གསར་འགྱུར་རྒྱུས་ལོན་པ་བྱ་སྨྱོན་པའོ།།
འབྲེལ་གཏུགས་ཁ་པར། ༩༨༡༦༢༢༦༥༢༥
ཁ་པར་བརྒྱུད་བོད་ནང་གི་གྲྭ་ཡོན་གྲགས་ལགས་སུ་ཁ་བརྡ་བྱས་ནས་གནས་ཚུལ་གོ་བ་ལྟར་ན། ད་ལོ་ཕྱི་ཟླ་༥ནས་བཟུང་མདོ་སྨད་བྱ་མདོ་ཚ་རྔ་དགོན་དགའ་ལྡན་དར་རྒྱས་གླིང་གི་གྲྭ་བ་ཁ་ཤས་ནས་སེམས་ཤུགས་དང་འབད་བརྩོན་གྱིས་ཕ་སྐད་གཙང་མ་བཤད་པའི་གོམས་སྲོལ་རྒྱུན་འཁྱོངས་དར་སྤེལ་ལ་དམིགས་ནས་ཕྱི་ཟླ་༩ཚེས་༡ཉིན་”བྱ་ཆུའི་རླབས་སྒྲ་ཕ་སྐད་དར་སྤེལ་ཚོགས་པ་”ཞེས་པ་ཞིག་གཙུགས་ཤིང༌། ཚ་རྔ་དགོན་པའི་གྲྭ་སྙན་ངག་པ་བྱ་མདོ་རབ་རྒྱས་གཙོ་བྱས་སྡི་ཚ་དང་ཀླུ་ཚང་དགོན། མཚམས་ཁང་དགོན། བྱ་མདོ་དཀྱིལ་སྙིང་སློབ་གྲྭའི་དགེ་རྒན་བཅས་ན་གཞོན་ཤེས་ཡོན་པ་སྐོར་ཞིག་ཚོགས་མིར་ཞུགས་པ་དང༌། ཚོགས་གཙོ་དང་དྲུང་ཆེ་སོགས་བདམས་ཏེ་ལོ་རེར་མིང་ཚིག་ནང་བསྒྱུར་དང༌། ལས་འཆར་བགྲོ་གླེང་ཚོགས་འདུ། ཟབ་སྦྱོང་འཛིན་གྲྭ་བསྡུ་བ་བཅས་ཀྱི་ལས་འགུལ་ཞིག་སྤེལ་གྱི་ཡོད་འདུག
ཚོགས་མི་ཡོན་གྲགས་ལགས་ཀྱིས་གསུངས་དོན་ལྟར་ན། “བོད་རང་གི་ཐ་སྙད་ཡོད་བཞིན་དུ་བེད་སྤྱོད་བྱེད་ཀྱི་མེད་པའི་སྐོར་དཔེར་ན། ཁ་པར་དང་བརྙན་འཕྲིན། བྱུང་འཛིན། དང༌། དེ་ནས་ཐ་སྙད་གསར་བའམ་བསྒྱུར་ཚིག་དག་པ་དང༌། ཁུངས་བཙན་པོ་ཡོད་པའི་མིང་ཚིག་སྟེ་དཔེར་ན། ཚུལ་ཁྲིམས་བློ་གྲོས་ཀྱི་ཚིག་མཛོད་ལྟ་བུ་གཞིར་བཟུང་ནས་གཞན་ལ་འགྲེམས་སྤེལ་དང་རང་རང་སོ་སོས་ཀྱང་མིང་ཚིག་གསར་བ་བློ་འཛིན་དང་བེད་སྤྱོད་གང་ཐུབ་ཀྱིས་ལོ་ཆུང་བྱིས་པ་སོགས་གཙོས་པའི་བོད་རིགས་མང་ཚོགས་ལ་བག་ཆགས་བཟང་བོ་ཞིག་འཇོག་པར་འབད་བརྩོན་བྱེད་ཀྱི་ཡོད་ཅེས་དང༌། ས་གནས་མི་འདྲ་བ་སོ་སོ་ནས་ཚོགས་མི་ཡོད་པས་ཕ་སྐད་དར་སྤེལ་གྱི་ལས་དོན་ལ་འགྲུབ་འབྲས་ཤིག་ཐོན་པའི་རེ་ལྟོས་ཤིན་ཏུ་ནས་ཆེ་བ་དང༌། ཚོགས་མིའི་ཁ་གྲངས་ཀྱང་ལོ་རེ་བཞིན་མང་དུ་འགྲོ་བ་དང་སླད་མར་ལས་དོན་འདི་དང་འདིས་བོད་སྐད་ཡིག་གི་ལས་སྐལ་ལ་ཕན་པའི་གསོས་སུ་འགྱུར་བའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་”ཅེས་གསུངས་སོང༌།
རླབས་ཆེ་བའི་ལས་འགུལ་འདི་བཞིན་གྲུབ་འབྲས་ལྡན་པའི་ངང་རྒྱུང་འཁྱོངས་ཡོང་བར་སྨོན།
ང་ཚོས་ཀྱང་འདི་ཕྱོགས་ནས་ནང་ཆས་གཙོ་བྱས་ཏེ་ཅ་ཀའི་མིང་ཚིག་སོགས་བོད་སྐད་ནང་སྤྱོད་གང་ཐུབ་བྱེད་པར་ཤུགས་བསྣོན་རྒྱག་རྒྱུ་གལ་ཆེ།
ལས་འགུལ་དེ་དངོས་གནས་ཁ་ཡོད་ལག་ཡོད་རང་རེད། རང་མི་རིགས་ཀྱི་སྐད་ཡིག་མི་ཉམས་གོང་འཕེལ་ཡོང་བར་ཕན་རླབས་འབྱིན་ངེས།
གཅན་བཟོད་ལགས། ཉིད་ནས་འདི་ཕྱོགས་ནས་ཀྱང་ནང་ཆས་སོགས་ཀྱི་མིང་ཚིག་བོད་སྐད་ཐོག་སྤྱོད་གང་ཐུབ་གནང་རྒྱུར་ཤུགས་སྣོན་རྒྱག་གལ་གསུངས་པ་དོན་ལ་གནས། ཅ་ཀའི་མིང་ཚིག་ཟེར་བའི་ཅ་ཀ་དེ་དངོས་པོ་ཅི་འདྲ་ཞིག་ཡིན་ནམ།