ཀུན་གསལ་ནས་་་།
————
དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་དྲུག་པའི་[དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས]ལས་འཕྲོས་པའི་ལོ་རྒྱུས་ཀྱི་རྣམས་བཤད་ཐོར་བུ། ཟེར་བའི་ཤོག་ངོས་༣༥༣དང་༣༥༤ན་འདི་གསུངས་འདུག
ཡོན་རྒྱལ་རབས་ཀྱི་སྐབས་ལ་བོད་ཁམས་ཐམས་ཅན་དབང་དུ་བསྡུས་པ་དང་། དེ་ནས་བཟུང་བོད་ཡུལ་འདི་ཡང་ཀྲུང་གོའི་ཆབ་རིས་ཀྱི་གྲུབ་ཆ་ཅིག་ཏུ་གྱུར་པ་དང་།ལྷག་པར་དུ་རང་རེའི་ཏང་གིས་བོད་རིགས་མི་དམངས་ཐམས་ཅད་ཀྱི་བསམ་བློའི་རེ་འདོད་ཀྱི་ཚབ་བྱས་ནས། བོད་ལོག་སྤྱོད་ཀྱི་དབང་བསྒྱུར་གལ་རིམ་ཕམ་པར་བྱས་པ་དང་། བོད་ཀྱི་གཉའ་བ་གནོན་པའི་བཀའ་ཤག་སྲིད་གཞུང་མགོ་རྟིང་བསློགས་པར་མ་ཟད། བོད་མི་རིགས་མི་དམངས་ཀྱི་གཉའ་ཤིང་དང་བསམ་བློའི་འཆིང་སྒྲོག་གཏོར་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་འོག་ཏུ་བསྡུས་པ་དང་། དགོས་ངེས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅོས་བསྒྱུར་གྱི་ལས་འགུལ་སྣ་ཚོགས་སྤེལ་བར་བརྟེན། བོད་སྤྱི་ཚོགས་ལ་གནམ་ས་བླ་འོག་བསྒྱུར་པ་ལྟ་བུའི་འཕོ་འགྱུར་བྱུང་བ་དང་། བོད་རིགས་མི་དམངས་ཀྱང་རང་རེའི་མེས་པོའི་རྒྱལ་ཁབ་ཀྱི་དཔའ་ཞིང་ལས་ལ་བརྩོན་པའི་མི་རིགས་གཞན་དག་དང་འདྲ་བར། སྤྱི་ཚོགས་རིང་ལུགས་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་རླབས་པོ་ཆེའི་ནང་ཧུར་བརྩོན་གྱིས་ཞུགས་ཏེ་རང་གི་གཟི་བརྗིད་ལྡན་ལ་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་རྣམས་བསྒྲུབས་དང་སྒྲུབ་མུས་སུ་ཡོད། འདི་ནི་སྤྱི་ཚོགས་འཕེལ་བའི་འཕེལ་ཕྱོགས་དང་མཐུན་པར་མ་ཟད་། རྒྱ་ཆེ་བོད་རིགས་ངལ་རྩོལ་མི་དམངས་ཀྱི་བསམ་བློའི་རེ་འདུན་དང་ཁེ་ཕན་དང་ཡང་རྦད་དེ་མཐུན་པ་ཞིག་རེད། ཡིན་ན་ཡང་། རྒྱལ་སྤྱིའི་ཐོག་གི་བཙན་རྒྱལ་རིང་ལུགས་དང་སྤྱི་ཚོགས་ཐོག་གི་ལོག་སྤྱོད་ཕྱོགས་ཁག་གིས་བོད་སྒེར་ཚུགས་ཀྱི་རྒྱལ་ཁབ་ཡིན་པར་བཤད་དེ། རང་རེའི་མེས་རྒྱལ་ཁ་བྲལ་དུ་གཏོང་བསམ་གིན་ཡོད།དེ་ནི་ང་ཚོ་བོད་རིགས་ངལ་རྩོལ་མི་དམངས་ཀྱི་བསམ་བློའི་རེ་འདུན་དང་ཁེ་ཕན་ལ་རྩ་བ་ནས་འགལ་བར་མ་ཟད། ལོ་རྒྱུས་འཕེལ་བའི་དོན་དངོས་དང་ལྡོག་ཕྱོགས་སུ་གྱུར་པ་ཡིན་པས། ཁོ་ཚོའི་བསམ་ངན་དེ་ནི་གཏན་ནས་འགྲུབ་མི་ཐུབ་པ་ཞིག་རེད།
རང་རེའི་མི་རིགས་ནི་ཏང་དང་མེས་རྒྱལ་ལ་དགའ་ཞེན་ཆེ་བའི་མི་རིགས་ཤིག་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲུལ་ཁྱིམ་ཚང་ཆེན་པོའི་ནང་ཁྱིམ་མི་གཟི་བརྗེད་དང་ལྡན་པ་ཞིག་ཡིན་པས། ང་ཚོས་ངེས་པར་དུ་གུ་དོག་པོའི་མི་རིགས་རིང་ལུགས་ཀྱི་བསམ་བློ་ལ་བློ་ཐག་རྦད་ཆོད་ཀྱི་སྒོ་ནས་ངོ་རྒོལ་བྱེད་དགོས་པ་དང་། རང་གི་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་འགལ་བའི་བསམ་བློ་དང་གཏམ་སྤྱོད་མཐའ་དག་ལ་ངོ་རྒོལ་བྱས་ཏེ། རང་གི་མི་རིགས་འདི་སྔོན་ཐོན་མི་རིགས་ཀྱི་རྗེས་ཆོད་པ་དང་། རང་རེའི་མེས་རྒྱལ་འདི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ཡོད་ཚད་འབུལ་དགོས།ཞེས་བྲིས་འདུག
འདི་ནི་གཅིག་དགུ་བདུན་ཅུའི་དམ་དྲག་ནང་བྲིས་པ་མ་རེད། གཅིག་དགུ་བརྒྱད་ཅུའི་ཅུང་གུ་ཡངས་ཀྱི་སྐབས་བྲིས་པ་རེད།
འདི་ནི་འཚོགས་ཐོག་ནས་གཞུང་གི་མགྲིན་ཚབ་བྱས་ཏེ་བཤད་པ་མ་རེད།
སྤྱི་གཏང་གི་སློབ་ཁྲིད་ལ་བཤད་པ་རེད།
འདི་ནི་གཞུང་གིས་ཆེད་དུ་ལོ་རྒྱུས་འབྲི་བཅུགས་པ་མ་རེད།
དཔྱིད་རྒྱལ་གླུ་དབྱངས་ཀྱི་འཕྲོས་བཤད་ཟིན་བྲིས་རེད།
རྒྱུ་མཚན་འདི་དག་གི་ཕྱིར། ངས་བསམ་ན་འདི་ནི་ཁོའི་སེམས་ཀྱི་སྐད་ཆ་ངོ་མ་ཞིག་རེད་འདུག
དུས་ཐོག་འདི་ལ་ཚེ་ཏན་ཞབས་དྲུང་ཚང་གིས་འདི་འདྲ་བཤད་མེད་གི
དམུ་དགེ་བསམ་ཚང་གིས་ཡང་ལོ་རྒྱུས་དྲང་མོ་བྲིས་ཡོད་གི།
དེའི་རྗེས་སུ་ཅུང་དམ་དུ་སོང་ཡང་རྒྱལ་མོ་འབྲུག་པས་ལོ་རྒྱུས་ཡག་པོ་བྲིས་འདུག
འདི་ལྟར་བསམ་ན་མཁས་དབང་དུང་དཀར་དང་དཔལ་དོན་གྲུབ་རྒྱལ་གཉིས་ནི་ལོ་རབས་བརྒྱད་ཅུ་བའི་ནང་གི་ཀྲུང་གོའི་རྒྱལ་གཅེས་རིང་ལུགས་པ་ཕུལ་བྱུང་ཅན་གཉིས་རེད། དེ་འདྲ་ཞིག་རེད་དམ་མཁས་པ་རྣམས་པ། དཔྱད་པ་གནང་རོགས།
ཡིན་རྒྱུ་མ་རེད། མཁས་དབང་དོན་གྲུབ་རྒྱལ་འདི་འདྲ་ཞིག་ཡིན་མི་སྲིད། རྫུན་ཡིན་རྒྱུ་རེད། ང་ལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་མེད། དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་ཡོད་མཁན་ཚོས་ཞིབ་པར་བལྟ་རོགས་བྱོས།
དོན་རྒྱལ་ལྟ་བ་བཟང་ངན་དང་། །
སྤྱོད་པ་ཡག་ཉེས་འདྲེས་མ་རེད། །
རྒྱལ་གཅེས་དར་ཆ་མཐོན་པོར་བསྒྲེངས། །
མི་རིགས་རིང་ལུགས་ཕམ་པར་བརྒྱབ། །
དྲ་གྲོགས་རིག་རྡོར་ལགས།
དོན་གྲུབ་རྒྱལ་ལོ་རྒྱུས་ཐོག་གི་ཉེས་ཅན་ཞིག་ཡིན་ཚུལ་རྒྱུ་མཚན་དེ་ཙམ་གྱིས་ཁས་ལེན་བྱེད་མི་ཐུབ་པ་ཞིག་འདུག དེ་འདྲ་འབྲི་མཁན་ནི་གཞིས་སྡོད་བོད་རིགས་ལོ་རྒྱུས་སྨྲ་བ་བོ་ཕལ་ཆེ་བ་རེད། ཞིབ་ཏུ་གཟིགས་དང་། ཁོ་ཚོས་ལོ་རྒྱུས་བརྗོད་སྐབས་ཆབ་སྲིད་དང་འབྲེལ་བའི་གནད་འགག་དེ་རིགས་ལ་འཕྲད་དུས། ཁོ་ཚོ་ཐུན་མོང་ལ་གཅིག་མཚུངས་ཀྱི་བཤད་སྟངས་དེ་འདྲ་ཞིག་རང་ཤུགས་ཀྱིས་ཡོང་གི་འདུག ཡིན་ན་ཡང་རང་གིས་ཤེས་བཞིན་དུ་གནད་འགག་གི་སྐབས་སུ་ལོ་རྒྱུས་ལ་འཁྱོག་བཤད་དེ་འདྲ་བྱས་ན་ཧ་ཅང་མི་དགའ་བ་ཞིག་རེད།
ལྷ་རབ་བྱུང་ན་ལོ་རྒྱུས་དྲང་བརྗོད་བྱེད་རྒྱུའི་སྤོབས་སེམས་མེད་ན་བཏང་སྙོམས་སུ་བསྡད་འོས་པར་མཐོང་།
དེ་བས་ཀྱང་ཁྱད་མཚར་བ་ཞིག་ལ། རྒྱལ་དབང་ལྔ་པ་དང་། པན་ཆེན་དཔལ་ལྡན་ཡེ་ཤེས། རྡོ་རིང་པཎ་ཊི་ཏ། མདོ་མཁར་བ། ལྕང་སྐྱ་རོལ་རྡོར། བྲག་དགོན་པ་སོགས་སྔོན་གྱི་བླ་ཆེན་མཁས་ཆེན་མི་ཉུང་བ་ཞིག་གིས་ཀྱང་བོད་ཀྱི་ལོ་རྒྱུས་དང་ཆབ་སྲིད་ཐད་ནས་འགན་མ་ཁུར་བ་དང་འཐུས་ཤོར་བཏང་བ་མང་པོ་ཞིག་འདུག་ག
ད་དུང་ང་ཚོའི་སྣང་ངོར་ཧ་ཅང་འགྲོ་མི་བདེ་བའི་མིང་ཚིག་མང་པོ་ཞིག་ཇི་དགར་བེད་སྤྱོད་བཏང་འདུག་ག
ཁོང་ཚོར་མཚོན་ན་དེང་གི་གཞིས་སྡོད་བོད་རིགས་མཁས་པ་ཚོ་ནང་བཞིན་ཡུལ་དུས་དང་ཁོར་ཡུག་སོགས་ཀྱི་བཀག་རྒྱ་ཅི་ཡང་ཡོད་པ་མ་རེད། ཁོང་ཚོར་ག་རེ་བྱུང་བ་ཡིན་ནམ། ཁོང་ཚོར་ག་རེ་བརྗོད་དགོས་པ་ཡིན་ནམ།
ཨོ་་་་་་་་་་་་དཔལ་དོན་འགྲུབ་རྒྱལ་ལོ་རྒྱུས་ནག་ཉེས་ཅན་ཞིག་རེད་ཟེར་ན་སྒེར་ངོས་ནས་ངོས་ལེན་མེད། གང་ལྟར་ཡང་དགེ་འདུན་ཆོས་འཕེལ་དང་དོན་འགྲུབ་རྒྱལ་གཉིས་རང་སྲོག་བློས་གཏོང་ཕོད་པའི་བསམ་བློའི་འགྲུལ་བཞུད་པ་གཉིས་མ་རེད་དམ།
ཀུན་གསལ་གྱིས་དྲངས་པ་འདི་བདེན་པ་ཡིན་ན་བོད་མིའི་བསམ་བློའི་འགྲུབ་བཞུད་པ་ཟེར་བ་དེ་འདྲའི་ཐབས་སྡུག་པ་ལ་ཨང། ཡིན་ནའང་མཁས་དབང་དགེ་ཆོས་གཞན་དང་བསྡུར་ཐབས་ཡོད་མ་རེད།
རྒྱ་དམར་པོའི་གདུག་རྩུབ་ཀྱི་དབང་གིས་ཁག་མེད་པའི་ས་མཚམས་ཤིག་ལ་ཕེབས་སོང་བ་ཡིན་རྒྱུ་རེད། ལྷག་པར་གནའ་དང་ད་མི་འདྲ་ཁོ་ཐག་ཡིན། དེང་སང་གི་རྩོམ་པ་པོ་ཞིག་ཡིན་ན་བསམ་བློ་གཏོང་དགོས་པ་ཞིག་ཡིན་སྲིད།
དོན་གྲུབ་རྒྱལ་གྱིས་ཆང་འཐུང་མང་དྲགས་པ་ཡིན་ནམ་ཅིག་གིས་གྲོངས་པའམ་རང་སྲོག་བཅད་པ་རེད་ལབ་ཀྱིན་མི་འདུག་གམ། ཁོས་རང་སྲོག་བློས་བཏང་ཚུལ་སོགས་ཀྱིས་འུད་སྒྲོགས་དེ་ཙམ་བྱས་པ་ལ་ཕན་ཐོགས་ག་རེ་ཡོད་རེད། ཡིན་ན་ཡང་ཁོས་བོད་ཡིག་གི་སྟེང་ནས་རྩོམ་ཡིག་ཡག་པོ་མང་པོ་ཞིག་བྲིས་ཡོད་པ་དེ་ལེགས་པོ་མ་རེད་སུས་ཀྱང་བརྗོད་མི་ཐུབ།
དོན་རྒྱལ་ལགས་ཀྱིས་བོད་དུ་བཞག་པའི་ནག་ཉེས་ཆེ་འམ། ཡང་ན་བོད་ལ་བཞག་པའི་བྱས་རྗེས་ཆེན་པོ་ཡོད་དམ། འདི་ལ་ལན་ཞིག་གནོང་དང་དེ་ནས་ངེད་ཅག་གི་དོན་རྒྱལ་ལགས་བོད་མི་མང་གི་སེམས་གཏིང་ལ་གྲི་འཛུགས་མཁན་ཞིག་ཡིན་དང་ཡང་ན་བོད་མི་མང་གི་སེམས་གཏིང་གི་མཁས་དབང་ཞིག་ཡིན་དཔྱད་པ་བྱེད་ཆོག་གི་རེད། དེང་སང་སྐྲག་མི་དགོས་སའི་རང་དབང་གི་ལུང་བ་ན་ཡོད་མཁན་མི་ཟང་གིས་བོད་ཀྱི་ཆ་ཤས་རེ་ཟུང་རྒྱ་ཁོངས་ཡིན་པར་སྒྲུབ་བཞིན་འདུག་ན། ཁོང་ཚོ་ལ་དེ་ལས་ཀྱང་ཁག་མེད་པའི་གནས་སྟངས་མང་བོ་ཞིག་བྱུང་ཡོད་པ་ངེད་ཅག་གི་བསམ་ཤེས་བྱེད་མ་ཐུབ་པ་ཡིན་ན། གཞན་གྱིས་བསམ་ཤེས་དང་བརྩི་བཀུར་བྱེད་མི་སྲིད་པ་ཡིན།
བོད་ཀྱི་ཉེ་རབས་ལོ་རྒྱུས་ནང་ཉེས་ཅན་པ་སུ་ཡིན་ཤེས་འདོད་ན། དོལ་རྒྱལ་བླ་མ་གངས་ཅན་གཙོའི་དགེ་ལུགས་པའི་བླ་དགེ་རེ་ཟུང་དང་། ཆུ་སྒང་རྙིང་བའི་མགོ་གཙོ་ཁ་ཤས་དང་། ཀརྨ་པའི་རྙོག་དྲ་བཟོ་མཁན་གྱི་བཀའ་རྒྱུད་བླ་མ་ཁ་ཤས་ཡོད་པ་རེད། དེ་ཚོ་གླེང་མི་ཕོད་པར་ཞེད་མི་དགོས་པའི་བོད་མི་ཉམས་ཆུང་ཚོའི་མགོ་ལ་ངར་སྐད་མང་པོ་སྒྲོག་བཞིན་པ་དྲང་བདེན་མ་རེད། འདི་ཚོ་བོད་ཀྱི་ལོ་རྒྱུས་ཀྱི་སྲོག་ཤིང་ལ་སྟར་གྲི་གཞུ་ཚོ་རེད། འདི་ཚོ་ནག་ཅན་པ་མིན་ན་བོད་ཀྱི་ལོ་རྒྱུས་ནང་ནག་ཅན་པ་ཞེས་པའི་ཚིག་འདི་བཀོལ་ས་མི་རྙེད་ཁོ་ཐག་ཡིན།
ད་དུང་དགྲ་དགའ་གཉེན་སྡུག་གི་ལས་ཀ་ཁོ་ན་སྒྲུབ་མཁན་བོན་པོའི་སྤྱི་འཐུས་གྲྭ་བ་རྒྱག་པ་སྐེ་ཐུང་དེ་དང་། སྣུམ་ཚིལ་ཟོས་དྲགས་ནས་ཐོད་པ་ན་ཞག་རྩི་འཛག་བཞིན་པའི་ཨོ་རྒྱན་སྟོབས་རྒྱལ། བསོད་ནམས་སྟོབས་རྒྱལ། ག་དུས་ཡིན་གཏོར་ཤིག་གི་སྐད་ཆ་ཁོ་ན་བཤད་མཁན་གྱི་སྤྱི་འཐུས་བསྟན་འཛིན་མགོན་པོ་སོགས་ཀྱང་དཀར་ནག་གི་དབྱེ་བ་འབྱེད་དགོས་པ་མ་རེད་དམ། རང་གི་མིང་ཡང་འབྲི་ཤེས་བཞིན་དུ་བཞིན་དུ་བོད་གཞུང་གི་བཀའ་ཁྲི་སླེབས་ཟིན་ཀྱང་ད་དུང་འདོད་པ་མ་ཁེངས་པར་ནང་དཀྲུགས་བྱེད་མཁན་འཇུ་ཆེན་སོགས་ཡོད་པ་རེད།
སྟག་སྨྱོན་ལགས། ཁྱེད་རང་གོ་ནོར་ཐེབས་པ་མིན་ན། ངས་གོང་གི་དོན་རྒྱལ་ཟེར་བ་དེ་ནི་དོལ་རྒྱལ་ཟེར་བཞིན་མེད་ལ། དེ་ནི་དཔལ་དོན་འགྲུབ་རྒྱལ་དུ་འབོད་པ་འམ་རང་གྲོལ་ལགས་ལ་ཟེར་བཞིན་ཡོད་པ་ལས། བོད་མི་ཚང་གི་ཞབས་འདྲེན་དང་བོད་མི་རིགས་ནང་ཁུལ་ལ་འཕོང་དཀྲུགས་བྱེད་པའི་གཏེ་བོ་དོལ་རྒྱལ་བ་དེ་དག་ལ་གང་ཡང་བཤད་འདོད་མེད། རྒྱུ་མཚན་ནི་གནས་ལུགས་དང་རྒྱུ་མཚན་མི་འགྲོ་བའི་གྲངས་དེ་དག་ལ་སྐད་ཆ་བཤད་རྒྱུ་ལས་ཁ་རོག་གེར་གང་བྱེད་འདོད་པ་བྱེད་དུ་བཅུགས་པ་ཡིན་ན། ནམ་ཞིག་ཐང་ཆད་དེ་རང་གི་བྱེད་སྟངས་ལ་ནུས་པ་མེད་པ་དང་རྒྱུ་མཚན་མེད་པ་སོགས་ཤེས་མི་སྲིད་པ་མིན། ངས་གོང་ན་མི་མང་བོ་ཞིག་གི་དོན་འགྲུབ་རྒྱལ་གྱི་བསྐོར་ལ་འདྲ་མིན་ཞིག་གླེང་ནས་ཡོང་གི་འདུག་པ་དེའི་བསྐོར་ལ་བསམ་ཚུལ་ཞིག་བྲིས་པ་ཡིན་ན། གལ་ཏེ་ཁྱེད་རང་གོ་ནོར་ཐེབས་པ་ཡིན་ན་གསལ་བཤད་ཞིག་དང་། མིན་ན། ང་རང་དོལ་རྒྱལ་བ་དེ་དག་གི་བསྐོར་དྲ་ཐོག་ནས་གླེང་མོལ་བྱས་དེ་དུས་ཚོད་ཆུད་ཟོས་སུ་གཏོང་འདོད་མེད་ལ། ངེད་ཅག་བོད་པ་ཚང་གི་ཉེན་ཁ་དང་ཆག་འཇིག་སྐབས་འདི་ལ་རང་གི་རིགས་ལ་འགན་མི་འཁུར་བས་མི་དག་གི་བྱེད་སྟངས་གོ་ན་མི་འདོད།
ཨ་ཁ། དོན་གྲུབ་རྒྱལ་ནག་ཉེས་ཅན་རེད་མ་ཟེར། ཁོང་གི་གསུང་འབུམ་པོད་དྲུག་པོར་ཞིབ་མཇལ་གྱིས།
ཁོང་གི་དུས་སྐབས་དེར་བསམ་བློ་ཞིག་ཐོངས། དེ་ནས་དོན་གྲུབ་རྒྱལ་གྱི་ལེགས་ཉེས་ཤན་འབྱེད་ཐུབ་ན་ཡག་པོ་རེད། དུང་དཀར་ཚང་གིས་ཀྱང་བོད་ཀྱི་གཡག་ཤ་ལས་རྒྱ་ནག་གི་ཕག་ཤ་ཞིམ་པོ་འདུག་ཅེས་གསུངས་ཡོད། ཡིན་ནའང་ཁོང་གི་གསུམ་འབུམ་ཁག་ལ་མཇལ་ན། དུང་དཀར་ཚང་མི་རིགས་ཀྱི་ལར་ཞེན་མི་འདུག་ཅེས་ཤོད་ཁག་པོ་རེད། དེ་བཞིན་ཨ་ཁུ་བླ་ཡེལ་གྱིས་ཀྱང་ཚེ་ཏན་ཞབས་དྲུང་ཚང་གི་ལག་བདེ་བ་མ་གཏོགས། ཁོང་ལ་བློ་ཁོག་ཡོད་པ་མ་རེད་ཅེས་གསུངས་ཡོད་མོད། ང་ཚོས་ཁོང་གི་བསྟན་བཅོས་ཁག་ལ་མཇལ་ཡོང་དུས། ཁོང་ནི་བོད་ཀྱི་རིག་གཞུང་ལ་ཞེན་པ་དཀར་པོའི་ཐོག སྐམ་རིད་དུ་གྱུར་པའི་བོད་ཀྱི་རིག་གཞུང་གི་རྩ་བ་ཆུ་བླུགས་ནས་ལྗང་ལོ་རྒྱས་སུ་འཇུག་མཁན་ནི། དུས་རབས་ཉི་ཤུ་བའི་ནང་རྗེ་འཇིགས་མེད་བློ་གྲོས་ཁོང་ཉིད་དང་། དུང་དཀར་སྤྲུལ་བའི་སྐུ། དམུ་དགེ་བསམ་གཏན། རྡོ་རྗེ་རྒྱལ་པོ་ལྟ་བུའི་མཁས་དབང་རེ་ཟུང་ལས་མེད་པ་རེད།