རྨེའུ་དཀོན་རྒྱམ།
༡༽ ཉི་མ་སེར་བོའི་འོད་ཀྱིས། །འཛམ་གླིང་བསྐོར་བ་རྒྱབ་དུས། །ཉི་འོད་མེད་པའི་མཐོ་སྒང༌། །གྲང་རླུང་བཙན་པོས་གཙེས་སོང༌། ། ༢༽ ཟླ་བ་དཀར་བོའི་འོད་སྣང༌། །མུན་ནག་བཙན་པོས་བསྒྲིབས་དུས། །ཟླ་འོད་མེད་པའི་མཐོ་སྒང༌། །མུན་པ་སྟུག་པོས་གཙེས་སོང༌། ། ༣༽ སྐར་ཚོགས་སྤུན་ཟླའི་མཐུན་འབྲེལ། །ཐོ་རངས་རྩུབ་མོས་གཏོར་དུས། །ལྷན་འཛོམས་དཀའ་བའི་མཐོ་སྒང༌། །དྲན་གདུང་སྐྱུར་མོས་གཙེས་སོང༌། ། ༤༽ བདེན་དཔང་བཙན་པོའི་ལོ་རྒྱུས། །རྫུན་འགེབས་སྦས་སྐུང་བྱས་དུས། །བདེན་མཐའ་མེད་པའི་མཐོ་སྒང༌། །ཧམ་སེམས་ཆེན་པོས་གཙེས་སོང༌། ། ༥༽ ཕུན་སུམ་ཚོགས་པའི་ཡུལ་ཁམས། །གདོན་འཕྲུལ་ལྟ་བུས་བརླག་དུས། །སྲུང་དབང་མེད་པའི་མཐོ་སྒང༌། །གཅེར་བུར་ཕུད་པས་གཙེས་སོང༌། ། ༦༽ ཉེས་མེད་ཆེ་ཆུང་ཀུན་པོ། །དྲག་པོས་ཁུང་བུར་དེད་དུས། །རང་དབང་བྲལ་བའི་མཐོ་སྒང༌། །མགོན་སྐྱབས་མེད་པས་གཙེས་སོང༌། །
ཕྱི་རྐྱེན།
རྨེའུ་དཀོན་རྒྱམ།
༡༽ ས་ཆ་དུམ་བུར་བཅད་དེ། །རིགས་མཐུན་སྤུན་ཟླའི་བར་ལ། །ལྕགས་རྭ་བཙན་གྱིས་འཐེན་པས། །ནང་དམེ་འཁྲུག་རྩོད་མང་གི ། ༢༽ ངན་བྱུས་གཏིང་ཟབ་བཀོལ་དེ། །ང་ཚོའི་ས་ཆུའི་ཕྱོགས་སུ། །མི་སེར་མང་བོ་སྤོར་བས། །བོད་ལས་གཞན་རིགས་མང་གི ། ༣༽ ཕ་མེས་བཏོད་པའི་སྐད་དེ། །འུ་ཚོས་བཀོལ་ས་དོག་ལ། །གཞན་ཡིག་བེད་སྤྱོད་ཆེ་བས། །གཞན་སྐད་བཤད་མཁན་མང་གི ། ༤༽ ཁ་ནས་སྤྱི་དོན་བཤད་དེ། །ལག་ལེན་སྒོར་མོར་ཐུག་ན། །སྤྱི་སེམས་ཡེ་ནས་བོར་བས། །འཁྲམ་སྟོན་སྣ་ཚོགས་མང་གི །
ཤེས་དགོས།
རྨེའུ་དཀོན་རྒྱམ།
༡༽ སེམས་དོན་རིག་པའི་ཚན་རིག །ཕྱི་དངོས་ཚན་རྩལ་རིག་པ། །དཔྱད་བསྡུར་བྱེད་པའི་དགོས་པ། །བོད་རིགས་ཀུན་གྱིས་ཤེས་དགོས། ། ༢༽ རིན་ཐང་བྲལ་པའི་དབུ་ཁྲིད། །ཟབ་བརླིང་ལྡན་པའི་དགོངས་གཞི། །ཞི་བདེའི་ལམ་སྟོན་འགངས་ཆེན། །བོད་རིགས་ཀུན་གྱིས་ཤེས་དགོས། ། ༣༽ རིག་ཚན་མང་བོའི་སློབ་གཞིར། །རིགས་གཅིག་རྐང་འཛིན་གང་མང༌། །སྐྱེད་སྲིང་བྱེད་པའི་དགོས་པ། །བོད་རིགས་ཀུན་གྱིས་ཤེས་དགོས། ། ༤༽ དུས་རབས་གསར་བའི་འགྲོས་བསྟུན། །དེང་རབས་ཤེས་ཡོན་སྦྱང་རྒྱུ། །མ་འོངས་ཆེད་དུ་དམིགས་པ། །བོད་རིགས་ཀུན་གྱིས་ཤེས་དགོས། །
ཡོན་ཏན་པ།
རྨེའུ་དཀོན་རྒྱམ།
༡༽ བྱ་དངོས་གནས་ཚུལ་གང་ལ། །ཤེས་ཚད་མཐོན་པོའི་ཐོག་ནས། །ཞིབ་འཇུག་གཏིང་ཟབ་དགོས་པ། །ཡོན་ཏན་པ་ཡི་ཁྱད་ཆོས། ། ༢༽ ཕུགས་བསམ་ཟབ་མོས་བསླངས་ཏེ། །རེ་འདུན་འཚོལ་སྙེད་སླད་དུ། །འབད་བརྩོན་རྒྱུན་སྐྱོང་དགོས་པ། །ཡོན་ཏན་པ་ཡི་སྙིང་སྟོབས། ། ༣༽ རྣམ་དཔྱོད་ཡངས་པོས་བསྐུལ་ཏེ། །བདེན་པའི་ཕྱོགས་སུ་ལངས་ནས། །ལ་རྒྱའི་གདེང་སྤོབས་དགོས་པ། །ཡོན་ཏན་པ་ཡི་རང་ཚུགས། ། ༤༽ ལྷག་བསམ་དག་མོས་བསྲིངས་ཏེ། །ལག་ལེན་གནད་སྨིན་བསྟར་ནས། །གྲུབ་འབྲས་རླབས་ཆེན་དགོས་པ། །ཡོན་ཏན་པ་ཡི་བྱས་རྗེས། །
དངོས་གནས་ཡག་པོ་བྲིས་ཤག དེ་འདྲ་ཡིན་དུས། ཐུགས་རྗེ་ཆེ། མུ་མཐུད་ནས་འབྲི་རོགས་ཞུ།
མི་འབོེར་ཕོན་ཆེ་དགེ་དགུ་འདུན་ཡུལ་དུ་བརྫང་།།
དབང་ཤུགས་ཕལ་ཆེར་བླ་མར་སྤྲད་དེ་བཀུར།།
ཆོས་ཀྱིས་མྱོས་བའི་ཁ་བའི་མི་རིགས་འདིས།།
འཁོར་བའི་རྒྱལ་སྲིད་མཁྱོངས་བ་འཕྱང་མོ་སྙུག།
མི་རིགས་མ་སྟོང་བར་དུ་དགེ་འདུན་བཟོས།།
རྒྱལ་ཁམས་མ་བརླགས་བར་དུ་ཆོས་ལུགས་བཀུར།།
ཆོས་ཀྱིས་ཚིམས་པའི་སཱ་ཐུབ་བྷ་བྷ་རིགས།།
འཁོར་བའི་གཞི་འཛིན་ཐུབ་པ་འཕྱང་མོ་སྙུག།
མི་སྨྱོན་པའི་ཁ་ནས་ཇི་བཤད་འདི་བཤད།།
ཚིག་བདེན་པ་མིན་པ་ཀུན་གྱི་ལོས་ཤེས།།
གྲྭ་རྫིན་མ་ཁྱེད་ཀྱི་ངག་འཆར་དེ་དག།
སུ་གང་གིས་འཛིན་མ་ཡིན་པ་ལོས་ཤེས།།
གོང་གི་ཚངས་དབྱངས་འདི། སྔོན་མ་མཆན་སྤེལ་མྱོང་མཁན་གྱི་ཚངས་དབྱངས་མིན། དྲ་བདག་ནས་གློག་ཡིག་ཁ་བྱང་དང་གློག་ཀླད་ཀྱི་ཨང་གྲངས་ལ་གཟིགས་ན་ཆོག
རབ་བྱུང་ན། གོང་གི་རྩོམ་པ་པོ་ཚངས་དབྱངས་ལགས་ཀྱིས་མཚན་གཞན་ཞིག་སྤྱོད་ཐུབ་ལ་ལེགས།
མི་འབོེར་ཕོན་ཆེ་དགེ་འདུན་ཡུལ་དུ་བརྫང་།།
དབང་ཤུགས་ཕལ་ཆེར་བླ་མར་སྤྲད་དེ་བཀུར།།
ཆོས་ཀྱིས་མྱོས་བའི་ཁ་བའི་མི་རིགས་འདིས།།
འཁོར་བའི་རྒྱལ་སྲིད་འཁྱོངས་བ་འཕྱང་མོ་སྙུག།
མི་རིགས་མ་སྟོང་བར་དུ་དགེ་འདུན་བཟོས།།
རྒྱལ་ཁམས་མ་བརླགས་བར་དུ་ཆོས་ལུགས་བཀུར།།
ཆོས་ཀྱིས་ཚིམས་པའི་སཱ་ཐུབ་བྷ་བྷ་རིགས།།
འཁོར་བའི་གཞི་འཛིན་ཐུབ་པ་འཕྱང་མོ་སྙུག།
རང་ཉིད་སྨྱོ་ན་གཞན་ཉིད་སྨྱོན་པ་མཐོང་།།
རང་ཉིད་རྐུན་ན་གཞན་ཉིད་རྐུན་པ་ལྟ།།
ཞེན་འདོད་སེམས་ཀྱི་རྫུན་གྱིས་དམོད་པ་ནི།།
བླུན་ཆོས་གྲོགས་སུ་བསྟེན་པའི་གཤིས་ལུགས་ཉིད།།
མིང་རྫུན་གོས་ལ་གྱོན་ནས་དྲ་རྒྱར་ཞུགས།།
དོན་རྫུན་མཆོད་ཆང་བཏུང་བའི་རྫུན་གཏམ་ཅན།།
བློ་སྣ་ཕྱིན་ཅི་ལོག་པའི་སྐྱེས་བོ་དེས།།
ཅི་ཙམ་བརྟགས་ཀྱང་བདེན་དོན་རྙེད་པ་དཀའ།།
ཕ་མས་ནོར་རྫས་བརྐུས་ཀྱང་རྒྱན་དུ་འདོད།།
དགྲ་བོས་སྦྱིན་པ་བཏང་ཡང་དུག་ཏུ་མཐོང་།།
ཕྱོགས་ཀྱིས་མྱོས་བའི་སྐྱེས་བོའི་རྣམ་ཤེས་ཅན།།
གང་དུ་ཕྱིན་ཡང་འཇིག་རྟེན་ཕུང་འདྲེ་རེད།།
ནོར་བཅོས་དང་ཁ་གསབ།
མི་འབོར་ཕོན་ཆེ་དགེ་འདུན་ཡུལ་དུ་བརྫང་།།
དབང་ཤུགས་ཕལ་ཆེར་བླ་མར་སྤྲད་དེ་བཀུར།།
ཆོས་ཀྱིས་མྱོས་བའི་ཁ་བའི་མི་རིགས་འདིས།།
འཁོར་བའི་རྒྱལ་སྲིད་འཁྱོངས་བ་འཕྱང་མོ་སྙུག།
མི་རིགས་མ་སྟོང་བར་དུ་དགེ་འདུན་བཟོས།།
རྒྱལ་ཁམས་མ་བརླགས་བར་དུ་ཆོས་ལུགས་བཀུར།།
ཆོས་ཀྱིས་ཚིམས་པའི་སཱ་ཐུབ་བྷ་བྷ་རིགས།།
འཁོར་བའི་གཞི་འཛིན་ཐུབ་པ་འཕྱང་མོ་སྙུག།
རང་ཉིད་སྨྱོ་ན་གཞན་ཉིད་སྨྱོན་པ་མཐོང་།།
རང་ཉིད་རྐུན་ན་གཞན་ཉིད་རྐུན་པ་ལྟ།།
ཞེན་འདོད་སེམས་ཀྱི་རྫུན་གྱིས་དམོད་པ་ནི།།
བླུན་ཆོས་གྲོགས་སུ་བསྟེན་པའི་གཤིས་ལུགས་ཉིད།།
མིང་རྫུན་གོས་ལ་གྱོན་ནས་དྲ་རྒྱར་ཞུགས།།
དོན་རྫུན་མཆོད་ཆང་བཏུང་བའི་རྫུན་གཏམ་ཅན།།
བློ་སྣ་ཕྱིན་ཅི་ལོག་པའི་སྐྱེས་བོ་དེས།།
ཅི་ཙམ་བརྟགས་ཀྱང་བདེན་དོན་རྙེད་པ་དཀའ།།
ཕ་མས་ནོར་རྫས་བརྐུས་ཀྱང་རྒྱན་དུ་འདོད།།
དགྲ་བོས་སྦྱིན་པ་བཏང་ཡང་དུག་ཏུ་མཐོང་།།
ཕྱོགས་ཀྱིས་མྱོས་བའི་སྐྱེས་བོའི་རྣམ་ཤེས་ཅན།།
གང་དུ་ཕྱིན་ཡང་འཇིག་རྟེན་ཕུང་འདྲེ་རེད།།
ཡ་ཀི་གངས་རི་དཀར་པོ།
ང་ཡི་བླ་རི་རེད་ཟེར།
གངས་དཀར་ཉི་མས་གདུང་དུས།
སེང་ཕྲུག་འགྲོ་དགོས་བྱུང་སོང་།
མ་ཀི་མ་ཕམ་གཡུ་མཚོ།
ང་ཡི་བླ་མཚོ་རེད་ཟེར།
མཚོ་མོ་འཁྱག་གི་བཟུང་དུས།
ཉ་ཆུང་འགྲོ་དགོས་བྱུང་སོང་།
ཕ་ཀིའི་ལྷ་ཤིང་ཤུག་པ།
ང་ཡི་བླ་ཤིང་རེད་ཟེར།
ལྷ་ཤིང་གཞན་གྱིས་བཅད་དུས།
བྱེའུ་ཆུང་འགྲོ་དགོས་བྱུང་སོང་།
གཙེས་ཚད་ཐམས་ཅད་ལས་དགོས།
ལས་བྱེད་ཐམས་ཅད་བསམས་དགོས།
བསམ་ཚད་ཐམས་ཅད་དགེ་དགོས།
དགེ་བྱས་ཐམས་ཅད་བསྔོ་དགོས།
གླུ་ཚིག་ངོ་མས་ཡག་པོ་འདུག་ཐུགས་རྗེ་ཆེ