བོད ལྷ་ཀླུ་གཉན་གསུམ།
གངས་ཀྱི་ལྷ་སྐལ་མི་ཡི་གཟུགས་འཛིན་པ།།
སྙིང་རྗེ་བདག་པོ་འཕགས་མཆོག་པད་དཀར་འཛིན།།
སྐྱེ་འགྲོའི་དོན་དུ་རང་ཡུལ་རྒྱང་སྐྱུར་ནས།།
མི་ལོ་ལྔ་བཅུར་ས་མཐར་ཁག་སོང་ངམ།།
ས་ཡ་དྲུག་གི་འབྲེལ་ཐག་ཡིད་བཞིན་ནོར།།
ཆོལ་གསུམ་སྤུན་ཟླའི་བྲང་གི་སྙིང་གཅིག་བུ།།
ཚེ་ལོ་དོན་ལྔར་བོད་དོན་བྱས་བྱས་དེ།།
ཤ་ཡི་གཟུགས་ལ་དཀའ་ལས་ཨེ་བྱུང་ངམ།།
ཐུབ་པའི་རྗེས་མཇུག་དགེ་སློང་སྙོམ་ཆུང་ཉིད།།
བསྟན་པའི་བདག་པོ་བསྟན་འཛིན་རྒྱ་མཚོ་མཆོག།
རྒྱུས་མེད་རྒྱལ་ཁམས་གྲངས་མེད་འགྲིམ་འགྲིམ་ནས།།
ཐུགས་བྲེལ་སྐུ་ངལ་མང་བོས་ཁག་སོང་ངམ།།
བྱམས་པའི་སེམས་ལ་རིགས་ཀྱི་ཞེན་པ་ཅན།།
དུངས་པའི་ཕྱག་ལ་ཉེ་རིང་གཏན་བྲལ་བའི།།
འཛམ་གླིང་འདི་ན་དཀོན་པའི་མི་རྗེ་ལགས།།
ད་ནི་རང་ཡུལ་དྲན་ན་ཨེ་སྡུག་གི།