བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་གོ་སྒྲིག་འོག་ཟླ་འདིའི་ཚེས ༡༦ དགོང་དྲོའི་ཆུ་ཚོད་ ༥:༣༠ ཐོག་བོད་གཞུང་ཟློས་གར་ཚོགས་ཁང་དུ་བོད་ཀྱི་སྐད་ཡིག་སྐོར་གྱི་རིག་རྩལ་སྤྲོ་ཚོགས་ཤིག་ཚོགས་འཆར་ཡོད་པས། སྐུ་ཉིད་དུས་ལྟར་རིག་རྩལ་སྤྲོ་ཚོགས་འདིའི་ཐོག་ཕེབས་པར་དགའ་བསུ་ཞུ།
རིག་རྩལ་སྤྲོ་ཚོགས་འདིའི་ནང་ཞེས་པའི་རྩེད་མོ་ཞིག་ཀྱང་གོ་སྒྲིག་བྱས་ཡོད་པས། མི་མང་གིས་རྩེད་མོ་དེའི་ཆ་ཤས་ལེན་རོགས།
རིག་རྩལ་སྤྲོ་ཚོགས་འདི་མི་མང་ལ་རིན་མེད་ཐོག་གཟིགས་འབུལ་ཞུ་རྒྱུ་ཡིན་པས་མི་མང་གང་མང་མང་ཕེབས་རོགས་གནོངས།
དུས་ཚོད། ཟླ་འདིའི་ཚེས ༡༦ དགོང་དྲོའི་དུས་ཚོད ༥:༣༠ ཐོག
ས་གནས། བོད་གཞུང་ཟློས་གར་ཚོགས་ཁང་།
གོ་སྒྲིག་པ། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ།
ཡག་པོ་རེད། རྗེས་སུ་ཡི་རང་བྱ། དེ་ཉིན་མཇལ་ཡོང་།
ཞེས་པའི་རྩེད་མོ་ཟེར་བ་དེ་ལ་ག་རེ་ལ་གོ་རྒྱུ་ཡོད་རེད། ངས་གང་ཡང་མགོ་ཚོས་མ་སོང་། འོན་ཀྱང་ཅིག་གོ་རྒྱུ་ཡོད་པའི་རེ་བ་དང་སྨོན་ལམ་ཡོད། སྤྲོ་ཚོགས་འདི་འདྲ་ཞིག་འཚོགས་པ་དེ་ཡག་པོ་ཡོང་བའི་རེ་བ་ཡོད།
ལྷ་སྨོན་པ་ལགས།
སྤྱིར་བཏང་རིག་རྩལ་ཞེས་འབྲི་བཞིན་ཡོད་ཀྱང་ང་ཚོས་གོ་སྒྲིག་བྱས་པའི་རིག་རྩེད་སྤྲོ་ཚོགས་འདིའི་ནང་རིག་རྩལ་གྱི་ཆ་ནས་གླེང་ན་གླེང་རིན་མེད་པ་མང་པོ་ཡོད་སྟབས། ཆེད་དུ་རྩེད་མོ་རང་གི་འོག་མར་བབས་ནས་ ༑ཞེས་པའི་རྩེད་མོ་དེ་སྤྲོ་ཚོགས་འདིའི་ནང་གལ་ཆེན་དོན་ཆེན་དུ་རྩིས་ཡོད་པའི་ཁུལ་ཡིན། སྐུ་ཉིད་ཀྱང་དྷ་སར་བཞུགས་ཡོད་མཁན་ཞིག་ཡིན་ན། ཉིན་དེར་རྩེད་མོ་དེའི་ཆ་ཤས་ལེན་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན། ཐུགས་རྗེ་ཆེ།
ལྷ་སྨོན་པ་ལགས།
སྤྱིར་བཏང་རིག་རྩལ་ཞེས་འབྲི་བཞིན་ཡོད་ཀྱང་ང་ཚོས་གོ་སྒྲིག་བྱས་པའི་རིག་རྩེད་སྤྲོ་ཚོགས་འདིའི་ནང་རིག་རྩལ་གྱི་ཆ་ནས་གླེང་ན་གླེང་རིན་མེད་པ་མང་པོ་ཡོད་སྟབས། ཆེད་དུ་རྩེད་མོ་རང་གི་འོག་མར་བབས་ནས་ ཞེས་པའི་རྩེད་མོ་དེ་སྤྲོ་ཚོགས་འདིའི་ནང་གལ་ཆེན་དོན་ཆེན་དུ་རྩིས་ཡོད་པའི་ཁུལ་ཡིན། སྐུ་ཉིད་ཀྱང་དྷ་སར་བཞུགས་ཡོད་མཁན་ཞིག་ཡིན་ན། ཉིན་དེར་རྩེད་མོ་དེའི་ཆ་ཤས་ལེན་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན། ཐུགས་རྗེ་ཆེ།
དགོངས་དག གོང་གི་མཆན་དེའི་ནང་ཆད་ལྷག་ཤོར་འདུག
ལྷ་སྨོན་པ་ལགས།
སྤྱིར་བཏང་རིག་རྩལ་ཞེས་འབྲི་བཞིན་ཡོད་ཀྱང་ང་ཚོས་གོ་སྒྲིག་བྱས་པའི་རིག་རྩེད་སྤྲོ་ཚོགས་འདིའི་ནང་རིག་རྩལ་གྱི་ཆ་ནས་གླེང་ན་གླེང་རིན་མེད་པ་མང་པོ་ཡོད་སྟབས། ཆེད་དུ་རྩེད་མོ་རང་གི་འོག་མར་བབས་ནས་ ཞེས་པའི་རྩེད་མོ་དེ་སྤྲོ་ཚོགས་འདིའི་ནང་གལ་ཆེན་དོན་ཆེན་དུ་རྩིས་ཡོད་པའི་ཁུལ་ཡིན། སྐུ་ཉིད་ཀྱང་དྷ་སར་བཞུགས་ཡོད་མཁན་ཞིག་ཡིན་ན། ཉིན་དེར་རྩེད་མོ་དེའི་ཆ་ཤས་ལེན་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན། ཐུགས་རྗེ་ཆེ།
ཨོ་་་ཡང་ཆད་ལྷག་ཤོར་འདུག
ལྷ་སྨོན་པ་ལགས།
སྤྱིར་བཏང་རིག་རྩལ་ཞེས་འབྲི་བཞིན་ཡོད་ཀྱང་ང་ཚོས་གོ་སྒྲིག་བྱས་པའི་རིག་རྩེད་སྤྲོ་ཚོགས་འདིའི་ནང་རིག་རྩལ་གྱི་ཆ་ནས་གླེང་ན་གླེང་རིན་མེད་པ་མང་པོ་ཡོད་སྟབས། ཆེད་དུ་རྩེད་མོ་རང་གི་འོག་མར་བབས་ནས་ བོད་ཀྱིས་བོད་སྐད་ཤེས་སམ་ཞེས་པའི་རྩེད་མོ་དེ་སྤྲོ་ཚོགས་འདིའི་ནང་གལ་ཆེན་དོན་ཆེན་དུ་རྩིས་ཡོད་པའི་ཁུལ་ཡིན། སྐུ་ཉིད་ཀྱང་དྷ་སར་བཞུགས་ཡོད་མཁན་ཞིག་ཡིན་ན། ཉིན་དེར་རྩེད་མོ་དེའི་ཆ་ཤས་ལེན་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན། ཐུགས་རྗེ་ཆེ།
ཁྱེད་ཅག་གི་ལས་དོན་འགྲུབ་པའི་སྨོན་ལམ་འདེབས།
རང་གི་ཕ་སྐད་ཕ་ཡིས་བུ་ཆུང་ལ།།
རྩེད་མོའི་ཚུལ་གྱིས་སློབ་སྟོན་མ་བྱས་ན།།
མདུན་ཅོག་གྲུ་བཞིའི་སྟེང་ནས་ངར་ངར་གྱིས།།
ཇི་ཙམ་བཤད་ཀྱང་བུ་ལ་མ་ཕན་པས།།
རྩེད་མོའི་ལས་ལ་སྣང་ཆུང་མ་གནང་རོགས།།
ཡག་པོ་འདུག་་འབྲེལ་ཡོད་ཚང་མ་ལ་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན །
མྱམས་མྱོང་། རང་གི་བོད་སྐད་ཕ་མས་མ་རྒྱབ་པར།།
ཕྲུ་གུས་ཤེས་པའི་རེ་བ་ག་ལ་ཡོད།།
རྩེད་མོའི་ཚུལ་གྱིས་སློབ་སྟོན་བྱས་ནའང།།
ཕ་མ་ལས་ལྷག་ཕན་ཐོག་ཨེ་ཡོད་དྲན།།
ཡིན་ནའང་ཁྱེད་རྣམས་པས། རྩེད་མོའི་ལམ་ནས་སློབ་སྟོན་གནང་བ་ནི་ཐབས་ཤེས་ཡག་པོ་ཞིག་མཐོང་།
ཐུག་རྗེ་ཆེ། བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ། རང་ཉིད་ནི་ས་ཐག་རིང་པས་བཅར་ཐུབ་མ་སོང་ལ། ལོ་ན་བཞི་བཅུ་རྒལ་སོང་བས་བོད་སྐད་ཡག་པོ་ཤེས་ཀྱི་ཡོད།། ཧ་ཧ། སྐུ་རྩེད་ཞུས།། ་བཀྲ་ཤིས་བདེ་ལེགས།།