བོད ལྷ་ཀླུ་གཉན་གསུམ།
རང་བཙན་བརྩད་དེ་རྩ་བར་མ་ཐུག་ཅིང་།།
དབུ་མར་ཕྱོགས་ནས་ལས་དོན་མ་སྒྲུབ་པར།།
རང་ཐག་རང་གཅོད་མ་བྱས་ལྷོད་ལྷོད་བསྡད།།
བོད་པ་ང་ཚོའི་རིགས་འདི་སྙིང་རེ་རྗེ།།
གཅིག་གིས་བྱས་པར་གཅིག་གིས་འཕྱ་ཞིང་དམོད།།
གཞན་གྱིས་བྱས་ན་ཕྲག་དོག་མེ་ལྕེ་འབར།།
ཕར་ཚུར་གཉིས་ཀའི་བྱ་བ་མི་འཇོན་པའི།།
བོད་པ་ང་ཚོའི་རིགས་འདི་སྙིང་རེ་རྗེ།།
རང་དབང་ཆེད་དུ་དཀའ་སྤྱད་མ་བྱས་ཤིང་།།
རང་དོན་ཁོ་ནར་འཐམ་ནས་ཉི་མ་བསྐྱལ།།
རང་ལས་སྤྱི་དོན་གཡུགས་པའི་བྱེད་སྟངས་ཅན།།
བོད་པ་ང་ཚོའི་རིགས་འདི་སྙིང་རེ་རྗེ།།
རིགས་ཀྱི་ཕྲུ་གུ་མི་རིགས་གཞན་ལ་བཏབས།།
སྐད་ཀྱི་གདངས་དེ་མི་སྐད་གཞན་ཞིག་རྒྱག།
འགྲོ་སྟངས་འདུག་སྟངས་ཡབ་མེས་ལུགས་དང་འགལ།།
བོད་པ་ང་ཚོའི་རིགས་འདི་སྙིང་རེ་རྗེ།།
རང་ཡུལ་སྐྱུར་ནས་བྲོས་བྱོལ་ཡུལ་དུ་ཡོང་།།
སྐྱབས་བཅོལ་ཡུལ་ནས་ཐོབ་ཐང་འདྲ་མིན་བརྩད།།
དོན་གྱི་དགོས་པའི་མི་རིགས་བདེན་མཐའ་བརྗེད།།
བོད་པ་ང་ཚོའི་རིགས་འདི་སྙིང་རེ་རྗེ།།
ཁ་ནས་བཤད་ཚུལ་སྤྱི་དོན་ཤར་མ་ཡིན།།
ལག་ལ་ཡོང་ཚད་རང་ཁེ་འབབ་ཞིག་གཉེར།།
བོད་མིའི་སྐྱིད་སྡུག་རླུང་ཁའི་མར་མེ་བཞིན།།
བོད་པ་ང་ཚོའི་རིགས་འདི་སྙིང་རེ་རྗེ།།
སྐྱབས་མགོན་བླ་མ་ཟོས་ནས་ཚར་གྲབས་འདུག།
སྐྱབས་བཅོལ་གཞུང་གིས་བོད་སྐད་བརྗེད་གྲབས་འདུག།
སློབ་གྲྭ་ཁག་ནས་བོད་དགེ་འཕུད་གྲབས་འདུག།
བོད་པ་ང་ཚོའི་རིགས་འདི་སྙིང་རེ་རྗེ།།
ཕྱི་ལ་འགྲོ་རྒྱུ་བྱུང་ན་ཅི་ཡང་བྱེད།།
འགྲོ་སའི་ཡུལ་ནས་མི་ཡི་བྲན་དུ་རྒྱུག།
གཡོག་སྒོར་གསོག་ནས་སྐྱིད་རབས་སྐྱག་རྫུན་བཤད།།
བོད་པ་ང་ཚོའི་རིགས་འདི་སྙིང་རེ་རྗེ།།
སྙིང་རྗེའི་ཡུལ་དུ་གྱུར་བའི་གདོང་དམར་བ།།
སྙིང་རྗེའི་ཡུལ་དུ་གྱུར་བའི་གངས་ཅན་པ།།
སྙིང་རྗེའི་ཡུལ་དུ་གྱུར་བའི་རྒྱལ་ཁམས་པ།།
སྙིང་རྗེའི་ཡུལ་དུ་གྱུར་བའི་སྐྱབས་བཅོལ་བ།།
དྲྭ་གྲོགས་ལྷ་ཀླུ་གཉན་ལགས་སུ་ཆེད་ཞུ། གོང་གི་བརྗོད་ཚིག་ང་ཚོ་བོད་པ་རིགས་རྣམས་སྙིང་རེ་རྗེ། འབྲི་ན་མི་ལེགས་སམ།
བོད་པ་ཀུན་ལ་ལྷན་སྐྱེས་སྙིང་རྗེ་ཡོད། །
བོད་པས་ཁམས་གསུམ་འགྲོ་བར་སྙིང་རྗེ་བསྒོམས། །
བོད་པ་ཆག་འཇིག་གནས་ན་འགྱེལ་བའི་དུས། །
བོད་པ་རང་ཡང་སྙིང་རྗེས་ཡུལ་དུ་གྱུར། །
རང་ཡུལ་བདེན་དོན་བརྩོད་པའི་རྩོམ་མི་ཤེས་
རང་གི་རིགས་ལ་སྨད་རའི་འཆལ་རྩོམ་སྤེལ་
རང་མདོག་རང་གི་བསྟོན་པ་མི་ཤེས་པའི་
བོད་པ་དེ་ཚོའི་རིགས་འདིར་སྙིང་རེ་རྗེ་ སྙིང་རེ་རྗེ་ སྙིང་རེ་རྗེ་།
དྲ་གྲོགས་ཚོ་སྡུག་པའི་སྒང་ལ་སྡུག་སྨེ་མ་འདོན་རོགས་།
རང་བཙན་བརྩད་ན་རང་རིགས་གྲལ་ནས་འབུད། །
རང་དབང་བརྩད་ན་དམར་པོ་རྒྱ་ཡིས་སྡང་། །
རང་སྐད་སྦྱོང་ན་མི་ཚེར་དོན་མི་འགྲུབ། །
རང་རིགས་གངས་ཅན་པ་ཡི་ལས་དབང་འདི། །
སྐྱིད་དུས་སྐྱིད་ཉནས་ཡོད་པའི་གླུ་ཞིག་ལོངས།།
སྡུག་དུས་སྡུག་པའི་སྐྱོ་བ་དྲགས་དུ་ལོངས།།
སྐྱིད་ལ་སྡུག་པའི་མི་ཚེ་འགག་འཕྲེང་ནས།།
རིགས་ཀྱི་མདུན་པ་སྲ་མོ་སྙིང་ལ་ཆོངས།།
ང་ལ་ཅི་ཞིག་སྨྲ་ཡང་མི་སྐྱོན་ལ།།
ཁྱེད་དང་ཁྱེད་ཀྱི་རང་ངོ་ཤེས་སོང་ན།།
ང་དང་ང་འདྲ་ས་མཐར་ཤི་ན་ཡང་།།
འགྱོད་པ་སྐྱེ་དགོས་མེད་དོ་སྤུན་ཟླ་ཚོ།།
སྐྱིད་ཉམས་
སྙིང་རེ་རྗེ་ཟམ་གདོང་བླ་མ་ལགས། །
འདི་ལོ་ ༢༠༡༠ ལོ་འདི་རྟེན་འབྲེལ་ཡག་པོ་མི་འདུག །གང་ལ་ཞུས་ན། ལོ་འདིའི་ནང་ཟམ་གདོང་བླ་མའི་ཞལ་ནས་ཅི་འདོན་འདི་འདོན་མི་འདུག །ཅི་དྲགས་འུ་ཅག་བོད་འབངས་ཚོའི་བསོད་ནམས་ཟད་པ་འདྲ། རྒྱ་ནག་་གཞུང་ལ་དགོས་པའི་སྐད་ཆ་མང་པོ་ཞིག་ཟམ་གདོང་བླ་མས་གསུང་གྱིན་འདུག་འུ་ཅག་བོད་འབངས་ཚོས་ཟམ་གདོང་བླ་མའི་གསུང་ལ་དོགས་ཟོན་ངེས་པར་དུ་གནང་དགོས་འདུག། ཁོང་ནི་གྲྭ་པ་གྲྭ་ཀྱང་རེད། ངས་བསམ་པར་ཕལ་ཆེར་ཟམ་གདོང་བླ་མའི་སྐུ་གསུང་ཐུགས་ལ་འདོད་རྒྱལ་ཤུགས་ལྡན་དེ་གཞུག་གི་ཡོད་པ་འདྲ། བོད་དེ་རང་གཙན་མིན་པ་ཟམ་གདོང་བླ་མའི་གསུང་འདུག །དེ་ཇི་ལྟར་ཡིན་ནམ། ཟམ་གདོང་བླ་མས་བོད་དེ་རང་གཙན་མིན་པ་བཤད་ན། ད་གང་དྲགས། བླ་མ་དེ་ལ་ངེས་པར་དུ་དྲི་རྩད་ཡག་པོ་ཞིག་རླུང་འཕྲིན་ཁང་དང་གསར་འགོད་པ་ཚོས་དོགས་འདྲི་གནང་ན་ཡག་པོ་འདུག།། ཐུགས་རྗེ་ཆེ།།།།