ཆུ་སྐྱེས་སྒྲོལ་མ།
རྒྱ་གར་ལྷོ་ཕྱོགས་ནས་འཚོགས་པའི་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་དེ་རྒྱལ་ཁའི་ངང་མཇུག་སྒྲིལ་བ་དང༌། མཇུག་བསྡོམས་སྙན་ཐོ་དེ་བཞིན་ཕྱི་ཟླ ༨ པའི་ཚེས་ ༣༡ ཉིན་རྒྱ་གར་ལྷོ་ཕྱོགས་སེ་ར་བླ་སྤྱིའི་གཙུག་ལག་ཁང་དུ་༸གོང་མཆོག་ལ་སྙན་སྒྲོན་ཞུས་པ་དང་། སྐབས་དེར་༸གོང་ས་མཆོག་གིས། བཙན་བྱོལ་བོད་མིའི་ཤེས་ཡོན་དང་གཞིས་ཆགས་ཀྱི་སྐོར། དགོན་སྡེ་ཁག་གི་འོས་འགན་གྱི་སྐོར་སོགས་ཕྱོགས་མང་པོ་ནས་བཀའ་སློབ་ལམ་སྟོན་བླ་མེད་གནང་བ་གཉིས་ནི།
འདས་པའི་དུས་ཚོད་ལ་ཕྱིར་བལྟ་བྱེད་པ་དང་། ད་ལྟའི་དུས་ཚོད་དམ་འཛིན་བྱེད་པ། མ་འོངས་པའི་དུས་ཚོད་ལ་སྔོན་དཔག་བྱེད་སྟངས་ཤིག་རེད། ལོ་ལྔ་བཅུའི་དུས་ཚོད་ལ་འདི་ལྟར་བསྐྱར་ཞིབ་ཅིག་གནང་བ་རེད། འདི་ནི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་ལ་སྡོམ་བརྒྱབ་ཞིག་ཆགས་ཡོད།
སྐབས་དེར་ཚོགས་འདུའི་མཇུག་སྡོམ་གསུངས་བཤད་གྲུབ་རྗེས་གོང་ས་མཆོག་ནས། བོད་རྒྱ་ཐ་དད་ཡིན་པ་དེ་ལོ་རྒྱུས་ཀྱི་ཐོག་ནས་ང་ཚོར་ཐོབ་ཐང་ཡོད། བོད་ཀྱི་གནད་དོན་འདི་དེ་ཙམ་ཛ་དྲག་མིན་ན། ཐོབ་ཐང་བརྩད་བསྡད་ན་མ་འགྲིག་པ་གང་ཡང་མེད། བོད་པའི་ཆོས་དང་རིག་གཞུང༌། སྐད་ཡིག་ཁོར་ཡུག་སོགས་ལོ་རེ་བཞིན་ཉམས་ཆག་ཏུ་འགྲོ་བཞིན་ཡོད། ཛ་དྲག་གི་གནས་སྟངས་འདི་ལས་བོད་སྐྱོབ་ཐུབ་པའི་ཐབས་ཤེས་ཤིག་བྱ་དགོས་པ་རེད་མ་གཏོགས་ཐོབ་ཐང་གཅིག་པུ་བཤད་འདུག་རྒྱུའི་དུས་ཚོད་མ་རེད།
སོགས་གསུངས་པ་ནི། ད་ལྟའི་འཐབ་རྩོད་ཀྱི་ཁ་ཕྱོགས་འདི་གལ་ཆེན་ཡིན་པ་དང་། དེ་བོད་རྒྱ་ཆེའི་མི་མང་གིས་ཤེས་པའི་ཐོག་ནས་མདུན་བསྐྱོད་བྱེད་དགོས་པའི་ལམ་སྟོན་དང་། ད་ལྟའི་ང་ཚོའི་འཐབ་རྩོད་ཀྱི་དམིགས་གཏད་གསལ་སྟོན་གནང་བ་འདིས། བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་བཅས་ཉམས་པ་སླར་གསོའི་རེ་བ་དང་གོ་སྐབས་དེ་ད་ལྟའི་དུས་ཚོད་འདི་དམ་འཛིན་ལྷོད་གཡེང་མེད་པ་ཞིག་གི་སྟེང་ནས་གོམ་པ་སྤོ་དགོས་པར་བསྟན་པ་རེད།
བོད་ཕྱི་ནང་གཉིས་ཀ་ན། བོད་ཀྱི་རྩ་དོན་ཐད་ལ་ལས་འགུལ་མང་པོ་ཞིག་སྤེལ་གྱི་ཡོད་པ་རེད། ལས་འགུལ་གྱི་དམིགས་ཡུལ་གཅིག་གྱུར་ཡིན་ནའང་། སྤེལ་སྟངས་དང་བཤད་སྟངས་འདྲ་གི་ཡོད་པ་མ་རེད། མཚམས་རེར། ང་ཚོས་ཛ་དྲག་གིོ་གནས་སྟངས་ལས་མྱུར སྐྱོབ་བྱེད་པ་དང་ཐོབ་ཐང་རྩོད་པ་གཉིས་ཀ་མཉམ་དུ་བྱེད་ཀྱི་ཡོད་པའི་བཟོ་ལྟ་ཡོད་ལ། མཚམས་རེར། ཐོབ་ཐང་ཁོ་ན་རྩོད་པ་ལས་ཛ་དྲག་གི་གནས་སྟངས་ལ་ཕྱིར་མིག་མི་བལྟ་བའི་སྣང་ཚུལ་ཡང་ཡོང་གི་ཡོད།
བོད་ནང་དུ་ཆ་མཚོན་ན། གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཁག་དུས་ཐོག་ཏུ་གོ་ཐུབ་ཀྱི་ཡོད་པ་དང་མེད་པ་གཉིས་ལས་མེད་མཁན་མང་བ་དང་། གལ་སྲིད་གོ་བའི་དབང་དུ་བཏང་ནའང་། འགྲེལ་བརྗོད་དར་སྤེལ་བྱེད་རྒྱུའི་ཁོར་ཡུག་དང་གོ་སྐབས་མེད་པས། ལས་འགུལ་གང་ཞིག་སྤེལ་རུང་རང་རང་སོ་སོའི་འདོད་ཕྱོགས་ལྟར་མདུན་བསྐྱོད་བྱེད་པ་ལས་ཐབས་གཞན་མེད་པར་གནས་ཡོད།
བཙན་བྱོལ་དུ་ཆ་མཚོན་ན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གིས། བོད་བསྟན་པ་ཆབ་སྲིད་སླད་དུ་ལས་འགུལ་རབ་དང་རིམ་པ་སྤེལ་ནས། བོད་དོན་ཁྱབ་བསྒྲགས་སོགས་ལ་འབྲས་བུའང་མི་དམན་པ་རེ་ཐོབ་ཡོད། འོན་ཀྱང༌། ད་ལྟའི་འཆར་ཐོབ་ཐང་རྩོད་རྒྱུ་དེ་གལ་ཆེན་ཡིན་པར་ངོས་འཛིན་བྱེད་པ་དང་།
ཛ་དྲག་གི་གནས་སྟངས་འདི་ནས་མྱུར་སྐྱོབ་བྱ་རྒྱུ་དེ་གལ་ཆེན་ཡིན་པར་ངོས་འཛིན་བྱེད་སྟངས་རིགས་གཉིས་ཡོད། གང་སྔོན་ལ་བྱེད་དགོས་པ་དང། གང་རྗེས་ལ་སྒྲུབ་དགོས་པའི་འདམ་ག་གསལ་པོ་ཞིག་མ་བྱུང་ནས། ང་ཚོའི་ལས་འགུལ་མང་པོ་ཞིག་ཁ་ཕྱོགས་མ་འདྲ་བ་ཆགས་ཀྱི་ཡོད།
༢༠༠༨ ལོའི་ཞི་རྒོལ་ལས་འགུལ་སྐབས་ལ། བཙན་བྱོལ་བོད་མི་ཚོས་འཛམ་གླིང་གི་ས་ཕྱོགས་གང་ས་ནས་གདུང་སེམས་མཉམ་བསྐྱེད་བྱས་པ་རེད། བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་བཙུགས་ནས་ཁ་ཕྱོགས་གཅིག་གིས་གདོང་ལེན་བྱས། དེ་ནས་ཛ་དྲག་གི་ལས་འགུལ་དེ་མཚམས་བཞག ཡིན་ནའང་། བོད་ནང་གི་གནས་སྟངས་དེ། ད་དུང་ཡང་འགྱུར་བ་མེད་པར་གནས་བསྡད་ཡོད།
རྒྱ་གཞུང་གི་དམག་མིས་ད་དུང་ཡང་མེ་མདའ་ལག་པར་བཟུང་སྟེ། བོད་པའི་དགོན་པ་དང་གྲོང་སྡེ། ཐ་ན་ཁྱིམ་ཚང་གི་སྒོ་ཁ་རེ་རེ་ན་སོ་ལྟ་དང་། སྐོར་ཉུལ་བྱེད་བཞིན་པ་རེད།
བོད་མི་མང་པོ་ཞིག་ད་དུང་ཡང་བཙོན་ཁང་ན་ཡོད། བཙོན་ཁང་དུ་འཇུག་མཚམས་ད་དུང་ཡང་བར་མཚམས་ཆད་ཀྱི་ཡོད་པ་མ་རེད། འདི་ཚོར་བལྟས་པ་ཡིན་ན། ཛ་དྲག་གི་གནས་སྟངས་འདི་ལས་ཐར་བ་ཞིག་བྱེད་དགོས་པ་ནི་ལས་དོན་ཨང་དང་པོ་ཆགས་ཡོད།
བོད་མི་ཚོ་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་འོག་ལ་རྒྱག་གཅིག་མཆོང་གཅིག་གིས་ཤར་བསྐྱོད་ཐུབ་པ་ཡིན་ན། ཏཱ་ལའི་བླ་མ་ཁ་ཞེ་གཉིས་མེད་མ་རེད་ཅེས་པའི་མ་ཉེས་ཁ་གཡོགས་ཀྱི་གླེང་བཤད་འདི་ཚོ་ཡོང་ཤེས་ཀྱི་མ་རེད།
བོད་མི་ཚང་མའི་མངོན་འདོད་གཅིག་མཚུངས་ཡིན་པ་དེར། འཛམ་གླིང་མི་མང་ནས་ཀྱང་སྔར་ལས་ཡིད་ཆེས་དང་རྒྱབ་སྐྱོར། རྒྱ་ཕྱོགས་ལའང་བཟོ་ལྟ་ཞིག་སྤྲོད་ཐུབ་ཀྱི་རེད།
དེས་ན། ཚོགས་པ་སྐྱིད་སྡུག་ཚོས་ཆིག་སྒྲིལ་ལ་འབད་དགོས་པ་དེ། ཛ་དྲག་གི་དུས་སྐབས་འདིར།
ཐབས་ལམ་ཡག་ཤོས་ཞིག་ཡིན་པར་ངོས་འཛིན་ཐུབ་དགོས་པ་གལ་ཆེ།
དཔེར་ན། བུད་མེད་ལྷན་ཚོགས་ཀྱི་ལྟ་གྲུབ་ནི། ལམ་དབུ་མ་དང་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་འོག་ཤར་བསྐྱོད་བྱེད་ཀྱི་ཡིན་ཞེས་པ་དེ་རེད། དེ་གྲོས་ཆོད་ཁག་གི་ནང་བཀོད་ཡོད་རུང༌། ལག་ལེན་ངོ་མར། རང་བཙན་འཐབ་རྩོད་ལས་འགུལ་ནང་ལའང་ཞུགས་ཀྱི་ཡོད་པ་དང་། དབུ་མའི་ལམ་གྱི་ལས་འགུལ་ནང་ལའང་ཞུགས་ཀྱི་ཡོད། དེ་ནི་ལས་འགུལ་ནང་ཆ་ཤས་བླངས་པ་དེ་འགྲིག་ཡོད་མེད་ཀྱི་སྐད་ཅ་མ་རེད།
སོ་སོའི་ལྟ་གྲུབ་དང་ལངས་ཕྱོགས་དེ་དོར་ཚར་བའི་རྗེས་ལ། དབྱེ་ཞིབ་པ་ཚོས་དེར་ལྟ་སྟངས་ཡག་པོ་ཞིག་གིས་བལྟ་ཤེས་ཀྱི་ཡོད་པ་མ་རེད།
མང་ཚོགས་ལ་ཆ་བཞག་ནའང་དེ་འདྲ་རེད། གཞུང་འབྲེལ་ལས་འགུལ་འདྲ་སྤེལ་ན་དེར་མཉམ་ཞུགས་བྱེད་པ་དང༌། གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པས་ལས་འགུལ་སླེལ་ན་དེར་མཉམ་ཞུགས་བྱེད་ཀྱི་ཡོད། མང་ཚོགས་ལའང་རང་རང་གི་ལངས་ཕྱོགས་བརྟན་པོ་ཡོད་དགོས་པ་གལ་ཆེ།
གང་ལ་ཟེར་ན། ཆབ་སྲིད་པ་ཚོའི་ལྟ་སྟངས་ལ། ལས་འགུལ་ཟེར་བ་ནི་དམིགས་ཡུལ་དང་ཁ་ཕྱོགས་ངེས་ཅན་ཞིག་གི་འོག་ནས་ཡོང་བར་འདོད་པ་ཡིན།
བོད་མིའི་ཆོས་དང་རིག་གཞུང༌། སྐད་ཡིག་དང་ཁོར་ཡུག་སོགས་སླར་གསོའི་རེ་བ་བྱ་ཡུལ་མེད་པའི་བར་དུ་ཉམས་ཆག་སོང་བ་ཡིན་ན། གཞོན་སྐྱེས་མང་པོ་ཞིག་རང་མི་རིགས་ཀྱི་གོམས་གཤིས་དང་ཁ༌ཐག་རིང་པོ་ཆགས་པ་ཡིན་ན། སྐད་ར་མ་ལུག་རྒྱག་མཁན་གྱི་སྤྱི་ཚོགས་ཤིག་ཆགས་པ་ཡིན་ན། ཕྱི་ཤུན་མཛེས་སྡུག་དང་ལྡན་པའི་ཁང་སྟོང་ཞིག་ལག་ཏུ་ཐོབ་ཀྱང་དེར་རིན་ཐང་ཅི་ཡང་མེད་པ་དང་ཡོངས་སུ་མཚུངས།
ཆོས་སྐྱིད་ལགས།
འདྲི་བ་འདི་དག་ཁ་ནས་ཤོར་སོང་།
བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་དགོས་ན། རིག་གཞུང་དེས་དེང་གི་བོད་མིའི་བསམ་བློ་དང་འཚོ་བའི་དགོས་པ་བཅས་བསྐང་ཐུབ་པ་དགོས། དེ་ལྟར་ཡོང་བར། སྔོན་གྱི་ལེགས་བྱ་རྣམས་འབུར་འདོན་ཐོག་ད་དུང་འཚོ་བ་དང་བསམ་བློའི་དགོས་མཁོ་གསར་པ་རྣམས་ལ་ཕན་ཐོག་ཡོད་པའི་རིག་གཞུང་གསར་པ་དང་ལེན། ཕན་ཐོག་མེད་པའི་བསམ་བློ་དང་གོམས་གཤིས་རྙིང་པ་རྣམས་ལ་བྱིར་དོར་བྱ་དགོས། དེ་ལྟར་མིན་པར། རིག་གཞུང་རེད་ཅེས་བྱི་དོར་སྤུ་ཙམ་མེད་པར་བདག་ཉར་བྱེད་དབང་དུ་བཏང་ན། གཅིག་ནས་རིག་གཞུང་དེ་ནུས་མེད་ལ་འགྲོ་བ་དང་། གཉིས་ནས། བདག་སྲུང་བྱེད་ཐུབ་པའི་དབང་དུ་བཏང་ཡང་རྒྱུན་བསྲིང་བྱ་མི་ཐུབ།
དེར་བརྟེན་ངེད་ཚོའི་རིག་གཞུང་ནང་ལ་མེད་པ། དེང་དུས་ཀྱི་འཚོ་བར་དགོས་མཁོ་ཆེ་བའི་རིགས་རྣམས་དང་ལེན་བྱ་དགོས། ད་ལྟ་ང་ཚོ་དཀའ་ངལ་གཙོ་བོ་དེ། ཇི་ལྟར་བུ་ཕྲུག་རྣམས་ལ་ངེད་ཚོའི་རིག་གཞུང་འདི་དུས་རབས་གསར་པ་འདིའི་ནང་བཀོལ་སྤྱོད་གཏོང་རྒྱུ་དེ་མ་ཡིན་ནམ།
བོད་པའི་རིག་གཞུང་ནང་། སྤུལ་སྐུ་ངོས་འཛིན་བྱ་རྒྱུ་དེ་གལ་ཆེར་བརྩི་རུང་། དེང་དུས་ཀྱི་འཚོ་བའི་ནང་དེ་ལ་ཇི་ལྟར་གོ་བ་ལེན་དགོས་སམ།
བོད་པའི་རིག་གཞུང་ནང་གྲྭ་པ་ཨ་ནི་བཟོ་རྒྱུ་དེ་གལ་ཆེར་འཛིན་རུང་། དེང་དུས་ཀྱི་སློབ་གསོའི་དགོས་དབང་ལ་བརྟེན། བུ་ཕྲུག་རྣམས་སློབ་གྲྭར་གཏོང་རྒྱུ་དེ་གལ་ཆེར་སོང་སྟབས། སླད་དགོན་པ་དང་ཨ་ནིའི་རིག་གཞུང་དེ་ད་དུང་མུ་མཐུད་འགྱུར་བཅོས་མ་གཏོང་བར་འཇོག་ན་འགྲིགས་སམ།
བོད་པའི་རིག་གཞུང་ནང་། ལྷ་བླ་མའི་བཀའ་བཀོད་གཙིགས་ཆེར་འཛིན་རུང་། དེང་དུས་ཀྱི་སྤྱི་ཚོགས་དང་སྲིད་གཞུང་གི་ཐག་གཅོད་དེ་དམངས་གཙོའི་ལམ་ནས་སྐྱོང་དགོས་སྟབས། ལྷ་བླ་མའཻ་གནས་བབ་དེ་འགྱུར་བཅོས་མ་གཏོང་བར་འཇོག་ན་འགྲིགས་སམ།
བོད་པའི་རིག་གཞུང་ནང་ལོ་ན་རྒན་པའི་ལམ་སྟོན་འོག་ལ་འགྲོ་བ་དེ་ལེགས་བྱར་མངོན་རུང་། དེང་དུས་སློབ་གསོ་དང་ཚན་རིག་གི་སྤྱི་ཚོགས་ནང་། རྒན་རབས་ཀྱི་འདོད་པ་གཙོ་བོར་འཛིན་པ་དེར་འགྱུར་བ་མ་གཏོང་བར་འཇོག་ན་འགྲིགས་སམ།
བོད་པའི་རིག་གཞུང་ནང་། ཕ་མའི་འདོད་དབང་ལ་འགྲོ་རྒྱུ་དེ་བཟང་ཆར་ངོས་འཛིན་བྱེད་ཀྱང་། བུ་ཕྲུག་གི་འདུན་པ་དང་། ཕུགས་བསམ་གཙོ་བོར་འཛིན་པའི་དེང་དུས་ཀྱི་སྤྱི་ཚོགས་ནང་། དེ་ལ་འདུ་ཤེས་འགྱུར་བ་མ་བཏང་ན་འགྲིགས་སམ། དཔེར་ན། ངེད་ཚོའི་རྒན་རབས་པ་རྣམས་ལ། ཆོལ་ཁ་དང་ཆོས་ལུགས་ཀྱི་འདུ་ཤེས་ཤུགས་ཆེ་ཐག་ཆོད་ཡོད་ཀྱང་། བུ་ཕྲུག་བསམ་རྒྱ་ཅན་ཚོས། བོད་པ་སྤྱིའི་བདེ་རྩར་བསམ་བློ་བཏང་ནས། ཡུལ་ལུང་དང་ཆོལ་ཁའི་འདུ་ཤེས་དེ་བསམ་བློ་རྙིང་པར་ངོས་འཛིན་ཡོང་སྐབས། དེ་བོད་པའི་རིག་གཞུང་དང་མཐུན་ནམ།
ད་དུང་་་་་་་་་་་་་་བོད་པའི་རིག་གཞུང་ནང་། གཤན་པ་དང་། ལྕགས་བཟོ། རྫ་མཁན་སོགས་ལ་མཐོང་ཆུང་གི་འདུ་ཤེས་ཡོད་མུས། བདེ་ཐང་ཅན་གྱི་སྤྱི་ཚོགས་ནང་དེ་ཚོ་ནི། མེད་དུ་མི་རུང་བའི་ཆེད་ལས་ཤ་སྟག་ལ་སོང་། འདུ་ཤེས་འདི་ལ་འགྱུར་བ་མ་བཏང་ན་འགྲིགས་སམ།
བོད་པའི་རིག་གཞུང་ནང་། སྐྱེ་བ་ཕྱི་མ་གཙོ་བོར་འཛིན་པའི་འདུ་ཤེས་དེ། དེང་གི་རིག་གཞུང་དང་མི་མཐུན་སྟབས། དེ་ལ་འགྱུར་བ་མ་གཏང་ན་འགྲིགས་སམ།
ད་དུང་་་་་་་་་་་་་་་་་་་་་་་་་་་་་
ཆོས་ལུགས་སྲུང་སྐྱོབ་ཨེ། བོད་པ་བརླགས་མཁན་ཆོས་རེད། ཆོས་ཟེར་ཡང་རྒྱ་གར་སཱ་ཐུབ་བྷའ་བྷའ་གི་སྐད་ཆ་རེད། སཱ་ཐུབ་བྷའ་བྷའ་རྣམས་ཀྱིས་རྒྱལ་སྲིད་མ་དགོས་དང་ནང་ཁྱིམ་ཡང་སྲུང་མི་ཐུབ་པ་ཤེས་གསལ་རེད། བསམ་བློ་ལྐུག་པ་མ་བཏང་། གཅིག་བྱས་ན་ཆོས་ནི་ཉིད་ཀྱི་ལྟ་གོས་དང་འབྲེལ་བ་ཡོད་པས་ཡིན་རྒྱུ་རེད། འོན་ཀྱང་བོད་མི་རིགས་ཀྱི་ཚེ་སྲོག་ཁྱེད་དང་ཁྱེད་འདྲ་བའི་མི་ཚོའི་ཁ་ཟས་ལ་བརྗེ་ག་རུང་། མི་རུང་ཏེ། བོད་མི་རྣམས་རྒྱུན་མཐུད་དུ་གནས་དགོས་བས་ཡིན།
སྐུ་མདུན་གྱི་ལམ་དབུ་མར་བོད་མི་ཀྱི་ཡོངས་ཀྱིས་མོས་མཐུན་གནང་ཚེ་རྒྱ་ནག་གིས་དབུ་མ་ལ་མོས་བྱེད་ཀྱི་ཡོད་པའི་ངེས་ཤེས་གང་དུ་རྙེད། རྒྱ་ནག་གིས་མོས་མཐུན་བྱེད་འདོད་ཡོད་ན་ད་ནས་བྱས་ཆོག་སྟེ། གོང་ས་མཆོག་བོད་མིའི་བླ་མེད་ཀྱི་དབུ་ཁྲི་དང་ཁོང་ལ་ཁག་གཏད་འཇལ་ཐུབ་མཁན་གྱི་མི་སྒེར་དང་ཚོགས་པ་ཚད་ལྡན་ཞིག་བོད་མིའི་ཁྲོད་དཀའ། དེའི་སྟེང་སྟོབས་ཤུགས་ཆེ་བའི་རྒྱ་ནག་གིས་རྒྱབ་སྐྱོར་ཐོབ་ཚེ་སུ་ཞིག་གིས་ངོ་རྒོལ་བྱེད་ཐུབ་བམ། མི་ཐུབ་པ་རྒྱ་ནག་གིས་ཤེས་ཤེས་པ་རེད། འོན་ཀྱང་རྒྱ་ནག་གིས་དེ་ལ་དོན་དངོས་ཀྱིས་སྐད་ཆ་བཤད་འདོད་མེད་པ་སྐུ་ཚབ་ཚོས་གསུངས་གསལ་རེད། གྲོས་མཐུན་དོན་ཚན་བཅུ་མདུན་ལ་སྐུ་མདུན་ལྟ་ཅི་སྐུ་ཚབ་ཙམ་གྱིས་མོས་མཐུན་གནང་ཚེ་རྒྱ་ནག་གི་མོས་མཐུན་བྱས། དེང་སྐབས་སྐུ་མདུན་གྱིས་ངོས་སུ་མོས་མཐུན་གནང་ཡང་རྒྱ་ནག་གིས་ཁ་སྣ་ཚོགས་ལ་གཡར་ནས་ངོ་རྒོལ་ཡོད་པའི་ཆབ་སྲིད་ཀྱི་བྲོ་གར་འདི་ཤེས་ལྡན་སུ་ཞིག་གིས་མི་ཤེས།
གྲོགས་པོ་རྣམ་པས་ཆུ་སྐྱེས་སྒྲོལ་མ་ལགས་ཀྱི་དགོངས་ཚུལ་ལ་གོ་བ་ལོག་སྒྲུབ་གནང་གི་འདུག ངས་བསམ་པར་ཆུ་སྐྱེས་ལགས་ཀྱིས་ྋགོང་ས་མཆོག་གི་བཀའ་སློབ་སྔ་རྗེས་ཀྱི་ནང་དོན་རྟོགས་པའི་སྒོ་ནས་དགོངས་ཚུལ་སྤེལ་འདུགཔར་ངས་བརྒྱ་ཆ་བརྒྱས་རྒྱབ་སྐྱོར་ཞུ་གི་ཡོད། ང་ཚོའི་སྤྱི་ཚོགས་ནང་དུས་ཚོད་དང་མ་འཚམས་པའི་སྐྱོན་ཆ་རེ་ཟུང་ཡོད་པ་དེ་དག་རིམ་པས་འགྱུར་བ་འགྲོ་མུས་རེད། ད་ལྟ་ཛ་དྲག་གི་གནས་ཚུལ་བརྗོད་རྒྱུ་དེའི་གོ་དོན་ྋགོང་ས་མཆོག་གི་བཀའ་སློབ་སྔ་རྗེས་ཀྱི་དགོངས་དོན་དང་བོད་ནང་རྒྱ་མིས་སྲིད་བྱུས་ག་རེ་སྤེལ་གྱི་ཡོད་མེད། དེ་བཞིན་རྒྱལ་སྤྱིའི་ནང་གི་འགྱུར་འགྲོས་ལ་བསམ་བློ་ཞིབ་ཏུ་བཏང་ན་གོ་བ་ཞིག་སླེབས་རྒྱུ་ཡོད་ངེས། ང་ཚོས་མི་ཡུལ་དུ་གནས་ཚང་གཡར་ནས་བསྡད་དེ་ཁ་ནས་ཐོབ་ཐང་ཁོ་ན་རྩོད་ཀྱིན་པར་ད་བར་རྒྱལ་སྤྱིའི་ཁྱོན་དུ་གཞུང་འབྲེལ་གྱི་རྒྱབ་སྐྱོར་ག་ཚོད་ཐོབ་ཡོད་དམ། མདོར་བསྡུས་ནས་ཞུས་ན་ད་ལམ་བལ་ཡུལ་གྱིས་བྱེད་སྟངས་འདིས་ང་ཚོར་སྔོན་བརྡ་གསལ་པོ་ཞིག་བཏང་བ་རེད། ཐོབ་ཐང་རྩོད་མཁན་རྣམས་པས་རྣམ་སྤྱོད་འདོན་ཡུལ་སྲང་ལམ་ལས་བརྒལ་བ་ཞིག་ཡོད་ཚེ་ད་ནི་དུས་ལ་བབ་པར་གདའ་འོ། ཛ་དྲག་གི་སྲིད་བྱུས་ལ་གཞུང་སྒེར་མང་པོས་དངོས་སུ་རྒྱབ་སྐྱོར་ཡོད་ལ་ལྷག་པར་རྒྱ་མི་རིགས་ཀྱི་རྒྱབ་སྐྱོར་ཆེན་པོ་ཡོད་པ་འདིར་རེ་བ་ཆེན་པོ་ཡོད། ཡུལ་དང་སྲོག་ལ་གནོད་གྱུར་ན། །སྐྱེས་བུས་ཀུན་ཏུ་སྲོག་བཟུང་བྱ། །བློ་ཡིས་གཉིས་ཀ་དཔྱད་བྱས་ན། །ཡུལ་ནི་ཡང་རྙེད་སྲོག་རྣམས་མིན། །ཞེས་མདོ་ལས་གསུངས་པ་ལྟར་དགོངས་པ་བཞེས་རྒྱུ་གལ་ཆེ།
དྲ་གྲོགས་རྣམ་པ་ཚོ།
ཁམས་བཟང༌།
ངས་ཛ་དྲག་གིས་གནས་ལས་སྐྱོབ་དགོས་ཀྱི་འདུག་ཟེར་བ་ནི།
བོད་པའི་ཁ་དཔེར། སྔོན་ལ་ཨེ་ཤེས་ལྟོས། དེ་ནས་ཨེ་ཡག་ལྟོས། ཞེས་པ་ལྟར། དང་པོ་ང་ཚོས་འཇིགས་ལ་ཉེ་བའི་བོད་ཀྱི་ཆོས་དང་རིག་གཞུང་བཟང་པོ་དེ་རྣམས་སྐྱོབ་ཐབས་ལ༌། གོང་ས་མཆོག་གི་བཀའ་དགོངས་གང་གནང་འོག་ཤར་བསྐྱོད་ཐུབ་པ་དགོས་ཀྱི་འདུག དེ་མིན་ཆ་ར་གྲུ་བཞི་ཞིག་ཕྱོགས་བཞིར་གཡས་འཐེན་གཡོན་འཐེན་བྱས་ན། དོན་མེད་ངལ་བའི་རྒྱུ་ལས་དེའི་ཆ་ཤས་ཤིག་ཐོབ་དཀའ། གལ་ཏེ་ང་ཚོས་ཆ་ར་དེ་མཉམ་རུབ་ཀྱིས་ཁ་ཕྱོགས་གཅིག་ལ་ནུས་ཤུགས་གཅིག་གིས་འཐེན་ན། རས་ཡུག་དེ་ཆ་ཚང་བ་ཞིག་ཕྱོགས་གཅིག་ལ་ཐོབ་པར་ཐེ་ཚོམ་ཅི། དེ་ནས། ང་ཚོས་རིག་གཞུང་བཅོས་སྒྲིག་ཟེན་ནའི་འདྲ། རྙིང་འདོར་གསར་དར་ལ་འབད་ཆོག་གི་རེད། དཔེར་ན། ཁྱེད་ཅག་གིས་དགོངས་དོན་བཟང་པོ་བཞིན། གུས་མོ་ཡང༌། གཤན་པ། ལྕགས་བཟོ་བ། རྫ་མཁན་སོགས་བོད་སྤྱི་ཚོགས་ནང་སྨད་ཡུལ་དུ་བརྩི་བར་དུས་ནམ་ཡང་སྲོལ་ངན་ལ་བལྟ་མཁན་ཞིག་ཡིན། དེ་དང་དེ་ལ་སོགས་པ་རྣམས་ང་ཚོས་བྱི་དོར་བྱས་ཆོག་མོད། དང་པོ་བྱིས་དོར་མ་བྱས་གོང༌། བྱིས་དོར་བྱེད་དགོས་སའི་ཡུལ་དེར་སླེབས་པར་ཛ་དྲག་གི་འབད་དགོས་ཀྱི་འདུག བསམ་བློ་ཐོངས་དང༌།
གོང་ས་མཆོག་གི་སྐུ་ན་ལོ་རེ་ནས་ལོ་རེ་བགྲེས་ནས་བགྲེས་སུ་འགྲོ་བཞིན་ཡོད། བོད་མི་ཚང་མས་དེའི་སྐོར་ལ། སེམས་ཁྲལ་དང་དངངས་འཚབ་བྱེད་བཞིན་ཡོད། མཐའ་ན། གོང་ས་མཆོག་སྐུ་ཚེ་མ་ཟིན་པའི་གནས་སྐབས་ཚུན་ལའང་བགྲོ་གླེང་དང༌། ཡང་སྲིད་རིན་པོ་ཆེ་ངོས་འཛིན་ཞུ་ཕྱོགས་ཚུན་ཆད་ལ་བསམ་ཚུལ་དང་སེམས་ཁྲལ་བྱེད། འོན་ན། གོང་ས་མཆོག་ཞལ་མ་ཞུགས་པའི་དུས་ངན་ཞིག་ཤར་ཚེ། བོད་དོན་གླེང་མཚམས་འཇོག་གམ་ཟེར་ན། དེ་མཚམས་བཞག་གི་མ་རེད། ཡིན་ནའི་མགོན་པོ་གང་ཉིད་ཞལ་ཞུགས་སྐབས་དང་ནུས་པ་མི་འདྲ། དེ་བཞིན་ལྷ་སྲས་རྒྱལ་པོ་འདྲ་བའི་བཀའ་ཁྲི་ཞིགས་ཕེབས་ཀྱང་བོད་མི་ཚོས་ཁོང་གི་ཞལ་ལ་ཉན་ཨེ་ཡོང༌། ཁག་པོ་རེད། དེར་བརྟེན། ང་ཚོས་ཐོབ་ཐང་མ་རྩོད་པར་ཛ་དྲག་ལ་འབད་ནས། བོད་ནང་དུ་ཕྱིར་ལོག་ཐུབ་པ་བྱེད་རྒྱུ་དེ་ལས་འགན་ཨང་དང་པོར་འཇོག་དགོས་ཀྱི་འདུག དེ་མིན་ང་དང་ང་འདྲ་བས་ཐག་རིང་ཐག་རིང་ཞིག་ནས། ཛ་དྲག་གིས་བོད་ཀྱི་རིག་གཞུང་སྐྱོབ་ཐུབ་ཀྱི་མ་རེད། བོད་ཀྱི་ཆོས་དང་རིག་གཞུང་ཛ་དྲག་གིས་སྐྱོབ་དགོས་ན། དེ་ལྟར་ཛ་དྲག་གིས་བོད་ལ་ལོག་ཐུབ་རྒྱུར་འབད་དགོས་ཀྱི་འདུག
ཨ་ཅག་ཆུ་སྐྱེས་སྒྲོལ་མ་ལགས་ཁྱེད་གི་གསུང་ཡས་བྱས་ན་དགོང་ས་མཆོག་དང་་་་དགོང་ས་མཆོག་ཟེར་ནས་དོན་ལ་དམར་ཤོག་གི་ལྟ་བ་འདྲ་པོ་ཅིག་དགོས་གི་ཡོད་ས་རེད་། ང་ཚོ་ནི་དམངས་གཙོའི་གཞུང་ཞིག་ཡིན་ཙང་ལྟ་བ་དང་བསམ་ཚུལ་འདྲ་མི་འདྲ་ཡོང་དགོས་པ་རེད་། ཡང་ཨ་ཅག་དེས་ཉིན་ཅིག་རིག་གསར་སྐབས་ནང་བཞིན་ལག་ཏུ་དེབ་དམར་པོ་རེ་བསྐུར་ནས་བཏང་ས་རེད་གོ་།
ཨ་ཅག་ཆུ་སྐྱེས་སྒྲོལ་མ་ལགས་ཁྱེད་གི་གསུང་ཡས་བྱས་ན་དགོང་ས་མཆོག་དང་་་་དགོང་ས་མཆོག་ཟེར་ནས་དོན་ལ་དམར་ཤོག་གི་ལྟ་བ་འདྲ་པོ་ཅིག་དགོས་གི་ཡོད་ས་རེད་། ང་ཚོ་ནི་དམངས་གཙོའི་གཞུང་ཞིག་ཡིན་ཙང་ལྟ་བ་དང་བསམ་ཚུལ་འདྲ་མི་འདྲ་ཡོང་དགོས་པ་རེད་། ཡང་ཨ་ཅག་དེས་ཉིན་ཅིག་རིག་གསར་སྐབས་ནང་བཞིན་ལག་ཏུ་དེབ་དམར་པོ་རེ་བསྐུར་ནས་བཏང་ས་རེད་གོ་། ཛ་དྲག་གི་གནས་སྟངས་ལས་སྐྱབས་རྒྱུ་ཟེར་ནས་ད་བར་གུ་ཡང་ཡོད་ཚད་གནང་བ་རེད་། ཛ་དྲག་ལས་སྐྱབས་ན་འང་འདྲ་ཐོབ་ཐང་རྩོད་ན་འང་འདྲ་གང་ལྟར་དུས་ལ་མ་སླེབས་ན་སྒུག་ནས་སྡོད་རྒྱུ་མ་ཏོག་གང་ཡང་ཡོད་པ་མ་རེད། དེ་སྲིད་བར་དུ་ཐོབ་ཐང་རྩོད་དགོས་སར་ཐོབ་ཐང་རྩོད་རིག་གཞུང་སྲུང་དགོས་སར་རིག་གཞུང་སྲུང་དགོས་པ་རེད།