(ལས་ཀ་གྲོལ་མཚམས་ང་རང་ནང་དུ་སླེབས་རྗེས་རེབ་གོང་ནས་སླར་ཡང་གློག་འཕྲིན་ཞིག་བཏང་འདུག་པའི་དོན་དག་གཤམ་གསལ་དེ་ཡིན། གནས་ཚུལ་མཁོ་སྤྲོད་པའི་རེ་བ་ལྟར་ཁ་བརྡ་དྲ་རྒྱའི་ནང་དེ་དག་འཇུག་རོགས་ཞུས་པ་ཡིན།
རེབ་བཀྲས།)
དེ་རིང་རེབ་གོང་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལ། ཕྱི་ཚེས་༡༩
ཉིན་རེབ་གོང་གི་སློབ་གྲྭ་ཁག་དྲུག་གི་སློབ་ཕྲུག་ཚོས་༼མི་རིགས་འདྲ་མཉམ་དང་།
སྐད་རིགས་རང་དབང་༽ཞེས་པའི་འབོད་སྒྲ་གཅིག་སྒྲོག་གི་ལས་འགུལ་སྤེལ་བ་དེ་བཞིན།
དེ་རིང་ཕྱི་ཚེས་༢༡
ཉིན་གྱི་སྔ་དྲོ་ཡང་རེབ་གོང་དགེ་འདུན་ཆོས་འཕེལ་སློབ་འབྲིང་གི་སློབ་མ་བདུན་བརྒྱ་ཙམ་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་མ་འགལ་བའི་ཐོག་ནས་ཁྲོམ་སྐོར་བྱས་ཏེ་ས་གནས་སྲིད་གཞུང་ལ་དགོས་འདུན་ཁག་བཏོན་འདུག
ཡི་གེ་གཉིས་པ་དེ་འཇོག་སྟངས་ཀྱིས་མ་འགྲིག་པས་ཡིན་ནམ་ཅི། ཕྱེད་ཀ་ལས་མཐོང་གི་མི་འདུག
ད་ཐེངས་བོད་ནང་དུ་སློབ་ཕྲུག་ཚོས་སྐད་ཡིག་གི་ཆེད་དུ་སྐད་འབོད་བྱས་པ་དེ་ཞི་རྒོལ་དང་དྲག་རྒོལ་གང་ཡང་མ་རེད། འདི་ནི་བོད་མི་རིགས་ལ་ཐོབ་ཐང་དང་བདག་དབང་ཡོད་པའི་སྐད་ཡིག་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཙམ་རེད། གཞིས་པ་ཚོས་ལས་འགུལ་ཅི་འདྲ་ཞིག་བརྩམས་ཀྱང་ང་ཚོས་དེ་ལ་འགྲེལ་ལོག་བརྒྱགས་ཏེ་ཞི་རྒོལ་དང་དྲག་རྒོལ་གྱི་ཐ་སྙད་ཅིག་སྦྱར་ཏེ་རྒྱ་ནག་གཞུང་གི་ཁྲིམས་འགལ་གྱི་ལས་འགུལ་ལྟབུ་ཞིག་བཟོ་བཞིན་ཡོད།
འདི་ནི་རྒྱ་གཞུང་གི་ཁྲིམས་འགལ་དང་སྲིད་ཇུས་ལ་གནོད་པའི་ལས་འགུལ་དེ་འདྲ་གང་ཡང་མ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདིའི་ཁྲིམས་འོག་ཏུ་ཡོད་པའི་མི་རིགས་ཤིག་གི་བསམ་བློའི་རྟོགས་སད་དང་ཡར་རྒྱས་ཀྱི་མངོན་རྟགས་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡར་རྒྱས་དགོས་ན་དེའི་སྒྲིག་འཛུགས་ཀྱི་ཆ་ཤས་བོད་མི་རིགས་དང་དེའི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་བྱེད་པ་ནི་ད་ལྟའི་རྒྱ་ནག་གི་སྲིད་ཇུས་ལ་བོད་ཀྱི་སློབ་ཕྲུག་ཚོས་རྒྱབ་སྐྱོར་དང་མཐུན་འགྱུར་བྱས་པ་ལས།
རྒྱ་ནག་གི་སྲིད་ཇུས་དང་རྩ་ཁྲིམས་དང་མི་མཐུན་པའི་ཁྲིམས་འགལ་དང་རྒོལ་བ་གཏན་ནས་མ་རེད། དེས་ན་ཕྱི་ལོགས་ན་ཡོད་པའི་བོད་མི་ཚོས། སློབ་ཕྲུག་ཚོས་སྤེལ་བའི་ཁྲིམས་མཐུན་གྱི་ལས་འགུལ་དེ་ཞི་དྲག་གི་རྒོལ་བའི་ཐ་སྙད་ཅིག་བཙན་སྤྱར་བྱས་ཏེ་ཁོང་ཚོ་ཁྲིམས་འགལ་དང་ཉེས་ཅན་ཞིག་མ་བཟོ་རོགས་གནང།
སྐུ་ཞབས་རྡོར་དབང་ལགས།
ང་ཚོས་མ་བརྟགས་རྒྱུན་འབྱམས་ལྟབུ་ཞིག་ལ་བོད་ནང་ནས་ལས་འགུལ་ག་འདྲ་ཞིག་བརྩམས་ཀྱང་དེ་ལ་ཞི་རྒོལ་དང་དྲག་རྒོལ་ཞེས་ཐ་སྙད་ཅིག་སྦྱར་ཏེ་བོད་མི་ཚོ་ཁྲིམས་འགལ་དང་ཉེས་ཅན་ལྟབུ་ཞིག་བཟོ་བཞིན་པའི་བསམ་ཚུལ་བྱུང་། སྐུ་ཉིད་ལ་དེའི་ཐད་བསམ་ཚུལ་ག་འདྲ་ཡོད་དམ།
རེབ་གོང་དུ་སློབ་མས་ལས་འགུལ་སྤེལ་བའི་གནས་ཚུལ་ཨ་རིའི་སེ་ཨན་ཨན་CNN གསར་འགྱུར་བརྙན་འཕྲིན་ཁང་གིས་གསར་འགྱུར་ནང་ཐོན་འདུག
བཀུར་འོས་རྡོར་དབང་ལགས།
གནས་ཚུལ་གཏོང་མཁན་གྱིས་བཏང་བའི་འདྲ་པར་ལས།
ཡི་གེ་གཉིས་པ་དེ་ཕྱེད་ཀ་ལས་མཐོང་ཐུབ་ཀྱི་མི་འདུག ང་ཚོས་བསྐྱར་དུ་གནས་ཚུལ་གཏོང་མཁན་ལ་འབྲེལ་བ་བྱེད་གི་ཡིན།
གནས་སྐབས་ལ་དེ་ཙམ་ཞུ།
བོད་ནང་གི་སློབ་མའི་ངོ་རྒོལ་སྐོར་གྱི་གནས་ཚུལ་དག་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་མང་པོའི་ནང་སླེབས་འདུག
ཨ་རིའི་སིས་ཨན་ཨན་(CNN)དང་ནེའུ་ཡོག་དུས་བབ(The New York Times) དབྱིན་ཇིའི་རྦིས་རྦིས་སིས་(BBC) སོགས་ཀྱི་དྲ་ངོས་སུ་འདུག འོན་ཀྱང་། གནས་ཚུལ་ཞིབ་ཕྲ་མེད་པ་མ་ཟད་རེབ་གོང་ཁུལ་གྱི་གནད་དོན་དེ་གཅིག་པོ་གླེང་གི་འདུག
འདིའི་ཐད། ང་ཚོས་བསྐྱར་དུ་མདོ་སྨད་ཁུལ་གྱི་གནས་ཚུལ་ཡོངས་དང་ད་རེས་ཀྱི་བོད་ཀྱི་དགེ་རྒན་ཚོའི་སྙན་ཞུ་སོགས་ཀྱི་སྐོར་ནས་ཁོང་ཚོར་གནས་ཚུལ་འགའ་གཏོང་གི་ཡིན།
རྒྱལ་སྤྱིའི་གསར་ལམ་ཆེ་ཁག་ཏུ་སློབ་མའི་ལས་འགུལ་གྱི་གནས་ཚུལ་དངོས་གསལ་པོར་དུས་ཐོག་ཏུ་ཐོན་ཐུབ་པ་ལ་བྱེས་བཞུགས་བོད་མི་ཚོས་འབད་འབུངས་བྱེད་གལ་ཆེ།