(1455-1529)
ཀླུ་སྨྱོན་ཧེ་རུ་ཀ
འབྲུག་ཡུལ་གྱི་ཡུ་མོ་ཚོའི་ཕྱི་ལུས་པོར་ཤ་ཤེད་དང་གཟི་འོད་རྒྱས་ཤིང་།
ནང་སེམས་ལ་ཆགས་པའི་རྦ་རླབས་འཕྱུར་བའི་དབྱར་གཞུང་ཞིག་ལ།
ཁ་བ་རི་བའི་རྔོན་པ་ཁེར་འཁྱར་ཞིག་སྟེ།
འབྲུག་སྨྱོན་ཀུན་དགའ་ལེགས་པ་ཁོང་གིས།
འཕངས་ན་ཕོག་པས་ཁྱབ་པ་དང་།
ཕོག་ན་འཆི་བས་ཁྱབ་པ།
ཤི་ན་མཐོ་རིས་སུ་འགྲོ་བས་ཁྱབ་པ་སྟེ།
ཁྱབ་པ་གསུམ་ལྡན་གྱི་ལིང་གའི་ལྕགས་མདའ་ཞིག་ཁུར་ནས་སྦས་ཡུལ་འདིར་བསླེབས་སོང་།
འབྲུག་ཡུལ་དུ་བསླེབས་མ་ཐག་འབྲུག་པ་ཀུན་ལེགས་ཧང་སངས་སོང་།
འབྲུག་མོ་ཚོའི་ཤ་རྩ་དཀར།
འབྲུག་མོ་ཚོའི་ནུ་མ་ཆེ།
འབྲུག་མོ་ཚོའི་བྷ་ག་དམ།
འབྲུག་མོ་ཚོའི་ལུས་དྲི་ཞིམ།
འབྲུག་མོ་ཚོའི་སྐད་ངག་འཇམ།
འབྲུག་མོ་ཚོའི་གཤིས་རྒྱུད་དྲང་།
འབྲུག་པ་ཀུན་ལེགས་ཀྱི་ཞལ་རས་ཟླ་བ་འདྲ།
འབྲུག་པ་ཀུན་ལེགས་ཀྱི་སྤྱན་ཟུང་སྐར་ཆེན་འདྲ།
འབྲུག་པ་ཀུན་ལེགས་ཀྱི་བྲང་གཞུང་བྱང་ཐང་འདྲ།
འབྲུག་པ་ཀུན་ལེགས་ཀྱི་ལིང་ག་ལྕགས་ཕུར་འདྲ།
འབྲུག་པ་ཀུན་ལེགས་ཀྱི་བརྩེ་གདུང་རྒྱ་མཚོ་འདྲ།
འབྲུག་པ་ཀུན་ལེགས་ཀྱི་རྟོགས་པ་ནམ་མཁའ་འདྲ།
ཟླ་བ་ཤར་ཐེངས་རེ་རེར།
འབྲུག་པ་ཀུན་ལེགས་དང་འབྲུག་མོ་ཚོ་གཅེར་བུར་འབུད་ཅིང་།
དམར་ཧྲེང་ཡིན་པའི་འབྲུག་པ་ཀུན་ལེགས་ཀྱིས།
སྨྱུག་མས་བཟོས་པའི་གླིང་བུ་ཞིག་ཟླ་འོད་ཀྱི་ཀློང་ནས་འབུད་པ་དང་།
དེའི་འགྱུར་ཁུག་སྙན་མོའི་ཁྲོད་དུ།
འབྲུག་མོ་ཚོ་གཅེར་བུར་རྐང་བྲོ་འཁྲབ་རྒྱུར་ཧ་ཅང་དགའ།
ཟླ་འོད་འོག་གི་འབྲུག་པ་ཀུན་ལེགས།
སར་གནས་ཀྱི་དཔའ་བོའི་སྣང་བརྙན་ཞིག་དང་།
ཟླ་འོད་འོག་གི་འབྲུག་མོ་འདི་ཚོ།
སྦས་ཡུལ་གྱི་མཁའ་འགྲོ་ཁྱུ་གཅིག་ལོས་ཡིན།
འབྲུག་མོ་རེ་རེའི་ལུས་ཀྱི་ཤ་དྲོད་མི་འདྲ་ལ།
འབྲུག་མོ་རེ་རེའི་བྷ་གའི་དམ་ལྷོད་མི་གཅིག་ཀྱང་།
འབྲུག་པ་ཀུན་ལེགས་ལ་མཚོན་ན།
འདི་དག་ལས་ཀྱང་གལ་ཆེ་བ་ནི།
འབྲུག་མོ་ཚོའི་ཆགས་པའི་འཁུན་སྐད་ཀྱི་འགྱུར་ཁུག་དེ་ཡིན་པ་སྟེ།
འཁུན་དབྱངས་དེ་ཁོ་ནས་ཁོང་གི་སྙིང་ལ་བདེ་སྟོང་གི་ཡེ་ཤེས་རྫོགས་མེད་ཅིག་སྐྱེད་པར་བྱེད།
ནམ་རྒྱུན།
འབྲུག་པ་ཀུན་ལེགས་ཀྱི་ལིང་ག་དམར་པོ་དེའི་ཚ་དྲོད།
འབྲུག་མོ་ཚོའི་བྷ་ག་བརྒྱུད་ནས་ལུས་ཡོངས་ལ་ཁྱབ་ཐེངས་རེ་རེར།
འབྲུག་མོ་ཚོའི་ཆེས་མཛེས་པའི་མིག་མདུན་གྱི་ནམ་མཁའ་རུ།
དཔའ་བོ་དང་མཁའ་འགྲོ་མའི་ཁྱུ་ཚོགས་ཁ་བ་འབབ་པ་བཞིན་སྣང་ཡོང་ལ།
དེ་དང་མཉམ་དུ་འབྲུག་པ་ཀུན་ལེགས་ཀྱི་བསྣུན་ཤུགས་ཀྱང་ཆེ་རུ་འགྲོ་སྲིད་ཅིང་།
དེ་དུས་འབྲུག་མོ་རེ་རེ་བཞིན་མྱོས་ཤིང་དྲན་པ་འཐོར་བར་འགྱུར་ལ།
དུས་ཚོད་དེ་ནི་འབྲུག་པ་ཀུན་ལེགས་ཆེས་དགའ་བའི་སྐད་ཅིག་མ་ཞིག་ཡིན།
འབྲུག་མོ་ཚོ་དམར་ཧྲེང་མར་འབྲུག་པ་ཀུན་ལེགས་ཀྱི་འོག་ཏུ་འགྱེལ་ཐེངས་རེ་རེ་ནི།
འབྲུག་མོ་ཚོའི་མི་ཚེའི་དྲན་ཤིང་རེ་རེ་ཡིན་ཞིང་།
དམར་ཧྲེང་མར་འབྲུག་མོ་ཚོའི་སྒང་ལ་འཛེག་ཐེངས་རེ་རེ་བཞིན།
འབྲུག་པ་ཀུན་ལེགས་ཀྱི་ས་ལམ་བགྲོད་ཐེངས་རེ་རེ་ཡིན།
ནམ་རྒྱུན་ཉི་དྲོད་འཇམ་ཞིང་རླུང་བུ་ལྡང་ཐེངས་རེ་རེ་བཞིན།
འབྲུག་མོ་ཚོ་དམར་ཧྲེང་མར་ཁ་སྦུབ་ཏུ་ཉལ་ནས་ཆེས་མཛེས་པའི་བྷ་ག་ཉི་མར་ལྡེ་སྲིད་ལ།
ཟླ་འོད་དཀར་ཞིང་ལྷིང་འཇགས་ཡིན་པའི་མཚན་མོ་རེ་རེ་བཞིན།
འབྲུག་པ་ཀུན་ལེགས་ཀྱིས་འབྲུག་མོ་ཚོའི་མྱོས་བུམ་འཕུར་ཞོར་འབྲས་ཆང་ཕོར་བ་འགའ་རེ་ཞབས་བཏགས་རྒྱག་སྲིད།
དོ་དགོང་ཟླ་བ་སྒོར་མོ་ཞིག་མཁའ་དབྱིངས་སུ་ལྷིང་འཇགས་སུ་རྒྱུ་ཞིང་།
སྨུག་སྤྲིན་གྱི་ཁྲོད་ནས་ཆར་ཞོད་ཆེན་པོ་ཞིག་བབས་མ་ཐག་པ་ཡིན་པས།
ནགས་ཀློང་ལས་མིང་མི་ཤེས་པའི་ཚ་འབུ་སྣ་ཚོགས་ཀྱི་སྐད་སྒྲ་བར་མེད་དུ་མཆེད་ཡོང་།
འབྲུག་པ་ཀུན་ལེགས་དང་འབྲུག་མོ་མཛེས་མ་གཉིས་ཀྱི་ཆགས་པའི་འཁུན་སྐད་ཀྱིས།
ལྗོན་ཤིང་གི་གཡའ་ལོ་དང་རྩྭ་རྩེ་ཡི་ཟིལ་བ་རེ་རེ་བཞིན་ཐུར་དུ་འདྲིལ་ཡོང་།
འབྲུག་མོ་གཅིག་གི་ལུས་དྲོད་ཀྱིས་མཚན་གཅིག་གི་དུས་ཚོད་སྐྱེལ་ཆོག་ཆོག་ཡིན་ལ།
འབྲུག་མོ་གཅིག་གི་ཟུར་མིག་གིས་ཚེ་གཅིག་གི་རྒྱགས་བྲོ་འདང་ངེས་ཡིན་མོད།
ད་ནི་འབྲུག་པ་ཀུན་ལེགས་ལམ་ལ་ཆས་རན་སོང་ལ།
ད་ནི་འབྲུག་མོ་འདི་ཚོ་ཡང་མིག་ཆུའི་ཀློང་དུ་འགྱེལ་རན་འདུག
སྙིང་སྡུག་འབྲུག་པ་ཀུན་ལེགས།
ངེད་ཅག་ལ་དྲན་རྟེན་ཞིག་གནང་རོགས།
འབྲུག་མོ་ཚོའི་མིག་ཆུ་དྲོན་མོ་རྡོག་རེ་བཞིན་མྱོས་བུམ་བརྒྱུད་དེ་བྷ་གའི་གཤོང་བུ་དེར་བབས་སོང་།
འབྲུག་པ་ཀུན་ལེགས་ཀྱང་སེམས་པ་ཧ་ཅང་སྐྱོ་བར་གྱུར།
ཁོང་གིས་ཐུགས་བསམ་ཡུན་རིང་བཏང་ཞིང་།
མཐའ་མར་སྐེད་ཀྱི་རལ་གྲི་རྣོན་པོ་དེ་ཕྱུངས་ནས།
རང་གི་ལིང་ག་མཁྲེགས་པོ་དེའི་རྩ་ནས་གཏུབས་སོང་བས།
འབྲུག་མོ་རེ་རེ་བཞིན་སྐྲག་ཐག་ཆོད་ནས་འདར་སིག་སིག་བྱེད།
ཞལ་རས་ལྷོད་ལ་བབས་པའི་འབྲུག་པ་ཀུན་ལེགས་ཀྱིས།
རང་གི་ལིང་ག་དེ་ནམ་མཁའི་དབྱིངས་སུ་འཕངས་མ་ཐག
ས་ཆེན་པོ་འདི་རིམ་པ་དྲུག་ཏུ་གཡོས་སོང་ལ།
དེར་མཐུད་ནས་ཁོར་ཡུག་ཐམས་ཅད་འཇའ་ཚོན་གྱིས་ཁྱབ་སོང་།
ཧ་ཅང་མཐོ་ཞིང་སྔོ་བའི་ནམ་མཁའི་དབྱིངས་རུམ་ཞིག་ནས།
གྲངས་ལས་འདས་པའི་ལིང་ག་དམར་པོའི་ཆར་བ་ཞིག་བབས་བྱུང་ལ།
དེས་འབྲུག་ཡུལ་གྱི་རི་ཀླུང་ཐང་གསུམ་ཁྱབ་ཅིང་།
དེས་འབྲུག་མོ་རེ་རེའི་སེམས་ཀྱི་སྐྱོ་གདུང་དང་ལུས་ཀྱི་ཆགས་གདུང་གཉིས་ལྷན་གཅིག་ཏུ་སེལ་སོང་།
ལོ་ངོ་བརྒྱ་ཕྲག་མང་པོ་ཞིག་གི་རྗེས་སུ།
འབྲུག་པ་ཀུན་ལེགས་ཀྱི་སྙིང་སྡུག་ཏུ་གྱུར་པའི་འབྲུག་མོ་དེ་དག་གི་ཚ་མོ་ཡིན་པའི་འབྲུག་མོ་མང་པོ་ཞིག་གིས།
ཉིན་མོར་འབྲུག་པ་ཀུན་ལེགས་ཀྱི་ལིང་ག་རེ་རེ་མཆོད་ཁང་དུ་བཞག་ནས་གསོལ་བ་འདེབ་ཅིང་།
མཚན་མོར་ལིང་ག་དེ་དག་རུམ་དུ་བཅུག་ནས་འདོད་པའི་བདེ་བ་མྱོང་བར་བྱེད།
དྲ་རྒྱའི་དུས་རབས་སུ་འབོད་པའི་དེ་རིང་།
ཁྱོད་རང་གློག་ཀླད་ཆེན་པོ་ཞིག་གི་ཁ་གཏད་དུ་བསྡད་དེ།
འབྲུག་པ་ཀུན་ལེགས་དང་འབྲུག་མོ་དེ་ཚོའི་འཁྲིག་སྦྱོར་གྱི་གཏམ་རྒྱུད་རེ་རེ་བཞིན།
འདོད་ཆགས་འབར་བའི་སྙན་ངག་ཏུ་འབྲི་ཆོག་ལ།
སྐྱོ་བ་སེལ་བའི་གཏམ་རྒྱུད་དུ་ཡང་བཞེངས་ཆོག་གོ
དུས་བབ་ཟིན་བྲིས་ལ་མཆན་བུ་ཞིག་བཏབ་ཡོད།
པར་འོག་མ་དེའི་ནང་ན་ད་ངའི་དེ་འདྲ་སེ་ཞིག་ཡོད་ཁ་ཟིག་རེད་ཡ།
very good sexfull!!!!!!
ཨ་ཁུ་ཀླུ་སྨྱོན་འདི་པ་འབྲུག་པ་ཀུན་ལེགས་ཀྱི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་གང་རུང་ཞིག་ཡིན་པར་གཏན་ཁེལ་འདུག
ཁྱེད་རང་འབྲུག་ཡུལ་དུ་ཅིག་ཕེབས་གནང་ན་འགྲོ་དོན་མི་ཆུང་བ་ཞིག་ཡོང་ངེས་འདུག
ཤར་ཕྱོགས་ཀྱི་མཁའ་འགྲོ་དཀར་མོ་དང་ནུབ་ཕྱོགས་ཀྱི་མཁའ་འགྲོ་དམར་མོའམ་སེར་མོ་དེ་ཚོའི་བྲོ་བ་མི་འདྲ་བ་གང་འདྲ་ཡོད་མེད་ཤེས་ངེས་རེད།
དེ་ནས་ལྷོ་ཕྱོགས་ཀྱི་མཁའ་འགྲོ་ནག་མོ་ལྷོ་ཨ་རི་ཁ་ལ་ཕེབས་དང་དྲག་པོའི་འཕྲིན་ལས་ཀྱི་འགྲོ་དོན་ཀྱང་ཡོད་སྲིད།
གང་ལྟར་ཁྱེད་ཀྱིས་སྙནཔོ་བྲིས་འདུག
དནྜིའི་སྙན་ཚིག་ཁྱོད་ཀྱི་མགྲིན་པར་འཁྱིལ།།
ཚེ་སྐྱིད་བྷ་ག་ཁྱོད་ཀྱི་སེམས་སུ་ཟུག།
འབྲུག་སྨྱོན་ལིང་ག་ཁྱོད་ཀྱི་ཕོངས་ན་རྒྱས།།
ཁ་བ་ནག་པོ་ཕུང་གསུམ་རྒྱལ་པོ་ཡིན།།
པར་རིས་གསུམ་པ་འདི་ ངའི་དེ་དང་ཨ་ན་མ་ན་རེད་ ཕྲ་སྦོམ་དང་རིང་ཐུང་དབྱིབས་སོགས་གང་གི་ཐད་ནས་ཀྱང་།
ཨ་ཁ་ང་ཡོང་ས་ནོར་བ་ཡིན་ས་རེད།
འདིར་ནི་སྨྱོན་པ་རྐྱང་ཡོང་ས་ཡིན་ས་རེད།
ད་་་་་་་་་་
ལ་སྟོད་བུ་
ཁྱོད་རང་ཡོང་ས་ནོར་མེད་
སྨྱོན་པ་དང་མཉམ་དུ་ཐེངས་ཤིག་བཤིབས་དང་
དྲོ་བ་མ་འདྲ་བ་ཞིག་ཡོད་ནི་རེད་
ཁྱོད་ཀྱིས་ཀླུ་སྨྱོན་ཚང་ལ་ཅིག་བལྟོས་དང་
གོ་ཐོས་ལ་འབྲུག་པའི་བུ་མོ་དེ་ཚོ་བླ་མ་སྤྲུལ་སྐུ་དང་གྲྭ་པ་ལ་ཞེ་པོ་ཞིག་དགའ་གི་རེད་ཟེར། ད་དུང་བླ་མ་གྲྭ་པའི་མཉམ་དུ་ཉལ་རྒྱུ་བྱུང་ན་སྦྱིན་རླབས་ཐོབ་པར་བཤད་པར་ཐོས། ངོ་མ་ཡིན་མིན་གསལ་པོར་ཤེས་མ་བྱུང་།
ཀླུ་སྨྱོན་ལགས། ཁྱེད་ཀྱིས་དུས་རབས་༡༥ ནང་གི་འབྲུག་ཡུལ་གྱི་ལོ་རྒྱུས་རྣམས་ཤིན་ཏུ་སྙན་པའི་སྙན་ངག་གི་ཐོག་ནས་བྲིས་ཏེ་སྤེལ་བ་ལ་འབྲུག་པ་ཡོངས་ཀྱི་ཚབ་བྱས་ཏེ་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིནན། འོན་ཀྱང་ཁྱེད་ཀྱི་སྙན་ངག་གི་རྒྱབ་ཏུ་ལོ་རྒྱུས་ལ་འཁྱོགས་བཤད་བྱས་པའམ་ཟུར་ཟའི་རྣམ་འགྱུར་ཞིག་འདུག་པས་དེའི་སྐོར་དོགས་སེལ་ཞིག་མ་ཞུ་ཐབས་མེད་བྱུང་བས་དགོངས་འཇགས་འཚལ།
མ་གཞི་སྙན་ངག་ནི་རང་མོས་སུ་བྲིས་པ་ཡིན་པས་ཇི་ལྟར་བྲིས་ཀྱང་ཆོག་མོད། འོན་ཀྱང་ལོ་རྒྱུས་ལ་འཁྱོགས་བཤད་བྱས་ན་དེ་ནི་ཆེས་མི་རིགས་པར་སེམས། དེ་ཡང་ཁྱེད་ཀྱི་སྙན་ངག་ནང་དུ་”འབྲུག་པ་ཀུན་ལེགས་ཀྱི་སྙིང་སྡུག་ཏུ་གྱུར་པའི་འབྲུག་མོ་དེ་དག་གི་ཚ་མོ་ཡིན་པའི་འབྲུག་མོ་མང་པོ་ཞིག་གིས། ཉིན་མོར་འབྲུག་པ་ཀུན་ལེགས་ཀྱི་ལིང་ག་རེ་རེ་མཆོད་ཁང་དུ་བཞག་ནས་གསོལ་བ་འདེབས་ཤིང་། མཚན་མོར་ལིང་ག་དེ་དག་རུམ་དུ་བཅུག་ནས་འདོད་པའི་བདེ་བ་མྱོང་བར་བྱེད།” ཅེས་བཀོད་འདུག་པ་དེ་ཕལ་ཆེར་སྒྲོ་བཏགས་སམ་ར་བརྟགས་ཀྱི་རྒྱན་ཡིན་ལས་ཆེ།
འོན་ཀྱང་དྲ་གྲོགས་འགས་བདེན་པར་འཛིན་ཉེན་འདུག་པས་དོགས་སེལ་ཞུ་ན། འབྲུག་མོ་ཚོས་མཚན་མོ་རུམ་དུ་བཅུག་ནས་ཉལ་མིན་ངས་མི་ཤེས་ཏེ་མཆོད་ཁང་དུ་བཞག་ནས་གསོལ་བ་འདེབས་ཀྱི་མེད་པ་ནི་ངས་ཁ་ཚོད་གཅོད་ཐུབ།
མ་ཟད་ཁྱེད་ཀྱི་སྙན་ངག་གི་ཚིར་ཟུར་ནས་འབྲུག་ཡུལ་གྱི་ཁང་པའི་གྱང་ངོས་སུ་ལིང་གའི་པར་རིས་བྲིས་པ་དེ་དག་འབྲུག་པ་ཀུན་ལེགས་ཀྱིས་འདས་པའི་དུས་སུ་འབྲུག་མོ་ཚོར་རྒྱོ་ཚད་མེད་རྒྱག་ཡོད་པའི་རྗེས་དྲན་ཡིན་ཁུལ་ཞིག་གསུངས་འདུག
ཁང་པའི་གྱང་ངོས་སུ་ལིང་གའི་པར་རིས་བྲིས་པ་དེ་དག་གི་རྒྱུ་མཚན་ངས་ཁ་གསལ་ཞུ་རྒྱུ་མེད་ཀྱང་། འབྲུག་ཡུལ་དུ་ཁང་པའི་གྱང་ངོས་ཙམ་མིན་པར་ཁང་པའི་སྒོ་འགྲམ་དང་ཁང་པའི་སྟེང་གི་ཟུར་བཞི་ལ་ཡང་ལིང་ག་ཆེན་པོ་རེ་བཟོས་ནས་ཉར་རྒྱུ་ཡོད། ཁང་པའི་སྟེང་གི་ལིང་ག་དེ་ཁང་པའི་སྟེང་དུ་རང་གར་བཞག་པ་མིན་པར་ཁང་པ་གསར་དུ་བསྒྲུབས་ཟིན་ནས་རབ་གནས་བྱེད་པའི་དུས་སུ་ཁང་པ་རྒྱག་མཁན་གྱི་བཟོ་བོ་དང་བུ་མོ་འགའ་ཞིག་གིས་སྙན་པའི་གླུ་དབྱངས་བཅས་ཁང་པའི་སྟེང་དུ་འདྲེན་དགོས་ཀྱི་ཡོད། དེའི་མིང་ལ་འབྲུག་པའི་སྐད་ནས་ཟུར་ཤིང་ཞེས་བརྗོད་ཀྱི་ཡོད། ཟུར་ཤིང་དེ་ཁང་པའི་སྟེང་དུ་འཇོག་དགོས་དོན་གང་ཡིན་མི་ཤེས་ཀྱང་། ཟུར་ཤིང་ཁང་སྟེང་དུ་འདྲེན་དུས་ཀྱི་གླུ་ཚིག་ནང་དུ་འབྲུག་པ་ཀུན་ལེགས་ཀྱི་མཚན་ཟུར་ཙམ་ཡང་ཐོན་གྱི་མེད་པས་འབྲུག་པ་ཀུན་ལེགས་རྗེས་སུ་དྲན་ཕྱིར་ནི་མིན་པར་སེམས།
དེ་ནས་ཁང་པའི་སྒོ་འགྲམ་དུ་འཇོག་པའི་ལིང་ག་དེའི་མིང་ལ་ནི་ཁ་རམ་ཤིང་ཞེས་བརྗོད་ཀྱི་ཡོད་ལ། ཁ་རམ་ཞེས་པ་ནི་འབྲུག་སྐད་ནས་མི་ཁ་ལ་བརྗོད། ཁ་རམ་ཤིང་དེ་མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁ་སོགས་བྱུང་དུས། དེ་དག་བཟློག་པའི་ཕྱིར་དུ་འཇོག་པ་ཡིན་ལ། མི་ལ་ན་ཚ་དང་ཕྱུགས་ལ་གོད་སོགས་མི་འདོད་པའི་རྐྱེན་རྣམས་ནི་འབྲུག་མི་ཚོས་མི་ཁ་ལ་བརྟེན་ནས་བྱུང་བར་ཡིད་ཆེས་བྱེད།
ཁ་རམ་ཤིང་དེ་ཡང་མི་ཁ་བཟློག་པའི་ཕྱིར་དུ་རང་གར་འཇོག་པ་ཙམ་མིན་པར། སོ་སོའི་ཡུལ་ལུང་དུ་ཕ་བརྒྱུད་བུ་བརྒྱུད་ཀྱི་བརྒྱུད་པ་འཛིན་ནས་སྡོད་པའི་བོན་པོ་ཟེར་བ་ཞིག་ཡོད་པས་དེས་མི་ཁའི་ཆོ་ག་གྱེར་བ་དང་བཅས་འཛུགས་དགོས་ཀྱི་ཡོད། བོན་པོ་ཟེར་དུས་གཡུང་དྲུང་བོན་ལ་ཟུར་ཟ་བྱེད་པ་ལྟར་འགྲོ་གི་འདུག་པས་དེའི་སྐོར་ཅུང་ཟད་གསལ་ཁ་གཏོང་ན། གདོན་དང་ལྷ་འདྲེ་སོགས་མཆོད་ནས་རིམ་གྲོ་བྱེད་མཁན་ལ་འབྲུག་ཡུལ་ཤར་ཕྱོགས་ཀྱི་མི་རྣམས་ཀྱིས་བོན་པོ་ཟེར་གྱི་ཡོད་ལ། ནུབ་ཕྱོགས་ཀྱི་མི་རྣམས་ཀྱིས་ཕ་ཇོ་ཟེར་གྱི་ཡོད། བོན་པོའམ་ཕ་ཇོ་དེ་དག་གི་ཆོ་གའི་ཚིག་ནི་འཁྲིག་ཚིག་དང་འབྲེལ་བ་ཤ་སྟག་ཡིན་ཀྱང་། འཁྲིག་ཚིག་དེ་དག་དང་མཉམ་དུ་ནང་ཆོས་ཀྱི་བླ་མ་པདྨ་གླིང་པ་དང་ཕ་ཇོ་འབྲུག་སྒོམ་ཞིག་པོ་སོགས་ཀྱི་མཚན་རྣམས་ཀྱང་འཐོན་གྱི་འདུག
གང་ལྟར་འབྲུག་མི་ཚོས་ཁང་པའི་སྒོ་འགྲམ་དུ་ལིང་གའི་གཟུགས་བརྙན་འཇོག་པ་ནི་མི་ཁ་བཟློག་པའི་ཕྱིར་དུ་ཡིན་ལ། འབྲུག་མི་ཚོའི་སེམས་ལ་དེ་འདྲའི་ཡིད་ཆེས་ཤིག་ཇི་ལྟར་རྙེད་མིན་མི་ཤེས་ཀྱང་། ཐ་ན་མི་ཁ་དགྲ་བཟློག་སོགས་ཀྱི་རིམ་གྲོ་བྱེད་དུས་ཀྱང་མི་ཁའི་གཏོར་མ་ལ་ལིང་ག་ཆེན་པོ་ཞིག་བཟོ་སྲོལ་བྱུང་ཡོད། གྱང་ངོས་སུ་ལིང་གའི་པར་རིས་བྲི་སྲོལ་ནི་དེང་སང་གསར་དུ་བྱུང་བ་ཞིག་ཡིན་པས་སྔར་སྒོ་འགྲམ་དུ་འཇོག་སྲོལ་ཡོད་པའི་ཁ་རམ་ཤིང་ལ་བརྟེན་ནས་བྱུང་བ་དང་དེ་ལས་གཞན་པའི་རྒྱུ་མཚན་ཞིག་མེད་ལས་ཆེ་སྙམ།
ཡང་ཤར་ཕྱོགས་ཁུལ་དུ་གཏེར་སྟོན་པདྨ་གླིང་པའི་གཏེར་ཆོས་བཀའ་བརྒྱད་ཀྱི་ཆོ་ག་གཏོང་དུས་ཀྱང་ལིང་གའི་གཏོར་མ་ཆེན་པོ་ཞིག་བཟོ་དགོས་ཀྱི་ཡོད་ལ་དེའི་མིང་ལ་ནི་པདྨ་གླིང་པ་ཞེས་འབོད་ཀྱི་ཡོད། གཏོར་མ་དེ་གཏོར་བཟློག་འཕང་དུས་ཟོར་གྱི་སྔོན་དུ་ཁྱེར་ནས་ཟོར་འཕེན་པའི་མདུན་ཕྱོགས་སུ་འཇོག་དགོས་ཀྱི་ཡོད། དེ་རིང་དེ་ཙམ་ལས་མང་པོ་ཞུ་རྒྱུ་མིན་འདུག དེ་ཙམ་གྱིས་ཀླུ་སྨྱོན་གྱི་ཁྱོགས་བཤད་ལས་དྲང་ཐུབ་པའི་རེ་བ་ཡོད། ཐུགས་རྗེ་ཆེ།
གཡུ་འབྲུག་ལགས། ཁོ་བོ་ཡང་ནམ་རྒྱུན་འདིའི་ཐད་ལ་སེམས་ཚོར་ཡོད་མཁན་ཞིག་ཡིན། ཡིན་ནའང་ད་རེས་གཅིག་ནས་ཀླུ་སྨྱོན་གྱིས་བྲིས་པ་འདི་སྙན་ངག་ཡིན་པ་དང་། གཉིས་ནས་ཟུར་ཟའི་ཚོར་བ་ལྟེར་བ་དེ་འདྲ་གང་མེད་པ། གསུམ་ནས་ཁོ་བོས་བསམ་ཚོད་ལྟར་ན་ཀླུ་སྨྱོན་གྱིས་ལྟ་སྤྱོད་སོགས་འབྲུག་ཡུལ་དང་འབྲུག་མིར་དུང་སེམས་བཅང་པ་ལས་འཁོན་སེམས་མེད་པ་བཅས་ཀྱིས་ཁྱེད་བློ་བདེར་བཞུགས་ན་འགྲིག་པ་འདུག
མེ་ཏོག་དཀར་པོ་ལགས། ཁྱེད་ཀྱིས་ང་ལ་སེམས་གསོ་མཛད་གནང་བར་ཐུགས་རྗེ་ཆེ་ཞུ། ངས་གོང་གི་མཆན་བྲིས་པ་དེ་སྤྲོ་ལངས་ནས་བྲིས་པ་མིན་པར། དོགས་སེལ་གྱི་ཆེད་དུ་བྲིས་པ་ཞིག་རེད། མ་གཞི་ཀླུ་སྨྱོན་གྱི་སྙན་ངག་དེ་གཅིག་ནས་དུང་སེམས་བཅངས་པའི་ཚོར་བ་དང་། གཉིས་ནས་ཟུར་ཟའི་ཚོར་བ་སྟེར་གྱི་འདུག་ཀྱང་། དེ་ནི་ང་རང་གི་བསམ་ཚུལ་ཅིག་ཡིན་རྒྱུ་རེད།
གཡུ་འབྲུག་སྔོན་མོ་ལས་དཀར་པོ་ཞིག་ཡོད་པ་མ་ཤེས། འོན་ཏེ་འདོད་རྒྱལ་ལ་རྒྱུ་མཚན་ཅི་ཡོད།
གྲོགས་པོ་ལགས། ཟུར་ཤིང་ཁང་སྟེང་དུ་ འདྲེན་དུས་ཀྱི་གླུ་ཚིག་དེ་དྲ་ཐོག་ཏུ་འགོད་རོགས་ཞུ།
འབྲུག་པའི་གནོད་པ་ལིང་གའི་སེལ་དགོས་པ་དེ་ནི་ངོ་མ་ཡ་མཚན་པ་ཞིག་རེད།
གྲོགས་པོ་ལགས། ཨ་ལགས་ཚང་གི་གསུངས་པ་དེ་ནི། ལྷ་སྒྲུང་ལས་ཁྱོད་རང་བློ་འཚབ་བྱ་གཞི་ཞིག་ཅི་ལ་ཡིན། འབྲུག་པ་ཀུན་ལེགས་ཀྱིས་ལིང་ག་གཅོད་སྲིད་རྒྱུ་མ་རེད་ལ། གཅོད་ཀྱང་གཅིག་ལས་མེད་པས་འབྲུག་མོ་ཐམས་ཅད་ལ་སྤྲོད་རྒྱུ་ཞིག་གང་ན་ཡོད། སྤྲོད་ཀྱང་ཉིན་གུང་མཆོད་གཤམ་དུ་འཇོག་ན་ཆོག་ཀྱང་། དགོང་མོར་བེད་སྤྱོད་ཅིག་གང་ན་ཡོད། ཕལ་ཆེར་སེམས་ཆུང་ཆུང་སྡུག་གིས་མ་གང་དང་། འབྲོག་བྲེ་ལུ་ལྷག་པས་ཁུར་རབས་མེད། །འབྲུག་ཕྲུག་ལགས།
ཚོར་བ་ཅན་གྱི་སྙན་ངག་ལེགས་པོ་ཞིག་བྲིས་འདུག་ལ། དེ་ལ་བརྟེན་ནས་འབྲུག་པའི་ཡུལ་སྲོལ་རེ་འགའ་ངོ་སྤྲོད་ཐུང་ཐུང་ཞིག་ཀྱང་བྱུང་འདུག ངོ་སྤྲོད་འདི་ཡང་ཀློག་སྤྲོ་བོ་ཞིག་བྱུང༌། ད་དུང་མུ་མཐུད་དུ་འབྲུག་པ་ལ་རྒྱུས་ཡོད་ཚོས་ཡུལ་སྲོལ་ཡ་མཚན་ པ་དེ་འདྲ་ངོ་སྤྲོད་ཡོང་བ་ཞུ།
གཡུ་འབྲུག་དཀར་པོ་ལགས།
ཁྱེད་ནས་འབྲུ་ཡུལ་ནང་གི་བོན་པོ་འམ་ཕ་ཇོ་ཟེར་བ་དེ་དག་གི་སྐོར་ལ་མཁྱེན་གྱི་ཡོད་ན་དྲྭ་ཐོག་ངོ་སྤྲོད་རེ་གནང་རོགས། ད་དུང་ཁོ་ཚོའི་ཆོ་གའི་ནང་གི་འཁྲིག་ཚིག་དེ་དག་དང་། ཆོས་ཀྱི་བླ་མ་པདྨ་གླིང་པ་དང་ཕ་ཇོ་འབྲུག་སྒོམ་ཞིག་པོ་སོགས་ཀྱི་སྐོར་ལའང་དགོངས་ཀྱི་ཡོད་ན་ངོ་སྤྲོད་རེ་ངེས་པར་དུ་གནང་རོགས་ཐུགས་རྗེ་ཆེ།
ཨ་ལགས་ལགས། ད་རེས་ནི་པར་ཡག་པོ་རྐྱང་རག་ཡོད་ཀི སྙན་ངག་དང་པར་གཉིས་ཀ་ཨ་ན་མ་ན་རེད། འདི་མོ་སྙན་ངག་ད་དེང་སང་གི་མི་རབས་གསུམ་པ་མ་དགོས་བཞི་པ་ལྔ་པ་ཚོས་ཀྱང་མི་ཕྲིས། སྤྱིར་ན་དེང་སང་གི་སྙན་ངག་པ་ཡིན་ཟེར་མཁན་ཚོས་འདི་མོ་མི་ཕྲིས། འདི་ཚོས་སྦ་གེ་སྦུག་གེ་ཞིག་མ་གཏོགས་བཤད་མི་ཤེས། འབྲི་ར་མི་ཤེས། སྙན་ངག་པ་རྒན་པ་ཚོ་འདྲ་ས་མེད་ཡ། ཡང་གསར་སྐྱེས་རྐྱལ་སྟོང་། དེང་རབས་སྙན་ངག་པ་ཡིན་རློམ་གྱི་ང་རྒྱལ་ཅན་ཚོའི་ཁ་ནང་ལ་ཅིག་ཅིག་བརྒྱབ་ཡོད་ཀ
འབྲུག་མོ་མཇེ་ལ་དགའ་བར་ཀུན་གྱིས་གླེང་།།
ཕོ་རྣམས་མཇེ་ཡི་བདག་པོ་ཡིན་པས་ན།།
ཕོ་ཧྲེང་མཇེ་སྐམ་དེ་དག་འབྲུག་ཡུལ་དུ།།
སོང་ནས་འབྲུག་མོའི་འདོད་བདེ་སྐོང་ན་རེད།།
ཧཧཧཧཧ
ཨ། འབྲུག་པ་ཀུན་ལེགས་མཁྱེན། འདི་ལྟར་མཇེ་དང་སྟུ་ཡི་སྐོར་རྐྱང་རྐྱང་བཤད་དུས། འདོད་ཆགས་ཆེ་དྲགས་ནས་ཡིན་རྒྱུ་རེད་པ། ཐ་ན་ལས་ཤག་ནས་ཀྱང་ངའི་མཇེ་རྒོད་ལ་ལག་པས་འཕུར་འཕུར་འདྲ་གཏོང་དགོས་གི་འདུག ཨ་རོགས་ཚོ། གཞན་ལ་མ་བཤད་མ་གཏོགས། སྡེ་ཞི་མོ་ཚོས་གོ་ན་ང་ཚོ་བསྐྱེད་རེད།
རྣམ་རྒྱལ་ལགས།
ཁྱེད་རང་གི་གོ་ཐོས་དེ་ནོར་མེད།
ངའི་གྲོགས་པོ་བླ་སྤྲུལ་འགའ་ཞིག་ལ་དེ་ལྟར་དངོས་སུ་བྱུང་བའི་ལོ་རྒྱུས་ངོ་མ་ཡོད།
ཐེངས་ཤིག་ལ་ངའི་གྲོགས་པོ་སྤྲུལ་སྐུ་ཞིག་གིས་འབྲུག་མོ་ཞིག་ལ་བཞོན་པའི་སྐབས་སུ་ཉལ་ཁང་གི་ཉལ་འཁྲི་ཡང་ཆག་པའི་གནས་ཚུལ་དངོས་སུ་བྱུང་བ་རེད།
གལ་སྲིད་ཁྱེད་རང་བླ་སྤྲུལ་འདྲ་ཡིན་ན་ཐེངས་ཤིག་ཕེབས་དང་ཉམས་མྱོང་དངོས་སུ་ཡོང་ངེས་རེད།
གྲུབ་ཆེན་འབྲུག་པ་གཤེགས་པའི་ཡུལ་གྲུ་སྟེ། །
འབྲུག་མོའི་སྟུ་ཁྲག་འཁྱིལ་བའི་ཕ་གཞིས་ན། །
མཁའ་སྤྱོད་འགྲོ་བ་འདུལ་བའི་དོན་ཆེད་དུ། །
ཀླུ་སྨྱོན་ངེད་གཉིས་གདུལ་བྱར་སོང་ཀྱང་ཆོག །
ཀླུ་སྨྱོན་མཇེ་སྒོག་རིང་མིན་མ་ངེས་མོད། །
མཐོ་ཕྱེད་ཙམ་ལས་ཡོད་རྒྱུ་མ་རེད་བསམ། །
ང་ཡི་མཇེ་ལ་མཐོ་གཅིག་ཕྱེད་ཡོད་པས། །
འབྲུག་མོ་དག་གི་སྟུ་ཡི་རྫོངས་པར་འོས། །
ཁ་བ་ནག་པོའི་སྙན་ངག་ཇེ་སྙན་རེད།།
ཚེ་རིང་སྐྱིད་ཀྱི་རྣམ་པ་ཇེ་ཡག་རེད།།
དྲ་བའི་ལམ་འདི་བེད་སྤྱོད་ཇེ་བདེ་རེད།།
ཁྱེད་གཉིས་འདུན་མའི་རྟེན་འབྲེལ་ཇེ་བཟང་རེད།།
ཁ་བ་ནག་པོའི་བརྩེ་དུང་ཇེ་ཆེ་རེད།།
ཚེ་རིང་སྐྱིད་ཀྱི་ཆོད་སེམས་ཇེ་བརྟན་རེད།།
ཨ་ཁུ་སྨྱོན་པའི་སྡོམ་པ་ཇེ་ལྷོད་རེད།།
ཚེ་སྐྱིད་ཆགས་པའི་བཟི་ཁ་ཇེ་རྒྱས་རེད།།
ཁ་བ་ནག་པོའི་ལིང་ག་ཇེ་སྦོམ་རེད།།
ཚེ་རིང་སྐྱིད་ཀྱི་བྷ་ག་ཇེ་དམ་རེད།།
ཨ་ཁུ་ཚང་གི་སྟོབས་ཤུགས་ཇེ་རྫོགས་རེད།།
ཚེ་རིང་སྐྱིད་ཀྱི་ལུས་དྲོད་ཇེ་ཆེ་རེད།།
ཁ་བ་ནག་པོའི་མཇེ་མགོ་སྐམ་པོ་དེ།།
ཚེ་རིང་སྐྱིད་ཀྱི་བྷ་གའི་གཏིང་རིམ་དུ།།
ལན་ཅིག་བརླན་པའི་གོ་སྐབས་ཐོབ་གྱུར་ནས།།
ཁ་བ་ནག་པོའི་འདོད་པ་རྫོགས་གྱུར་ཅིག།
འབྲུག་མོ་ཚོས་ལིང་ག་རེ་རེ་མཆོད་ཁང་དུ་ཉར་གྱི་ཡོད་མེད་མི་ཤེས་ཏེ། ང་འབྲུག་ཡུལ་དུ་ཡོད་དུས་འབྲུག་སྨྱོན་ཀུན་ལེགས་ཀྱི་གནས་གཞི་འཆི་མེད་ལྷ་ཁང་ཞེས་པ་དེ་ཉེ་མཇལ་ཞུས་པ་ཡིན། སྐབས་དེར་ཡུལ་མི་ཚོས་བཤད་ན་ལྷ་ཁང་དེའི་རྟེན་གཙོ་བོ་དེ་ལ་ལྕགས་ཀྱི་ལིང་ག་ཞིག་ཡོད་པ་རེད་ཟེར། འཁྲུང་ས་བསྐྱོན་པའི་བུད་མེད་ཚོར་ཁྲུ་གུ་མ་བྱུང་ན་དམིགས་སུ་བཀར་ནས་ལིང་ག་དེའི་བྱིན་རླབས་ཞུ་སྲོལ་ཡོད་ལུགས་ཀྱང་ཐོས། གཞན་ཡང་སྤ་དྲོའི་སྟག་ཚང་འགྲོ་ལམ་དུ་ཆུ་ཡི་ཝ་ཁ་ལ་ཡང་ལིང་གའི་གཟུགས་གཏོད་པ་དེ་འདྲའང་འདུག འབྲུག་པའི་སྒོ་ཤིང་མཆོད་པའི་དཔེ་ཆ་ཞིག་ང་ལ་ཡོད་ཀྱང་ཡིག་གཟུགས་མི་འདྲ་བས་འདིར་བཀོད་ཐབས་མི་འདུག་ལ། གཉིས་ནི་ཅུང་མང་དྲགས་འདུག་པས་སྟབས་མི་བདེ། གང་ལྟར་དེའི་ནང་སངས་རྒྱས་འདྲ་མིན་གྱི་མཚན་དང་འཁྲིག་གཏམ་སྣ་ཚོགས་སྤེལ་ནས་བཤད་པའི་གཏམ་དགོད་བྲོ་བ་ཞིག་འདུག
སྐྱེས་བའི་སེམས་པ་དབུ་མེད་སྙིང་དུ་ཟུག།
མོ་ཡི་འདོད་འདུན་སྐྱེས་བའི་བྲང་དུ་བཞད།།
རྣམ་ཤེས་གཅིག་ལ་ལུས་རྟེན་གཉིས་གྱུར་བས།།
ཚེ་སྲོག་མི་མཁོ་དངོས་ཤིག་གང་དུ་མཆིས།།
ཕོ་མཇེ་མི་མཁོ་བུ་མོ་སུ་ཡང་མེད།།
མོ་མཚན་མི་མཁོ་སྐྱེས་བ་སུ་ཞིག་ཡོད།།
མཇེ་དང་མེ་ཏོག་ལམ་གྱི་བྱིན་མཐུ་ལས།།
མི་རིགས་དཀར་ནག་ཀུན་གྱི་དབྱེ་བ་མེད།།
རྒན་པོ་སེམས་ཀུན་བུ་མོའི་པང་དུ་ལུས།།
རྒན་མོའི་འདོད་འདུན་ཕོ་སར་དར་མ་ཕྱོགས།།
ཆགས་ལྡན་འདོད་པའི་བདེ་བའི་ནུས་མཐུ་ལས།།
རྒན་གཞོན་ཁ་ཁར་འབྱེད་པའི་དབྱེ་བ་རེད།།
ཕ་རྒན་དགྲ་ལ་བུ་མོ་སེམས་ཡང་ཤོར།།
ཨ་མའི་འགྲན་ཡ་བུ་ཆུང་དགའ་ཡང་སྲིད།།
མྱོས་ཆང་ཆགས་སེམས་བདེ་བའི་བཟི་བྱས་ན།།
དགྲ་གཉེན་སོ་སོར་འབྱེད་པའི་དབྱེ་བ་མེད།།
ལུས་འདི་མེད་ཚེ་བདེ་སྡུག་འཚོར་བ་མེད།།
འཚོར་བ་མེད་ན་ཆགས་པ་ཅི་ལ་ཡོང་།།
ཆགས་བདེ་བྲལ་ཚེ་འདོད་བདེ་ཡོང་དཀའ་བས།།
བདེ་ཆེན་འཚོར་བའི་དབང་པོ་ཕྱག་འཚལ་ལོ།།
མཐའ་མེད་འདོད་བདེ་ཆེན་པོ་གཟི་བྱིན་ལས།།
མི་ཡུལ་འདི་ལ་ཡོང་བ་ཡོང་དོན་འཚོར།།
བདེ་ཆེན་འདོད་བདེའི་ཟུར་གྱི་མངར་ཆ་གཅིག།
འཇིག་རྟེན་འདི་ན་མི་མཁོ་སུ་ཞིག་ཡོད།།
ཅི་ཕྱིར་འགྲོ་རྣམས་བདེ་ལ་མོས་དོན་ཅི།།
བདེ་བའི་ཆེད་དུ་ཐམས་ཅད་བློས་བཏང་བས།།
ཆགས་བདེ་ལུས་ཀྱིས་མྱོང་བ་ལྟ་ཅི་སྨོས།།
ངག་ཙམ་ཐོབ་ཆེད་འབད་པས་དུས་ཡུན་འདའ།།
ཀླུ་སྨྱོན་སྨྱུག་ཐོག་ཆགས་རྩོམ་རྒྱལ་པོ་རེད།།
འབྲུག་པ་ཀུན་ལེགས་ལག་ལེན་མཁན་པོ་རེད།།
མཆན་མཁན་ང་ཚོ་ཁོང་གཉིས་རྗེས་འཇུག་རེད།།
མཁན་སློབ་ཐམས་ཅད་འདོད་བདེའི་སྲུང་གྱུར་ཅིག།
འབྲུག་ལ་སོང་མ་མྱོང་ཡང་འབྲུག་པའི་བུ་མོ་ཚོ་རྡོ་རྗེ་གདན་ནས་མཐོང་མྱོང་། གཟུགས་དྲང་ཀ ཞལ་རས་མཛེས་ཀ གཅིན་པ་ལངས་ནས་གཏོང་ཀ སོ་རྩི་ཟ་ཀ
ཀླུ་སྨྱོན་ལགས། ཉིད་ཀྱི་ད་ལྟའི་སྙན་ངག་གོང་འོག་འདི་གཉིས་ཀ སྙན་པ་ལ་ཚད་མེད་པ་ཞིག་བྱུང་། དེང་རབས་སྙན་ངག་ཅེས་པ་འདི་འདྲ་ཞིག་ཡིན་ན་ངོ་མ་བྲོ་བ་འདུག སྙན་ངག་འདིས་ངའི་སྙིང་ཉེ་བའི་འབྲུག་མོ།ལུས་གསེར་ཉྭ་ལྟ་བུ། ངག་བྱིས་ཆུང་ལྟ་བུ། ཡིད་ངང་བ་ལྟ་བུ་དེ་སེམས་ན་ལྷང་ལྷང་དྲན་སོང་། ཉིད་ལ་གང་དྲན་སྙན་ངག་ཏུ་སྨྲ་བའི་སྤོབས་པ་ཆེ་ཚུལ་འདིར་བལྟས་ན། མགྲིནཔའི་རྩ་མདུད་ཅེས་པ་ཕལ་ཆེར་གྲོལ་ཡོད་ས་རེད།
ཀུན་ལེགས་སྨྱོན་པོས་མྱོང་ནས་འགྲོ །
ཨ་ལགས་ཚང་གིས་སྒོམ་ནས་བཞུགས། །
ཕོ་གཞོན་དར་མས་ཅི་འདོད་སྤྱོད། །
འབྲུག་མོའི་བྷ་ག་རིན་ཐང་ཆེ། །
ཀུན་ལེགས་མཇེ་རྒོད་སྤྱོད་ནས་ངར། །
ཨ་ལགས་མཇེ་རྒོད་སྒོམ་ནས་ངར། །
རྣམ་ལྕགས་ཕུར་བ་དང་འདྲ་བའི། །
མཇེ་རྒོད་རྣམ་གཉིས་རྒྱལ་གྱུར་ཅིག །
ཆོས་འཁོར་ཚང་ཐབས་བཀོད་པ་འདྲ་ཨེ་འདུག་ལྟོས་དང་། ངོ་མ་ལྟ་འདོད་ཀི
གྲོགས་པོ་ཚོ། ཁོ་བོ་ལྟ་བུའི་རྨོངས་འཐོམ་ཞིག་ངག་གི་རྩ་མདུན་གྲོལ་བའི་ས་མཚམས་དེར་ད་ལྟ་བསླེབས་མེད་ཀྱང་། དོན་དག་ཅིག་ཀླད་པའི་ནང་དུ་ཤར་ནས་སོར་མོའི་རྩེ་རུ་བབས་ཡོང་དུས་གཏམ་དང་མྱི་ཁར་མ་འཛེམས་པར་ཅིག་མ་བྲིས་ན་ངོ་མ་བློ་མི་བདེ་ཀི ཁྱེད་རྣམ་པས་གདེང་འཇོག་གནང་བ་དེ་ཚོ་ཁོ་བོའི་སྲོག་ཟུངས་དང་སྤོབས་པ་ཡིན་ལགས།
རྩ་མདུད་་་
ངག་གི་རྩ་མདུད་གྲོལ་མིན་མི་ཤེས་མོད་ཁྱེད་ཀྱི་སྙན་ངག་ལ་གཞན་ལ་མེད་པའི་ཁྱད་ཆོས་ཡོད་པ་ནི་མངོན་གསུམ་རེད་
ང་ཡི་ལུས་ངག་ཡིད་གསུམ་སྔ་མོ་ཞིག་ནས་ཁྱེད་ཀྱི་སྙན་ངག་གིས་འཁྱེར་ཚར་སོང་།
ཀླུ་སྨྱོན་དང་ཁ་བ་ནག་པོ་ཞེས་ཁ་བརྡ་དང་བོད་ཁུག་དྲ་ཚིགས་སུ་འདོད་གཏམ་མ་གཏོགས་བཤད་མི་ཤེས་པའི་བན་རྒན་ཁྲིམས་མེད་དེས། དངོས་གནས་ཉམས་སུ་མྱོང་ཐུབ་ཡོད་མེད་ཅི་ཤེས་ཁ་རྒོད་པོ་འདུག
ཨ་ལ་རྩེ་མོ་ཡིན་དངོས་གནས་སྙན་ངག་པ་རེད། ཁྱོད་ཀྱིས་ཁ་བརྡ་ལ་སྙིང་པོ་དང་བོད་ཁུག་ནང་དུ་ནས་རྩམ་བྲོ་བ་འཁྱིལ་ལེར་བླུག་འདུག
ཀ་བ་མེད་པའི་བྲག་ཕུག་སྒོ་མེད་ན།།
ཁ་ལ་འཆལ་མང་བའི་ཀུན་ལེགས་བཞུགས།།
ག་ནས་བལྟས་ཀྱང་སྨྱོན་པ་ཐོ་ཅོ་ཅན།།
ང་ནི་ཁྱོད་ལ་བལྟས་ན་སྣང་བ་སྐྱོ།།
ཚིག་བཅད་འདི་འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་ནང་ནས་དྲངས་པ་ཡིན།
ཁ་ལ་འཆམ་གཏམ་མང་བའི་བཟོ་རོགས་་་་་
ཁ་ལ་འཆམ་གཏམ་མང་བའི་་་་་ཞེས་བཅོས་རོགས།
ཨ་རོ་གཞོན་ནུ་ཟླ་མེད། མིང་ལ་གཞོན་ནུར་འབོད་ཀྱང་སྐད་ཆ་ཤོད་སྟངས་ལ་བལྟས་ན་བན་རྒན་ཆབ་ཐོ་གཉིས་ཉར་མཁན་ཞིག་སེམས་ལ་དྲན་གྱི་འདུག ཁྱོད་རྡོ་རྗེ་གདན་ལ་སོང་ནས་འབྲུག་མོ་ཚོས་ལང་གཅིན་གཏོང་སྟངས་ཡན་ཆད་བལྟས་འདུག་ཀ ཡ་ཡ་མི་རྒོད་པོ་རེད། ད་དུང་འབྲུག་མོ་ཚོའི་ལྭ་བ་ཤོམ་ཤོམ་དེ་ཡར་བརྫེས་ཏེ་འཕོང་ཤ་ལ་སེན་ཏོག་ཅིག་མ་འདོད་དམ། གང་ཡིན་ཟེར་ན། རྡོར་གདན་ནས་གྲྭ་བ་ཁ་ཤས་སྐོར་བ་འགྲོ་ཞོར་ལ་བུ་མོ་ཚོའི་རྐུབ་ལ་ཐལ་ལྕག་དང་སེན་ཏོག་བྱེད་ཀྱི་འདུག་ཟེར་ཀ།
གཙང་ཁའི་བུ་ལགས་ཁྱེད་ཀྱི་གློག་འཕྲིན་ཁ་བྱང་འདིར་བཞག་ཚེ་ངས་pdfབཟོས་ཏེ་བསྐུར་ཆོག འོ་་་གཅིག་དྲན་སོང་། གནའ་དུས་འབྲུག་པ་ཚོས་ལིང་ག་ལ་མཆོད་པ་བྱེད་སྲོལ་ཞིག་ཡོད་ཐག་ཆོད་རེད་འདུག Micheal Aris ཀྱིས་བྲིས་པའི་དེབ་ཅིག་ཏུ་དཔར་ཞིག་མཐོང་སོང་། དེ་ནི་ལིང་གའི་ཕ་བོང་ཞིག་གི་མདུན་དུ་འབྲུག་པ་ཞིག་ཞྭ་ཕུད་ཅིང་གུས་ཉམས་དང་བཅས་ཏེ་དཔར་བསྐྱོན་འདུག ད་དུང་དགོན་པའི་འཆམ་གྱི་མཛད་སྒོ་དང་ཕྲུ་གུའི་སྐེ་ནའང་མཐོང་རྒྱུ་འདུག ཚོང་ཁང་རྣམས་སུ་ཤིང་ལས་གྲུབ་པའི་ལིང་ག་ཚོང་རྒྱུ་ཡོད་པ་ནི་སྤྱིར་བཏང་ཙམ་རེད། ཁང་པའི་གྱང་རིས་སུ་ལིང་གའི་གཟུགས་གཅིག་ལས་གཅིག་མཚར་ཉམས་སུ་འབྲི་བ་ནི་གྲོང་གསེབ་ཁག་ཏུ་དར་སྲོལ་ཆེ་བ་འདུག ངས་རྩེད་མོ་རྩེས་ནས་འབྲུག་པའི་གྲོགས་པོ་ཞིག་ལ་ཁྱེད་ཚོའི་ལྷ་བཟོ་དེ་ཚོས་རི་མོའི་ཐོག་མར་འདི་ཉིད་འབྲི་སྟངས་སྦྱོང་གི་མེད་དམ་ཞེས་དྲིས་ཀྱང་མྱོང་།
ཨ་ཁུ་ཆོས་འཁོར་ཚང་ལགས། ང་ལའང་གཅིག་སྐུར་རོགས་མཁྱེན་མཁྱེན་མཁྱེན། ངའི་ཁ་བྱང་འདི་ཡིན་ལགས།
ssopa23yahoo.com.hk
ཀ་བ་མེད་པའི་བྲག་ཕུག་ཕུག་ལ་བཞུགས། །
ཁ་ནས་ཐོན་ཀུན་ཀུན་ལེགས་གདམས་ངག་མང་། །
ག་ནས་ཉན་ཡང་ཡང་བསྐྱར་འཁྲུངས་པ་འདྲ། །
ང་ནི་ཁྱོད་ལ་དད་དབང་དབང་མེད་ཤོར། །
བཟོད་རྒྱམ་ལགས། གཅིག་བསྐུར་ཡོད་པས། ཏག་ཏག་སླེབས་ཡོད་མེད་ལན་ཞིག་བོར་རོགས། ལྷག་པར་འབྲུག་པའི་ཁ་སྐད་དེ་ཚོར་གོ་བ་ལེན་ཐབས་བྱོས་དང་། གོ་རྒྱུ་འདུག མང་པོ་ཞིག་ཐ་སྙད་མི་འདྲ་བ་སྤྱོད་ཀྱིན་འདུག སྒོ་ཤིང་མཆོད་ཟེར་བ་རེད་མ་གཏོགས། སྒོ་ཤིང་དེ་ནི་ལིང་ག་ཞིག་ཡིན་པས། འབྲུག་པས་མཇེ་མཆོད་སྟངས་ཟེར་ན་འགྲིག་གམ་སྙམ། དེ་ནི་ཧ་ཅང་གི་དམར་རྗེན་དུ་འགྲོ་ཡང་། འབྲུག་ཡུལ་དུ་ཅུང་ཟད་ཅིག་མ་བྱུང་ན་ལམ་སེང་་་་་མཇེ་ལྡག་་་་ཅེས་ཁ་ངན་བྱེད་པ་ནི་བོད་པ་ཚོས་་་་སྐྱག་པ་ཟོ་་་་ཟེར་བའི་ཚད་ཙམ་རེད་འདུག
ཆོས་འཁོར་ཚང་ལགས།
ཁྱེད་ཀྱིས་གླེང་མུས་དེབ་དེ་གློག་བརྒྱུད་ཁ་བྱང་ paldentibet@ymail.com འདི་སྟེང་ལའང་གཅིག་བསྐུར་རོགས།
མི་ནག་མདུང་ཐུང་ལགས་ལའང་གཅིག་བསྐུར་ཡོད་པས། གཟིགས་རོགས་ཞུའོ། །
བོད་ཕོ་ཚོས་འབྲུག་མོ་ཞིམ་གྱི་ཟེར། འབྲུག་ཕོ་ཚོས་བོད་མོ་ཞིམ་གྱི་ཟེར། ད་སུ་ཞིམ་མི་ཞིམ་དེ་སོ་སོས་མྱང་ན་མ་གཏོགས་ཤེས་ས་མ་རེད། ང་ནི་སྔར་ནས་བོད་མོ་ཞིམ་པོ་ཡོད་ཚུལ་ཐོས་པས་བོད་མོ་ཞིག་ལ་རེ་བ་རྒྱག་གིན་སྡོད་ཡོད།
ཆོས་འཁོར་ཚང་ཨ་ལགས་དྲིན་པོ་ཆེ། འདིའི་ཐོག་གཏང་རོགས་ཞུ། kardojeeo1
ཆོས་འཁོར་ཚང་ཨ་ལགས་དྲིན་པོ་ཆེ། འདིའི་ཐོག་གཏང་རོགས་ཞུ། kardojee01@gmail.com
བསྐུར་ཡོད་དོ། །
རྒན་ཆོས་འཁོར་ཚང་ལགས། འབྱོར་སོང་མོད། ཁ་ཕྱེ་མི་ཐུབ་ཀི ཧེ་ཧེ་ཧེ།
ཆོས་འཁོར་ཚང་རྒན་ཉི་མ་ལགས་ཐུགས་རྗེ་ཆེ། ངས་སྔོན་མར་འབྲུག་རྒྱལ་ཡོངས་བདུན་རེ་གསར་ཤོག་མེ་ལོང་མ་ཅུང་ལྟ་མྱོང་། འོན་ཀྱང་ཡི་གེ་འདི་ཚོ་ད་དུང་འཇིགས་རྔམས་ཆེ་གི་ཡ། ངོ་མ་ཁྱོད་ཁ་བྲོ།
ཆོས་འཁོར་ཚང་རྒན་ཉི་མ་ལགས་ཐུགས་རྗེ་ཆེ། ངས་སྔོན་འབྲུག་རྒྱལ་ཡོངས་བདུན་རེ་གསར་ཤོག་མེ་ལོང་ཐེངས་ཁ་ཤས་བཀླགས་མྱོང་ཡང་། ད་དུང་འབྲུག་ཡིག་འདི་འཇིགས་རྔམ་ཆེ་གི་ཡ། ངོ་མ་ཆེ་གི
ཁྱོད་ཚོས་ཅི་ཞིག་བསྐུར་རེས་བྱེད་བཞིན་ཡོད། བསྐུར་བྱ་དེ་ཅི་ཞིག་རེད། ང་ལ་ཅིག་བསྐུར་ན་ཨེ་ཆོག
ཨ་ཁུ་ཁ་བ་ནག་པོ་ལགས། ཁྱེད་ལ་སྙན་ངག་གི་སྒྱུ་རྩལ་འདི་ལྟ་བུ་ཇི་ལྟར་བྱུང་བ་ཡིན་ནམ།
ལམ་སྟོན་ཞིག་གནང་ན་ཨེ་འགྲིག།
ཉི་ཧོང་བ་ཚོས་རྒྱ་ནག་གི་མི་ཚོ་རྒྱལ་ས་ཏུང་ཅིན་ནས་འདུག་མི་དགོས་ཟེར།
ཞིབ་ཕྲའི་གནས་ཚུལ་འདི་ན་འདུག
http://www.tudou.com/programs/view/nb9pp5OPA2g/
དོལ་སྨྱོན་ལགས། གལ་སྲིད་ཉིད་ཀྱིས་གྲུབ་མཐའི་གཞུང་ལ་ལྟ་མྱོང་ན་སེམས་ཙམ་པའི་སྐབས་སོགས་སུ་གཟུང་འཛིན་རྫས་གཞན་གྱིས་སྟོང་པ་ཞེས་པ་ཞིག་ཡོད་པ་དེ་དྲན་ནམ། དེ་ནི་གྲུབ་མཐའི་སྐབས་གཅིག་པོ་མ་ཡིན་པར་སྙན་ངག་འབྲི་དུས་ཀྱང་ཕྱི་རོལ་ཡུལ་དང་ནང་སེམས་ཡུལ་ཅན་གཉིས་རོ་མཉམ་དུ་བཞག་སྟེ་ཅིག་བྲིས་ན་མཚམས་རེར་ཏོག་ཙམ་སྙན་ཆ་དོད་ལ་བྲོ་བ་ཡོད་པ་ཞིག་ཡོང་གི་རེད། དེ་ཡང་འདོད་ཆགས་ཀྱི་སྐོར་ལ་ཅིག་འབྲི་དུས་རང་ཉིད་ཀྱིས་དངོས་སུ་རྒྱོ་བཞིན་ཡོད་པའམ་རང་ཉིད་ཀྱི་འཁྲིས་སུ་གཞན་གྱིས་རྒྱོ་བཞིན་ཡོད་པ་ལྟ་བུའི་དམིགས་རྣམ་སྐྱོང་བཞིན་འབྲི་དགོས་པ་དང་། ཞེ་སྡང་གི་སྐབས་སུ་རང་ཉིད་ཀྱིས་ལག་པ་འགུལ་ཏེ་གཞན་གྱི་སྐེ་བཙུར་བཞིན་ཡོད་པའམ་ཡང་ན་རང་གི་འཁྲིས་སུ་མི་གཉིས་ཀྱིས་རྡུང་རེས་བྱེད་བཞིན་ཡོད་པའི་རྣམ་པ་མིག་ལམ་དུ་འཆར་བར་བྱེད་དགོས། འདི་ལྟར་སྒྱུ་རྩལ་དེ་ཕྱི་རོལ་རྒྱང་ཆད་ན་མེད་པར་ནང་སེམས་ཀྱི་སྟེང་དུ་མེ་འབེ་འབེ་བྱེད་བཞིན་ཡོད་པའི་གནས་ལུགས་དེ་ཁོང་དུ་ཆུད་པ་ཡིན་ན། སྙན་ངག་འབྲི་དུས་གྲ་སྒྲིག་ཞེ་དྲགས་མེད་པར་ཅིག་འབྲི་ཐུབ་ཀྱི་རེད། དེ་མིན་གཞན་གྱི་ཚིག་ཟུར་རེ་འཆོས་པའམ་ཡང་ན་ཚོར་བ་གློ་བུར་བ་རེར་སྐྱབས་བཅོལ་ནས་ཅིག་བྲིས་ན་ཡང་དེ་ཙམ་གྱི་བྲོ་བ་ཐོན་གྱི་མ་རེད། དང་པོ་དེ་ལ་སྙན་ངག་མ་བྲིས་སྔོན་དུ་སྐར་མ་བཅུ་དང་ལྔའི་རིང་ལ་མིག་གཉིས་བཙུམས་ནས་བརྗོད་བྱ་གང་ཡིན་དེ་སེམས་སུ་འཆར་དུ་བཅུག་ནས་དེ་ལ་མྱོང་རོལ་བྱོས། དེ་ནས་ཅིག་ཕྲིས། དེ་ནས་ལམ་སེང་དྲ་ངོས་སུ་མ་སྤེལ་བར་ཆུ་ཚོད་འགའི་རྗེས་སུ་ཡང་སྐྱར་ཀློགས་དང་ཚོར་བ་གསར་བ་རེ་ཡང་སྐྱེ་སྲིད་ལ་ཚོར་བ་དེའི་ཀློང་ནས་སྙན་ངག་གི་གྲུབ་ཆར་གྱུར་པའི་སྒྱུ་རྩལ་གྱི་ཚོན་སྣ་མི་འདྲ་བ་རེ་རྙེད་སྲིད། གང་ལྟར་འགྲོ་ས་འདུག་སར་ཤོག་སྨྱུག་རེ་ལུས་དང་མ་འབྲལ་བར་སོངས། ནམ་ཞིག་སྙན་ངག་གི་ཚིག་ཕྲེང་རེ་སེམས་ལ་ཤར་ན་ཡིག་ཐོག་ཏུ་ཕོབས། དེང་སང་ཁོ་རི་ཡ་དང་འཇུ་ཕེན་ཕྱོགས་སུ་རྩོམ་པ་པོ་ཚོས་སྒྲ་ལེན་འཕྲུལ་ཆས་ཆུང་ཆུང་རེ་འཁྱེར་བཞིན་འགྲོ་བ་དེའི་ལད་མོ་བྱེད་ཐུབ་ན་རབ་རེད། གང་ལྟར་སྙན་ངག་མཁན་ཞིག་ཡོང་དང་མི་ཡོང་དེ་ཆོས་ཕྱོགས་ནས་སྐྱེ་བ་སྔོན་མའི་བག་ཆགས་ཤིག་དང་ཡང་འབྲེལ་བ་ཡོད་ན་ཐང་ཀི སྙན་ངག་འབྲི་བར་རྨི་ལམ་རེ་འཛིན་ཐུབ་ན་ཕན་ཐོགས་ཆེ་ཡང་དེང་སང་དུས་དབང་གིས་དེ་འདྲ་དཀོན་པར་བསམསམ།
མེ་འབར་འབར་་་་་་
གཅིག་བརྗེད་འདུག ངས་མི་ཚེ་ཕྱེད་ཀར་དབྱངས་ཅན་མ་བསྟེན་པ་ཡིན། དགེ་ལུགས་ཕྱོགས་སུ་དབྱངས་ཅན་མ་བསྟེན་ན་གྲྭ་པས་སྡོམ་མགོ་ཐོན་དཀའ་ཟེར་སྲོལ་ཞིག་ཡོད་ཅིང་དེ་ལ་རྒྱུ་མཚན་ངེས་ཅན་ཞིག་ཡོད་པའི་ཡིད་ཆེས་ཀྱང་རྙེད་སོང་། གྲྭ་པའི་སྡོམ་པ་དང་སྙན་ངག་འབྲི་བ་གཉིས་ལས་ངས་སྙན་ངག་འབྲི་རྒྱུ་དེ་བདམས་པ་ཡིན། སྙན་ངག་པའི་དགའ་མ་དབྱངས་ཅན་མ་དེ་ཕྱི་ནང་གཉིས་ཀས་མཆོད་པའི་སྙན་ངག་གི་ལྷ་མོ་ཞིག་ཡིན་པ་ལོས་ཤེས། དབྱངས་ཅན་མ་དེ་ཡང་ཕྱི་རོལ་རྒྱང་རིང་གི་རྒྱ་མཚོའི་འགྲམ་ཞིག་ན་མེད་པར་ཁྱོད་ཀྱི་ཟུར་གསུམ་སྙིང་གི་གུར་ཁང་དུ་དུས་བསྐལ་པ་མེ་རུ་མ་འབར་བར་དུ་བཞུགས་ཡོད་པ་ཡང་མཁྱེན་པར་འཚལ་ལོ།།
ཨ་ཁུ་ཀླུ་སྨྱོན་ལགས་ཀྱིས་ཕྱོགས་གཅིག་ནས་དབྱངས་ཅན་མ་ཟེར་བ་དེ་ནི་རང་སེམས་དང་དེ་ཡི་སྟེང་གི་གནས་ལུགས་སྟོང་པ་འདྲ་བོ་ཞིག་ལ་འགྲེལ་བཤད་བྱས་སོང།
ཕྱོགས་གཅིག་ནས་བྱས་ན་བསྐལ་བའི་མེ་ཡིས་འཇིགས་རབས་ཤིག་ཀྱང་བཤད་འདུག
སེམས་དང་གནས་ལུགས་ལ་མེ་འབར་རྒྱུ་ཞིག་ཡོད་དམ།
ཨོ་ད་མང་པོ་མི་བཤད་དེ་ཚོ་སྙན་ངག་པས་འགྲོ་སྟངས་ཡིན་རྒྱུ་རེད།
ལྷག་པར་དུ་མགྲིན་པའི་རྩ་མདུད་གྲོལ་དུས་གང་བཤད་ཅི་བཤད་ཐམས་ཅད་རྒྱན་དུ་འགྱུར་བ་ཡིན་རྒྱུ་་རེད།
ཨ་ཁུ་ཀླུ་སྨྱོན་ལགས་ཁྱེད་བཙུན་པ་ཞིག་ཡིན་ན་འདི་འདྲའི་ཆགས་གཏམ་བཤད་ན་མི་ཚོས་ཅི་བཤད་ཀྱི་འདུག
དེ་འདུལ་བའི་གཞུང་དང་་་་་་་་་་་
འདུལ་བ་མ་འདུལ་ངས་མི་ཤེས། །བྷ་ག་འདུལ་ན་འདུལ་བ་ཡིན། །
ཨ་ཁུ་ཀླུ་སྨྱོན་ལགས། ལམ་སྟོན་གནང་བར་ཐུགས་རྗེ། ཁྱེད་རང་གི་གདམས་པའི་ལམ་ཁ་དེ་ངས་བལྟས་ན་ནོར་མེད། སེམས་གཏིང་ནས་ཡི་རང་ཞུ།
ཀླུ་སྨྱོན་ལགས་ཀྱི་སེམས་ཙམ་པའི་ལྟ་བའི་ཐོག་གི་བསླབ་བྱ་དེ་སྙན་པོ་འདུག ངས་ཀྱང་དེ་བཀོལ་ནས་དངོས་བྱུང་སྙན་ངག་ཐུང་ཐུང་ཞིག་འབྲི་གི་ཡིན།
ང་རང་འབྲུག་ལ་ཡོད་པའི་སྐབས་ཤིག་ལ།
ཤིང་ཁང་གཅིག་གི་ནང་ལ་ཁ་འདོན་བྱེད།
འབྲུག་མོ་ཕོང་ཆེན་དབྱངས་སྒྲོན་ནང་ལ་སླེབས།
ཁ་བརྡ་བྱེད་ཀིན་བྱེད་ཀིན་ང་ལ་བཅར།
ཁོ་མོའི་སྐེ་ལ་འཁྱུད་ནས་འོ་ཞིག་བྱས།
རིམ་བཞིན་ལག་གཅིག་ཁོ་མོའི་ནུ་མར་མཉེས།
དེ་ནས་ག་ལེར་མར་མར་འགྲོ་བཞིན་དུ།
སྨད་གཡོག་འོག་ལ་ཕུར་མཉེ་བྱེད་པའི་སྐབས།
འཁུན་སྒྲ་ཤོར་བཞིན་ང་ཡི་ལྕེ་དེ་འཇིབས།
གློ་བུར་ཕྱི་ནས།
“ཀ་ཡེ་ངོ་ཚ་གི་མིན་འདུག་གམ།”
ཟེར་བའི་སྒྲ་དང་མགོ་ལ་རྡེག་པ་ཤུགས་ཆེ་ཕོག
རེ་ཞིག་སྐར་མ་ཤར་བཞིན་གཉིད་ལས་བསད།
བཟའ་ཟླ་ཉི་མས་ལག་ལ་ཚལ་ཀྱོག་ཐོག
ངོ་ནག་ཁྲོ་བ་མེ་ལྟར་འཇིགས་སུ་རུང་།
“ཁྱོད་ར་ངོ་ཚ་གི་མིན་འདུག་གམ། ཕྲུ་གུ་ནང་ལ་བཞག་ནས། ད་དུང་མཇེ་སྲུབ་བཞིན་འཁུན་སྒྲ་འདོན། དང་ནུབ་ཁྱོད་ཕྱི་པོ་དེ་འདྲ་ག་པར་ཕྱིན་པ་ཡིན་ཟེར།
ཨ་ཙི་ངའི་གཉིད་ལམ་སྐྱིད་པོ་དེ། ཨ་ཁ་འབྲུག་མོ་དབྱངས་སྒྲོན། ཨ་རུ། ངའི་མགོ་བོ་དེ།
“ཨ། ག་རེ་ཟེར་གྱི་ཡོད་རས། མི་གཉིད་ཁུག་དུས་མགོ་ལ་ཚལ་ཀྱོག་བཞུས།”
“སྡུག་གྱོང་རེད། ཁྱོད་ནང་ལ་ཕྲུ་གུ་བཞག་ནས་ད་དུང་མཇེ་ཕུར་ཕུར།”
“ཨ། ང་གཉིད་ཁུག་མིན་འདུག་གམ།”
“ཞབས་འདྲེན་པ་ཁྱོད་ད་དུང་མགོ་དེར་གཅིག་དགོས་པས།”
བསམ་བློ་གཏོང་བཞིན་གཏོང་བཞིན་སེམས་པ་སྐྱོ།
སྔོན་མ་དགོན་པར་ཡོད་དུས་བསམ་རྒྱུ་མོ་ལས་མེད།
ད་ཆ་ཁྱིམ་ལ་ཡོད་དུས་བསམ་རྒྱུ་དགོན་ལས་མེད།
གྲ་ཆས་ཡོད་དུས་ངེས་བྱུང་མེད།
ངེས་བྱུང་ཡོད་དུས་དགོན་པ་མེད།
ཨ་ཁུ་ཀླུ་སྨྱོན་འདི་ལ་ཁ་སྔོན་དྲྭ་གྲོགས་མང་པོ་ཞིག་གིས་འབྲུག་པ་ཀུན་ལེགས་ཀྱི་རྣམ་སྤྲུལ་ཡིན་རབས་མང་པོ་ཞིག་བཤད་པ་རེད།
འོན་ཀྱང་དེ་རིང་ཁོང་གིས་འབྲུག་པ་ཀུན་ལེགས་ཀྱིས་གསུང་པའི་ཚིག་དེ་དང་མི་འདྲ་བ་རྒྱབ་འགལ་དུ་པྱིན་པ་ཞིག་བཤད་སོང།
འབྲུག་པ་ཀུན་ལེགས་ཀྱིས།
འདལ་བ་འདུལ་བ་ངས་མི་ཤེས།
རང་སེམས་འདུལ་ན་འདུལ་བ་ཡིན།
ཞེས་གསུངས་ཡོད།
ཨ་ཁུ་ཀླུ་སྨྱོན་གྱིས་།
འདུལ་བ་མ་འདུལ་ངས་མི་ཤེས།
བྷ་ག་འདུལ་ན་འདུལ་བ་ཡིན་ཞེས་བཤད་སོང་རྟག་རྟག་རྒྱབ་འགལ་རེད་མི་འདུག་གམ
ད་ཀུན་ལེགས་ཀྱི་སྤྲུལ་པ་ཡིན་མིན་ཅི་མི་ཤེས།
ཀུན་རླིག་གི་སྤྲུལ་པ་ཞིག་ཡིན་པ་ཁོ་ཐག་རེད།
འབྲུག་པ་ཀུན་ལེགས་ཐད་ལ་བཤད་ཚུལ་སྣ་ཚོགས་ཤིག་འདུག
ལ་ལས་དངོས་སུ་བྱུང་བ་མ་ཟད་གྲུབ་པ་ཐོབ་པའི་སྐྱེས་བུ་དམ་པ་ཞིག་ལ་བརྩིས་དད་པ་བྱེད་ཀྱིན་འདུག
ལ་ལས་བཤད་སྲོལ་ཙམ་དང་རྟོག་བཟོ་ཙམ་རེད་ཟེར་ནས་དམའ་འབེབ་དང་ངན་སྨྲ་བྱེད་ཀྱིན་འདུག
འདོ་དོན་ག་འདྲ་ཡིན་མིན་དྲ་གྲོགས་ཚོ་ལ་གསུང་རྒྱུ་རེ་ཡོད་ན་གསུང་རོགས།
བརྩིས་ནས་་་་་ཞེས་བཅོས་རོགས།
ཀླུ་སྨྱོན་ལགས། ང་ཚོས་བསྐུར་རེས་བྱེད་པ་དེ་ནི་འབྲུག་པས་སྒོ་ཤིང་ཞེས་ཁང་པའི་སྟེང་དུ་འགེལ་བའི་ཤིང་གི་མཇེ་རྒོད་དེ་འགེལ་དུས་ཀྱི་ཆོ་གའི་དཔེ་ཆ་ཞིག་ཡིན། འདི་ནས་ཁྱེད་ལ་ཡང་གཅིག་བསྐུར་ཡོད་དོ། །
དགེ་འདུན་བཙུན་པ་ལྷ་རེད།།
འོག་གི་དོན་སྨྱོ་འདྲེ་རེད།། ཅེས་བའི་བཤད་སྲོལ་ཡང་ཡོད།
ཆོས་འཁོར་ཚང་ལགས། ཁྱེད་ཀྱི་ཡི་གེ་དེ་ང་ལའང་གཅིག་བསྐུར་རོགས་གནང་དང་། ང་ཡང་གཅིག་མཐོང་ན་འདོད་ཀི ངས་འབྲུག་པའི་ཁ་སྐད་ཐན་ཐུན་རེ་ཤེས་ཀྱི་ཡོད་པས་ལྷག་པར་དུ་ཀློག་ཉིང་འདོད་ཀི
ངའི་ཁ་བྱང་འདི་ཡིན།
yuthogbu@yahoo.in
འདུལ་བ་མ་འདུལ་ངས་མི་ཤེས། །བྷ་ག་འདུལ་ན་འདུལ་བ་ཡིན། །
འདུལ་བ་འདུལ་བ་ངས་མི་ཤེས། །མཇེ་མགོ་འདུལ་ན་འདུལ་བ་རེད། །
ཧ་ཧྰ། སྐུ་རྩེད་ཡིན་ནོ།
ཨ་ལགས་ཀླུ་སྨྱོན་ལགས། དགེ་ལུགས་པས་དབྱངས་ཅན་མ་བསྟེན་ན་སྡོམ་མགོ་ཐོན་དཀའ་བའི་རྒྱུ་མཚན་གང་བཤད་ཀྱི་ཡོད་རེད། ཨ་ལགས་ཁྱོད་ཀྱིས་མྱོང་ཚོར་དེ་གང་འདྲ་རེད། གསུངས་རོགས་ཞུ།
དོལ་སྨྱོན་ལགས། ཁྱེད་ལའང་བསྐུར་ཡོད་དོ། །འབྲུག་པ་ཀུན་ལེགས་འདི་ཉིད་དངོས་བྱུང་ལོ་རྒྱུས་ཀྱི་སྐྱེས་བུ་རང་ཡིན་པ་ལས། རྟོག་བཟོ་རྩ་ནས་མིན། ཁོང་གིས་མཛད་པའི་གསུང་འབུམ་ཡང་ཡོད།
འབྲུག་པ་ཀུན་ལེགས་ཟེར་ཡ་འདི་ལ་མང་པོ་ཞིག་གསུང་མཁན་འདུག་གང་ལྟར་མི་འདི་འདོད་ཆགས་ཚ་བོ་ཞིག་ཡིན་པ་ངས་ཐག་བཅད་ཐུག
ལ་སྟོད་བུ་ལགས། འདུལ་བ་འདུལ་བ་ངས་མི་ཤེས། །རང་སེམས་གྱོང་བོ་འདུལ་ན་འདུལ་བ་ཡིན། །།ཞེས་པ་དེ་ནི་རྗེ་མི་ལ་རས་པས་ཡིག་ནག་གི་དཔེ་ཆ་འགའ་བཀླགས་རྗེས་རང་སེམས་ཀྱི་གཤིས་ལུགས་ལ་མི་ལྟ་བར་ང་རྒྱལ་གྱིས་མགོ་བོ་སྦོས་པའི་བཀའ་གདམས་པའི་དགེ་བཤེས་འགའ་ལ་གསུངས་པའི་མགུར་ཚིག་ཅིག་རེད། ངས་ཚིག་འདི་འདྲ་ཞིག་འབྲུག་སྨྱོན་གྱི་རྣམ་ཐར་པོད་གཉིས་པོའི་ནང་ནས་མཐོང་མ་བྱུང་། ཉིད་ཀྱིས་འདི་གང་ནས་གཟིགས་བྱུང་།
ད་དུང་བཙུན་པ་ཞིག་གིས་ཆགས་གཏམ་བཤད་ཀྱིན་འདུག་ཟེར་བ་འདི་ལས་དགོད་བྲོ་བའི་ཚིག་ཅིག་གང་ན་ཡོད། གལ་སྲིད་ཁྱོད་ངའི་ཕ་ཡུལ་གྱི་དགོན་པ་གྲྭ་པ་ཁྲིམས་གཙང་མ་གཏོགས་སྡོད་མི་ཆོག་པ་དེ་ནས་ཡིན་གྱི་ན། ཁྱོད་ཀྱིས། བྷ་གའི་པད་མར་འོ་བྱེད་པ། །བུ་ཁྱོད་སྤྲོ་བ་ཡིན་ནམ་ཅི། །ཞེས་པའི་ཚིག་འདི་ཟླ་བ་རེ་ལ་ཚར་རེ་དང་། རྗེ་ཙོང་ཁ་པའི་དགོངས་རྫོགས་ཉི་མ་བདུན་གྱི་རིང་ཚར་རེ་ངེས་པར་དུ་སྐྱོར་དགོས། འདི་ཚོ་གསང་སྔགས་པའི་ནང་གཏམ་ཡིན་པས་དེ་ཙམ་གྱིས་ཆོག་པར་བྱ།
ཨ་ཁུ་ཀླུ་སྨྱོན་ལགས།
ཧཧཧ་ད་ཁྱེད་འབྲུག་པ་ཀུན་ལེགས་ཀྱི་སྤྲུལ་སྐུ་ད་ཅི་ཤེས།
འབྲུག་པ་ཀུན་ལེགས་ནི་ཕྱི་ཚུལ་ཆགས་གཏམ་བཤད་ཀྱང་ནང་ཚུལ་སངས་རྒྱས་དགོངས་པ།
དཔེར་ན།
ཁོང་གི་སྤུན་འབྲུག་ཐམས་ཅད་མཁྱེན་པས་མི་དམངས་ལ་བཀའ་དབང་ཞིག་གནང་བའི་སྐབས་སུ།
ཁོང་གིས་བུད་མེད་གཞོན་ནུ་མ་ཞིག་བཀའ་དབང་ཞུ་བར་བཅར་བའི་ཚེ་འབྲུག་ཐམས་ཅད་ཀྱི་སྤྱན་གྱིས་ཡང་ཡང་གཟིགས་པར་འབྲུག་པ་ཀུན་ལེགས་ཀྱིས་མཐོང་མ་ཐག་ཏུ།
འབྲུག་པ་ཀུན་ལེགས་ཀྱིས་མི་དམངས་ཀྱི་དཀྱིལ་དུ་་་་་་འབྲུག་ཐམས་ཅད་མཁྱེན་པའི་ཡིད་ཀྱི་སྡོམ་པ་ཤོར་སོང་་་་་་ཟེར་ནས་སྐད་ཤུགས་ཆེན་པོ་ཞིག་རྒྱབ་པར་ཀུན་གྱིས་ཁོ་ལ་ཉེས་པ་འགེལ་དགོས་འདུག་ཅེས་བཤད་དུས་་་་་་འབྲུག་ཐམས་ཅད་མཁྱེན་པས་དེ་ལྟར་བྱེད་མི་དགོས་དངོས་གནས་ངོས་ཀྱི་ཡིད་ཀྱི་སྡོམ་པ་ཤོར་སོང་གསུང་པ་རེད་ཅེས་ཤོད་སྲོལ་འདུག
དེ་ག་ནང་བཞིན་གོང་དུ་བཤད་པའི་ཚིག་འཕྲེང་དེ་འདྲ་ཞིག་ཀྱང་བཤད་རེད་ཅེས་བཤད་སྲོལ་ལས་ངོས་ནས་འབྲུག་པ་ཀུན་ལེགས་ཀྱི་གསུང་འབུམ་དང་རྣམ་ཐར་ལས་སོགས་ལ་ལྟས་པ་མེད་ལ་ལྟ་འདོད་པ་ཡང་མེད།
གལ་ཏེ་ཁྱེད་ལ་རྒྱུས་མངའ་ཆེན་པོས་ཚང་གྲངས་མང་པོར་ཀླགས་ཡོད་ན་ཁྱེད་ཅིས་བདེན།
ཡང་་ཁུ་ཀླུ་སྨྱོན་ཚང་གིས་རང་གི་ཕ་ཡུལ་གྱི་གྲྭ་བ་དེ་ཚོའི་སྤྱོད་ལམ་ཐམས་ཅད་འགྲེམས་ས་རེད།
ཨ་ཁུ་ཀླུ་སྨྱོན་ལགས་གསང་བ་ཆེན་པོ་དེ་འདྲ་རང་མིན་ན་གཅིག་གསུང་གནང་དང་།
དྲྭ་རྒྱ་འདིར་དེ་འདྲའི་སྐོར་ལ་ཉན་འདོད་པ་མང་པོ་འདུག
འདི་ནི་ཕ་ཡུལ་གྱི་གྲྭ་པ་ཚོའི་སྤྱོད་ལམ་སྡུག་པོ་ཞིག་རྩ་ནས་མིན་པར་རྗེ་ཙོང་ཁ་པའི་རྗེས་འཇུག་དག་གིས་གསང་སྔགས་ཀྱི་གདམས་ངག་ཉམས་སུ་ལེན་བཞིན་ཡོད་པའི་དཔང་རྟགས་གསོན་པོ་ཞིག་རེད། ང་ཚོའི་མཆོད་ཁང་གི་ནང་དུ་གསང་སྔགས་ཀྱི་ལྷ་དམར་ཧྲེང་མར་གཅིག་གིས་གཅིག་ལ་རྒྱོ་གི་ཡོད་པ་བཅུ་ཁ་རེ་བཤམས་ནས་ཕྱག་མཆོད་འབུལ་བྱས། དེ་ནས་སྒོར་བུད་དེ་མི་ཞིག་གིས་བྷ་ག་དང་ལིང་ག་ཟེར་དུས་ལྟས་ངན་ཅི་ཞིག་མཐོང་བ་ལྟར་དམོད་པ་འདི་ལས་སྡུག་པའི་ཕྱི་ནང་མི་མཚུངས་པའི་ལས་ཀ་ཞིག་གང་ན་ཡོད་དེ་མེད་དོ།། གལ་སྲིད་ཕྱི་ལོགས་ནས་ལིང་ག་བྷ་ག་ཟེར་དུས་བསྟན་པའི་ཞབས་འདྲེན་ཞུ་གི་ཡོད་ན་ནི་ཁྱེད་ཀྱི་མཆོད་ཁང་ནང་གི་ལྷ་ཡབ་ཡུམ་གྱི་ཐང་ཀ་དེ་དག་ཀྱང་ཐེར་ཚལ་སྦར་ཚལ་དུ་གཤགས་ནས་མེ་ལ་སྦར་དགོས་པར་མི་འགྱུར་གྲང་། འདི་ལ་བརྟེན་ནས་དགེ་འདུན་ཆོས་འཕེལ་གྱིས། འཇིག་རྟེན་མ་ལུས་བཅོས་མའི་མགོ་འབག་གྱོན། །ཟེར་ནས་སྡུག་སྐད་རྒྱག་དགོས་བྱུང་བ་རེད་ལགས།
ཨ་ཁུ་ཀླུ་སྨྱོན་ལགས་ལ་སྒྲུང་སོགས་གང་ནས་ཀྱང་བཤད་ཀྱང་ཤོད་རྒྱུ་མང་པོ་ཡོད་མཁན་ཅིག་རེད་འདུག
ང་ལའང་དེ་ལྟ་བུའི་སྒྲུང་ཞིག་ཡོད།
སྔོན་མ་བུད་མེད་ཅིག་ལྷ་ཁང་ཞིག་ལ་མཆོད་མཇལ་ཞུ་བར་ཕྱིན་པར།
གསང་སྔགས་ནང་རྒྱུད་ཀྱི་ལྷ་ཁྲོ་བོ་དང་ཁྲོ་མོ་དེ་ཚོ་བདེ་སྟོང་ཟུང་འཇུག་གི་རྣམ་པར་རོལ་པའི་འདྲ་སྐུར་མགོ་ཐུག་བྱས་ཏེ་སྨོན་ལམ་རྒྱབ་བཞིན་དུ་མིག་ཆུ་གཏོང་བཞིན་ཨ་་་་ཙི་འདས་པ་ངེད་གཉིས་འདི་འདྲ་ག་ཚོད་བྱས་ཡོད་རྒྱུ་མ་རེད།་ཅེས་་་་བཤད་པར་ཐོས།
སྒྲུང་འདི་ཁྱེད་ཀྱིས་མ་འོང་པར་བདེ་སྟོང་དང་འདོད་ཆགས་ལམ་འཁྱེར་སྐོར་ལས་སོགས་ཁྱེད་ཀྱི་གསུང་འབུམ་ནང་དུ་ཚུད་ཐབས་ཞིག་གནང་རོགས།
མ་གཞི་ནས་ཨ་ཁུ་ཀླུ་སྨྱོན་ལགས་ལ་ཞུ་རྒྱུར།
གསང་སྔགས་ནང་རྒྱུད་ཀྱི་བདེ་སྟོང་ཟུང་འཇུག་སྒོམ་པའི་ཐབས་ལམ་ལ་ངེས་པར་དུ་རྟེན་བཅས་ཤིག་དགོས་པ་ཡོད་དམ།
ཨ་དེ་འདྲ་ཡིན་ན་ཁྱིམ་སྤང་རབ་བྱུང་བཙུན་པས་གསང་སྔགས་ཉམས་སུ་ལེན་རྒྱུའི་སྐལ་པ་མེད་པ་འདྲ།
རི་མོར་བྲིས་པའི་བུད་མེད་ལ་རྒྱོ་བ་དང་བུད་མེད་དངོས་ལ་རྒྱོ་བའི་ཁྱད་པར་ག་འདྲ་རེད། འདི་ནི་ངའི་ལན་ཡིན་ལགས།
ད་དུང་གསུམ་ལུས་འདུག
བདག་ཅག་གི་སྟོན་པ་དང་ལྷ་ཡི་བུ་མོ་ཐིག་ལེ་མཆོག་མ་གཉིས་བར་གྱི་བརྩེ་དུང་གི་གཏམ་རྒྱུད་དེ་ཤེས་སམ།
རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་ནང་དུ་གྲྭ་པ་གཉིས་གསུམ་མ་གཏོགས་མེད་པའི་རྒྱུ་མཚན་ཤེས་སམ།
རྗེ་ཙོང་ཁ་པས་བར་དོ་ནས་མ་གཏོགས་མཆོག་གི་དངོས་གྲུབ་མ་ཐོབ་པའི་གནས་ལུགས་དེ་ཤེས་སམ།
རི་མོར་བྲིས་པའི་བུ་མོ་དང་བུ་མོ་དངོས་ལ་རྒྱ་ན་རོ་ཅན་གྱི་ལས་བྱེད་པ་ལ་གཉིས་ལ་ཀུན་སློང་དབང་དུ་བྱས་ན་ཁྱད་པར་གང་ཡང་མེད།
སོ་ཐར་སྡོམ་པ་ཤོར་དང་མི་ཤོར་བའི་དབང་དུ་བྱས་ན་སྲོག་གཅོད་པ་དང་མི་གཙང་བ་སྤྱོད་པ་གཉིས་ནི་དངོས་པོ་གཙོ་བས་ཁྱད་པར་ལོས་ཡོད།
རི་མོར་བྲིས་པའི་བུ་མོ་ལ་རྒྱ་ན་རོ་ཅན་བྱེད་མི་ཨ་ཁུ་ཁྱེད་ཨ་ཁ་་་་་་་་་
ཨ་ལས་རྗེ་རྩོང་ཁ་བས་གསང་སྔགས་རིམ་ཆེན་མོ་དེ་ཚོ་རྒྱུས་མེད་ཀྱིས་རྒྱུས་མདོག་གིས་བཤད་པ་ཡིན་ནམ།
དེ་འདྲ་རང་ཡིན་མདོག་རང་མ་རེད།
གསང་སྔགས་ཀྱི་དབང་བཞི་ལེན་ཐབས་ལ་རྟེན་བཅས་དང་རྟེན་མེད་གཉིས་ཀྱིས་ལེན་ཚུལ་སོ་སོ་ནས་ཡོད་པ་དེ་ཚོ་ག་འདྲ་ཡིན་ན་ཡིན་ནམ།
གསང་སྔགས་ཀྱི་ལམ་དུ་བཞུགས་པར་ངེས་པར་དུ་རྟེན་བཅས་སམ་རིགས་མ་རྟེན་དགོས་པ་ཡོད་དམ།
གསང་སྔགས་ནི་ཐབས་ཆེ་སྒོ་ཡངས་ཀྱི་ཐེག་པ་ཞིག་ཡིན་པའི་རྒྱུ་མཚན་མེད་དམ།
ཨ་ལགས་ཨ་ཁུ་ལ་ཀུ་རྩེད་ཞུས་ཀྱི་ཡོད།
ཡང་མགྲིན་པའི་རྩ་མདུད་དེ་གྲོལ་ན་་་་་
ཁྱོ་བོའི་ལུས་ཀྱི་ཕྱེད་ནི་ཆུང་མ་ཡིན།།
ཆུང་མའི་ལུས་ཀྱི་ཕྱེད་ནི་ཁྱོ་ག་ཡིན།།
རང་གི་ཕྱེད་གཤག་མི་ཡི་རྐང་ལག་ཅན།།
སོང་ཡང་དུད་འགྲོའི་གྲས་སུ་ཚུད་པ་དཀའ།། ཚིག་ཇི་བཞིན་ཡིན་མིན་མི་ཤེས་མོད། དགེ་ཆོས་ཀྱི་དོན་དེ་ལྟར་ཡིན།
ད་དུང་གསུམ་ལུས་འདུག
སྟོན་པ་བཅོམ་ལྡན་འདས་ཀྱིས་ལྷ་ཡི་བུ་མོ་མཆོག་མ་ཙམ་དུ་མ་ཟད་ཁབ་ཀྱི་གྲངས་ག་ག་ཚོད་ཅིག་བཞེས་པའང་ཤེས་ཀྱི་ཡོད།མ་གཞི་ནས་སྟོན་པ་བཅོམ་ལྡན་འདས་དང་བུ་མོ་དེ་གཉིས་ཀྱི་དབར་ལ་བརྩེ་གདུང་ལོས་ཡོད།
སྟོན་པས་སེམས་ཅན་ཐམས་ཅད་ལ་བརྩེ་གདུང་ཡོད་དུས་བུ་མོ་དེ་ཟུར་དུ་འཇོག་ག་ལ་རུང།
རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་ནང་དུ་གྲྭ་བ་རེ་གཉིས་ལས་མེད་པའང་ཤེས་ཀྱི་ཡོད།
འོན་ཀྱང་རེ་གཉིས་ཡོད་པ་དེ་ཡོད་པའི་གོ་ཆོད་དགོས་པ་དེ་ཤེས་ཀྱི་ཡོད་དམ།
རྗེ་ཙོང་ཁ་བས་བར་དོ་ནས་མཆོག་གི་དངོས་གྲུབ་ཐོབ་ཨེ་ཐོབ་ཁོང་ནི་མདོ་ཡི་ལུགས་ཀྱི་ལྟ་བ་མཐར་ཐུག་པའི་ཤིང་རྟའི་སྲོལ་འབྱེད་ལྟ་བུ་ཞིག་ཡིན་དུས་མདོ་ལུགས་ལ་སྐྱེ་སྲིད་འདི་ཡི་ལུས་རྟེན་དོར་རྗེས་བར་དོར་སངས་རྒྱས་པ་ཡོད་དམ།
མདོ་ལུགས་ལ་བསྐལ་ཆེན་གྲངས་གསུམ་དུ་ཚོགས་གཉིས་བསགས།
གྲངས་མེད་གསུམ་དུ་སྒྲིབ་པ་སྦྱང་ནས།
མཐར་གནས་གང་དུ་སངས་རྒྱས་པའང་ཤེས་ཀྱི་ཡོད།
ཨ་ལགས་ལ་ཀུ་རྩེད་ཞུས་ཡིན་དཱ།
ལྟས་ངན་བརྒྱད་ཅུའི་ནང་ཚན་རྨི་ལྟས་སུ་་ཕོ་ཡི་མཚན་མ་ངན་པ་དེ་སྟོན་ན་བདུད་བཟློག་ཞིག་འདོན་བཀུལ་ཞུ་དགོས་ཐུག་ཡོང།
དྲྭ་གྲོགས་ཨ་ནུ་ཐང་བསོད་ནམས་ལགས་འདིར་མཇལ་བར་དགའ་བོ་བྱུང།
ཁྱེད་སྐུ་ཁམས་ཨེ་བཟང།
ཁ་དྲོ།
ང་ཁྱེད་རང་དང་ཉེ་འགྲམ་ཞིག་གི་རྒྱལ་ཁབ་ལ་ཡོད།
འོན་ཀྱང་ཞལ་མཇལ་ཨེ་ཐུབ་བལྟ་གི་ཡིན།
ཁ་ཅིག རྗེ་ཙོང་ཁ་བས་བར་དོ་ནས་ མཆོག་གི་དངོས་གྲུབ་ཐོབ་ཨེ་ཐོབ་ཁོང་ནི་མདོ་ཡི་ལུགས་ཀྱི་ལྟ་བ་མཐར་ཐུག་པའི་ ཤིང་རྟའི་སྲོལ་འབྱེད་ལྟ་བུ་ཞིག་ཡིན་དུས་མདོ་ལུགས་ལ་སྐྱེ་སྲིད་འདི་ཡི་ལུས་ རྟེན་དོར་རྗེས་བར་དོར་སངས་རྒྱས་པ་ཡོད་དམ། ཞེས་པ་མི་འཐད་དེ། མདོ་སྔགས་ཉ་ཉུང་བསྲེས་པ་དང་གཅིག སྔགས་ལུགས་ལ་ཚེ་གཅིག་ལ་འཚང་རྒྱ་བ་ཡོད་ཀྱང་ལུས་གཅིག་སངས་རྒྱས་པ་མེད། ཅེས་པའི་ལེགས་བཤད་རྣམས་ཐོས་མྱོང་ཨ་ཡོད་སྙམ་པ་འདུག
ད་ཐེངས་ཀ་རྡོ་འདིའི་གསུང་དེ་ལེགས་བཤད་དུ་སྣང་། ཤིང་རྟའི་སྲོལ་འབྱེད་ཡིན་ན་ལུས་རྟེན་དེ་ལ་སངས་རྒྱས་པར་འདོད་པ་ནི་མདོ་སྔགས་ལུགས་གང་ན་ཡང་མེད་པ་ཞིག་རེད། ཀླུ་ཐོགས་སུ་ཡིན་ན་ཡང་ཤིང་རྟའི་སྲོལ་འབྱེད་ཡིན་ན་ཡང་རྟེན་དེ་ལ་སངས་རྒྱས་པར་གང་ནས་ཀྱང་མ་བཤད།
མདོ་ན། འདོད་པ་ཁམས་དང་གཟུགས་མེད་ན།། སངས་རྒྱས་རྣམ་པར་འཚང་མི་རྒྱ།། གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ།། འདོད་ཆགས་བྲལ་ཁྱོད་འཚང་རྒྱའོ།། གསུངས་ཡོད་ཀ ད་དུང་སྔགས་ལུགས་ལ། ཤེས་སྒྲིབ་ཆུང་ཕྲ་སྔགས་ལས་མདོ་ལུགས་ཀྱི་ལམ་གྱིས་སྤོངས་མི་ཐུབ་པ་ནི་སྔགས་རིམ་ཆེན་མོས་བསྡུས་པའི་རྒྱུད་ཀྱི་རྒྱལ་བོ་དཔལ་གསང་བ་འདུས་པའི་དགོངས་པའི་ཡང་སྙིང་རེད་དོ།
སྲིད་པ་བཞིའི་གོ་རིམ་ནི། ༡ བར་སྲིད། ༢ མངོན་དུས་ཀྱི་སྲིད་པ། ༣ སྐྱེ་སྲིད། ༤ བར་སྲིད་བཅས་རེད་དོ། མི་གཅིག་ཤི་ནས་དེའི་རྗེས་སུ་གྲུབ་པའི་བར་དོ་དེ་ནི་སྐྱེ་པ་ཕྱི་མ་དེའི་བར་སྲིད་རེད། སྐྱེ་བ་ཕྱི་མ་དེའི་སྲིད་པའི་གྲས་ལ་བགྲང་དགོས་པ་རེད།
འོ་བཞི་བ་ནོར་འདུག བཞི་བ་དེ་འཆི་སྲིད་རེད། ད་ཧོན་ལོག་བསྡད་ཡོད་ནི་ན། ལག་པ་འདྲེས་བཟུང་ཡོད་ནས་ན་ཅིག་ཏན་ཏན་རེད།
ཕོ་མཚན་སྒོ་ཁར་བཤམ་པ་དེ་འདྲ་བོད་དུ་ཡང་མཐོང་མྱོང། ཆོས་ལུགས་ཀྱི་སྲོལ་རྒྱུན་ཞིག་ཡིན་པ་འདྲ།
ལ་སྟོད་བུ་ལགས་ཀྱིས་རྨི་ལམ་དུ་ལིང་ག་མཐོང་ན་ལྟས་ངན་ཡིན་ཚུལ་ཞིག་གསུངས་འདུག ངའི་ལུང་པར་ཡང་རྨི་ལམ་ལ་ལིང་ག་མཐོང་ན་ལྟས་ངན་དུ་བརྩི་བ་མ་ཟད། མངོན་སུམ་དུ་མཐོང་ན་དེ་བས་ཀྱང་ལྟས་ངན་སྣ་དགུ་རུ་བརྩི་གི་ཡོད། བྷ་ག་མཐོང་ན་ནི་དེ་ལས་ལྡོག་སྟེ་བཟང་པོར་བརྩི་གི་ཡོད། འོ་ན་ལིང་གའི་གཟུགས་བརྙན་གྱིས་མི་ཁ་བཟློག་ལ་ལིང་ག་དངོས་ཀྱིས་ལྟས་ངན་འཁུར་ཡོངས་དགོས་དོན་གང་ཡིན་ནམ། དེའི་ཐད་དཔྱད་པ་གནང་རྒྱུ་ཡོད་དམ།
དྲ་གྲོགས་འགས་འབྲུག་པས་ལིང་ག་ལ་མཆོད་པའི་རྒྱུ་མཚན་ལ་མའེ་ཀཱལ་ཨེ་རིསི་གིས་པར་ནང་ལ་དེ་ལྟར་འདུག་ཟེར། འདི་ནི་རྒྱུ་མཚན་ལྟར་སྣང་ལས་རྒྱུ་མཚན་ཡང་དག་ཏུ་རེད་མི་འདོད། ཁང་པའི་གྱང་ངོས་སུ་ལིང་གའི་པར་མཐོང་རྒྱུ་ཡོད་པ་ནི་དེང་སང་གི་ཁང་པའི་གྱང་ངོས་སུ་མཐོང་རྒྱུ་ཡོད་པ་ལས། སྔར་གྱི་ཁང་པའི་རྙིང་པའི་གྱང་ངོས་སུ་མཐོང་རྒྱུ་མེད། སྔར་གྱི་ཁང་པའི་སྟེང་དུ་མཐོང་རྒྱུ་ཡོད་པའི་ལིང་ག་དེ་ནི་ད་ལྟའི་ཁང་པའི་ཡང་སྟེང་དུ་མཐོང་རྒྱུ་མེད། དེས་ན་སྔར་ཤིང་གིས་བཟོ་ནས་ཁང་པའི་སྟེང་དུ་འཇོག་གི་ཡོད་པ་དེ་དེང་སང་རི་མོ་ལ་གྱུར་ནས་གྱང་ངོས་སུ་སླེབས་པ་ཡིན་པ་འདྲ།
འདུལ་བ་འདུལ་བ་ངས་མི་ཤེས། །རང་སེམས་འདུལ་ན་འདུལ་བ་ཡིན། །གསུངས་པའི་ཚིག་དེ་དང་། ལ་སྟོད་བུས་གསུངས་པའི་སྒྲུང་དེ་ནི་འབྲུག་པ་དགེ་འདུན་རིན་ཆེན་གྱིས་བརྩམས་པའི་འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་ནང་དུ་གསལ། རྣམ་ཐར་དེའི་མཚན་ཡང་ཧ་ལེ་ཧོ་ལེ་ཡིན་ལ་དོན་ལ་ཡང་ཧ་ལེ་ཧོ་ལེ་རང་རེད་དེ། ཞིབ་འཇུག་པ་ཞིག་གིས་བལྟས་ན་ཕལ་ཆེར་ཁུངས་ཐུབ་མེད་པ་འདྲ་ཞིག་ཡོད།
ཡིན་ན་ཡང་ལ་སྟོད་བུས་འབྲུག་པ་ཐམས་ཅད་མཁྱེན་པ་གསུངས་འདུག་ཀྱང་ཡིག་ནོར་ཤོར་བ་མིན་ནམ་སྙམ་སྟེ། རྣམ་ཐར་ནང་དུ་ནི་ཡིད་ཀྱི་སྡོམ་པ་ཤོར་མཁན་དེ་ཀརྨ་ཡིན་པར་གསུངས་ཡོད། དེའི་འཕྲོས་སུ་ཀརྨ་པས་འབྲུག་པ་ཀུན་ལེགས་དེ་སྟོད་ལུང་མཚུར་ཕུ་དགོན་པར་བཞུགས་དགོས་པར་གསོལ་བ་འདེབས་དུས། རྒྱབ་ཏུ་བྲག་ནག་པོ། མདུན་དུ་མཚོ་ནག་པོ། བླ་མ་ཞྭ་ནག་པོ། ཨ་ནེ་སྟུ་ནག་པོ། གྲྭ་པ་སེམས་ནག་པོ། ནག་པོ་ལྔ་འཛོམས་སར་ང་མི་སྡོད་ཅེས་གསུངས་ཡོད་ལུགས་བཀོད་ཡོད་རེད།
ཞིབ་འཇུག་པས་བལྟས་ན་ཁུངས་ཐུབ་མེད་པ་འདྲ་ཞིག་ཡོད་ཟེར་བ་དེ་ཡང་། རྣམ་ཐར་འདིའི་ནང་ལ་འབྲུག་པ་ཀུན་ལེགས་དང་ས་སྐྱ་པཎ་ཌི་ཏ་གཉིས་རྩོད་པ་རྒྱག་པའི་ལོ་རྒྱུས་ཤིག་ཡོདཔ་དེ་རེད། ས་སྐྱ་པཎ་ཌི་ཏའི་སྤྲུལ་སྐུ་ཞིག་ཡིན་ན་མ་གཏོགས་ས་པཎ་དངོས་དང་ནི་དུས་རབ་ཀྱིས་མ་འགྲིགས་པས་དཔྱད་གཞིར་གྱུར་ཡོད།
དེ་བཞིན་འབྲུག་པ་ཀུན་ལེགས་བོད་ནས་འབྲུག་ལ་མ་ཕེབས་གོང་ལ་འབྲུག་པ་ཞིག་གིས། འབྲུག་པ་ཀུན་ལེགས་ལྷ་སའི་ཁྲོམ་ཚོགས་སུ་ཡོད་པའི་ཞབས་སུ་བཅར་ཏེ། ཁྱེད་ཀྱི་མཚན་ལ་འབྲུག་པ་ཀུན་ལེགས་ཟེར་བ་མ་གཏོགས། བོད་པ་ཀུན་ལེགས་ཟེར་བ་མེད། དེས་ན་འབྲུག་ལ་ངེས་པར་ཕེབས་དགོས་ཞེས་གསོལ་བ་བཏབ་ཡོད་ལུགས་གསུངས་ཡོད།
དེ་ལ་དཔྱད་དགོས་རྒྱུ་ནི་ནམ་རྒྱུན་ང་ཚོས་འབྲུག་ལུང་པའི་མིང་ལ་འབྲུག་ཅེས་ཐོགས་པ་དེ་སྤྱི་ལོ་༡༦༡༦ ལ་ཀུན་མཁྱེན་པད་དཀར་གྱི་སྤྲུལ་པ་ཞབས་དྲུང་ངག་དབང་རྣམ་རྒྱལ་ལུང་པ་འདིར་ཕེབས་པ་ནས་ཐོགས་པ་ཡིན་པར་བཞེད་ཀྱང་། རྣམ་ཐར་འདིའི་ནང་ལ་དེ་སྔོན་ནས་འབྲུག་ཅེས་ཐོགས་ཡོད་ཚུལ་གསུངས་པ་དེ་རེད།
དྲ་གྲོགས་སྔར་གྱི་ལོ་རྒྱུས་ལ་མཁས་པ་རྣམས་ཀྱིས་འབྲུག་ལུང་པར་འབྲུག་ཅེས་ག་དུས་ནས་ཐོགས་པ་ཡིན་མིན་སྐོར་རྒྱུས་ཡོད་ན་གསུངས་རོགས
གཡུ་འབྲུག་དཀར་པོས་དུས་ལ་བབས་པའི་འབྲུག་སྒྲ་ཞིག་གྲགས་སོང་ཐུགས་རྗེ་ཆེ།
ཁྱེད་ལ་དེ་ཡི་སྐོར་རྒྱུས་མངའ་ཡོད་པས་མ་ཟད་ཅིག་ཅིག་མིག་མིག་ཅེས་ནས་བཤད་སོང།
ངས་ནི་འབྲུག་པ་ཀུན་ལེུགས་ཀྱི་རྣམ་ཐར་སོགས་བཀླགས་མ་མྱོང་ལ་ཀློག་པར་ངོ་ཚ་ཡང་ཡོང་གི་འདུག
ངས་བཤད་པ་ནི་རྒན་རབས་དེ་ཚོའི་ངག་ལམ་ནས་གོ་བ་ཤ་སྟག་རེད།
ཨ་ཙི་ཁྱེད་ཀྱི་ཕ་ཡུལ་དུ་བྷ་ག་མཐོང་ན་རྟེན་འབྲེལ་བརྩི་སྲོལ་ཡོད་ས་རེེད།
ང་ཡི་ཕ་ཡུལ་ལ་ནི།
ཕོ་མོའི་མཚན་མ་སྟོན་པ་དེ་ཡི་ལྟས་ངན་གཏོར་མས་བཟློག
ཅེས་བཟློག་པ་རྒྱབ་དགོས་ཀྱི་ཡོད།
འོ་ད་དེ་དག་ཐམས་ཅད།
ཡུལ་ཆུང་རེ་ལ་དགོན་པ་རེ།
དགོན་པ་རེ་ལ་བླ་མ་རེ།
བླ་མ་རེ་ལ་ལུགས་སྲོལ་རེ།
དེ་རང་ཡིན་རྒྱུ་རེད།
ཁ་ཅིག་གིས།
གསང་སྔགས་ལུགས་ལ་ལུས་གཅིག་ལ་སངས་རྒྱས་པར་མི་འདོད་ཚུལ་འདི་ལ་ལྟས་ན་རྫོགས་པ་ཆེན་པོའི་ལུགས་ལ་ལུས་རྟེན་འདི་ཡི་སྟེང་དུ་སངས་རྒྱས་ལག་འཆང་ཐོད་པ་བོར་ཆོག་ཅེས་པའི་གདམ་ཟབ་དེ་རིགས་གོ་མྱོང་མི་འདུག
རྫོགས་པ་ཆེན་པོ་ཡང་མདོ་སྔགས་གཉིས་བསྟན་པའི་སྐབས་ཀྱི་སྔགས་ཀྱི་སྡེ་ཚན་དུ་གཏོགས་པར་གོ་མྱོང་ཡོད་ས་མ་རེད།
སྟོན་པའི་སྐུ་མངོན་སུམ་དུ་ཞལ་མཇལ་བ་ལ་བ་ཙམ་གྱིས་སངས་རྒྱས་པ་དེ་ཚོ།
ཨ་ཁ་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སངས་རྒྱས་ཡོད་ས་མ་རེད།
ཤེས་སྒྲིབ་ཕྲ་མོ་དེ་ལུས་འདུག
ཁོང་ནི་མདོ་ཡི་ལུགས་ཀྱི་སངས་རྒྱས་ཚུལ་བསྟན་པ་རེད།
སྲོད་ལ་བདུད་བཏུལ།
དགུང་ལ་མཉམ་་པར་བཞག
ཐོ་རང་མངོན་པར་སངས་རྒྱས་ཚུལ་ཞིག་བཤད་ཡོད།
ལ་སྟོད་བུས་བཤད་པ་བདེན་པ་རེད། དེ་དག་ཚང་མ་སོསོའི་ལུང་པའི་སྤྱོ་རེད། འོན་ཀྱང་འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་ཀློག་རྒྱུར་ངོ་ཚ་ཞིང་ཉན་རྒྱུར་ངོ་མི་ཚ་བ་ནི་བགོད་བྲོ་བ་ཞིག་འདུག
ལ་སྟོད་བུ་ལགས། ཁྱེད་ཀྱིས་ཀྱང་མདོ་ལུགས་ནས་སངས་རྒྱས་ཚུལ་བསྟན་པ་རེད་གསུངས་འདུག་ག སངས་རྒྱས་ཚུལ་བསྟན་པ་དང་སངས་རྒྱས་པ་གཉིས་ཁག་ཁ་མ་རེད་པས། ཁག་ཁག་ཡིན་སོང་ན་མདོ་ལུགས་ནས་སངས་རྒྱས་ཚུལ་བསྟན་ཡང་ངོ་མ་ནི་སྔགས་ལམ་ནས་སངས་རྒྱས་པ་ཡིན་པས་ཤེས་སྒྲིབ་ཕྲ་བ་ལུས་དགོས་དོན་འདུག་གམ་གཟིགས་དང་།
ངས་གསལ་པོ་མི་ཤེས་ཏེ། གསང་སྙིང་ནས་ཡིན་ནམ་ཅིག་རེད། གང་ལྟར་སྔགས་གཞུང་གཅིག་ནས་ སངས་རྒྱས་ནེ་ར་ཛྙ་ནར་ལོ་དྲུག་དཀའ་བ་སྤྱད་དུས་བཏགས་པའི་ལུས་དེར་བཞག་ནས་ཡེ་ཤེས་ཀྱི་ལུས་ཀྱིས་འོག་མིན་དུ་ཕེབས་ནས་སངས་རྒྱས་པ་རེད་ཟེར་བ་ཞིག་གསུངས་ཡོད་རེད་དྲན།
དེ་ནི་ཁྱེད་ལ་དྲན་གསོས་ཙམ་རེད། གསལ་ཁ་མཁྱེན་འདོད་གསང་རྙིང་འགྲེལ་པ་སོགས་སུ་གཟིགས། དེར་ཡོད་རེད་དྲན།
འབྲུག་ཅེས་པ་ནི་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་ལུགས་ཀྱི་མིང་དེ་ཕར་ལྷོ་མོན་གྱི་ལྗོངས་ལ་ཐོགས་པ་རེད།
དེ་སྔོན་འབྲུག་ཡུལ་མེད་པ་མ་རེད་དེ་མོན་ཞེས་འབོད། ཕལ་ཆེར་འབྲས་ལྗོངས་དང་འབྲུག ད་ལྟ་ང་ཚོས་མོན་ཞེས་འབོད་པའི་ཞེས་རྟ་དབང་ཕྱོགས་ལ་སྤྱི་ཡོངས་ནས་མོན་ཞེས་གྲགས་པ་འདྲ། འབྲས་ལྗོངས་ནང་ཡོད་པའི་ལེབ་ཅ་ཞེས་པའི་མི་རིགས་དེལའང་ད་ལྟ་འབྲས་ལྗོངས་པས་མོན་པ་ཞེས་འབོད། དེས་ན་གུ་རུའི་གསོལ་འདེབས་བསམ་པ་ལྷུན་གྲུབ་མ་ལས། ལྷོ་ཕྱོགས་མོན་ཁའི་བྲག་ལ་སྐུ་རྗེས་བཞགཿ ཅེས་པ་དེ་ལྟ་འབྲུག་བུམ་ཐང་ཡིན་པ་དང། རྗེ་འབངས་ཉེར་ལྔའི་གསོལ་འདེབས་བྱང་བདག་དབང་པོ་སྡེས་མཛད་པ་ལས། མོན་ཁ་ན་རིང་ཕྲིན་ལས་ཕུར་སྒྲུབ། །མཚོ་རྒྱལ་བསད་པའི་མི་རོ་བསླངས་དེར། །ཞེས་པ་དེའང་ད་ལྟ་སེང་གེ་རྫོང་སྟེ། འབྲུག་གི་གཡང་རྩེ་ཟེར་བའི་རྫོང་ཁོངས་སུ་བཏོགས་གི་ཡོད།
དེ་ནས་འབྲུག་གི་བུ་མོ་བཀུག་སྟངས་དང་། འབྲུག་མོ་ཚོ་གྲྭ་པ་ལ་དགའ་ཞིང་། དེ་ལས་སྤྲལ་སྤྲལ་དང་སྤྲུལ་སྤྲུལ་གྱི་མིང་ཡོད་ན། བཞོན་རྒྱུ་མི་རག་པའི་སེམས་ཁྲལ་མི་དགོས་པ། གཞན་ཡང་མཚན་འགྲོས་ཀྱིས་འཇབ་ནས་རྒྱ་ལ་ན་རོ་རྒྱབ་སྟངས་སོགས་མང་བས་བཤད་ནས་ཅི་བྱེད། ད་གཡུག་ཞོག
བཤད་དྲག་ན་་་་་་་་་་་་་་་་་་་་་
གོང་དུ་མཆན་གྲངས། ༥༠ ༥༢ ༥༤ དོལ་སྨྱོན་གྱིས་དྲིས་པ་དང་ཀླུ་སྨྱོན་གྱིས་བསལ་བཤད་གཉིས་ཐུགས་རྗེ་ཆེ་ཞུ།
སྙན་གང་བྲི་འདོད་མཛྷཁན་ཚོས་དེར་མིག་ཞགས་ཚར་གཅིག་ཕོངས་ན་གྱོང་མིན་པས་དེ་ལྟར་མཛོད་ཅིག་གུ
ཨ་གཡུ་འབྲུག་དཀར་པོས་ཡག་པོ་བཤད་འདུག
ཀློག་པ་དང་ཉན་རྒྱུ་གཉིས་ཅུང་མི་འདྲ་གཱ།
དཔེར་ན།་
དགེ་འདུན་ཆོས་འཕེལ་དང་མི་ཕམ་བཙུན་པ་གཉིས་ལྟ་བུ་རེད།
སྟོན་པས་སངས་རྒྱས་ཚུལ་བསྟན་པ་ནི་སངས་རྒྱས་པ་རང་རེད།
དྲ་གྲོགས་ཚོ། སྔགས་བླ་མེད་ལྟ་ཞོག ཕར་ཕྱིན་ཐེག་པའི་ལུགས་ཀྱང་ཚད་ཐུབ་སློབ་སྦྱོང་ཡོད་མཁན་ཞིག་ཡོད་བཟོ་མི་འདུག དེ་ལ་མཆན་འབྲི་ན་རང་གཞན་གཉིས་ཀ་དམྱལ་བར་སྐྱེ་རྒྱུ་རེད། དེ་ལས་ལོ་རྒྱུས་རིག་གནས་སོགས་གསུང་དང་དགའ་བསུ་ཡོད། གདན་སའི་སློབ་གཉེར་བ་ཚོས་མཐོང་ན་ཁ་བརྡ་ཚང་མཆན་བ་ཚོའི་ཞབས་འདྲེན་ཆགས་རྒྱུ་རེད། གལ་སྲིད་གཞུང་གི་མཆན་འབྲི་འདོད་ན་སློབ་སྦྱོང་གྱིས། ཨེ་གོ་ཐལ།
གཙང་བུ་ལགས་ཡིན་རྒྱུ་རེད། སྔོན་མ་ནས་རོ་དངོས་གྲུབ་རྡོ་རྗེའི་གཏམ་རྒྱུད་བཞིན་ཤེས་མདོག་བྱེད་མཁན་དེ་ཚོ་ལ་མེད་ཡ། ས་ལེགས་ལས་ཀྱང་། ཆུ་ཕྲན་རྟག་ཏུ་ག་རུ་རེད་འོ་ངས་དྲན་མ་སོང་། རྗེས་མར་འབུད་རོགས།
སྟོན་པ་ཤཀྱྰ་ཐུབ་པའི་མཛད་ཆེན་བཅུ་གཉིས་གྲངས་འདྲེན་སྐབས་སུ། རྒྱུད་བླ་མ་ལས་ཐོག་མར། ཆོས་ཀྱི་སྐུ་ལས་མ་གཡོས་པར། ། སྐྱེས་པ་མངོན་པར་སྐྱེས་པ་དང་།། དགའ་ལྡན་གནས་ནས་འཕོ་བ་དང་།། ཞེས་མཛད་པ་རྣམས་གྲངས་འདྲེན་བྱས། དེའི་ཐོག་མར་ཆོས་ཀྱི་སྐུ་ལས་མ་གཡོས་པར་ཟེར་བ་འདི་སྤྲུལ་གཞི་ལ་བཞག་ནས་མཛད་པ་བཅུ་གཉིས་རྣམས། མཆོག་གི་སྤྲུལ་སྐུའི་མཛད་པ་འཛམ་བུ་གླིང་དུ་བསྟན་པ་ཡིན་ནོ།
དྲ་གྲོགས་ལ་སྟོད་ཀྱི་བུ་ལགས། བདེ་མོ་ཡིན། ལས་བྲེལ་དང་སློབ་བྲེལ་གྱི་ངང་གིས་དུས་ཚོད་འདའ་བཞིན་མཆིས་ལགས། སྐུ་ཉིད་འདི་ཕྱོགས་སུ་ཕེབས་ཚེ་ཕྲན་ལ་གསུངས་དང་། ངེད་གཉིས་ཐུག་ཆོག
ངའི་གློག་འཕྲིན་ཁ་བྱང་
sonamgonchoe@gmail.com
བྱ་བཞག་ལམ་འགྲོ་ཡོང་བའི་སྨོན་ལམ་ཡོད།
ཁྱོད་ཚོས་སྒོ་གཏད་དེ་འབུ་ལུ་རེད་བསམ་གི་ཡོད་ས་རེད་པ། སྒོ་གཏད་དེ་ཨ་མདོ་ཕྱོགས་ན་ཡང་ཡོད་པ་རེད། འོན་ཀྱང་དེ་འབི་ལི་རེད་ཟེར་ན་སྣ་བར་མི་འགྲོ་མོད། ཁྱོད་ཚོས་བཤད་པ་ལ་ལྟོས། དེ་ནས་སྒོ་གཏད་དེ་དྲན་གསོ་བཏང་ན་ངོ་ནས་འབི་ལི་འདྲ་བོ་ཞིག་འདུག ངས་ཨ་མདོ་ཕྱོགས་ནས་སྒོ་བསྡམ་བྱེད་རིགས་ཁ་ཤས་མཐོང་མྱོང་བ། ༡༽ སྒོ་གཏད་རེད། དེ་ནི་སྒོའི་ནང་ལོག་ནས་བསྡམ་བྱེད་ཅིག་རེད། སྒོའི་གཡས་གཡོན་གཉིས་ལ་སྒོ་ཤིང་སྤྲད་དེ། དེའི་ཁུང་བུ་ནང་དུ་གཡས་འགྲམ་ནས་གཡོན་འགྲམ་བར་དུ་སླེབས་པའི་ཤིང་ཞིག་ཡོད། དེ་ལ་སྒོ་གཏད་ཟེར། མགོ་འབྱུང་འབྱུང་ཞིག་ནི་རེད། འོན་ཀྱང་གཡས་གཡོན་གཉིས་ཀའི་མགོ་འབྱུང་འབྱུང་རེད། ལྷ་སའི་ཕྱོགས་ནས་འབ་ཤིང་ཟེར་བ་དེ་དང་གཅིག་པ་མིན་འགྲོ
༢༽ སྒོ་ཁྱུད་ཟེར་བ་དེ་རེད། ཁ་སྐད་ལ་སྒོག་ཁྱུད་ཟེར་བའི་བཟོ་འདྲ་ཞིག་འདུག དེ་ནི་སྒོའི་ནང་ལོག་གི་ཕྱོགས་གཅིག་ན་ཡོད་པའི་སྒོ་བསྡམ་བྱེད་ཅིག་རེད། དེ་ནི་ལེབ་ལེབ་ཡིན་པས་འབི་ལི་བཟོ་འདྲ་ཞིག་མི་འདུག
༣༽ དེ་ནས་ལྕག་ལུང་ཟེར་བ་དེ་རེད། འདི་ལ་ཧྭ་ལུང་སོགས་ལུང་ཚན་མང་པོ་ཞིག་ན་ཐེ་ལུང་ཟེར། ཐེ་ལུང་དེ་སྒོའི་ཕྱི་ནང་གཉིས་ཀ་ན་ཡོད། ད་དུང་གནའ་སྔོན་མའི་ལུགས་སྲོལ་ལ་སྒོའི་ཕྱི་ལྕགས་ལུང་སྟེང་དུ་ལྕི་བ་སྦྱར་ནས་ནང་དུ་མི་གཞན་འོང་མ་འོང་ལ་བརྟག་དཔྱད་གཏོང་བ་དང་། ད་དུང་ཟྭ་བརྒྱབ་ནས་སྒོ་བསྡམ་པ་སོགས་ཡོད་ཀི སྒོ་ཟྭ་ལ་ས་ཆ་ལ་ལར་སྒོ་ལྕགས་ཞེས་འབོད་པ་དེ་རེད།
གོང་གི་འདི་དག་ནི་རྒྱ་སྒོ་སྟེ། ཕྱི་སྒོ་འམ་སྒོ་ཆེན་གྱི་སྐོར་རེད། ནང་སྒོའི་སྐོར་ན་ལྷག་མ་ཞིག་ཡོད་པ་ནི། ནང་སྒོའི་ཡ་ཐེམ་ལ་ཕག་པའི་སྣ་རྩེ་སྦྱར་བའི་ལུགས་སྲོལ་ཞིག་ཡོད། བཤད་སྲོལ་བྱས་ན། དེས་ས་བདག་ཀླུ་གཉེན་གྱི་གནོད་པ་འགོག་ཟེར།
གང་ལྟར་ང་སོང་སའི་ས་གནས་ཚང་མ་ན་སྒོའི་སྐོར་ནས་འབི་ལི་ལྟ་བུ་ཞིག་སྒོ་གཏད་དེ་མིན་ན་མཐོང་མ་མྱོང་། སྒོ་གཏད་དེ་འབི་ལི་བཟོས་པ་འེ་རེད། ངོ་མས་མ་ཤེས་ནས་དྲིས་པ་ཡིན།
དེ་ནས་ངས་ཕོ་མཚན་གྱི་མིང་གི་འགྱུར་བའི་སྐོར་ཞིག་བཤད། ང་ཆུང་ཆུང་སྐབས་སུ་དྲན་ལ་མི་དྲན་ལ་ཡིན་པའི་དུས་སུ། ངའི་དེ་ལ་ངེད་ཚང་གི་མི་རྣམས་ཀྱིས་དོ་དོ་ཞེས་འབོད་ཀྱི་འདུག དེ་ནས་ལོ་བཞི་ལྔ་རྗེས་ནས་ནེ་ནེ་ཞེས་འབོད་ཀྱི་འདུག དུས་སྐབས་དེ་གཉིས་ལ་ངེད་ཀྱི་དེ་མ་སྦས་ན་ཡང་འགྲིག་གི་རེད་ལ། སྦས་ཤེས་ཀྱི་ཡང་མ་རེད། དེ་རྗེས་ནས་ལོ་བརྒྱད་དགུ་ལ་སླེབས་དུས་སྦས་དགོས་ལ། མི་རྣམས་ཀྱིས་འབུ་ལི་ཟེར་ནས་འབོད། འབི་ལི་འདི་ལོ་བརྒྱད་དགུ་ནས་བཟུང་སྟེ། ལོ་བཅོ་ལྔ་བཅུ་དྲུག་བར་དུ་ཡིན་པ་འདྲ། ལོ་བཅོ་ལྔ་བཅུ་དྲུག་སྐབས་སུ་སྤུ་ཐ་ར་ཐོ་རེ་སྐྱེས། དེ་ནས་བཟུང་མི་རྣམས་ཀྱི་ངའི་དེའི་མིང་ལ་མཇེ་ཟེར་ནས་འབོད། ངེད་ཚོ་ཞིང་ཁར་སོང་ནས་ལོ་མཉམ་ཚང་མས་ལངས་བཅུགས་ནས་མགོ་ལ་ལྟོས་དེ་ངོ་ནས་མཇེ་ཟེར་བ་འདི་རེད་ཟེར་ནས་གད་མོ་ཤོར། བལྟས་གི་བལྟས་གི་མཇེ་ཟེར་བའི་མིང་འདི། ཐ་སྙད་འདི་ནི་མ་ནོར་མ་འཆུག་པ་ཞིག་འདུག་བསམ་བསམ་དྲན། མཇེ་ཟེར་བའི་ཐ་སྙད་འདི་ཐོག་པ་ནས་བཟུང་། ཚོར་བ་ཡོངས་སུ་རྗོགས་པ་བརྗེས་པོ་བརྒྱབ་འགྲོ མཇེ་སྟོན་རྒྱུར་ཕར་བཞག མཇེ་ཞེས་པའི་མིང་འདི་ཡང་མི་ཡོད་སར་སྒྲོག་མི་ཐུབ་པ་ཞིག་ཆགས་འགྲོ་གི་ཡོད།
དེའི་རྗེས་ནས་ལོ་ཆེན་པོ་ཆགས་ཡོང་དུས། དེ་ལ་མིང་ཞིག་ནི་འབོད་དགོས་པ་རེད། སུམ་རྟགས་སྙན་ངག་ཁྲིད་པའི་སྐབས་སུ་ནི་ཕོ་མཚན་ཟེར་ནས་འབོད་ཀྱི་འདུག ཡང་མཛོད་ནས་ཕོ་རྟགས་ཞེས་ཀྱང་འབོད་ཀྱི་འདུག དེ་ནས་སྔགས་ཀྱི་སྐབས་སུ་གསང་གནས་དང་། རྡོ་རྗེ་སོགས་འབོད་ཀྱི་འདུག འབོད་སྟངས་འདི་དག་ལས་ཤེས་པ་ཞིག་ནི་དམར་རྗེན་ཞེ་དྲག་བྱས་མི་རུང་བ་འདྲ་འདུག ད་དུང་དགོན་རྙིང་གྲགས་པ་ཅན་དེ་ཚོ་ན་ཚོགས་གཏམ་ཞིག་ཀྱང་འདུག དེ་ནི་རྟོགས་པ་ལྷ་དང་མཉམ་རུང་། སྤྱོད་པ་མི་དང་བསྟུན་དགོས་ཟེར་བ་དེ་རེད།
འདང་བརྒྱབ་ན་ལོས་ཀྱང་ཡིན། སངས་རྒྱས་ཀྱིས་ཀྱང་མདོ་སྡེའི་སྡེ་སྣོད་དང་། མངོན་པའི་སྡེ་སྣོད་གཉིས་གསུང་པས་མ་ཆོག་པར། འདུལ་བའི་སྡེ་སྣོད་ཟེར་བ་ཞིག་གསུང་པ་དེ་ནི་སྤྱོད་པ་མི་དང་བསྟུན་དགོས་པའི་ཆེད་དུ་ལོས་ཡིན་སྙམ།
ཆོས་འཁོར་ཚང་ལགས། འབྱོར་བྱུང་ངོ་མ་ཐུགས་རྗེ་ཆེ།
ཕྲན་གྱི་སྔ་མོ་ནས་འབྲུག་སྨྱོན་ཀུན་དགའ་ལེགས་པའི་་རྣམ་ཐར་ཞིག་མཐོང་མྱོང་ཡོད།
འོན་ཀྱང་གསུང་འབུམ་དེ་འདྲ་མཐོང་མྱོང་མེད། ཁྱེད་ཀྱིས་ཁོང་གི་གསུང་འབུམ་གྱི་ཁ་བྱང་ཞིག
ང་ལ་གསུང་རོགས་གནང་བལྟ་ཉིང་འདོད་བྱུང་།
སངས་རྒྱས་ཀྱི་གསུང་རབ་སྙིང་རྗེ་བོ་དེ་ཚོ་འབྲུག་པ་ཀུན་ལེགས་ཀྱི་མཇེ་མགོར་དཀྲི་མཚམས་བཞག་ན་ག་འདྲ་འདུག ངས་གོང་གི་འདི་ལས་འཇིགས་པ་ཞིག་འབྲི་བཞིན་ཡོད་པས། དེ་དུས་བཙོག་གཏམ་ལ་བཙོག་མཆན་འབྲི་བ་ལས་བཙོག་གཏམ་ལ་ཆོས་མཆན་ཞེ་དྲགས་མ་འབྲི་ཨ། ད་ཡང་འཇུ་མི་ཕམ་གྱི་ལད་མོ་ཞིག་བྱེད་ན་འདོད་ཀི
བྱ་བ་ཐམས་ཅད་ལད་མོ་ཡིན།།
ལད་མོ་ནང་ནས་སུ་མཁས་ཡིན།།
ཞེས་དང་
འཛམ་གླིང་ནོར་གྱི་བང་འཛོད་ལ།།
བསྙབ་པའི་ལག་པ་སུ་རིང་ཡིན།།
ཞེས་གསུངས་པ་མ་ཡིན་ནམ།
དེ་རིང་བར་དྲ་ཐོག་ཏུ་སྤྲོ་འཆམས་ལ་མ་ཡོང་ནས་ཉིན་ཤས་འགོར་སོང། དེ་རིང་འབྲུག་པ་ཀུན་ལེགས་སྐོར་གྱི་མཆན་ཐུང་རྣམས་རབ་ཙམ་བཀླགས་རྗེས། ངའི་སེམས་ལ་གཞོན་ནུ་ཟླ་མེད་དང་། ལ་སྟོད་བུ་སོགས་ཅི་འདྲའི་རྣམ་དཔྱོད་ཀྱི་རིག་ལམ་རྣོ་བ་དང་། འགྲེལ་བཤད་ཀྱི་ཁ་ལྕེ་དག་པ་སོགས་ཁོང་ཚོར་ཐུན་མོང་མ་ཡིན་པའི་རྩོམ་རྩལ་གྱི་གཤིས་ཀ་ཞིག་མཐོང་སོང་། ཁོང་རྣམས་ཀྱིས་གཙོས་དྲ་གྲོགས་རྣམས་ལ་ཐུགས་རྗེ་ཆེ། ཁྱོད་ཚོའི་མཆན་ཐུང་རྣམས་མི་རྐྱང་ང་ལ་དགའ་རོགས་མ་ཞིག་དང་མཚུངས་གི། Starbuck ནང་ནས་ཀོ་ཧྥེས་ཞིག་འཐུང་ཞོར་ཀློག་གི་ཡོད།
ཀླུ་སྨྱོནན་ལགས། སྒྱུ་རྩལ་མཁན་ངོ་མ་རེད།
ཧ༌༌༌༌༌༌༌༌༌༌༌༌༌༌༌ཐོག་མའི་བུའི་ཅི་བཤད་བཞིན་འདུག་གཞོན་ནུ་ཟླ་མེད་དང་ལ་སྟོད་བུ་སོགས་ལ་དེ་འདྲ་དྲགས་དགོས་ཀྱི་ཡོད་དམ་ཧ༌༌༌༌༌༌༌༌༌༌༌༌༌༌༌སྐྱེས་པ་ཕོ་འདྲ་མི་འདུག
ཀླུ་སྨྱོན་ཟེར་ཡ་འདི་ཁྱི་སྨྱོན་པ་འདྲ་བོ་ཞིག་འདུག
ད་ཁྱོད་ཚོས་ཀླུ་སྨྱོན་ལ་སྡིག་གི་མ་འདུག ཀླུ་སྨྱོན་འདིའི་བྲིས་པའི་རྩོམ་ཡིག་ན་བོད་ལ་ཕན་པ་མ་གཏོགས་བོད་ལ་གནོད་པ་ཕལ་ཆེར་མེད། ད་དུང་བོད་ཀྱི་རིགས་གཞུང་ལ། ལྷག་པར་དུ་སྙན་ངག་ལ་ཤིན་ཏུ་ནས་རྩོམ་རྩལ་ཡག་པོ་ཡོད། སྔོན་མ་ཞིག་ལ་ང་དཔོན་པོ་ཡིན་དུས་ཞིག་ལ་འདིས་ཚིག་བཅད་རྩོམ་ཡིག་ཞིག་བྲིས་ནས་སླེབས་སོང་། ང་ཧང་སངས་པར་མ་ཟད་ངའི་དཔོན་པོ་ཡང་ཧང་སངས་ནས་འདི་ལ་རྩོམ་སྒྲིག་པའི་ལས་ཀ་སྤྲད་པ་རེད། ཆགས་གཏམ་མང་ན་ཡང་། ལག་ལེན་ངོ་མའི་ཐོག་ནས་སྔར་འབི་ལི་ངར་ཐོག་ན་ཡོད་དུས་ནས་གཙང་མ་གཙང་རྐྱང་ཞིག་ཡིན། ད་དུང་ངས་ཁོང་ལ་ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ།། ནང་དུ་རིམ་གཉིས་རྣལ་འབྱོར་གདེངས་དང་ལྡན།། མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་འཁྱེར།། ཨ་ཁུ་ཀླུ་སྨྱོན་ཞབས་ལ་གསོལ་བ་འདེབས།། ཟེར་ནས་བསྔགས་པ་བྱེད་བཞིན་ཡོད།།
གོང་དུ་ང་ལ་ཁྱི་སྨྱོན་འདྲ་བོ་ཞིག་འདུག་གསུངས་མཁན་བདུད་ནག་བུ་ལ་ངས་ཉི་མ་གསུམ་གྱི་རིང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་འདེབ་ཀི་ཡིན། རྒྱུ་མཚན་ནི་ཁོང་གིས་ང་ལ་བཟོད་པ་སྒོམ་པའི་གོ་སྐབས་ཆེས་རྙེད་དཀའ་བ་ཞིག་གནང་བས་ཡིན། ཁོང་ང་ལ་སྐུ་དྲིན་ཆེ། དུས་སྙིགས་མར་སོང་བས་ཐ་ན་བཟོད་པ་སྒོམ་སའི་ཡུལ་རེ་ཡང་རྙེད་ངོ་མ་ཁག་པོ་འདུག
ཨ་རོགས་ཀླུ་སྤྲུལ། ང་ལ་དེང་སང་ལམ་འགྲོ་ཁྱོན་ནས་མི་འདུག ལྷག་པར་དུ་ལས་ཀ་མ་ལས་ནས་ཡི་གེ་འདྲ་རེ་འབྲི་སྡོད་དུས་སྒོར་རྡོག་གཅིག་གི་ཡོང་སྒོ་རག་གི་མི་འདུག ང་ལ་ཡང་ལམ་འགྲོ་ཡོང་བའི་སྨོན་ལམ་རེ་འདེབས་རོགས། ངས་སྒོར་མོ་རག་སོང་ན་ཨུ་གཉིས་མཉམ་དུ་སྐྱིད་པོ་གཏོང་གི་འགྲོ ད་དུང་སྒོར་མོ་མང་པོ་རག་ན་ཐེ་ལན་ཌི་སོགས་ལ་་་་་་་་་་་་་་་་་་་་་་་་
བློ་མཐའ་ལགས། སངས་རྒྱས་ལ་ཀ་ཁ་རེད་དེ། བཟང་སྤྱོད་སྨོན་ལམ་རེ་བཏོན་ནས་ཉོལ་སྡོད་དང་མི་ཚེ་འདིར་སྡུག་པོ་དེ་ཙམ་ཞིག་ཡོང་དོགས་མེད་དེ། དེ་ལས། མི་ཚེ་འདིར་ཡང་དེ་དག་ལེགས་པར་འོང་། །གསུངས་འདུག་ག འདི་ངའི་ཉམས་མྱོང་ཞིག་ཀྱང་ཡིན་ལགས།
རྡ་རམ་ས་ལར་བོད་ནས་གཞོན་ནུ་བོད་ཡིག་གི་སྙན་སུམ་དག་གསུམ་ཅུང་ཟད་ཤེས་པ་དག་འབྱོར་ནས་རང་མགོ་གང་ཐོན་གྱིས་ལས་ཀར་འགྲོ་བ་དང་། སློབ་སྦྱོང་ཕྲན་བུ་རེ་བྱས་པ་བརྒྱུད་རིམ་ནང་། སྡོད་ས་ཤིང་ཁང་གཅིག་གི་ནང་དུ་ཟ་རྒྱུ་འཐུང་རྒྱུ་དཀོན་ཅིང་། ཐག་རིང་གི་ཕ་མ་སྤུན་གྲོགས་ཡིད་ལ་དྲན་པ་དང་སྦྲགས། དངུལ་ཡོད་མཁན་ཚོས་སྐྱིད་པ་བཏང་བ་མཐོང་། རང་ཉིད་ལ་མེད་པའི་སྐྱོ་གདུང་དྲག་པོས་མཚན་མོ་གཉིད་ཀྱང་ཁུག་དཀའ་བའི་ཚད་ལ་སླེབས། དེའི་རྐྱེན་བྱས་ཏེ་སྙན་ངག་ཐུང་ཐུང་རེ་དང་པོ་བྲི་ཤོར། དེ་ནས་རྡ་རམ་ས་ལའི་སྒོ་དང་སྒེའུ་ཁུང་ཡོངས་རྫོགས་ནས་སྙན་ངག་མཁན་ཐོན་འགོ་ཚུགས། སྙན་ངག་པ་རང་ཉིད་ཀྱི་དཀའ་སྡུག་ཡོད་ཚད་བྲིས་ན་ངོ་ཚ་བ་དང་། སྤམ་ཤོར་ཏེ། ཤིན་ཏུ་སྦས་པའི་ཚུལ་གྱིས་འབྲི་ཁུལ་བྱས། དེ་མི་གཞན་གྱིས་ཧ་མ་སྟབས། ངའི་སྙན་ངག་དེ་རྟོགས་ཐུབ་མཁན་གྱི་མི་རབས་འདི་ད་ལྟ་མ་རེད། ལོ་ངོ་ལྔ་བཅུའི་རྗེས་སུ་རྟོགས་ཀྱི་རེད་ཟེར་ཁ་ཕོ་སྒྲོགས།
འགའ་ཞིག་གསར་གཏོད་དགའ་དྲགས་ཏེ་གསར་གཏོད་བྱས་ཁུལ་ལ། མིས་ཁྱིའི་རྔ་མར་བཏགས་པས་མ་འོངས་འགྲོ་དོན་རྒྱ་ཆེན་ཡོང་རྒྱུའི་ལུང་བསྟན་བཅོས་བསྒྲགས་བྱས། ཧཧཧཧཧ ད་དེ་འདྲའི་བལྟས་མོ་ཆེ་བ་ལ།
ཕྱི་རྒྱལ་ལ་འཕུར་ཚར་པའི་རྗེས་སུ་སྙན་ངག་ཚིག་གཅིག་ཀྱང་མཐོང་རྒྱུ་མི་འདུག ཕལ་ཆེར་ཕ་ཡུལ་གཅིག་པ་ཞིག་ལ་འཚོ་རྟེན་དུ་བཞག་པ་འདྲ། ཧཧཧཧཧཧ ང་ནི་བསམས་ནས་བསམས་ནས་དགད་མོ་ཤོར་གྱི་འདུག ཧཧཧཧཧཧ
སྙན་པོ་བྱུང་
འབྲུག་པ་ཀུན་ལེགས་ཟེར་བ་ཡོད་རབས་ཐོས་མྱོང་ཡང། ཁོང་གི་ལོ་རྒྱུས་དང་མཛད་པ་རྣམས་ངའི་རྣ་བའི་བུ་གར་ཐོས་མྱོང་མེད་ལ། འདྲེན་བྱེད་ཀྱི་མིག་ཟུང་དག་གིས་ཀྱང་རིག་མ་མྱོང། ཡིན་ནའང་ཨ་ཁུ་ཀླུ་སྨྱོན་གྱི་འདི་ལྟའི་གཏམ་རྒྱུད་སྙན་མོ་ཞིག་བཀོད་པར་ཐུགས་རྗེ་བླ་མེད་ཞུ་རྒྱུ་ཡིན།
ཨ་ཁུ་ལགས།
ཁྱེད་ནི་འབྲུག་པ་ཀུན་ལེགས་ཀྱི་སྲས་ཀྱི་ཐུ་བོ་ཞིག་དང་འདྲ་བར། སྤྱོད་ཚུལ་དང་བྱེད་སྟངས་རེ་རེ་བཞིན་བཀོད་པ་འདི་ནི་བཟང། བཀྲ་ཤིས་བདེ་ལེགས།
ད་དུང་ཡང་མང་ཙམ་སྤེལ་རོགས།། ཧཧཧཧཧཧཧཧ
དེང་སང་ཨ་ཁུ་ཀླུ་སྨྱོན་རིག་རྒྱུ་མི་འདུག་ལ་ཚེ་རིང་སྐྱིད་ཀྱང་མཐོང་རྒྱུ་མི་འདུག
ཁོང་གཉིས་སྤྲོ་འཆམ་ལ་ཕེབས་པ་མིན་འགྲོ།
ཚུར་ལོག་དུས་རྩོམ་ཡིག་སྙན་མོ་རེ་འཁུར་ནས་ཕེབས་རོགས་ཞུ།
སྐུ་རྩེད་ཞུས་པ་ཡིན་ཧཧཧཧཧཧཧཧཧཧཧོཧོཧོཧོཧོཧོཧོཧོ།
འཕྲིན་ཐུང་འདི་དྲ་གྲོགས་ཁ་བ་ནག་པོ་ལ་ཡིན།
མི་འགའ་རེས་ཀླུ་སྨྱོན་ཟེར་བ་དང་ཁ་བ་ནག་པོ་ཟེར་བ་མི་གཅིག་ལ་གབ་མིང་གཉིས་རེད་ཟེར།
གོ་ཐོས་དེ་ལ་ཡིད་རྟོན་བྱས་ཏེ་ཀླུ་སྨྱོན་ལགས་ཀྱི་ཟིན་བྲིས་སུ་བཀོད་པ་ཡིན།
དྲ་གྲོགས་ཁ་བ་ནག་པོ་ལགས།
ཉིད་ཀྱིས་གོ་ཐོས་ལྟར། བོད་ལུགས་གསོ་རིག་གི་རྒྱུན་སྤྱོད་ལེའུར།
ཉལ་བོ་སྐྱེ་གནས་མི་མཐུན་བདག་པོ་ཅན།། མི་སྡུག་སྦྲུམ་མ་ཤུགས་ཞན་མཉེན་པ་དང།། ཟླ་མཚན་ལྡན་དུས་བཀན་བྱེད་འཁྲིག་པ་སྤང།། དགུན་དུས་རོ་ཙས་དྲེགས་ཚེ་བཀག་པ་མེད།། སྟོན་དཔྱིད་ཞག་གཉིས་དབྱར་སོས་ཟླ་ཕྱེད་སྤྱད།། གཞན་དུ་བུད་མེད་ལ་ཞུགས་དབང་པོ་ཉམས།། མགོ་འཁོར་དུས་མིན་འཆི་བར་བྱེད་པ་ཡིན།། ཞེས་གསུངས་པ་ལྟར་ཉལ་བོ་སྟེ་འཁྲིག་པ་སྤྱོད་སྐབས་དུད་འགྲོ་ལྟ་བུ་སྐྱེ་གནས་མི་མཐུན་པ་དང། ཁྱིམ་ཐབ་ཡོད་པའི་བདག་པོ་ཅན། གཟུགས་མི་ལེགས་པས་སྙིང་དུ་མི་སྡུག་པ། རྒན་བྱིས་ནད་པ་ལྟབུ་ལ་ཡུལ་གྱི་ཆ་ན་འཁྲིག་པ་སྤྱད་མི་རུང་བ་དང། ལྷག་པར་དུ་ཟླ་མཚན་འབབ་སྐབས་བཀན་བྱེད་སྟེ་འཁྲིག་པ་གཏན་ནས་མི་རུང་།
ཡུལ་དུས་དང་འཚམས་པའི་འཁྲིག་པ་སྤྱོད་སྟངས་ནི། དུས་དྲུག་ཏུ་རྩི་བའི་ལུགས་ལྟར་དགུན་སྟོད་སྨད་གཉིས་ལ་མི་རྣམས་ཀྱི་ལུས་སྟོགས་དང་རོ་ཙ་ཤིན་ཏུ་འཕེལ་བའི་སྐབས་ཡིན་པས་དམིགས་བསལ་དུས་བཀག་མེད་པ་དང། སྟོན་ཀ་དང་དཔྱིད་ཀ་གཉིས་ཀྱི་དུས་སུ་མི་རྣམས་ཀྱི་ཉམས་སྟོབས་འབྲིང་གི་སྐབས་ཡིན་པས་ཞག་གཉིས་རེའི་ནང་ཐེངས་རེ་དང། དབྱར་ཀ་དང་སོས་ཀ་གཉིས་ཀྱི་སྐབས་སུ་མི་རྣམས་ཀྱི་ཉམས་སྟོབས་ཆུང་བའི་དུས་ཡིན་པས་ཟླ་ཕྱེད་སྟེ་ཞག་བཅོ་ལྔའི་ནང་ཐེངས་རེ་འཁྲིག་པ་སྤྱད་ན་ལུས་ཀྱི་ཟུངས་ཁྲག་མི་གནོད་པ་མ་ཟད་སྔར་བཤད་པ་ལྟར་ནད་བརྒྱ་སྨན་གཅིག་ཏུ་འགྱུར་རོ།།
གནས་ཚུལ་འདི་ཁྱིམ་པ་ཕོ་མོ་སུ་ཞིག་གི་བློར་བདེ་བར་ངེས་ཚེ། ཉལ་ཁང་དང་ནག་ཁུང་ནང་གི་ལས་ཀ་དེ་སོ་སོའི་འཕྲོད་བསྟེན་གྱི་ཆ་ཤས་ཤིག་ཏུ་འགྱུར་བར་ཕན་པར་སྙམ་མོ།།
དངོས་གནས་ཨ་ཁུ་ཀླུ་སྨྱོན་སྨྱོས་འདུག
ཀླུ་སྨྱོན་ལ་དེ་ལྟར་མ་ཞུ་སྐུ་མཁྱེན།
དཔལ་ལྡན་ངེད་གཉིས་འདྲ་བའི་མི་མགོ་སྟོང་གིས་ཨ་ཁུ་ཀླུ་སྨྱོན་ལ་འགྲན་བཟོད་ཀྱི་མ་རེད།
ཨ་ཅེ་འབྲུག་མོའི་སྙ་ཁ་འགྲིག་འགྲིག་ལྟར་སྣང་ཡང་།།
འབྲུག་པ་ཀུན་ལེགས་ལང་ཀ་རྡོ་རྗེ་ལྟར་མཁྲེགས་པས།།
སེམས་པའི་གཏིང་ཚོར་སྔོག་པའི་སྒྱུ་རྩལ་དེ་མེད་མོད།།
ཀླུ་སྨྱོན་བཙུན་པའི་སྨྱུག་གུའི་རྩེད་འཇོ་ལས་འཁྲུངས་སོང་།།
འབྲུག་པ་ཀུན་ལེགས་བུ་མོར་དགའ།།
ཡེ་ཤེས་ཀླུ་སྨྱོན་བཙོག་གཏམ་དགའ།།
བདེ་ཆེན་ཆགས་ལམ་ཁ་གཡར་བའི།།
སྐྱག་གཏད་མེད་པའི་མཛད་རྗེས་བཞག།
༡༠༢༽ ཀླུ་སྨྱོན་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༡ གི་ཆུ་ཚོད་ ༡༢ སྐར་མ་ ༣༤
སངས་རྒྱས་ཀྱི་གསུང་རབ་སྙིང་རྗེ་བོ་དེ་ཚོ་འབྲུག་པ་ཀུན་ལེགས་ཀྱི་མཇེ་མགོར་དཀྲི་མཚམས་བཞག་ན་ག་འདྲ་འདུག ངས་གོང་གི་འདི་ལས་འཇིགས་པ་ཞིག་འབྲི་བཞིན་ཡོད་པས། དེ་དུས་བཙོག་གཏམ་ལ་བཙོག་མཆན་འབྲི་བ་ལས་བཙོག་གཏམ་ལ་ཆོས་མཆན་ཞེ་དྲགས་མ་འབྲི་ཨ། ད་ཡང་འཇུ་མི་ཕམ་གྱི་ལད་མོ་ཞིག་བྱེད་ན་འདོད་ཀི་་་་་་་་་་་གསུངས་ཡོད་པས་ད་་འཇིགས་པ་་དེ་ག་བ་ཡོད་དུས་ཚོད་མང་པོ་ཕྱིན་སོང་ད།
དགོངས་དག དེབ་འདི་གཅིག་པོ་ང་ཤི་བའི་རྗེས་སུ་མ་གཏོགས་པར་སྐྲུན་བྱེད་ཀི་མིན། དེབ་འདིས་མི་མང་པོ་ཞིག་མ་ཤི་གསོན་པོར་དམྱལ་བར་འཁྲིད་ཐག་ཆོད་ཡིན།
ཨ་ཁུ་ཆོས་འཁོར་ཚང་ལགས་སུ་ཞུ་དོན། ཁྱེད་ལ་འབྲུག་ཡུལ་གྱི་ཆོས་རྙིང་ཞིག་ཡོད་གསུངས་པ་མ་ཟད་ཁྱེད་ཀྱི་རིག་པའི་གྲོགས་པོ་དག་ལ་གཟིགས་མོར་བསྟར་འདུག་པས་གུས་མོ་ལ་ཡང་ཚར་གཅིག་ཅི་ནས་ཀྱང་བསྐུར་རོགས་ཞུ། གུས་མོའི་གློག་ཕྲིན་ཁ་བྱང་འདི་ཡིན་ཞུ། tenzin.lhamo46@yahoo.com
སྐུ་ཉིད་ཀྱི་ལྗགས་རྩོམ་བོན་སྒོ་ན་མཇལ་སོང་བས་དངོས་གནས་ཉམས་ཅན་གྱི་རྩོམ་རིག་ཏུ་ཤེས་སོང་ཞུ།
འབྲུག་པ་ཀུན་ལེགས་བདག་གིས་ཚེ་སྔོན་མཇལ།།
དེ་དུས་བདག་ནི་འབྲུག་མོ་ན་ཆུང་ཞིག།
ཁོང་གི་འོག་ནས་གནམ་སྔོན་སྤྲིན་དཀར་མཇལ།།
ཁོང་གི་འོག་ནས་ཆོས་སྐུའི་ཕ་མཐའ་ཉུལ།།
འབྲུག་པ་ཀུན་ལས་མཇེ་དེ་གང་ཆེ་དགའ། །
འབྲུག་མོ་རྒད་མོའི་སྟུ་དེ་གང་དམ་དགའ། །
དགའ་བ་དཔག་མེད་ཤོད་མཁན་སྙན་དངགས་མཁན། །
ཀླུ་སྨྱོན་འདི་རུ་ཡང་བསྐྱར་བྱོན་པ་ལེགས། །
མཇེ་མགོ་ཆེ་ལས་མཇེ་སྲ་ལེགས། །
སྟུ་སྒོ་འཇམ་ལས་སྟུ་དམ་ལེགས། །
ཁུ་བ་འཆོར་ལས་ཁུ་སྡོམ་ལེགས། །
བདེ་བ་རྒྱས་ལས་བདེ་དྲོད་ལེགས། །