ཆུང་དུས་ཆུང་དུས ངས་ཅི་ཡང་བསམ་མ་མྱོང
ཐ་ན་དུས་རྒྱུན་རང་ཉིད་ཀྱི་མགོ་ཐོག་ན་སྐྱག་སྦྲང་འཁོར་འདུག་པའང་མ་ཚོར
ཁ་སང་དེ་རིང ངས་གཞི་ནས་དོན་དག་གཞན་ཞིག་ཤེས་ཀྱིན་ཡོད
མི་གཞིའི་སྙིང་སྟོབས་ལྟ་བུའི མི་བུའི་རང་དབང་ལྟ་བུའི
མི་དང་མིའི་བར་ལ་ཧེ་བག་ཡོད་པ་བཞིན
ཁྱི་དང་མིའི་བར་ལའང་ཧེ་བག་ལོས་ཡོད
རྒྱུ་མཚན་དེའི་ཕྱིར་ཁྲེལ་གཞུང་མེད་པ་དེ་སུ་ཡིན་ནམ
བར་ཐག་གི་མཛེས་རིས་རྫོབ་པོ་འདི་དག
སྒྲུ་རྩལ་ཁོ་ནས་གྲུབ་པའི་གཡུལ་འགྱེལ་གཞན་ཞིག
འཁྲུལ་ཤེས་གཞན་ཞིག འཇོན་ནུས་གཞན་ཞིག དམར་གསོད་གཞན་ཞིག
ཡོད་ཚད་འདི་ལྟར་ཕྱི་གཟུགས་ནང་སྟོང་དུ་གྱུར་དུས
ངས་ཅི་བྱ ཁྱེད་གང་དུ་འགྲོ
འགྲུལ་བཞུད་འདིའི་ལམ་ཁ་ནས་འུ་གཉིས་ས་སྲོད་གཞན་ཞིག་ལ་འཐིམ་གྱིན་འདུག
༢༠༡༠ ༡༠ ༢༢ ལོ་ཆུང་གིས་ཟི་ལིང་ནས
སེམས་ཚོར་ཤོད་པའི་འབྲི་རྩལ་འདུག མུ་མཐུད་