡང་མི་ཟེར། འོ་མ་སྐྱུར་མོ་ཡང་མི་ཟེར། དར་ར་ཟེར།
ལ་སྟོད་བ་བུ་ཡིས་བཤད་པར་བརྟག་བྱ་བ་འདི་ཡོད་དེ། བོན་རྒྱ་ཚིག་མཛོད་ཆེན་མོ་ནི་བོད་མདོ་དབུས་ཁམས་གསུམ་གྱི་མཁས་པ་མང་པོས་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཚིག་མཛོད་ཅིག་ཡིན་པ་ལས། ཨ་མདོའི་ཕྱོགས་ཀྱི་མཁས་པ་རྐྱང་རྐྱང་གིས་བསྒྲིགས་པ་ལྟ་མ་རེད། གོང་གསལ་ཚིག་མཛོད་ཆེན་མོ་དེའི་ནང་དུ། ད་ར་ནི་མར་བཏོན་ཟིན་པའི་འོ་མ་སྐྱུར་མོ་ཞེས་བཤད་འདུག་པར་མ་ཟད། མིང་གི་རྣམ་གྲངས་ལ་ཆུ་སྐྱ་དང་ཆབ་སྐྱ་སོགས་གསལ། འོན་ཀྱང་ལ་སྟོད་བུ་ཡིས་དར་བ་ཞེས་བྲིས་པ་དེ་ལ་སྟོད་པ་རང་གི་ཡུལ་སྐད་ཙམ་ཡིན་སྲིད། ཡང་ན་འོ་མ་སྐྱུར་མོ་མི་ཟེར་ཡང་དར་བ་རང་འབྲི་དགོས་ཞེས་ལུང་དང་རྒྱུ་མཚན་འདྲ་ཡོད་དམ། ངའི་ཕ་ཡུལ་ཕྱོགས་སུ་དེ་མི་གྲགས་ཅེས་པ་ཙམ་གྱིས་འགྲིག་རྒྱུ་མ་རེད་གོ། །
དགེ་རབ་ལགས།
དར་བ་ལ་འོ་མ་སྐྱུར་མོ་ཞེས་ཟེར་མཁན་ང་ཡི་ངོ་ཤེས་ཨ་མདོ་མང་པོས་ཟེར་གྱི་འདུག་མ་གཞི་ནས་
མི་ཡི་མིང་ནས་འདོན་མི་དགོས་པར་དག་ཡིག་གསར་བསྒྲིགས་བསྒྲིག་པ་པོ་སུ་རེད་དམ།
དེ་ཡི་ནང་དུ་གཟིགས་དང་གཞི་ནས་ཁྱེད་ཀྱི་གསལ་པོར་མཁྱེན་པའི་རེ་བ་ཡོད།
མདའ་ཚན་པ་ལགས
དངོས་གནས་ཁྱེད་རང་གིས་བཤད་པ་ལྟར་རེད།
ལ་སྟོད་པའི་སྐད་དུ་དར་ར་ཞེས་ཟེར།
འོན་ཀྱང་ཡིག་སྐད་དུ་དར་བ་ཞེས་མང་པོ་ཞིག་གསལ་བས་དེ་ལྟར་བྲིས་ཡིན།
ཐོན་མིའི་བུ་ལགས།
བོན་རྒྱ་ཚིག་མཛོད་ཆེན་མོ་ཟེར་བ་ཞིག་ངས་གོ་མ་མྱོངས།
འོན་ཀྱང་ཁྱེད་ཀྱི་བོད་རྒྱ་ཚིག་མཛོད་ཆེན་མོ་ཞེས་པ་ལས་ལུང་འདྲེན་བྱེད་ཀྱི་ཡོད་ས་རེད།
འོན་ཀྱང་ངས་དག་ཡིག་གསར་བསྒྲིག་གི་ནང་དུ་མཐོང་བྱུང་བསམ།
ཐོག་མར་ང་ཡི་གྲོགས་པོ་ཨ་མདོ་བ་ཞིག་གིས་འོ་མ་སྐྱུར་མོ་འཐུང་གི་ཡིན་པས་ཞེས་བཤད་བྱུང།
ང་ཧོན་འཐོར་སོང་འོ་མ་ནི་མངར་སུམ་གྱི་ནང་ཚན་ཞིག་ཡིན་པས་སྐྱུར་མོ་ཞིག་གང་ན་ཡོད་ཅེས་བཤད་པས།
ཁོས་ང་ཚོའི་ཨ་མདོའི་སྐད་དུ་དར་བ་ལ་འོ་མ་སྐྱུར་མོ་ཞེས་འབོད་ཀྱི་རེད་ཟེར།
དེ་ནས་ངས་འོ་་དེ་ཨ་མདོའི་སྐད་ཐུན་མོང་མིན་པ་ཞིག་ཡིན་ན་མ་གཏོགས་དེ་སྔོན་གོ་མ་མྱོངས་ཅེས་བཤད་ཡིན།
ཁོས་ཁྱེད་རང་ཡིད་མི་ཚིམས་ན་དག་ཡིག་གསར་བསྒྲིག་གི་ནང་དུ་གཟིགས་དང་གསུང་བྱུང།
དགེ་རབ་ཁྱེད་རྣམ་པར་དུས་ཚོད་དང་དཔེ་དེབ་དེ་ཡོད་ན་དེར་གཟིགས་དང་གཅིག་བྱས་ན་དེར་ཡོད་བསམ་པ་ཡིན།
འོན་ཀྱང་ད་ལྟ་ང་ལ་མཐུན་རྐྱེན་མི་འདུག་པས་དགོངས་དག་རྟག་རྟག་ཞིག་བཤད་རྒྱུ་མི་འདུག
དེ་མིན་ན་རྒྱ་བོད་ཚིག་མཛོད་ཆེན་མོའི་ནང་དུ་བཤད་པ་ལྟར་ཡིན་སྲིད།
ལ་སྟོད་བུ་ལགས། དགོངས་དག་བདེན་པ་རེད། དེ་ནི་བོད་རྒྱ་ཚིག་མཛོད་ཆེན་མོ་རེད་ལགས། དེ་མིན་གོང་དུ་ཁྱོད་ཀྱིས་་་་་་ཨ་མདོ་བ་ཚོས་དར་བ་ལ་འོ་མ་སྐྱུར་མོ་ཟེར་བ་དེ་ཚོ་བོད་སྐད་ལ་བཅོས་ལྷད་བྱས་ཏེ་་་་་་ཞེས་བཤད་པར་ཁུངས་ལུང་བརྟན་པོ་དེ་འདྲ་མེད་པ་འདྲ། མཐར་གཏུགས་ན་ངའི་གྲོགས་པོ་ཞིག་གིས་བཤད་སོང་ཟེར་བ་ཙམ་རེད་འདུག ངས་གོང་དུ་ཚིག་མཛོད་ཆེན་མོའི་ལུང་ཚིག་ལྟར་་་་་ད་ར་ནི་མར་བཏོན་ཟིན་པའི་འོ་མ་སྐྱུར་མོ་་་་ཞེས་གསལ་བས་མར་བཏོན་ཟིན་པའི་འོ་མ་འོ་མ་མིན་པར་ཁས་ལེན་བྱེད་དགོས་པ་འདྲ། ཕྱོགས་གཅིག་ནས་འདི་ནི་ཐ་སྙད་ཆུང་ཙིག་ཅིག་ལ་རྩོད་པ་སློང་བའི་བཟོ་འདུག་ཀྱང་། བོད་རང་གི་ཐ་སྙད་གཅིག་གི་རྣམ་བཞག་ལ་གདར་ཤ་བཅད་པས་བོད་ཀྱི་མིང་ཚིག་ལ་སྲི་ཞུ་འགྱུར་བར་བསམ་པ་ལས། དྲ་གྲོགས་ལ་སྟོད་བུ་ལ་ལྟ་ཕྱོགས་གཞན་གང་ཡང་མེད།