ཞེའུ་ཞོ་མེན་གྱིས་བརྩམས།
རྟ་ནག་སྐལ་བཟང་ལུང་རིགས།
སྤྱི་ ལོ་༡༩༨༨ཡས་མས་ཤིག་ཏུ་བདག་གིས་ལུག་ཞོ་པོ་ཡི་བརྩམས་ཆོས་ཐོག་མར་མཐོང་བ་ནི། ༼མཐའ་དཔྱོད་ཀྱི་གདམ་ཀ___ལུས་ཙི་ཧོའུ་དང་བགྲོ་གླེང་བ༽ཞེས་པ་དེའོ།། ཀློག་སྟངས་ཀྱི་ཆ་ནས་བམ་ཀློག་ཐེངས་གཅིག་ལས་མིན་པས། སེམས་ལ་བཞག་པའི་བག་ཆགས་ཀྱང་དེ་འདྲའི་ཟབ་མོ་ཞིག་མ་ཡིན་ནའང་། ཁོ་བོའི་བསམ་ངོར་རིག་གཞུང་ལ་འཕྲིགས་ཚུད་པའི་བསྟན་བཅོས་མཛད་པ་བོ་ཞིག་དང་། བྲིས་པ་ཡོད་ཚད་ཀྱང་བློ་བསྲལ་ཆེ་བའི་ཉམས་ཤིག་ཅི་ནས་ཀྱང་མངོན་འདུག་གོ།
སྤྱི་ ལོ༡༩༨༩ལོའི་ཟླ་དྲུག་པའི་ཚེས་ག་གེ་མོ་ཞིག་ལ་ཁོ་བོ་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་ དུ་སྐོེར་སྐྱོད་དུ་ཕྱིན། ཡོང་གྲགས་སུ་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་གྱི་རྒྱལ་སྲས་བཞི་རུ་འབོད་པ་སྟེ། ལུག་ཞོ་པོ། ཀྲུའུ་ཏོ། གོ་ཞིན། ཧོའུ་ཏི་ཅན་བཅས་ཀྱིས་བསྙེལ་གསོའི་རྡོ་རིང་གི་གཤམ་དུ་གསར་འགོད་གསལ་བསྒྲགས་བསྐུངས་ཤིང་། ཟས་བཅད་ངོ་རྒོལ་དང་བསྒྲགས་གཏམ་སྤེལ་བ་དངོས་སུ་མཐོང་། ཁོ་བོའི་དྲན་ངོར་འདི་དག་ནི་ད་དུང་སློབ་བུ་འབའ་ཞིག་ཡིན་ནའང་། ཁོ་ཚོས་ལས་འགུལ་གྱི་སྣེ་ཁྲིད་པར་སྟོབས་ཤུགས་མི་ཟད་པར་མངའ་བས་མི་དག་ལ་སྙིང་ སྟོབས་ཤིག་དང་། ཡིད་ཆེས་ཤིག་སྟེར་བ་ནི་བློས་མ་འཁྱུད་པ་ཞིག་རེད་བསམས་སོ།།
ཉིན་ ཁ་ཤས་རྗེས་ནས་གཞི་ནས་མེ་མདའི་སྐད་གྲག་སོང་། ཟླ་དྲུག་པའི་ཚེས་གསུམ་གྱི་ས་སྲོད་ནས་ཚེས་བཞིའི་ཐོ་རེངས་བར་དུ་ཏོང་ཁྲང་ཨན་སྲང་ལམ་དུ་མི་མང་བོ་ཞིག་བསད་རྨས་བགྱིས་པ་ཁོ་བོས་མངོན་སུམ་དུ་མཐོང་། དེ་ལྟ་ནའང་། གནམ་བདེ་སྒོ་མོ་ཆེ་ཐང་ཆེན་གྱི་དབུས་སུ་ཡ་ང་བའི་དོན་རྐྱེན་ཅི་བྱུང་དངོས་སུ་ མཐོང་ཐབས་ཡེ་ནས་བྲལ་སོང་མོད། རྗེས་སུ་དོན་རྐྱེན་གྱི་ཁྲོད་ནས་ཕྱིར་འཐེན་བགྱིས་པ་ཁ་ཤས་ཀྱི་ངག་ནས་ཐོས་པ་ནི། གནམ་བདེ་སྒོ་མོ་ཆེ་ཐང་ཆེན་གྱི་རྒྱལ་སྲས་བཞིའི་གོ་བསྐོེན་བློ་འགུགས་ཀྱི་ཐབས་ ཤེས་ལ་བརྟེན་ནས་སློབ་བུ་མང་བོ་ཞིག་ཕྱིེར་འཐེན་བྱས་ཤིང་། རྒྱལ་སྲས་བཞིས་སློབ་བུ་དག་གི་ཚབ་བྱས་ཏེ་ཉེན་ཟོན་དམ་བསྒྲགས་པའི་སྒོ་བཀག་པ་ རེད།
གལ་སྲིད་ཁོང་ཅག་གི་ལམ་སྟོན་མེད་སྲིད་ན་སློབ་མ་དང་དྲག་ཆས་དཔུང་དམག་གི་བར་དུ་ གཡུལ་འཁྲུགས་བླ་ན་མེད་པ་ཞིག་བྱུང་ནས། ཁྲག་དམར་བོ་ཡུར་བར་འདྲེན་ཐག་ཆོད་རེད་དོ།། དེ་བས་བདག་གིས་ཁོང་ཅག་ལ་བླ་མེད་ཀྱི་གུས་འདུད་ཞུ་བཞིན་ནོ།།
དྲུག་བཞིའི་དོན་རྐྱེན་གྱི་རྗེས་སུ་ལུག་ཞོ་པོ་ཁྲི་མུན་དུ་བཙུད་སོང་། རྗེས་སུ་བདག་གིས་ཁོང་དང་ཧོའུ་ཅན་ཏི་གཉིས་ཀྱིས་དྲུག་པའི་ཚེས་བཞིའི་ཐོ་རེངས་ ཀྱི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་གླེང་མོལ་བགྱིས་པའི་བརྩམས་ཆོས་དེ་བཀླགས་ པ་ཡིན་ནོ།།
བརྩམས་ཆོས་དེའི་ནང་དུ་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དབུས་མར་ཡང་སྙིང་མི་བསད་ མེད་པའི་སྐོར་ལ་གླེང་སློང་མང་དུ་བྱས་འདུག དྲུག་པའི་ཚེས་བཞི་ཉིན་གྱི་ཐོ་རེངས་ལ་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་གྲོང་ཁྱེར་ ཁང་བརྩེགས་ཀྱི་ཀྲང་ཏོང་ཨན་སྲང་ལམ་དང་། རྒྱལ་བཙུགས་ཟམ་པའི་ཉེ་འགྲམ་དུ་མི་བསད་པ་བདག་གིས་དངོས་སུ་མཐོང་བ་ཡིན་པས། བདག་གི་དྲན་ངོགས་སུ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མི་བསད་མེད་ཅེས་པ་ནི་ ཡིག་ངོས་ཀྱི་རོལ་རྩེད་ཐུང་ཐུང་ཞིག་རེད་བསམས་པ་དང་། ཁ་བྱང་རྫུན་མ་ཞིག་རེད་བསམས་པའོ།། ལུག་ཞོ་པོ་དང་ཧོའུ་ཏི་ཅན་གཉིས་ཀྱི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མི་བསད་ མེད་སྐོར་གྱི་སྐད་ཆ་འདིའི་མཐོང་སྣེ་འདི་ཉིད། སྲིད་གཞུང་གིས་བདེན་པའི་དཔང་བོར་བཞག་སྟེ་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་མི་ བསད་མེད་པའི་བྲོ་བོར་བའི་སྐབས་རྙེད་པ་དེའོ།། དེ་བས་སྐབས་དེར་ང་རང་ཡི་ཆད་བློ་ཕམ་གྱི་གནས་ལ་ལྷུང་སོང་། ཡིན་ནའང་། རྗེས་སོར་ཤེས་རྟོགས་བྱུང་བ་ནི་སྐད་ཆ་འདི་ནི་ལུག་ཞོ་པོ་ཡིད་འཐད་ཡིན་པའི་སྐད་ཆ་མ་ཡིན་དེའོ།།
དོན་རྐྱེན་དེའི་རྗེས་ནས་ལུག་ཞོ་པོས་བྲིས་པའི་བརྩམས་ཆོས་དང་སྒྲིག་པའི་དུས་དེབ་ཁག་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་ནས་བྱུང་ བས། བདག་གིས་ཁོང་གི་བསམ་བློའི་སྙིང་དོན་རྟོགས་ཐུབ་བྱུང་། ཁོང་ཐེངས་དུ་མར་བཀག་སྐྱིལ་བྱས་པའི་ཉམས་མྱོང་ཁྲོད་ལ་བལྟས་ན། བདག་གིས་ཁོང་ནི་སེམས་གཏིང་དུ་སྦྲུམ་པའི་ཕུགས་བསམ་དོན་འཁྱོལ་བ་ཞིག་ཡིན་པར་ གཞི་ནས་རྟོགས་སོང་ངོ་།།
ནི་ཁོང་གིས་བྲིས་པ་ཡིན་ནའང་འདྲ། གཞན་དང་མཉམ་དུ་བྲིས་ནའང་ཆོག གང་ལྟར་ཡང་། ལོ་འདི་འགར་བྲིས་པའི་ཁོང་གི་བརྩམས་ཆོས་ཀྱི་དགོངས་དོན་ཡོད་ཚད་འདིས་མཚོན་ ཀྱིན་འདུག་གོ། དོན་དངོས་སྟེང་ ལ་ནང་དོན་གསར་བ་ཅི་ཡང་མེད་དེ། རྒྱུན་ཤེས་ལྟ་བུ་ཞིག་ཡིན་མོད། སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ་རྟོགས་སླ་བའི་གནས་ལུགས་དང་། རྒྱུན་ལྡན་གྱི་ཤེས་བྱ་ཀུན་པོ་ཕྱིར་ལྡོག་བྱས་ཚེ་དེ་ལའང་དོན་སྙིང་བླ་ན་མེད་པ་ཞིག་ཡོད་པ་ཡིན་ནོ།།
རྗེས་ སུ་ལུག་ཞོ་པོ་ཀྱི་རྐྱེན་པས་ལོ་ངོ་བཅུ་གཅིག་ལ་ ཁྲི་མུན་དུ་བཙུད་པ་གོ་ཐོས་བྱུང་སོང་བས། བདག་གི་བློ་བློང་བློང་བར་གྱུར་ཏོ།། སྐད་ཆ་འདི་ཙམ་ཡང་ནག་ཉེས་ཆེན་པོར་བརྩི་བ་འདི་ནི། དེང་རབས་འཕེལ་རྒྱས་ཀྱི་ལམ་ཆེན་དུ་ཞུགས་པའི་རྒྱལ་ཁབ་འདིའི་སྐྱུག་བྲོ་བའི་བྱ་ སྤྱོད་དང་། འཆམ་མཐུན་སྤྱི་ཚོགས་ཞེས་པ་ཡང་འཕྱ་སྨོད་བྱ་ཡུལ་ཞིག་ལས་མིན་པ་མཚོན་ནོ།། ད་དུང་གཟི་བརྗིད་མངའ་བའི་རྒྱལ་ཁབ་ཅིག་གི་ཡུན་རིང་བདེ་འཇགས་དང་གཞི་རྩའི་ བརྟན་བརླིང་ཞེས་པའའང་ངོ་འཛིན་ཟོལ་བཅོས་ཙམ་རེད་པས་སོ།།
སྲིད་གཞུང་གི་གླེན་པའི་བྱ་སྤྱོིད་འདིས་འཛམ་གླིང་གི་མི་བུ་མང་བོ་ཞིག་གིས་རྒྱ་ནག་ལ་བཟུང་ བའི་དགའ་ཕྱོགས་ཀྱི་རྣམ་འགྱུར་ཙམ་པོའང་རྨེག་ནས་གཞོམ་པར་མཛད་སོང་ངོ་།། ང་ལ་ཐེ་ཝན་གྱི་གྲོགས་པོ་ཞིག་ཡོད་དེ། ཁོས་ལོ་ངོ་ཉི་ཤུའི་རིང་ལ་སྐམ་ས་ཆེན་མོའི་བཅོས་བསྒྱུར་སྒོ་འབྱེད་གྱི་གྲུབ་ དོན་ལ་ཡིད་སྨོན་བྱས་པ་རེད། ལུག་ཞོ་པོ་ཡི་དོན་རྐྱེན་འདིས་རྐྱེན་བྱས་ཏེ་བདག་ལ་བཤད་རྒྱུར། རྒྱ་ནག་སྲིད་གཞུང་གིས་ལུག་ཞོ་པོ་བཙོན་དུ་བཙུད་པ་ནི་སྟག་གི་རྔ་མར་འཇུས་པ་ འདྲའོ་ཟེར།
ངས་བསམ་པར། ཁོའི་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རྒྱུན་སྲིང་བློ་སྟོབས་ལས་གཞན་ད་དུང་། ཀྱི་རྐྱེན་པས་ཁྲི་མིན་དུ་བཙུད་པ་དེས་ཞོ་པོ་ལ་ གཟེངས་རྟགས་ཐོབ་པའི་ཉེར་ལེན་གཙོ་བོར་བགྱིས་པ་ཡིན་ཏེ། དཔེ་ཞིག་གིས་གླེང་ན། རྐང་རྩེད་སྤོ་ལོ་དེད་ནས་འགག་སྒོར་བསླེབས་དུས་སྟབས་བསྟུན་གྱིས་དྲ་ཁང་དུ་རྐང་གཡུག་ཅིག་བྱས་པ་དང་མཚུངས་སོ།།
ཉེ་ཆར་དྲ་གནས་ཁག་ཏུ་རྒྱ་ནག་གི་སུ་ ཞིག་ལ་གཟེངས་རྟགས་སྦྱིན་ན་འོས་འཚམས་རེད་ཅེས་གླེང་སློང་བྱེད་ཀྱིན་འདུག གལ་སྲིད་ཡུན་རིང་བོར་རྒྱ་ནག་དམངས་གཙོར་ཁྲིད་པའི་ལས་དོན་ལ་ཤུགས་ཕུད་པ་ཞིག་དང་། བསམ་གཞིགས་ཀྱི་ནུས་པ་མཐོ་རུ་གནས་པ་ཞིག ཀུན་སྤྱོད་ལ་ནག་ནོག་གི་དྲི་མས་དབེན་པ་ཞིག་བཅས་བདམས་ཏེ། དེེ་དག་དག་ལས་གཅིག་ནི་རྒྱ་ནག་གི་འབྱུང་འགྱུར་འཕེལ་རྒྱས་ལ་ནུས་པ་གདོན་ནུས་ པའི་བསམ་བློ་བ་ཞིག་ཏུ་འགྱུར་རོ་ཞེ་ན། དེ་ནི་ལུག་ཞོ་པོ་ཡིན་ནོ།། གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དོན་རྐྱེན་ཁྲོད་ཞུགས་པའི་སློབ་བུ་དང་མི་མང་ཤོས་ ཀྱིས་ལུག་ཞོ་པོ་ཡི་རྒྱུན་རིང་ཉམས་མྱོང་གི་ལོ་རྒྱུས་དང་། ཤེས་རབ་ཀྱི་ཟབ་ཚད་རྟོགས་མེད་པའི་སྐྱོན་ཆ་ཡོད་པ་ཡིན་ནོ།།
མི་ ཞིག་ལ་གཟེངས་རྟགས་ཙམ་བསྟབས་པ་དེ་ནི་ལོ་རྒྱུས་ཁྲོད་འཕེལ་རྒྱས་སུ་འགྲོ་བའི་ རྟེན་འབྲེལ་རེད་ཅེས་མཐོ་ས་ནས་བལྟ་བར་མི་རིགས་ཏེ། ཁྱིམ་མཚེས་རྒྱལ་ཁབ་དག་གིས་དགག་སྒྲུབ་ཇི་ལྟར་བྱས་ནའང་། ང་ཚོས་རང་ཉིད་ད་དུང་ངོ་ཤེས་མེད་ན་དགག་སྒྲུབ་ཙམ་བྱས་པས་ཅི་ཡང་མི་ཕན་ནོ།།
རྒྱ་ནག་གི་འཕེལ་རྒྱས་ནི་རྒྱ་ནག་པ་རྣམས་ཀྱི་ཡུན་རིང་བོའི་འབད་བརྩོན་བྱས་པའི་འབྲས་བུ་ཡིན།
ཉེ་བའི་བགྲང་བྱ་བརྒྱའི་རང་གི་རྒྱ་ནག་གི་འཕེལ་རྒྱས་ཡོད་ཚད་ནི་དོན་དངོས་སྟེང་ ཕྱི་ཕྱོགས་ཀྱི་བསམ་པའི་རླབས་རྒྱུན་དང་ཁ་བྲལ་ཐབས་ཡེ་ནས་མེད། ལྕགས་ཕག་ལོའི་གསར་བརྗེ་ཡི་གྲུབ་དོན་ཡིན་ནའང་འདྲ། རྒྱ་ནག་གུང་ཁྲན་ཏང་གི་གྲུབ་འབྲས་ཡིན་ནའང་ཆོག ད་དུང་ཐེ་ཝན་དམངས་གཙོའི་འཕེལ་རྒྱས་ཡིན་ནའང་རུང་།
གང་ཡིན་ཡང་འཛམ་གླིང་གི་བསམ་པའི་རླབས་རྒྱུན་དང་རྟེན་འབྲེལ་གྱི་ཚུལ་དུ་གནས་པ་ དེའོ།། མི་ཞིག་གིས་འདི་ལྟར་སྐྱོན་བརྗོད་དེ། ནུབ་ལུགས་པ་དག་གི་ཁ་ཕྱོགས་ནི་གསེད་དགྲོལ་དཀའ་བའི་རྩིས་རིག་གི་སྤྱི་འགྲོས་ ཤིག་དང་མཚུངས་ལ། གླེན་པའི་བྱ་སྤྱོིད་ཅིག་དང་ཡང་འདྲ་ཕྱིར་དེ་ལ་སྙིང་བོ་མེད་དོ་ཟེར་ན། གལ་སྲིད་ནུབ་ཕྱོགས་པའི་བསམ་བློའི་རླབས་རྒྱུན་ཚུར་ནང་འདྲེན་བགྱིས་མེད་ཚེ། ལྕགས་ཕག་གསར་བརྗེ་ལོ་རྒྱུས་སྟེང་འབྱུང་ཐུབ་མི་ཐུབ་ལ། རྒྱལ་བོའི་ལམ་ལུགས་སམ་སྲིད་དབང་སྒེར་གཅོད་ཀྱི་མགོ་རྟིང་སློག་པའི་བསྐལ་བའང་ ཆད་སོང་བ་ཡིན་ནོ།། གལ་སྲིད་མ་ཁི་སིའི་རང་ལུགས་ནང་འདྲེན་དང་སུའུ་ལེན་གྱི་སྟོངས་གྲོགས་མེད་ན། རྒྱ་ནག་གིས་གུང་ཁྲན་ཏང་འཛུགས་པའི་སྐལ་བའང་མེད་པ་ཡིན་ལ། ནུབ་ཕྱོགས་པའི་སྤྱི་ཚོགས་ལམ་ལུགས་ཀྱི་གྲུབ་ཚུལ་ལ་མིག་དཔེ་བལྟ་ས་དང་། ནུབ་ཕྱོགས་པའི་གནོན་ཤུགས་ཀྱང་མེད་པར་མ་ཟད། ཐེ་ཝན་ཡང་ཏང་ཤོག་གི་སྡོམ་གཅུན་ལས་མི་ཐར་བ་ཡིན་ནོ།།
སྤྱི་ཚོགས་ ཀྱི་འཕེལ་རྒྱས་ཞེས་པ་ནི་མི་བུ་ཁྲི་སྟོང་མང་བོའི་ཐུན་མོང་གི་འབད་བརྩོན་ཉག་ གཅིག་ལ་བརྟེན་ནས་བྱུང་བ་ཡིན་གཤིས། ལུག་ཞོ་པོ་ལ་གཟེངས་རྟགས་སྦྱིན་པ་ནི་ལུག་ཞོ་པོ་གཅིག་བུའི་གཟི་བརྗིད་མ་ཡིན་ ཏེ། གཟེངས་རྟགས་འདིས་ལོ་ངོ་བཅུ་ཕྲག་འགའི་རིང་ཐད་དུ་ཆབ་སྲིད་ཀྱི་སྟོབས་ཤུགས་འདྲ་ མིན་གྱིས་རྒྱ་ནག་འཕེལ་རྒྱས་སུ་བསྐུལ་བའི་ལོ་རྒྱུས་ཁྲོད་མི་སེར་ཐུན་མོང་གིས་ བསྐྱེད་པའི་འབད་བརྩོན་གྱི་འབྲས་བུ་ཞིག་རེད་ཅེས་སྨྲ་ཆོག་པ་ཡིན། ལུག་ཞོ་ པོ་ཁྲི་མུན་དུ་བཙུད་དེ་ཡ་ང་བའི་གནས་སྟངས་ཀྱི་འོག་ཏུ་ལྷུང་ཡོད། རྒྱ་ནག་གིས་རང་ཉིད་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་མཚན་སྙན་ལ་བརྩི་བཀུར་བགྱིས་ ཏེ། ལུག་ཞོ་པོ་ལ་ཉེ་ཞོ་ཅི་ཡང་བྱུང་མི་ཆོག་ཅེས་སྐུལ་བ་བྱས་པ་ཡིན་ནོ།།