ཐེ་བོ་ཤེས་རབ་རྒྱ་མཚོ།
ངས་ ད་ལྟ་རང་རེས་གཟའ་ལྷག་པའི་ཀུན་གླེང་ལེ་ཚན་ལ་བལྟས་ཚར་མ་ཐག་ཡིན་ལ། འཁྱགས་སིབ་སིབ་ཀྱི་ངའི་མིག་ཆུ་ཐིགས་པ་གཅིག་ཀྱང་རང་དབང་མེད་པར་ས་ལ་ལྷུང་ཚར་ མ་ཐག་ཡིན། དོ་ནུབ་ཀྱི་ཀུན་གླེང་ལེ་ཚན་ནི་ལྷ་སའི་གྲྭ་བཞི་བཙོན་ཁང་གི་སྐོར་ལ་ཡིན་སྟབས། སུའུ་སི་ཛི་རུག་ནས་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་ཉི་སྒྲོན་ལགས་དང་ཨ་རི་ནེའུ་ ཡོག་ནས་ཆབ་སྲིད་བཙོན་ཟུར་ངག་དབང་གསང་གྲོལ་ལགས། རྒྱ་གར་རྡ་རམ་ས་ལ་ནས་ཉེ་ཆར་བོད་ནས་གསར་དུ་ཕེབས་མ་ཐག་ཡིན་པའི་ཆབ་སྲིད་བཙོན་ ཟུར་དཔལ་ལྡན་ཆོས་སྒྲོན་ལགས་བཅས་བགྲོ་གླེང་གི་ལེ་ཚན་ནང་དུ་མཉམ་ཞུགས་བྱས་འདུག གྲ་བཞི་བཙོན་ཁང་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་དང་ཁོང་ཚོ་དེར་ཚུད་པའི་ རྒྱུ་རྐྱེན་ཅི་ཡིན་སོགས་ཀྱི་སྐོར་ལ་བགྲོ་གླེང་བྱེད་སྐབས། དྲི་བ་ཞིག་གི་ལན་ལ་དཔལ་ལྡན་ཆོས་སྒྲོན་ལགས་ཀྱིས་ཕངས་སེམས་དང་བཅས་སྐད་ངག་འདར་ བཞིན་ད་བར་ཁོ་མོ་ལ། ྋགོང་ས་མཆོག་གི་གསེར་ཞལ་ཡག་པོ་ཞིག་མཇལ་རྒྱུའི་གོ་སྐབས་ཀྱང་རེག་མ་སོང་ཟེར།
མ་ གཞི་ད་ཅི་འཁྱགས་སིབ་སིབ་ཀྱི་ངའི་མིག་ཆུ་ཐིགས་པ་གཅིག་དེ་ལྟར་མཁུར་ཚོས་ བརྒྱུད་ས་ལ་ལྷུང་དོན་ནི་ཁོ་མོས་ཕངས་སེམས་དང་བཅས་ཏེ་ངག་འདར་བཞིན་བཤད་པའི་ སྐད་ཆ་དེིའི་གཏིང་རིམ་ན་འདི་ལྟ་བུའི་རེ་བའི་འབྲས་བུ་གསོན་པོ་ཞིག་སྦས་ བསྐུངས་བྱས་ཡོད་པ་དེར་མྱུ་གུ་མ་འབུས་བས་ཡིན་པ་ངས་མ་བཤད་ཀྱང་ཁྱེད་ཀྱིས་ལོས་ ཤེས།
ཁྱེད་ ཅག་གིས་ངོ་མ་བསམ་གཞིགས་ཡག་པོ་ཞིག་གྱིས་དང་། སུ་ལ་དེ་ལྟར་བྱས་ན་ཡང་ང་ལ་བསམ་འཆར་ཅི་གང་མེད། འོན་ཀྱང་ཁོང་མོ་དང་ཁོང་མོ་ལྟ་བུའི་རིགས་ལ་དངོས་གནས་འདི་མི་འབབ་ཡ། དངོས་གནས་མི་འབབ། ཁོང་མོས་འུ་ཚོའི་རང་དབང་རྩོད་ལེན་གྱི་རྡོ་རིང་ངོས་ལ་དུས་ཀྱི་ཆར་རླུང་གིས་ ཀྱང་བསྐལ་པའི་བར་དུའང་བསུབ་མི་ཐུབ་པ་དང་། ས་ཆེན་པོས་ཀྱང་སྐད་ཅིག་ཙམ་ལའང་འདེགས་མི་ནུས་པའི་གསེར་ནག་གི་ཡི་གེ་བྲིས་ཡོད། མ་གཞི་ཁོང་མོས་གསེར་ལྟ་བུའི་རང་ཉིད་ཀྱི་ལང་ཚོའི་མེ་ཏོག་དེ་འུ་ཚོའི་མི་རིགས་ ཀྱི་རང་དབང་རྩོད་ལེན་ཆེད་འབུལ་དོན་ནི་རང་ཉིད་སོ་སོ་ལ་ངོ་སོ་ཉི་ཚེ་བ་ཞིག་ འཐོབ་ཆེད་མ་ཡིན་ནའང་ང་ཚོས་ཁོང་མོ་ལ་དེ་ལྟ་བུའི་རྣམ་འགྱུར་ཞིག་འཛིན་མི་འོས།
ངས་ ལྷོག་ལྷོག་ཏུ་འཕྱུར་བཞིནཔའི་རང་ཉིད་ཀྱི་ཚོར་བ་གསོན་པོ་འདི་ཡི་གེར་བརྒྱུས་ ནས་མཚམས་འདིར་སླེབས་དུས་རྐུབ་སྟེགས་སྟེང་གི་ལས་བྱེད་གླང་གཉའ་ཚིལ་རྐྱལ་དེ་ ཚོར་འཚིག་པ་གཏིང་ནས་ཟ་ཡི་འདུག ལོ་འདི་ཚོའི་རིང་ཁྱོད་ཚོས་རང་ཉིད་ཀྱི་ཉེ་གཞི་རྩ་ལག་ག་ཚོད་ཅིག་ལ་ཆབ་སྲིད་ བཙོན་པའི་ཕྱི་ཐུམ་བརྒྱབ་ནས་རང་ཅག་བཙན་བྱོལ་བ་ཚོས་བདེ་ལྡན་ཞིང་དུ་འབོད་པའི་ ནུབ་ཕྱོགས་སུ་བསྐྱལ་ཡོད། ལོ་འདི་ཚོའི་རིང་ཁྱི་སྐྱག་ལྟ་བུའི་ཁྱེད་ཚོས་ཁྱི་སྐྱག་ལྟ་བུའི་མི་མང་པོ་ཞིག་ འཁྲིད་ཡོང་ནས་འདིས་གཅིག་གཅིག་མ་གཅིག་བྱས་རབས་དང་དེས་གཉིས་གཉིས་མ་གཉིས་བྱས་ རབས་ཀྱིས་བྱས་རྗེས་ཐོག་ལ་བྱས་རྗེས་བགྲངས། ངོ་སོ་ཐོག་ལ་ངོ་སོ་བརྩེགས་ནས་ཁྱི་སྐྱག་ལྟ་བུའི་མི་ག་ཚོད་ཅིག་ལ་ྋགཟིམ་ཆུང་ མཇལ་ཁ་ཞུ་རུ་བཅུག་ཡོད།
ངས་ ཁྱེད་ཅག་ལ་བཀའ་ལོག་གླེང་འགེལ་བྱས་བྱུང་བསམ་ན། ངས་ཁྱེད་ཅག་ལ་མ་ཉེས་ཁག་གཡོག་བྱས་བྱུང་བསམ་ན། ངས་ཁྱེད་ཅག་ལ་ཞྭ་མོ་ཆེན་པོ་རེ་བཀབ་བྱུང་བསམ་ན། ང་ཚོ་མཉམ་དུ་སོང་ནས་འབྲེལ་ཡོད་ཀྱི་ཡིག་ཚང་ནང་གི་མཇལ་ཐོར་ཞིབ་འཇུག་བྱེད་ཆོག རྐུབ་ལ་རྒྱ་རྒྱ་མོ་ཁ་ཤས་ཁྲིད་ནས་སྐོར་འཁྱམ་བྱེད་པའི་ཆོས་ཚོང་བ་འཛམ་བྷ་ལྷ་ ལྟ་བུ་རེ་མིན་ན། ལོ་ནས་ལོ་བསྟུད་རྒྱའི་བཙོན་ཁང་ནང་དཀའ་སྡུག་མྱངས་ནས་དཔུང་བ་སྦོམ་པོ་དེ་སྐུད་ པ་ལྟར་ཕྲ་བར་གྱུར་ཅིང་སྨྱུག་མདའ་ལྟ་བུའི་སྒལ་ཚིག་དྲང་བོ་དེ་གཞུ་ལྟར་འཁྱོག་ པོར་གྱུར་བའི་རང་རེ་བྱས་པ་རྗེས་ཅན་གྱི་མི་དངོས་གནས་དྲང་གནས་དོན་ལྔ་སྣོད་ དྲུག་གཅོང་ནད་ཀྱི་རྐྱལ་བར་གྱུར་བ་རྣམས་ལ་ྋགཟིམ་ཆུང་མཇལ་ཁ་བཅར་མི་ཆོག་པའི་ ཁྲིམས་གཞི་གཏན་འབེབ་བྱས་ཡོད་པ་ཨེ་རེད། ཡོད་ན་དེ་ག་དུས་གཏན་འབེབ་བྱས་པ་རེད་དམ། ངས་ཁྱེད་ཅག་འབྲེལ་ཡོད་ཚོའི་ངོ་གདོང་ལ་མཛུབ་མོ་བཙུགས་ནས་འདྲི་བཞིན་ཡོད། ཁྱེད་ཅག་གིས་ཅིས་ཀྱང་འདེབས་དགོས་པའི་ལན་ཞིག་ལ་ང་བསྒུགས་ནས་བསྡད་ཡོད།
ལོ་འདི་ཚོའི་རིང་ཁྱི་སྐྱག་ལྟ་བུའི་ཁྱེད་ཚོས་ཁྱི་སྐྱག་ལྟ་བུའི་མི་མང་པོ་ཞིག་ འཁྲིད་ཡོང་ནས་འདིས་གཅིག་གཅིག་མ་གཅིག་བྱས་རབས་དང་དེས་གཉིས་གཉིས་མ་གཉིས་བྱས་ རབས་ཀྱིས་བྱས་རྗེས་ཐོག་ལ་བྱས་རྗེས་བགྲངས། ངོ་སོ་ཐོག་ལ་ངོ་སོ་བརྩེགས་ནས་ཁྱི་སྐྱག་ལྟ་བུའི་མི་ག་ཚོད་ཅིག་ལ་ྋགཟིམ་ཆུང་ མཇལ་ཁ་ཞུ་རུ་བཅུག་ཡོད།
མཁྱེན་ལྡན་ལགས། ཆབ་སྲིད་ཀྱི་བཙོན་པ་དང་བཙོན་ཟུར་རྣམས་ལ་དུང་སེམས་བཅངས་འོས་ཤིང་བཅངས་པར་དགའ་བསུ་ཡོད།
ངས་ནམ་རྒྱུན་ཡི་གེ་བྲིས་མཁན་གྱི་བོད་མི་རྣམས་ཀྱིས་ཀ་ལ་མ་སྨད་པར་ཁ་ལ་བསྟོད་མི་ཤེས་པའི་སྐྱོན་ཞིག་མཐོང་བཞིན་ཡོད་ལ་ཁྱེད་ཀྱང་དེའི་གྲས་ནས་གཅིག་ཡིན་པར་འདོད།
ཁྱི་དང་ཁྱི་མང་པོ་གསུངས་འདུག་པ་དེ་ཚོ་རེ་རེ་ནས་ངོས་བཟུང་རྒྱུ་ཡོད་དམ་ཡང་ན་རྒྱུགས་པ་ལེབ་བརྡུང་རེད།
དྲ་གྲོགས་ཐེ་བོ་ཤེས་རབ་རྒྱལ་མཚོལགས།
ཁྱོད་ཀྱིས་གསུང་བ་དེ་ག་རང་རེད་གདའ། དེ་ཚོ་རིགས་ལ་ངོ་ཚ་ཟེར་བ་ཞིག་མེད་པ་གསལ་བོ་རེད། གཙོ་བོ་སྐུབ་ཀྱག་གི་ཆེད་དུ་རེད་མ་གཏོགས་་རང་མི་རིགས་གི་ཆེད་དུ་ག་ལ་ཡིན།
ངོ་མ་ཟ་འདྲེ་འབྱུང་བོའི་ཚོགས་རེད། འདི་འདྲ་རིགས་སྐད་ཅ་མང་ཡ།
རྩོམ་ཡིག་སྤུས་མ་འདི་འདྲའི་རིགས་རྗེས་སུ་ཡང་གཟུ་གནས་ཐོག་སྤེལ་དགོས།
གྲོགས་པོ་ཤེར་རྒྱམ་ལགས། ཁྱེད་ཀྱིས་ལབ་པ་དངོས་གནས་རེད། བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་མཁན་དེ་ཚོར་ལྟ་སྟངས་འདི་འདྲ་བཟུང་པ་དེ་སེམས་ཀྱིས་བཟོད་དམ། ད་དུང་དཔལ་ལྡན་ཆོས་སྒྲོན་ལགས་ཀྱིས་ཁྱེད་རང་འདིར་སླེབས་ཚར་པ་རེད། འོན་ཀྱང་ཁྱེད་རང་ལ་ཐོབ་ཐང་བརྩོད་རྒྱུ་ཡོད་མ་རེད་ཀྱང་ལབ་མཁན་བྱུང་འདུག དེ་ཚོ་སུས་ལབ་པ་ཡིན་གསལ་པོ་བཟོ་དགོས་རྒྱུ་དེ་གལ་ཆེན་པོ་རེད། ཁོང་ལྟ་བུའི་དཔའ་མོ་འདི་ཚོས་རང་ཉིད་ཀྱི་ལང་ཚོའི་མེ་ཏོག་མི་རིགས་ཀྱི་ཆེད་དུ་ཕུལ་བ་ལ་ངེས་པར་དུ་ང་ཚོས་རྒྱབ་སྐྱོར་བྱེད་རྒྱུ་ནམ་ཡང་བརྗེད་མི་ཉན། ལྷག་པར་དུ་༧གོང་ས་མཆོག་ལ་མཇལ་ཁ་ཡག་པོ་ཞིན་ཀྱང་རག་མ་སོང་ཟེར་པ་འདི་དངོས་གནས་ཐབས་སྐྱོ་བོ་རེད། དེ་རྒྱ་མིས་གོ་ན་ག་འདྲ་དགའ་རྒྱུ་རེད། བཙན་བྱོལ་གཞུང་གི་ལས་བྱེད་ཁ་ཤས་ཀྱིས་ནམ་ཡིན་ཡང་དགྲ་དགའ། གཉེན་སྡུག་གི་ལས་ཀ་བྱེད་ཀྱིན་འདུག འདི་ཚོ་མང་ཚོགས་ཀྱིས་ཧ་གོ་རྒྱུ་དེ་གལ་ཆེན་པོ་རེད།
རེད་རེད་ཨ་རི་ན་བོད་གཞུང་གི་ལས་བྱེད་རྒན་པ་ཚོའི་ནང་མི་དང་གཉེན་ཉེ་མང་གི་ཡ་། དེ་ཚོ་ཐབས་ལམ་གང་ཞིག་རྒྱུད་ནས་ཨ་རིར་ཡོང་བ་ཡིན་ནམ་། ད་དུང་མི་རེ་འགས་ཁོ་བོད་གཞུང་གི་ལས་བྱེད་མཐོ་པོ་ཞིག་བྱས་ཚུལ་སོགས་ཕྱི་རྒྱལ་བ་ཚོར་ཡིན་འདོག་བཤད་ཀྱིན་འདུག་། ད་འུ་ཚོ་ཡང་དག་པའི་མང་གཙོ་ཞིག་བསྐྲུན་པའི་དུས་ལ་བབས་འདུག་། དངོས་གནས་དུས་ལ་བབས་འདུག།
ཐེ་བོ་ཤེས་རབ་མཆོག་གི་གསུངས་པ་ལྟར་ངས་ཀྱང་ཀུན་གླེང་བལྟས་སྐབས་དབང་མེད་དུ་སེམས་པ་སྐྱོ་གདུང་དང་ཁོང་ཁྲོས་ཁེངས་ཤིང་མིག་ཆུ་ཡང་ཡང་ཤོར་སོང་། གྲོགས་པོ་དག་ང་ཚོའི་འགོ་ཁྲིད་ཤེས་མེད་གླང་རྒན་དང་འདྲ་བ། འཐེན་འཁྱེར་དང་ཕྱོགས་རིས་ཀྱི་རྒྱུད་གང་ཞིང་ལྷག་བསམ་དང་དྲང་ཚུགས་མེད་མཁན། གཡོ་སྒྱུས་རྐུབ་སྟེགས་དང་གཉེན་ཉེ་སྐྱོང་མཁན་རྣམས་ཀྱི་བྱེད་ལས་ངན་པ་དག་རེ་རེ་ནས་ཐེར་འདོན་བྱས་ཏེ་གནས་ནས་བསྐྲད་དགོས་ཨ།
ལུས་སྲོག་ལོངས་སྤྱོད་བཅས་པ་བོད་མི་རིགས་ཀྱི་དོན་དུ་འབུལ་མཁན་གྱི་དཔའ་བོ་དང་དཔའ་མོ་དག་རྒྱལ་གྱུར་ཅིག རྣམ་པར་རྒྱལ་རྒྱུར་ཅིག
བོད་རིགས་དཀྱུས་མ་ང་ཚོས་ངེས་པར་དུ་སོ་སོའི་རྣམ་དཔྱོད་བེད་སྤྱད་དེ། བཙན་བྱོལ་གཞུང་འདིའི་ལས་བྱེད་ཁྱི་རྒན་འདྲ་བ་དེ་ཚོའི་རིགས་རྣམས་ངོས་འཛིན་ལེགས་བྱས་ནས་བཟོ་ལྟ་ཡག་པོ་ཞིག་སྤྲོད་དགོས་འདུག ཁྱི་རྒན་དེ་ཚོ་ལ་མི་རིགས་ཀྱི་ལ་རྒྱ་མེད་པའི་ཁར། དུས་ནམ་ཡིན་ལ་༧རྒྱལ་བ་རིན་པོ་ཆེར་དབུ་སྐོར་ཞུ་རྒྱུས་མཚོན་པའི་ལས་རྒྱུ་འབྲས་དང་འགལ་བའི་ལས་ཀ་མང་པོ་བྱེད་ཀྱི་ཡོད་པ་རེད། ང་ཚོ་མི་མང་དཀྱུས་མ་རྣམས་ཀྱིས་ངེས་པར་དུ་མི་དེ་ཚོར་ཟབ་ཟབ་བྱེད་དགོས་འདུག
མེ་ཏོག་དཀར་པོ་ལགས། ངས་དུས་རྒྱུན་དུ་དམངས་འཚེ་གཏོང་གིས་བརྟག་དཔྱད་ཞིབ་འཇུག་མི་བྱེད་པར་སྐད་ཆ་བཤད་རྒྱུའི་ཐོབ་ཐང་མེད་ཅེས་པ་དེ་སེམས་ལ་དམ་པོར་ཉར་ཡོད། དེ་བས་ཁྱོད་ཀྱིས་ཞེ་བདེ་མོ་གྱིས། ཡང་གཅིག་བཤད་ན། སྨན་བླ་སྐྱབས་ཀྱིས་ངན་པར་སྐྱོན་བརྗོད་བྱས་ན་བཟང་པོ་སྤོ་ལངས་དགོས་བྱེད་མེད་ཀི་ཨ་ཞེས་བཤད་པ་དེར་བསམ་བློ་རེ་ཐོངས་དང་། གདམས་ངག་ཅིག་ཡིན་ཡ།
མེ་ཏོག་དཀར་པོ་ལགས། ངས་ནམ་རྒྱུན་དམངས་འཚེ་གཏོང་གིས་བརྟག་དཔྱད་ཞིབ་འཇུག་མི་བྱེད་པར་སྐད་ཆ་བཤད་རྒྱུའི་ཐོབ་ཐང་མེད་ཅེས་པ་ཡིད་ལ་དམ་པོར་བཟུང་ཡོད་པས་སྐུ་ཉིད་ཀྱིས་ཐུགས་བདེ་བར་བཞུགས་རོགས། ཡང་གཅིག་བཤད་ན་སྐུ་ཞབས་སྨན་བླ་སྐྱབས་ཀྱིས་བླ་མར་རྫུན་མར་སྡིགས་ན་བླ་མ་ངོ་མ་སྤོ་ལངས་དགོས་བྱེད་མེད་ཀི་ཨ་ཞེས་བཤད་པ་དེ་བསམ་བློ་རེ་ཐོངས་དང་གདམས་ངག་ཅིག་ཡིན་ཡ།
གསལ་བཤད་ལ་ཐུགས་རྗེ་ཆེ།
ཡིན་ནའང་མི་ལ་ཁྱི་ཞེས་པའི་ཚིག་ངན་འདི་འདྲ་བེད་སྤྱོད་མ་གནང་མ་མི་ལེགས་སམ།
བླ་མ་རྫུན་མར་སྡིགས་པས་བླ་མ་ངོ་མ་སྤྲོ་ལངས་དགོས་དོན་མེད་པ་ཤིན་ཏུ་བདེན། ཡིན་ནའང་བཟང་ངན་དབྱེ་འབྱེད་མེད་པར་རྒྱུགས་པ་ལེབ་བརྡུང་གནང་ན་སྐད་ངན་ཤོར་ཡོང་ཡ།
དྲ་གྲོགས་ལགས། གཟའ་ལྷག་པའི་ཀུན་གླེང་ནང་ངས་ཀྱང་བལྟས་པ་ཡིན། བཙུན་མ་གསུམ་པོའི་དཀའ་ངལ་དེ་ཚོ་བརྗོད་སྐབས་ང་དངོས་གནས་མིག་ཆུ་ཤོར་བྱུང༌། ཡིན་ནའང་བཙུན་མ་གསར་དུ་སླེབས་པ་ཁོང་ནས་མཇལ་ཁ་ཡག་པོ་ཞིག་རག་མ་བྱུང་ཟེར་སོང༌། དེ་དངོས་གནས་ཡ་མཚན་སྐྱེས་བྱུང༌། ངའི་གྲོགས་པོ་ཞིག་ལ་ཁ་དཔར་བཏང་བ་ཡིན་པས་ཁོང་ནས་རྡ་རམ་ས་ལའི་སྣེ་ལེན་ཁང་གི་ལས་བྱེད་གེ་མོ་ཞིག་སྐད་ཆ་འདྲིས་འདུག་པས། མཇལ་ཁ་བཏང་བ་རེད། མཇལ་ཁའི་སྐབས་ངོ་སྤྲོད་ཀྱང་ཞུས་པ་རེད། ཡག་པོ་རག་མ་བྱུང་ཟེར་བ་དེ་དམིགས་བསལ་མཇལ་ཀ་ཟེར་བ་མིན་འགྲོ་ ཁོང་རང་ལ་དམིགས་བསལ་དགོས་ཀྱི་ཡོད་ན། བདེ་སྲུང་ངམ་སྐུ་སྒེར་ཡིག་ཚང་ལ་ཞུ་དགོས་རེད། ང་ཚོས་དམིགས་བསལ་བཏང་གི་ཡོད་མ་རེད་ཅེས་འགྲེལ་བཤད་བྱས་འདུག དེ་ལྟར་བཤད་སྐབས་ཁོང་མོས་སྐད་ཆ་བཤད་སའི་སྡིངས་ཆ་དེ་ཡག་པོ་ཞིག་བེད་སྤྱོད་བཏང་མ་ཐུབ་པའི་དཀའ་ངལ་དེ་མཐོང་བྱུང༌། ད་དུང་ཁོང་མོས་སྐད་ཆ་བཤད་སྐབས་ངའི་ཕ་ཡུལ་གཅིག་པ་མི་ཐོག་གསུམ་བཙོན་ལ་ཚུད་པ་ཞིག་ལ་ཐོབ་ཐང་རག་མི་འདུག ཁོང་བོད་ལ་འགྲོ་རྒྱུའི་ལག་འཁྱེར་ཡང་རག་མི་འདུག་ཟེར་གོ་ལ་མ་གོ་ཞིག་བཤད་སོང༌། དོན་དག་དེའི་ཐོག་ནས་ཁོང་མོར་མཇལ་ཁ་ཡག་པོ་མི་རག་པ་དང༌། ཐོབ་ཐང་སྐོར་བཤད་རྒྱུ་དེ་ཁོང་མོའི་དམིགས་ཡུལ་དང་ཁོང་མོའི་སེམས་གཏིང་གི་སྐད་ཆ་མ་ཡིན་པར་ཕ་ཡུལ་གཅིག་པ་ཡིན་ཟེར་བ་ཞིག་ནས་ཁོང་མོ་བོད་ནས་གསར་དུ་སླེབས་མ་ཐག་ཡིན་སྟབས་བསུ་མ་ཕྲན་བུ་ཞིག་བྱས་ཏེ་ཁོག་པ་རྒྱངས་ཏེ་ཤོད་བཅུག་པ་ཧ་ཅང་གསལ་པོ་མཐོང་གི་འདུག ང་ཚོ་བོད་ནས་སླེབས་མ་ཐག་པ་ཚོར་སྔོན་ནས་རྒྱ་གར་ནང་འབྱོར་ཟིན་པའི་བསམ་མེད་ཁག་ཅིག་ནས་ཁོག་པ་རྒྱངས་ཏེ་གང་བྱུང་བཤད་བཅུག་གི་ཡོད་པ་དེ་ཧ་ཅང་ནོར་འཁྲུལ་གྱི་གནས་ཚུལ་ཞིག་རེད། དེ་བས་ཀྱང་ཁོང་མོར་ཁོག་པ་འགྱངས་མཁན་དེ་ཚོ་ནི་དེ་བས་ཀྱང་སྡིག་ཉེས་ཅན་ཞིག་ཡིན་པ་ཤེས་རྟོགས་བྱུང༌། ཁོང་མོས་སྐད་ཆ་དེ་བཤད་པའི་སྐབས་ཀུན་གླེང་ནང་རྡ་ས་ནས་ཁ་དཔར་བཏང་མཁན་ ཞིག་གིས་ཕུ་ཐུང་འཛེས་ན་མ་གཏོགས་བདག་པོ་མ་བརྒྱབ་པ་དང་ཐོབ་ཐང་རག་གི་མེད་པ་སོགས་རྒྱ་མིས་ཤོད་བཞིན་པའི་དཀྲོག་གཏམ་དེ་དག་ཀུན་གླེང་ཐོག་ལུང་འདྲེན་བྱས་ཏེ་གཞན་གྱི་བརྒྱུད་བསྐུལ་བྱས་པའི་དཀྲོག་གཏམ་དེ་ཚོ་མུ་མཐུད་སྤེལ་བར་བརྟེན། རྡ་རམ་ས་ལ་དང་རྒྱ་གར་ནང་ཡོད་པའི་རི་བོང་ཅལ་འདྲོགས་ཐེ་བོ་ཤེས་རབ་རྒྱ་མཚོ་ལྟ་བུས་གོ་སྐབས་ཟིན་ཏེ་བོད་གཞུང་གི་ལས་བྱེད་པ་ཚོར་ཁྱི་དང༌། ༸གོང་ས་མཆོག་དང་རྒྱ་མོ་དང་དངུལ་ཡོད་པ་སོགས་ལ་མ་གཏོགས་མཇལ་ཁ་བཏང་གི་མེད་པའི་དཀྲོག་གཏམ་དེ་སྤྱི་ཡོངས་སུ་སྦྱར་ཏེ་མིག་ཆུ་ཤོར་ཁུལ་གྱི་རྩོམ་འཆལ་དེ་སྤེལ་འདུག དངོས་གནས་ཡ་མཚན་རེད། བདག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་རབ་བྱུང་ངུར་སྨྲིག་འཛིན་པར་གནང་བའི་བླངས་དོར་ 36་འམ་ནང་ཆོས་རིག་པའི་ནང་ལུས་ལ་གྲྭ་གཟུགས་གྱོན་པའི་སྐྱེ་བོ་ཞིག་གིས་དབྱེ་ཞིབ་དང་ཕྱོགས་གཅིག་གི་སྐད་ཆ་ལུང་དྲངས་ཏེ་དེ་ལྟ་བུའི་འཁྱོག་བཤད་བྱ་འདོད་བྱེད་པ་ནི་ཆུ་ལེན་འདོད་མ་ཡིན་པར་བེན་བཅད་འདོད་བྱེད་པ་ལྟར་ཆེད་དུ་༸གོང་ས་མཆོག་གི་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་ལ་དམའ་འབེབས་བྱ་རྒྱུའི་བསམ་ངན་ཁོ་ན་ཞིག་ཡིན་པ་ཡིད་ལ་འཁོར་སྐབས་མཆན་བུ་དེ་མ་བཏབ་ཀ་མེད་བྱུང༌། གོང་གསལ་གྱི་དཀྲོག་གཏམ་སྤེལ་མཁན་དེ་དག་ནི་ཉེ་དུས་ཀྲུང་གོའི་བོད་རིག་པའི་རྒྱ་རིགས་ལས་བྱེད་ ཞིག་ནས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་ཀ་བྱ་ཕྱོགས་ཐད་ཕྱི་ལོག་ཏུ་ཡོད་པའི་བོད་མིའི་ཁྲོད་དཀྲུག་ཤིང་དང་བརྒྱུད་སྐུལ་གང་འདྲ་བྱ་གི་ཡོད་པ་དང་། ལག་ལེན་གང་ཞིག་བསྟར་གྱི་ཡོད་པ་སོགས་ལས་མི་དེ་ཚོའི་རིགས་ལ་བོད་མི་ཚོས་དམིགས་བསལ་དོ་སྣང་བྱས་ཏེ་གདོང་ལེན་བྱ་དགོས་པ་དེ་བོད་མི་ཚང་མའི་འོས་འགན་ཞིག་ཡིན་པ་མ་བརྗེད་པ་བྱ་དགོས།