མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་སློབ་གསོ་ཐུན།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་ཀྱི་རྩ་ཁྲིམས་དོན་ཚན་བཅུ་པའི་ནང་《མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་དར་རྒྱས་སུ་གཏོང་བའི་རང་དབང་ཡོད་པ་དང༌། རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྔར་མུས་འཛིན་པའམ་བསྒྱུར་བཅོས་བྱེད་པའི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ།》ཞེས་བརྗོད་དོན་ལྟར། བོད་རིགས་ས་ཁུལ་ཁག་གི་ས་གནས་རང་སྐྱོང་ཁག་ལ་མི་རིགས་རང་ཉིད་ཀྱི་སྐད་ཡིག་ལག་བསྟར་བྱེད་རྒྱུའི་དབང་ཚད་ཆ་ཚང་ཡོད་ཆོག་པ་ཡིན་ན་ཐེངས་འདིར་བཙན་དབང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སོགས་མི་རིགས་ས་གནས་རང་སྐྱོང་ཁུལ་ཁག་ཅིག་གི་ནང་བཙན་གྱིས་བོད་རང་ཉིད་ཀྱི་སྐད་ཡིག་བེད་མེད་དུ་གཏོང་བཞིན་པ་འདི་ནི་རྒྱ་ནག་རང་གི་རྩ་ཁྲིམས་དང་འགལ་ཡོད་པ་མ་ཟད་ཁྱེད་ཅག་གིས་བརྗོད་བཞིན་པའི་ཡང་དག་པའི་ཀྲུང་གོའི་བྱ་གཞག་དང་འགལ་འདུག་པས་ཐོལ་བྱུང་གི་སྲིད་བྱུས་འདི་དག་གང་མགྱོགས་ཕྱིར་འཐེན་བྱེད་རྒྱུར་ང་ཚོས་འབོད་སྐུལ་ཞུ་བཞིན་ཡོད།
དེ་མིན་མུ་མཐུད་གནད་དོན་འདི་ཐག་གཅོད་བྱེད་མ་ཐུབ་པར་རྒྱུན་མཐུད་དུ་གནས་ཚེ་མི་རིགས་དང་སྐད་རིགས་འཆམ་མཐུན་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ངེས་ཡིན་པ་སྨྲོས་མེད་ཡིན། སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་གྱི་འཆར་འགོད་རྩ་གནད་ཅེས་པའི་ནང་《༢༠༡༥ལོར་སླེབས་ཚེ། སློབ་ཆུང་ཁག་ཏུ་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་གཙོ་བོ་བྱ་རྒྱུ་དང༌། མི་རིགས་རང་གི་སྐད་དང་ཡི་གེ་ཕལ་བར་བཞག་ནས་༼སྐད་གཉིས༽ཀྱི་སློབ་ཁྲིད་བྱ་རྒྱུ་ལག་ལེན་དུ་བསྟར་དགོས། དེ་དང་འགྲོས་མཉམ་གྱིས་གྲངས་ཉུང་མི་རིགས་ཀྱི་སློབ་འབྲིང་སློབ་མ་ཚོར་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་སློབ་ཁྲིད་བྱ་རྒྱུ་》ཞེས་འཁོད་པའི་མི་རིགས་རང་ཉིད་ཀྱི་སྐད་ཡིག་རྨེག་མེད་དུ་གཏོང་འདོད་ཀྱི་ཡིག་ཆ་འདིར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།
རྩོམ་པ་པོ་ཞིག་གི་ངོས་ནས་བརྗོད་ན་སྐད་ཡིག་ནི་མི་རིགས་ཤིག་གི་མཚོན་དོན་གཙོ་བོ་ཡིན་པས་མི་རིགས་དེ་ཉིད་ཀྱི་ཤི་གསོན་སྐད་ཡིག་གི་ཚེ་སྲོག་ལ་ཐུག་ཡོད་པར་འདོད་ཀྱི་ཡོད་ན། སྐད་ཡིག་མེད་པར་བཟོ་བ་ནི་མི་རིགས་མེད་པར་བཟོ་འདོད་ཡིན་པས་འདི་ལྟར་མུ་མཐུན་དུ་ཕྱིན་ཚེ་ཀྲུང་ཧཱ་རྒྱལ་ཁབ་ཀྱིས་ནམ་རྒྱུན་བརྗོད་བཞིན་པའི་གྲངས་ཉུང་མི་རིགས་སྲུང་སྐྱོབས་ཅེས་པ་སྟོང་བཤད་དུ་འགྱུར་ཉེན་ཆེ་བས་ཀྲུང་ཧྭ་རྒྱལ་ཁབ་ཀྱིས་རང་ཉིད་ཀྱི་རྩ་ཁྲིམས་སྣང་མེད་ལ་མི་འཇོག་པ་ང་ཚོའི་རེ་བ་བྱེད་ཀྱི་ཡོད།
ཕྱི་ལོ་༢༠༡༠ཟླ ༡༠ ཚེས་༢༣ ཉིན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་སྐོར་ཞིག་ནས།
མཚན་རྟགས་བཀོད་མཁན་རྩོམ་པ་པོ་རྣམས་ཀྱི་མཚན་གཞུང་གཤམ་གསལ།
ཤིང་བཟའ་རིན་པོ་ཆེ། ༼ རྩོམ་པ་པོ། རྒྱ་གར་ལྷོ་ཕྱོགས།༽ སྤྲེལ་ནག་པ་བློ་གྲོགས་དཔལ་བཟང་།༼ཉམས་ཞིབ་པ། ནོར་གླིང་།༽
མཁན་པོ་ངག་དབང་རྡོ་རྗེ། ༼ ཉམས་ཞིབ་པ། ཨ་རི། ༽ བསྟན་འཛིན་བརྩོན་འགྲུས། ༼ སྙན་ངག་པ། རྡ་རམ་ས་ལ།༽
བུ་ཆུང་བསོད་ནམས། ༼རྩོམ་པ་པོ། རྡ་རམ་ས་ལ།༽ བཅུད་པར་གཡང་ཁོ་རྒྱལ། ༼ རྩོམ་པ་པོ། རྡ་རམ་ས་ལ།༽
ཨ་འཇམ། ༼མཐོ་སློབ་དགེ་རྒན། སྦེང་ལོར།༽ ལྷ་སྡེ་གནམ་ལོ་ཡག ༼ རྩོམ་པ་པོ། ཨོ་སའི་ཌིར་ལེ་ཡ། ༽
ལྕགས་མོ་མཚོ། ༼ སྙན་ངག་པ། ཨ་རི། ༽ གཟུངས་ཕྱུག་སྐྱིད། ༼ སྙན་ངག་པ། རྡ་རམ་ས་ལ། ༽
སྟག་ལྷ་རྒྱལ། ༼ གསར་འགྱུར་ལས་མི། ཨ་རི། ༽ སྐྱེས་སར་ཀླུ་སྒྲུབ། ༼ ཉམས་ཞིབ་པ། ཡུ་རོབ། ༽
འཇུ་བསྟན་སྐྱོངས། ༼ རྩོམ་པ་པོ། རྡ་རམ་ས་ལ། ༽ བྱ་དོར་ཕུན་ཚོགས་དབང་ཕྱུག ༼ སྙན་ངག་པ། རྡ་རམ་ས་ལ། ༽
ཨ་འབྲུག་དཀོན་མཆོག ༼ ཉམས་ཞིབ་པ། ས་རཱ། ༽ སྒྲོལ་དཀར་སྐྱབས། ༼ མཐོ་སློབ་འགན་འཛིན། ནོར་གླིང་། ༽
སྤྲོ་ཚིགས་ཆོས་གྲགས། ༼ཉམས་ཞིབ་པ། རྡ་རམ་ས་ལ།༽ རེ་མདོ་སེང་གེ ༼ མཐོ་སློབ་དགེ་རྒན། རྡ་རམ་ས་ལ༽ ཚེ་རིང་དབང་མོ། ༼ སྙན་ངག་པ། ཨ་རི། ༽ ཚེ་རིང་རྒྱལ། ༼ གསར་འགོད་པ། རྡ་རམ་ས་ལ། ༽
བྱ་ཁོག་ལོ་བྷེ། ༼ རྩོམ་པ་པོ། ཡུ་རོབ། ༽ གངས་ལྷ་མོ། ༼རྩོམ་པ་པོ། རྡ་རམ་ས་ལ༽
ལྷ་ཆབ་སྦྱིན་པ། ༼ སྙན་ངག་པ། རྡ་རམ་ས་ལ། ༽ ཀེ་ཐོ། ༼ གསར་འགོད་པ ཨ་རི། ༽
ལྷ་ལུང་རྒྱལ། ༼ མཐོ་སློབ་དགེ་རྒན། ནོར་གླིང་། ༽ ཙོང་ཁ་ཚེ་བརྟན་རྒྱལ། ༼ རྩོམ་པ་པོ། རྡ་རམ་ས་ལ། ༽
འབྲོག་རི་ཆོས་གྲགས། ༼སྐད་ཡིག་ཚགས་པར་རྩོམ་སྒྲིག་པ། རྡ་རམ་ས་ལ༽
ཇི་བཞིན་བརྗོད་པའི་གསར་འགྱུར་གྱི་ལམ་ནས་རྒྱུད་ལམ་ཚད་ལྡན་ཁག་ཏུ་གནས་ཚུལ་འདི་འགོད་ཐུབ་ན་དགའ་བསུ་ཡོད། གཞན་ཁོ་ཚོས་ཅིག་བྱས་རེད་ལབ་ཡ་གི་ཆེད་དུ་གང་དྲན་མ་བྱེད། སློབ་ཕྲུག་ཚོས་ཚེ་སྲོག་གི་རིན་ཐང་ལས་རྩ་ཆེ་བའི་ལས་འགན་ཞིག་ཁུར་ནས་བྱེད་བཞིན་པར། ཕྱི་ལོག་ནས་མཁས་བླུན་ཚང་མས་སྣང་བ་གང་དྲན་གྱིས་འདྲེ་ལག་མ་འཆང་རོགས་ཞུ་གི་ཡོད། ཕན་མེད་ནུས་ཟད་ཀྱི་ཕྱི་ལོག་གི་རྩོམ་ཉོག་རྣམས་གོ་གོ་ནས་ཡི་ག་འགག་འདུག
དྲིན་ཆེན་ཚོ།་་་སྐེ་རགས་ཀྱི་སྣེ་མོར་ལྷམ་སྒྲོག་མ་མཐུད་རོགས།
ཉེར་བདུན་གྱིས་སམ་ཡང་ན་ཉེར་བདུན་གྱི་ཞེས་འབྲི་རོགས་ཞུ། ཉེར་བདུན་གི་ཞེས་འབྲི་རྒྱུ་ཡིན་ན་འབོད་སྐུལ་ཞུས་མ་ཞུས་མི་འདུག་ག
འགྲིགས་མི་འདུག གྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་བཞག་གིས་སྙན་ཞུ་འབུལ་བའི་ཐོབ་ཐང་ཁྱོད་ཚོར་ཡོད་པ་མ་རེད། ཁྱོད་ཚོས་གྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འཁུར་འདོད་མེད་ནས་ཕྱི་ལོགས་སུ་ཡོང་མཁན་སྐོར་ཞིག་རེད། ང་ཚོ་འདིའི་སྐོར་ལ་ད་དུང་ཁ་རོག་གེར་འདུག་པའི་དུས་ཚོད་རེད། བོད་ནང་གི་མིས་ང་ཚོའི་ལས་ཀ་ལས་དྲག་ཅིག་བྱེད་ཀྱིན་འདུག ཁྱོད་ཚོའི་འདྲེ་ལག་དེ་ད་དུང་བསྐུམས་ནས་འདུག་རོགས། བོད་ནང་གི་རྔམ་སྟོན་ཁྲོམ་སྐོར་དེ་ལ་ད་དུང་རྒྱ་ནག་གཞུང་གིས་ལན་གང་ཡང་སྤྲད་ཡོད་པ་མ་རེད། བཟང་ངན་གང་ཞིག་སྤྲོད་ལྟ་དགོས་པ་རེད། གལ་སྲིད་བརྡ་ལན་སྡུག་པོ་ཞིག་སྤྲད་ན་གཞི་ནས་ང་ཚོས་ཐལ་མོ་སྤར་བ་གང་ལས་གཏོར་མ་ཐུབ་ན་ཡང་རྒྱ་དམར་གྱི་ཕྱོགས་སུ་གཏོར་དགོས་པ་རེད། ང་ཚོ་ཕྱི་སྡོད་བོད་མིའི་འབོད་སྐུལ་ལ་རྒྱ་ནག་གིས་བརྡ་ལན་ཡག་པོ་ཞིག་སྤྲད་རྒྱུ་མིན་པ་ཚང་མས་ཤེས་བཞིན་པ་རེད། བོད་ནང་གི་མིའི་ཁོ་རང་ཚོའི་འཐབ་ཇུས་ཤིག་དང་ལངས་ཕྱོགས་ཤིག་བཟུང་ནས་ལས་འགུལ་སྤེལ་བའི་སར་ཁྱོད་ཚོས་འདྲེ་ལག་མ་རྐྱོངས་རོགས། ལས་ཀ་འདི་འདྲའི་མགོ་སློང་མཁན་དེ་སུ་རེད། རྩད་གཅོད་ཅིག་བྱེད་རོགས།
སྤོབས་པ་མཐའ་ཡས། འགྲིག་མི་འདུག་ཟེར་རྒྱུ་སྔ་སོང་། འདི་ན་རྒྱ་ནག་གི་རྩ་ཁྲིམས་འཁུར་རྒྱུ་ཡིན་ཟེར་གི་མེད་གི རྒྱ་ནག་གི་རྩ་ཁྲིམས་རྒྱ་ནག་གི་འཁུར་དགོས་ཟེར་འདུག འདི་ལ་ཡང་གོ་བ་མི་ལོན་ན་ཁ་ཙུམ་ནས་བསྡད་ནས་བཟང་རེད། ༼ལས་ཀ་འདི་འདྲའི་མགོ་སློང་མཁན་དེ་སུ་རེད། རྩད་གཅོད་ཅིག་བྱེད་རོགས།༽ ཁྱོད་ཀྱི་ཁྲིམས་གཏུག་བྱེད་འདོད་ན་ངས་རྩད་གཅོད་རོགས་བྱེད་ཆོག
yyy
ཤུ་རེ་ཁོ། ཤེས་ཡོན་པའི་ཚོད་ཀྱི་རྣམ་འགྱུར་ཞིག་སྟོན་རྒྱུ་ཡིན་ན། འདི་ལས་ལྗིད་ཆེ་བ་ཞིག་བྲིས་ན་མི་ཆོག་གམ། མི་ཉི་ཤུ་རྩ་གྲངས་ཀྱིས་ཌྷདི་ཙམ་ལས་མ་ཕྲིས་ནི་ཨེ་རེད། བྱ་བཙོག་གི་ཡ། གོ་ཐོས་ལ། ཕྱིར་སྡོད་ཤེས་ཡོན་པ་དྲུག་ཅུ་སྐོར་ཞིག་གིས་བོད་ཁུལ་གྱི་སློབ་གསོ་ལས་འཕྲོས་པའི་བསྐྱར་ཞིབ་སྙན་ཐོ་ཞིག་དང་། དེ་ལྷན་སྙན་ཞུ་རྒྱས་པ་ཞིག་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགྲེམས་སྤེལ་བྱ་རྒྱུ་ཡིན་འདྲ། དེར་གཅིག་བལྟ་རྒྱུ་མེད་དུས། ད་རེས་ཀྱི་འདི་ནི་དེ་ཙམ་ཞིག་རེད། བོད་ནང་གི་གནས་སྟངས་ལ་སེམས་ཁུར་བྱེད་ཀྱི་ཡོད་པ་ལ་དགའ་བསུ་ཡོད། ཤེས་ཡོན་པས་ལག་པ་བརྐྱང་སྟངས་ཅུང་གཉོམ་ག
རྐོབ་རྒན་འདི་དག་ལ། རྒྱ་ལག་ལ་ལག་ཆ་བཞག་ནས་བོད་ཕྲུག་ཉམ་ཆུང་བོད་ཞེན་ཅན་དེ་དག་རྩ་མེད་དུ་བཟོ་བའི་འདུན་པ་ཞིག་ཡོད་ཚོད་རེད། ཡང་ན་རང་ཉིད་རྩོམ་པ་པོར་ཁ་འཆེ་འདོད་ཁོ་ནས་བྱས་སམ། གང་ལྟར་ཁྱེད་ཅག་གིས་ད་རེག་བར་དུ་འདི་འདྲའི་ལས་ཀ་བྱས་པ་གྲངས་ཀྱིས་མི་ཟིན་པས། ད་ཚོད་ཟིན་རན་རེད། རང་ཉིད་གཉེར་ཏེ་བོད་ཕྲུག་ཚོའི་ལུས་སྲོག་ལ་གནོད་པ་བྱུང་ན། ཁྱེད་ཅག་ཀྱང་རང་དགར་སྡོད་ག་ལ་རུང་། བསམ་བློ་འདི་ལྟ་བུ་ཙམ་ཡང་སེམས་ངོར་མི་འཆར་བའི་རྩོམ་པ་པོ་ཞིག་ཡིན་ན་ལྟས་ངན་རེད། བོད་འདི་ཚར་འདུག། སེམས་སྐྱོ་ནས་ཤི་ཐལ།
ཁྱེད་རྣམ་པའི་ལས་འགུལ་དེར་བསྔགས་བརྗོད་ཞུ།
སློབ་མའི་རླབས་ཆེ་བའི་བྱ་བཞག་འདི་དག་དགོས་མེད་རང་གི་མིང་སྐམ་པོ་དེ་ཁྱབ་བསྒྲགས་བྱ་ཆེད་བེད་སྦྱོད་བཏང་ན་དངོས་མ་ལས་རྒྱུ་འབྲས་མི་འདུག་ག་ཁོང་ཚོས་ད་རེ་བོད་ནང་གི་སློབ་མའི་ལས་འགུལ་དེ་སྐོར་ཁ་པར་ཞིག་ཀྱང་གཏོང་མེད་པ་དེ་ཚོས་བྱེད་སྟངས་ལ་ལྟོས་དང་།
དེ་རིང་ཞོགས་པར་མཚོ་སྔོན་གཅན་ཚ་རྫོང་ནས་དགེ་སློབ་གཅིག་སྟོང་ལྷག་གིས་ངོ་རྒོལ་བྱས་འདུག
ཟླ་འདིའི་ཚེས་༡༩ ཉིན་གྱི་ཞོགས་པར་མཚོ་སྔོན་རེབ་གོང་ནས་སློབ་གྲྭ་ཆུང་འབྲིང་གི་སློབ་མ་སྟོང་ ཚོ་འགས་རྒྱ་ནག་གིས་མཚོ་སྔོན་ཁུལ་གྱི་སློབ་གྲྭ་རྣམས་ལ་བོད་སྐད་ཡིག་གི་སློབ་ དེབ་ལས་གཞན་ཚང་མ་རྒྱ་ཡིག་གི་སྟེང་ནས་སློབ་དགོས་པའི་བཅོས་བསྒྱུར་སློབ་གསོ་ དེར་མི་འདོད་པའི་ངོ་རྒོལ་བྱས་འདུག་ལ། སྐབས་དེར་གཅན་ཚ་རྫོང་ནས་ཀྱང་སློབ་གསོ་བཅོས་བསྒྱུར་དེར་མི་འདོད་པའི་སྦྱར་ ཡིག་གང་མང་བཀྲམས་ཡོད་པ་མ་ཟད། སྤྱི་ཚེས་ཉེར་གཅིག་ཉིན་སློབ་མ་མང་པོས་སློབ་གསོ་བཅོས་སྒྱུར་དེར་མི་འདོད་པའི་ ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པའི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་ནས་ཐོན་འདུག http://www.khabdha.org/?p=12803
དེ་རིང་ཞོགས་པ་སྔ་མོ་དུས་ཚོད་ལྔ་བ་ཙམ་ནས་སླར་ཡང་གཅན་ཚ་རྫོང་མི་རིགས་ སློབ་འབྲིང་གཉིས་པའི་དགེ་སློབ་གཅིག་སྟོང་ལྷག་གིས་ངོ་རྒོལ་སྐད་འབོད་ཁྲོམ་ སྐོར་བྱས་འདུག་པའི་གནས་ཚུལ་ཐོན་ཡོད། འོན་ཀྱང་གནས་ཚུལ་ཁ་གསལ་དང་འབོད་ཚིག་ཅི་དང་གང་ཡིན་སྐོར་ལ་གནས་ཚུལ་ཞིབ་ཕྲ་ རིམ་གྱིས་འཚོལ་སྒྲུབ་ཀྱིས་འགོད་ངེས་ཡིན།
ཡང་དུས་བབ་ཀྱི་མཆན་བུ་ཞིག་འདིར་བཀོད་པ།
ཧེ་ར་བཀྲ་ཤིས།
༢༠༡༠/༡༠/༢༤ ཉིན་འདོན་སྤེལ་བྱས།
ཡྭལ་དངོས་ཀྱི་གནས་ཚུལ། ད་ལྟ་ཚེས་ཉེར་བཞི་ཉིན་གྱི་ཞོགས་པའི་ཆུ་ཚོད་
བདུན་དང་སྐར་མ་བཞི་བཅུ་རེད། གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་བོ་དང་
གཉིས་པ་གཉིས་ཀྱི་སློབ་མསྟོང་གསུམ་ལ་ཉེ་བ་ཙམ་གྱིས་ སྲི་གཞུང་གི་མདུན་དུ་
སྐད་འབོད་དང་རྔམ་སྟོན་ཁྲོམ་སྐོར་ཤུགས་ཆེན་བྱེད་དང་བྱེད་མུས་འདུག
ཡིད་སྐྱོ་བ་ཞིག་ལ་བདག་ལ་པར་ཆས་མེད་པས་པར་མཁོ་འདོན་བྱེད་མ་ཐུབ་ཐ།
དགྲ་སྟ་ནས
ཞེས་བོད་ནང་གི་དྲ་ཚིགས་ཤིག་གི་མཆན་ནང་བཀོད་འདུག
ང་ཚོ་བཙན་བྱོལ་བ་ཙོ་རྒྱ་ནག་གཞུང་གི་མིག་ནང་ན་ཚེར་མ་ལྟ་བུར་གྱུར་ཡོད་སྟབས།འུ་ཚོས་ད་རེས་ཀྱི་སློབ་ཕྲུག་གི་ལས་འགུལ་འདིར་ཅིག་ཡིན་མདོག་གིས་རང་ངོམ་མ་བྱེད་ཟེར་རྒྱུ་ཡིན།
འུ་ཚོས་ཁོ་ཚོར་རྒྱབ་སྐྱོར་ལོས་བྱེད།ཡིན་ཡང་ད་རེས་ཀྱི་བོད་ནང་གི་སློབ་ཕྲུག་ཚོའི་ལས་འགུལ་འདི་ཆབ་སྲིད་དང་མ་འབྲེལ་བ་ཞིག་གི་ཐོག་ནས་སྤེལ་ཐུབ་ན་གྲུབ་འབྲས་མངོན་རྒྱུ་ལས་གཞན་ཆབ་སྲིད་དང་འབྲེལ་བ་ཡིན་ན་རྒྱ་ནག་ལ་ལག་འཇོག་ས་རེག་སྟེ་ཁོ་ཚོས་སློབ་ཕྲུག་ཚོ་སྡུག་ལ་གཏོད་པ་མ་ཟད། བོད་ཀྱི་སྐད་ཡིག་ཀྱང་འཆི་ལམ་ལས་སྐྱོབ་ཐུབ་བྲལ་བའི་གནས་ལུགས་དེ་བོད་ནང་གི་དགེ་རྒན་དང་ཤེས་ཡོན་པ་ཚོས་གསལ་ཤེས་ཀྱིས་ཁོ་ཚོས་སློབ་ཕྲུག་ཚོར་འཚེ་མེད་ཞི་བདེའི་ངང་ལས་འགུལ་ལེགས་པར་སྤེལ་ཏེ་རེ་བ་དང་ཡིད་སྨོན་ཡང་འགྲུབ་ཐུབ་པའི་ཆོད་སེམས་དང་བཅས་སློབ་ཕྲུག་གི་དཔུང་སྡེར་སྲུང་སྐྱོབ་ཀྱི་འགན་ལྗིད་ཏིག་ཏིག་ཅིག་འཁུར་ཏེ་ལངས་བཅུག་ཡོད་པ་རེད།
ཕྱི་རོལ་གྱི་རང་རློམ་དང་མིང་འཁྱེར་ཙམ་ཀྱི་རྩོམ་པ་པོ་དང་ཉམས་ཞིབ་པ། དགེ་རྒན་ཁག་ཅིག་གི་བྱེད་ཕྱོགས་འདི་ལྟ་བུས་ཕན་པ་ལས་གནད་པར་དོགས་ཡོད།
སྐད་ཆ་འདིས་སུ་ལ་མི་ཕོག་པར་ཞུ།
ཁོ་བོས་ནི་ད་རེས་ཀྱི་བོད་ནང་གི་སློབ་ཕྲུག་ཚོའི་ལས་འགུལ་འདིར་ཕྱི་རོལ་གྱི་འུ་ཚོས་རྒྱ་ནག་གི་བྱེད་ཕྱོགས་ལ་ལྐོག་བལྟ་དང་ཟུར་ཉན་གྱིས་སློབ་ཕྲུག་ཚོའི་ལས་འགུལ་དེར་དགའ་བ་སྒོམ་ནས་བསྡད་ན་བཟང་བར་སྙམ་ཡོད།
ད་རེས་སློབ་ཕྲུག་གི་ལས་འགུལ་འདི་འབྲེལ་ང་ཚོ་བཙན་བྱོལ་བ་ཚོ་ཟིང་ལངས་པ་ཡིན་ན་རྒྱ་ནག་གིས་སློབ་ཕྲུག་ཚོའི་སྒང་ལ་མེ་སྦར་བྱེད་ཀྱི་ཙག་སྒྲ་ལྟ་བུ་ཞིག་ཏུ་འགྱུར་ཉེན་བསམ་གྱིན་ཡོད།