………………………………… མགོ་ལོག་འཇིགས་བྱེད་ཚེ་རིང་།
བོད་ཁུལ་གྱི་ཁྲམ་པ་མི་དྲུག
དང་པོ། རྩོམ་པ་པོ།
སྦྱིར་རྩོམ་པ་པོ་ཞིག་ཡིན་ན་མ་མཐའ་ཡང་རྫུན་མི་བཤད་མཁན་ཞིག་ཡིན་དགོས།
རྩོམ་པ་པོའི་ཐོག་མའི་རྨང་གཞི་ནི་སུམ་རྟགས་དང་སྙན་ངག་ཡིན་མོད།
ང་ཚོའི་བོད་ཀྱི་རྩོམ་པ་པོ་མང་པོ་ཞིག་རྨང་གཞི་ཙམ་ཡང་མེད་པར་
བོད་ཀྱི་རྩོམ་རིག་གར་སྟེགས་སུ་འུར་རྒྱག་གིན་འདུག
ད་དུང་རང་མཐོང་ཆེ་ལ་ང་རྒྱལ་གྱི་ལྒང་བུར་གྱུར་འདུག ཡིན་ཡང་ཁོང་ཚོས་
སྐད་ཆ་དངོས་མ་ཞིག་བཤད་ཐུབ་ཀྱི་མི་འདུག་ནའང་དོན་མེད་སྟོང་བའི་འུད་གཏམ་
དང་ཡིག་ནོར་མང་པོའི་རྫོབ་དྲི་དེ་ཁོང་ཚོའི་རྒྱན་ཆ་རེད་ལ། བོད་ཀྱི་སུམ་རྟགས་དང་
སྙན་ངག་ཁོང་ཚོའི་ལག་ནས་འཇིག་ལ་ཉེ་བས། དེ་རིང་ངས་ཁོང་ཚོ་བོད་ཀྱི་ཁྲམ་པ་
དང་པོར་བདམས་པ་ཡིན།
གཉིས་པ། དགེ་རྒན།
དགེ་རྒན་ནི་མིའི་རིགས་ཀྱི་ལམ་སྟོན་སྒྲོན་མེ་ཡིན། དགེ་རྒན་ཞིག་ལ་མ་མཐའ་ཡང་
ལྷག་བསམ་རྣམ་པར་དག་པ་ཞིག་གིས་གཞིར་བྱས་རིག་པའི་གཞུང་ལུགས་
གང་ལ་ཡང་ལྟ་རྒྱ་ཐོས་རྒྱ་ཆེ་བ། མི་རིགས་སློབ་གསོའི་ལས་དོན་ཕྲག་ཏུ་ཁུར་ཐུབ་
མཁན་ཞིག་མ་མཐའ་ཡང་ཡིན་དགོས་མོད། དེ་ལས་ལྡོག་སྟེ་བོད་རིགས་
དགེ་རྒན་ཚོ་སློབ་ཁྲིད་ཀྱི་ཉམས་མྱོང་མེད་ལ། རིག་གཞུང་ལ་ལྟ་རྒྱ་དང་
ཐོས་རྒྱ་མེད་པ། མི་རིགས་སློབ་གསོ་ལ་ཐུགས་ཁུར་དང་མི་རབས་གསར་བ་ཞིག་
ཇི་ལྟར་བསྐྱེད་བསྲིངས་དགོས་མིན་ལ་འདང་རྒྱག་གིན་མི་འདུག་པས། དེ་རིང་
ངས་ཁོང་ཚོར་བོད་ཀྱི་ཁྲམ་པ་གཉིས་པར་བདམས་པ་ཡིན།
གསུམ། དཔོན་པོ།
དཔོན་པོ་ནི་རྒྱལ་ཁམས་མིག་གིས་མཐོང་ཞིང་རིག་པའི་ཁོ་ལག་རྒྱས་པ།
འབངས་མི་སེར་གྱི་དཀའ་སྡུག་ལ་ཐུགས་བརྩེ་ཆེ་བ། རང་ལས་མི་དམངས་ལ
ཤ་ཚ་མཁན་དང༌། སྙིང་སྟོབས་དང་སྤོབས་སེམས་ཀྱིས་མི་རིགས་ལ་སྣེ་ཁྲིད་
ཐུབ་པ་ཞིག་མ་མཐའ་ཡང་ཡིན་དགོས་མོད། དེང་དུས་ཀྱི་དཔོན་པོ་ཚོས་
ཏང་གི་རྒྱུགས་ཁྱི་ལྟར་མི་དམངས་ལ་གཉའ་གནོན་དང་བོད་རིགས་ལ་
རྡུང་རྡེག་འཕྲོག་བཅོམ་བྱས་ནས་ད་དུང་ཏང་གི་སྲིད་ཇུས་བཟང་ཚུལ་གྱི་
ཁ་གཡང་རེ་བསྒྲགས་ནས་རང་སར་བསྡད་ཡོད་པས། དེ་རིང་ངས་འདི་ནས་
ཁོང་ཚོ་བོད་ཀྱི་ཁྲམ་པ་གསུམ་པར་བདམས་ཐོན་བྱས་ཡོད།
བཞི། གཞས་པ་དང་གཞས་མ།
གླུ་གར་རིག་གནས་ནི་འཛམ་གླིང་གི་མཁས་པ་ཚོས་གསུངས་བ་བཞིན
རྒྱལ་ཁབ་ཅིག་གི་སྒོ་ཡོལ་ཡིན་མོད། བོད་ཀྱི་གཞས་པ་གཞས་མ་
མང་ཕྱོགས་ནི་ཡིག་རྨོངས་བ་ཡིན་པས་ལས་འགན་དེ་ཐེག་གིན་མི་འདུག
ཁོང་ཚོས་ལོ་རེ་བཞིན་སྒྲ་བརྙན་འཁོར་གྱིས་ས་སྟེང་བཀང་གིན་འདུག་མོད་
མང་ཕྱོགས་ཀྱི་གླུ་ཚིག་ནི(བླ་བསྟོད)ཙམ་དང་ཡང་ན་རི་ལུང་ལ་
བསྟོད་པ་སོགས་བྱས་ནས་གླུ་ངོ་མ་ཞིག་ལེན་ཐུབ་ཀྱི་མི་འདུག
ཡང་ཁ་ཤས་ཀྱི་གླུ་ཚིག་ནི་ཡིག་ནོར་མང་ལ་དབྱངས་དང་
ཚིག་གཞན་ལ་བརྐུ་བྱས་པའང་ཧ་ཅང་མང་པོ་ཡོད་པས།
དེ་རིང་ངས་ཁོང་ཚོ་བོད་ཀྱི་ཁྲམ་པ་བཞི་བར་བདམས་ཐོན་བྱས་ཡོད།
ལྔ། གྲྭ་བ།
གྲྭ་བ་ཞིག་ཡིན་ན་ལམ་བསླབ་པ་གསུམ་ལ་ཉམས་ལེན་དང་
ལུང་སྡེ་སྣོད་གསུམ་ལ་འཆད་ཉན་དགོས་མོད།
བོད་ཀྱི་གྲྭ་བ་ཚོས་རྒྱ་ཡུལ་འགྲིམ་ནས་ནས་མགོ་སྐོར་གྱི་
བྱ་བ་སྐྱུག་དྲི་ཐུལ་བ་མང་པོ་བརྩམས་མྱོང་ལ་གྲོང་ཁྱེར་འགྲིམ་ནས་
སློབ་གསོའི་ལས་དོན་གཉེར་ཞིང་ཆབ་སྲིད་ཀྱི་འགྲན་རྩོད་ལ་
དངོས་སུ་བཞུགས་ཀྱི་འདུག་པས། ངས་དེ་རིང་ཁོང་ཚོ་བོད་ཀྱི་
ཁྲམ་པ་ལྔ་བར་བདམས་ཐོན་བྱས་ཡོད།
དྲུག སློབ་ཆེན་སློབ་མ།
ཁྱེད་ཚོ་མི་རིགས་ཤིག་གིས་རེ་བའི་རི་མོ་འཆང་ས་ཡིན་ལ་
མི་རབས་ཤིག་གིས་སྐྱིད་སྡུག་གི་བདག་པོ་ངོ་མ་དག་ཡིན་མོད།
རང་རིགས་དང་ཕ་སྐད་བརྗེད་ཀྱིན་པའི་སློབ་བུ་མགོ་སྟོང་ཚོ་
སློབ་གྲྭ་འགྲིམ་པ་ནི་ཁ་རྒྱབ་ཀྱི་ཆེད་དུ་ངོས་འཛིན་གནང་ཡོད་ལ་
ད་དུང་རང་ཉིད་ནི་ལྟ་རྒྱ་ཅན་དང་མཐོང་རྒྱ་ཅན་རེ་ཡིན་མདོག་ཁ་པོ་
བྱས་ནས་མགོ་སྐོར་གྱི་བྱ་བ་སྣ་ཚོགས་དང་འཁྲིག་སྲེད་ཀྱི་ལས་འགུལ་སྣ་
ཚོགས་ལ་མགོ་འཁོར་ནས་རང་རིགས་དང་མི་རབས་གསར་བར་བསམ་
གཞིགས་གཏན་ནས་བྱེད་ཀྱིན་མི་འདུག་པས། ངས་དེ་རིང་ཁྱེད་ཚོ་
བོད་ཀྱི་ཁྲམ་པ་དྲུག་པར་བདམས་ཐོན་བྱས་ཐུབ་ཐལ།
གྲོགས་པོ་ལགས། ཁྱེད་ཀྱིས་གསུངས་པ་དངོས་གནས་བདེན་ནའང་། ཁ་བྱང་ལ་བྱེད་བྲག་གི་མིང་ནས་འབོད་དགོས་པ་ཤིན་ཏུ་གལ། གང་ཡིན་ལགས་ན། སྤྱི་མིང་ནི་ཁྱབ་ཆེ་བས་དེས་ཚང་མ་ལ་གོ་ཐུབ། དཔེ་ན། རྩོམ་པ་པོ། འདི་ནི་སྤྱི་མིང་ཞིག་ཡིན་པས། ང་ཚོའི་རིག་གནས་ཀྱི་བྱ་བཞག་ལ་རླབས་ཆེན་གྱིས་བྱས་རྗེས་བཞགས་མཁན་གྱི་རྩོམ་པ་པོ་རྣམས་ཀྱང་ཚུད་ཡོད། དེ་འདྲ་སོང་ཙང་། ཁྱེད་ཀྱི་མི་བཏགས་སྟངས་ཐད་ཅུང་འགྲིག་མི་འདུག་སྙམ།
དང་པོ། རྩོམ་འདི་གཞན་གྱི་ལད་མོ་ཡིན་པའི་བྲོ་བ་འདུག སྔོན་མ་བོད་ཀྱི་ཁྲམ་པ་བཅུ་ཟེར་བ་ཞིག་ཐོན་འཚར་སོང་།
གཉིས་པ། འདི་ལ་དངོས་ཡོད་དང་འགལ་ཞིང་། ཅི་རྟོལ་དང་ཅམ་བུའི་ཚིག་ཤས་ཆེ་བ་དང་། ཞིབ་འཇུག་དང་བདེན་འཚོལ་གྱི་ཡོན་ཏན་ཉུང་བ་བཅས་རེད།
བློ་གཟུ་བོར་གནས་ནས་བརྟག་ན། བོད་ཀྱི་རིག་གཞུང་དང་། བོད་ཟེར་བའི་མི་རིགས་འདིའི་བབ་ས་འདི། བཀའ་འདྲིན་ཅན་གྱི་བོད་ཀྱི་དགེ་རྒན་རྣམས་དང་། ལྷག་བསམ་ཅན་གྱི་བོད་རིགས་སློབ་མའི་ཚོགས། ད་དུང་། བློ་སྟོབས་ཅན་གྱི་གཞས་པ་དང་རྩོམ་པ་པོ་རྣམས་མ་ཡིན་ནམ། ད་བར་ཞི་བའི་སྒེར་ལངས་ཀྱི་ལས་འཁུལ་ནང་གོང་གི་དཔུང་ཤུགས་ནི་མངོན་གསལ་ཐོན་ཤོས་རེད།
ད་ལྟ་བོད་ཀྱི་སློབ་མ་མང་པོས་རྒྱའི་སྲིད་གཞུང་ལ་ཁ་གཏད་ལངས་ནས། སྐད་ཡིག་རང་དབང་དགོས་ཅེས་མི་རིགས་འདིའི་སྐད་ཡིག་སྲུང་སྐྱོབ་བྱེད་མུས་ལགས།
ཐུགས་རྗེ་ཆེ།
ཚངས་དབྱངས་ལགས་སུ་བརྒྱ་ཆའི་བརྒྱ་རྒྱབ་སྐྱོར་ཡོད།ཁ་ཤས་ཤིག་གང་ཡང་མི་བྱེད་མི་སྒྲུབ་པར་མི་ལ་ཁ་བཏང་ནས་ཉིན་བསྐྱལ་ཐབས་བྱེད་པ་དེ་ཚོར་དགའ་པོ་མེད། ཐོག་མར་རང་ཉིད་ཀྱིས་ད་བར་གང་སྒྲུབ་ཡོད་གང་འགྲུབ་པར་བསམ་མནོ་ཐོངས།
ཁྱེད་ཀྱི་རྩོམ་ཡིག་ལྟར་ན་ཞིང་པ་ཁ་ཤས་དང་ཟོག་རྫི་ཁ་ཤས་མ་གཏོག་་་གཞན་བོད་པ་ཚང་མ་ཁྲམ་པ་དྲུག་གི་ཁོངས་སུ་བསྡུས་འདུག་་།། དངོས་གནས་བསམ་བློའི་གོ་རྟོག་མཐོན་པོར་སླེབས་འདུག་།། ད་དུང་ཁྲམ་པ་བརྒྱད་པ་དེ་ལྷག་འདུག་་་་་་་བཟང་དྲུག་གི་དྲི་བཟང་དོར་ནས་སྐྱག་པའི་དྲི་མ་འཚོལ་ཏེ་་་་་་་་་་་་་་་་་་་་་་་་་་
ཁྱོད་རང་ཡང་ཁྲམ་པ་དྲུག་པོ་གང་རུང་གི་གྲལ་མཐར་གནས་ཡོད་ཚོད་འདུག་པས། ཁྲམ་པ་ཞིག་གིས་ཁྲམ་པ་ཁྱོད་ཚོ་ཞེས་བརྗོད་ན་ཁྱོད་ལ་དོག་མི་བདེ་བ་འདྲ་མི་ཡོང་ངམ།
མི་འདི་ཚོ་ཁ་ཤོམ་ཆེ་ནོ་བཀའ་བློན་ཁྲི་བ་ལོས་ཡིན་བསམ་ཆུད་ཟིག་རེད།