བུད་དྷ། (སྨྱུག་མིང་ལ་སྤྲང་པོ་བུད་དྷ།) ༡༩༧༩ལོར་སྐྱེས། བོད་པ། (ཨ་མདོ་རྔ་བ་རྫོང་གི་མི་ཡིན།) ཁོང་ནི་༡༩༩༤ལོ་ནས་༡༩༩༨ལོར་རྔ་བ་ཁུལ་མཛོད་དགེ་རྫོང་གི་ཁུལ་བོད་སྨན་སློབ་གྲྭར་སློབ་གཉེར་བྱས། ༡༩༩༩ལོ་ནས་༢༠༠༣ལོར་ཁྲོང་ཆིན་སྨན་གྱི་སློབ་གྲྭ་ཆེན་མོ་རུ་སློབ་སྦྱོང་མཛད་ནས་མཐར་ཕྱིན། ད་ལྟ་རྔ་བ་རྫོང་བར་མ་ཞིང་གི་འཕྲོད་བསྟེན་ཁང་དུ་ལས་ཀ་གནང་བཞིན་ཡོད། ཁོང་གིས་<སྤང་རྒྱན་མེ་ཏོག>སོགས་དུསདེབ་ཐོག་ལ་སྙན་ངག་དང་བརྩམས་སྒྲུང་བྲིས་མྱོང་ཡོད། དེ་མ་ཟད་བོད་ཡིག་གི་དུས་དེབ་<དུས་རབས་ཀྱི་ང་།>རྩོམ་སྒྲིག་བྱས་ཡོད།
༢༠༡༠ལོའི་ཟླ༦ཚེས་༢༡ཉིན་གྱི་ཕྱི་དྲོ་ཆུ་ཚོད་གཅིག་ཡས་མས་སུ་རྔ་བ་རྫོང་བར་མ་ཞིང་གི་འཕྲོད་བསྟེན་ཁང་ནས་རྔ་བ་ཁུལ་སྤྱི་བདེ་ལས་ཁུངས་ཀྱིས་“རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་ནག་ཉེས་”ཞེས་རྒྱུ་མཚན་ལ་བརྟེན་ནས་འཛིན་བཟུང་བྱས་ཡོད། སྒེར་གྱི་རྩོམ་ཡིག་དང་དཔེ་ཆ་ཚང་མ་གཞུང་བཞེས་བྱས་ཡོད། འཛིན་བཟུང་དཔང་ཡིག་ཐོག་ཏུ་རྔ་བ་ཁུལ་གྱི་བཀག་ཉེར་ཁང་(དེ་ནི་རྔ་ཁུལ་གྱི་སྲིད་གཞུང་ཡོད་ས་འབར་ཁམས་རྫོང་)དུ་འཛིན་བཟུང་བྱ་རྒྱུ་ཡིན་ཞེས་བྲིས་འདུག མིག་སྔར་རྔ་བ་ཁུལ་ཆུ་ཆེན་རྫོང་བཀག་ཉེར་ཁང་དུ་འཛིན་བཟུང་བྱས་ཡོད། ད་ལྟ་བར་དུ་ནང་མི་དང་ངོ་ཐུག་ཐུབ་མེད། དངོས་ཡོད་གནས་ཚུལ་གསལ་བོ་མི་ཤེས།
འཛིན་བཟུང་བྱ་དགོས་པའི་རྒྱུ་མཚན་འབྲེལ་ཡོད་གནས་ཚུལ་ལྟར་ན། དེ་ནི་༢༠༠༨ལོར་བོད་ཡིག་གི་དུས་དེབ་<ཤར་དུང་རི་>ཡི་ཐོག་ལ་<ཕྱིར་རྟོག་དང བསམ་གཞིག> ཞེས་པའི་རྩོམ་ཡིག་བྲིས་ཡོད་པའི་རྐྱེན་གྱི་རེད་འདུག
ཁ་བརྡ་ལགས། བུད་དྷ་འཛིན་བཟུང་བྱས་པའི་གནས་ཚུལ་འདི་ངེད་རང་དབང་དྲ་བར་འགོད་ཆོག་པའི་སྐྱབས་འཇུག་ཞུས་པ་ཡིན།
I am so sad to hear the bad news and feel sorry for it. Wish he will release soon.