རྔ་བ་རྒྱལ་ཁམས་པ།
སའི་གོ་ལས་ཉི་ཁྱིམ་བགྲོད་ཕྱོགས་ལ་འགྱུར་བ་བྱུང་བ་ལས། གདོད་མའི་འཁྱག་དུས་ཆེན་མོ་དེ་བྱུང་བ་ཡིན་ཞེས་ཤོད་མཁན་ཡོད། འཁྱག་དུས་ཐ་མ་ནི་ཕལ་ཆེར་སྤྱི་ལོ་སྔོན་གྱི་ལོ(1,6000)ཡས་མས་ཤིག་ཏུ་བྱུང་བར་སྣང་ལ། དེ་ནི་འདས་པའི་མི་ལོ་དུང་ཕྱུར་2.3ལྷག་གི་ནང་བྱུང་བའི་ཆེས་ཉེན་ཚབས་ཆེ་ཤོས་ཀྱི་གནམ་གཤིས་འགྱུར་ལྡོག་ཅིག་ཡིན་པར་གྲགས། རང་བྱུང་གི་འགྱུར་བ་དེ་བྱུང་སྐབས། སའི་གོ་ལ་འདིའི་ལྷོ་བྱང་གི་སྣེ་གཉིས་བསམ་ཡུལ་ལས་འདས་པའི་གྲང་ངར་ཆེན་པོས་བཟུང་ཞིང་། ཁ་ཆར་བུ་ཡུག་གི་འཚུབ་མ་གློག་ལྟར་འཁྱུགས། མེ་རི་འཕྱུར་བའི་ཚ་རླབས་ཀྱིས་ཀྱང་བཞུ་བར་དཀའ་བའི་འཁྱག་རོམ་ཆེན་པོ་དག་རིམ་པར་ཆགས། རྒྱ་ཇེ་ཆེ་ནས་ཇེ་ཆེར་སོང་མཐར། (Arctic Ice Cap)སའི་གོ་ལའི་ལྷོ་རྒྱུད་ནས་ཡོ་རོབ་བྱང་མ་དང་། ཨེ་ཤ་ཡའི་ས་ཁུལ་ཧྲིལ་བོ། ཁ་ན་ཏྲ་གཙོ་བོར་གྱུར་པའི་བྱང་ཨ་རིའི་ས་ཁུལ་ཕལ་ཆེར་འཁྱག་རོམ་གྱི་འོག་ཏུ་མནན། གཙང་བོ་ཆེ་ཆུང་དང་། མཚོ་དང་མཚེའུ་སོགས་འཁྱག་རོམ་དུ་གྱུར་བས། མཐའི་རྒྱ་མཚོ་རང་ངོས་ནས་ཕི་ཁྲུ་སུམ་བརྒྱ་༼མེ་ཏྲར་དགུ་བཅུ་༽ལྷག་མར་འབྲུབ་ནས། བྱང་ཨེ་ཤ་ཡ་དང་ཨ་མེ་རི་ཁའི་བྱང་རྒྱུད་ཀྱི་ས་ཁུལ་ཨ་ལ་སི་ཀ(Alaska)གཉིས་ཀྱི་བར་ཟམ་པ་ལྟ་བུའི་སྐམ་ས་ཆེན་པོ་དག་རིམ་གྱིས་མཚོ་ངོས་ནས་ཕྱི་ལ་ཐོན། དེ་བཞིན་ཨོ་སི་གྲི་ལིའི་ཡ(Australia)དང་། ནོས་སྒོ་ནེའི་ཨ(New Guinea), ཨེན་དྲོ་ནེ་ཤའི་ཡའི་མཚོའི་གླིང་མ་དག(Indonesia Islands)དང་། དབྱིན་ཇིའི་ཨ་སོལ(Isles)གླིང་ཕྲན་སོགས་ཀྱང་མཚོ་ཞབས་ནས་ཕྱི་ལ་ཐོན་ཏེ། སྐམ་ས་ཆེ་ཆུང་མང་བོ་ཁ་བ་ཆེན་པོ་ཞི་བའི་རི་ཀློང་ལྟར་ཕྱོགས་གང་སར་བྱུང་འདུག་གོ།
ཐོག་མའི་མི་རིགས། ཆེས་ཐོག་མའི་མིའམ། མི་འདྲ་བ་ལ་དབྱིན་ཇིའི་སྐད་དུ(Australopithecines)ཞེས་བརྗོད་ཅིང་། ཉེ་དུས་དེ་དག་གི་ཀེང་རུས་གཏོས་ཆེན་པོ་ཨ་ཧྥེ་རི་ཁའི་ཡུལ་གྲུ་ནས་རྙེད་སོན་བྱུང་ཡོད། དངོས་རྙིང་བརྟག་དཔྱད་མཁན་དང་། ཚན་རིག་པས་འགྲེལ་བརྗོད་བྱས་པ་ལྟར་ན། སྲོག་ལྡན་དེ་དག་གི་ཀླད་པ་ཤིན་ཏུ་ཆུང་སྟབས། མི་ངོ་མ་ཞིག་ཡིན་མིན་ལ་དྭོགས་སློང་བྱས་ཡོད། དེ་ནས་མི་ལོ་ས་ཡ2.4ནང་(Homo Habilis)(handy human)ཞེས་པ་ཞིག་བྱུང་ཞིང་། དེ་དག་འགྲོ་སྡོད་ཀྱི་རྗེས་ཤུལ་ཡང་ཨ་ཧྥི་རི་ཁ་དང་། ཨེ་ཤ་ཡའི་ས་ཁུལ་ནས་རྙེད་སོན་བྱུང་ཡོད། དེ་རྗེས་མི་ལོ་ས་ཡ་གཅིག་ལྷག་གི་སྔོན། (Homo erectus)ཞེས་འབོད་པ་ཞིག་བྱུང་བ་དེ་དག་ནི་གནའ་བོའི་མིའི་རིགས་དེ་དག་ལས་ཆེས་སྤྱང་གྲུང་འཛོམས་པ་དེ་ཡིན་པར་བཤད། མིའི་རིགས་དེ་དག་གིས་མེ་དྲོད་བཟོ་ཤེས་པས། འཁྱག་རོམ་གྱིས་བཀབས་པའི་ཡོ་རོབ་ཕྱོགས་སུ་གནས་སྤོ་ཐུབ་པ་མ་ཟད། ཁ་ཟས་གཡོ་སྦྱོར་དང་། གྲང་ངར་ལས་ཉེན་ཡོལ་དུ་འགྲོ་ཤེས་པས། སྐབས་དེའི་སྲོག་ལྡན་རིགས་ལས་ལོགས་སུ་གྱེས་པའི་མགོ་ཚུགས་འདུག དེ་ནས་མི་ལོ(200000)ལྷག་གི་ཡར་སྔོན(Homo Sapiens)wise humanསྦྱང་གྲུང་ལྡན་པའི་མི་རིགས་ཞེས་པ་དེ་བྱུང་ཞིང་། དེའི་རིགས་རྒྱུད་ཀྱི་ཆ་ཤས(Neanderthals)ཞེས་འབོད་པའི་མི་རིགས། བྱང་ཡོ་རོབ་ཀྱི་ཆེས་གྲང་ངར་ཆེ་བའི་གནམ་གཤིས་ཀྱི་ཁྲོད་འཚར་ལོངས་བྱུང་ཞིང་། དེ་དག་གིས་རྡོ་ཆས་ལག་ཆ་སྣ་ཚོགས་གསར་བཟོ་བྱས་ཡོད། ད་ལྟའི་ལོ་རྒྱུས་དཔྱད་བརྗོད་པ་ཕལ་ཆེར་ཞིག་གིས། ང་ཚོ་ད་ལྟའི་འཛམ་གླིང་གི་མི་རིགས་ཕལ་ཆེར(Cro-Magnons)ཞེས་འབོད་པའི་མི་རིགས་ཤར་ཕྱོགས་ནས་ཆད་པ། གོང་གི(Neanderthals)ཞེས་བརྗོད་པའི་རིགས་གཉིས་གཅིག་ཏུ་འདྲེས་པའི་མི་རིགས་ཤིག་ཡིན་པར་ཆ་འཇོག་བྱས་ཡོད། རིགས་དེ་ནི་ཤིང་ཐོག་མཉམ་བཏུ་དང་། རི་དྭགས་མཉམ་རྔོན་ཀྱི་བྱ་སྤྱོད་ལས། ཕྱོགས་འདུས་རང་བཞིན་གྱི་གདོད་མའི་སྤྱི་ཚོགས་ཆེས་སྔ་ཤོས་དེ་ཡིན་པར་བཤད།
གནའ་བོའི་སྤྱི་ཚོགས་ཀྱི་ཤེས་རིག་སྒྱུ་རྩལ།
མི་ལོ་2,5000ཙམ་གྱི་ཡར་སྔོན་དུ། ཡོ་རོབ་ཀྱི་ས་ཆའི་རི་དྭགས་རྔོན་མཁན་ཚོས་བཟོ་སྐྲུན་ཞུས་པའི་བུད་མེད་དང་། སྲོག་ཆགས་འདྲ་མིན་གྱི་འདྲ་གཟུགས་མང་བོ་ཞིག་ཡོད་པར་གྲགས་ཤིང་། གནའ་དངོས་དེ་དག་ཆོས་དང་འཇིག་རྟེན་ཅི་ཞིག་གི་སླད་བཟོས་པ་ཡིན་མིན་ད་ཕན་ཤེས་རྟོགས་ཐུབ་མེད་པར་མངོན། སྐབས་དེའི་རི་དྭགས་རྔོན་མཁན་ཚོས་ཕུག་པ་གཏིང་རིང་བོ་དག་གི་ནང་། སྲོག་ཆགས་ཀྱི་ཚོན་བྲིས་རི་མོ་སྣ་ཚོགས་མཐོང་རྒྱུ་ཡོད་ཅིང་། དེ་དག་ནི་སྐབས་དེའི་སྤྱི་ཚོགས་ནང་སྤྱོད་སྒོ་བཟང་བའི་སྲོག་ཆགས་རྣམས་ལ་རྗེས་དྲན་གྱི་ཆེད་བྲིས་པ་ཞིག་ཨེ་ཡིན་སྙམ། གང་ལྟར་མིའི་རིགས་ཕྱོགས་འདུས་ཀྱི་གཞིས་ཀ་ཆེ་ཆུང་ཆགས་མཚམས་ནས། གནས་གཞན་ནས་གཞན་ཞིག་ཏུ་ཡང་ཡང་སྤོ་མ་དགོས་པར། གཏན་སྡོད་ལྟ་བུ་བྱས་པས་རང་རང་གི་འཚོ་བའི་དགོས་མཁོར་བསམ་བློ་གཏོང་བའི་གོ་སྐབས་ཀྱང་ཡག་ཏུ་ཕྱིན་ནས། ས་རྫ་ཆེ་ཆུང་། རྡོ་ཆས། ཤིང་མཚོན་སོགས་རིམ་པར་གསར་གཏོད་བཟོ་སྐྲུན་བྱས། རྒྱ་ནག་ལྟ་བུར་མཚོན་ན། (Yang Shao)མི་རིགས་སྤྱི་ལོ་སྔོན་གྱི་ལོ(3500)གྱིས་ས་ཁམས་ཀྱི་དཔེ་རིས་དོད་པའི་རྫ་རིགས་མང་བོ་བཟོ་སྐྲུན་བྱས་པ་དང་། རྡོ་རིགས་ཀྱི་མཚོན་ཆ་སྣ་ཚོགས། ལི་དང་ཟངས་ཀྱི་མཚོན་ཆའི་ངོ་བོར་བསྒྱུར་བ། དེ་བཞིན་ལྕགས་མགར་མང་བོ་བྱུང་སྟེ། གྲོང་དང་། གྲོང་རྡལ། ལྷ་ཁང་། གྲོང་ཁྱེར་སོགས་རིམ་པར་ཆགས་པའི་བརྒྱུད་རིམ་ནང་ལས་ཀ་གལ་ཆེན་མང་བོའི་གོ་གནས་བཟུང་ཡོད།
ཐོག་མའི་ཞིང་ལས་སོ་ནམས་པ།
ང་ཚོ་འགྲོ་བ་མིའི་རིགས་ས་གཞི་འདིར་བྱུང་བ་ནས་བཟུང་། རང་བྱུང་ཁོར་ཡུག་དང་གཤིབ་འདྲིས་ཀྱི་ཉམས་མྱོང་མང་བོ་བརྒྱུད། རང་ཉིད་འཚོ་ཐབས་ལ་ཕན་གནོད་ཡོད་པའི་བྱ་དངོས་རྣམས་སོ་སོར་དབྱེ་འབྱེད་བྱས་ཤིང་། སྔོ་ཚོད་ཀྱི་རིགས་དང་། གྲོ་ནས་སྲན་མ་སོགས་འབྲུ་རིགས་སོགས་བཟའ་རུང་བའི་རིགས། རང་བྱུང་སྐྱེ་དངོས་ལས་ལོགས་སུ་ཁུ་བསྡུ་བྱས། དེ་བཞིན་གཉུག་མར་གནས་པའི་སྲོག་ཆགས་ལས། འོ་མ་དང་། ཤ པགས་པ། སྤུ་རིགས་སོགས་བཀོལ་སྤྱོད་རུང་བའི་སེམས་ཅན་འགའ་ཞིག་གསོད་གཏུབ་ཀྱིས་སྒེར་བདག་ལྟ་བུ་བྱས། སྐབས་དེ་དག་ནང་ང་ཚོའི་ད་ལྟའི་འབྲོག་རིགས་ཚོ་གནས་གཞན་ནས་གཞན་དུ་ཡང་ཡང་སྤོ་བ་ལྟར། གནའ་བོའི་མི་རིགས་དེ་དག་ཀྱང། རི་སྐྱེས་སྲོག་ཆགས་རིགས་རྔོན་གིན་རྔོན་གིན་གནས་ངེས་མེད་དུ་འགྲོ་སྐྱོད་བྱས། སྔོ་ཚོད་དང་། འབྲུ་རིགས། སྤྱོད་སྒོ་བཟང་བའི་སྲོགས་ཆགས་རིགས་རྒྱུན་སྤྱོད་སྒེར་བདག་གི་ལམ་ལུགས་བྱུང་བ་ཆབས་ཅིག ཡུལ་གཞན་ནས་གཞན་དུ་སྤོ་རྒྱུའང་རང་བཞིན་གྱིས་མཚམས་བཞག་སྟེ། ས་ཁོད་སྙོམས་ཤིང་དྲོད་ཁོལ་འཛོམས་པའི་ས་ཆ་དག་ཏུ་གཞིས་ཆགས་ཀྱི་མགོ་ཚུགས། འཛམ་གླིང་འདིའི་ཕྱོགས་སོ་སོར་ཞིང་ལས་གཙོ་བོར་གྱུར་པའི་ཡར་ཐོན་གྱི་སྤྱི་ཚོགས་མང་བོ་ཆགས། དེ་ལས་གཞིས་ཆགས་སྔ་ཤོས་རིགས། རྒྱ་ནག་དང་། ཨ་ཧྥི་རི་ཁ།
དབུས་ཨ་མི་རི་ཁ་སོགས་ཡིན་པར་བཤད། ཞིང་བ་ཁག་ཅིག་མི་ལོ(10000)ཡརསྔོན་ནས་གཞིས་ཆགས་ཀྱི་མགོ་ཚུགས་པ་དེ་ལ། ( Fertile Crescent)ཞེས་འབོད་ལ། ས་ཆ་དེ་ནི་དེང་སང་གི་ཨེ་རག་ཡུལ་གྱི(Tigris,Euphrates,Nile)ཞེས་འབོད་པའི་གཙང
་ཆེན་གྱི་ཁུགས་པ་དག་རེད། ས་ཁུལ་དེ་དག་ཏུ་གནས་སྡོད་བྱས་པའི་གནའ་བོའི་མི་རིགས་དག་གིས། གྲོ་ནས་དང་། སྲན་མ་སོགས་ཀྱི་ལོ་ཐོག་འདེབས་འཛུགས་བྱས་ཤིང་། ར་ལུག་དང་། ཁྱི་ཕག བ་གླང་སོགས་ཉར་བོ་བྱས། དེ་ཡང་འགྲོ་བ་མིའི་རིགས་ཀྱིས་ཆེས་ཐོག་མར་ཉར་བའི་སྒོ་ཟོག་ལྟ་བུ་ནི་ཁྱི་ཡིན་པར་གྲགས། ཁྱི་ནི་འཐབ་འཁྲུགས་དང་། རི་དྭགས་རྔོན་པ་སོགས་གང་ཅིར་ཧ་ཅང་མཁོ་གལ་ཆེ་བའི་སེམས་ཅན་ཞིག་ཏུ་མ་ཟད། ཁྱི་བདག་མང་བོ་སྲོག་ཉེན་ལས་སྐྱོབ་པའི་གནས་ཚུལ་ངོ་མཚར་ཅན་མང་བོ་བྱུང་མྱོང་། ས་ཞིང་འདེབས་ལས་ཁྲོད་ཆེས་གལ་འགངས་ཆེ་བའི་གསར་གཏོད་ཅིག་ནི། ཡུལ་ཆུ་འདྲེན་ལས(Irrigation)ཞེས་པ་འདི་ཡིན་ཞིང་། དེ་ནི་སྤང་ཐང་ཞིང་དུ་རྨོས་པ་དང་། གཙང་ཆུ་ཡུར་བར་དྲངས་ཏེ་ས་ཞིང་འདེབས་ལས་བྱེད་པ། དེང་སང་ཡང་ཐབས་དེ་སོ་ནམས་ཞིང་ལས་ཀྱི་སྲོག་གནད་དུ་འཛིན་བཞིན་ཡོད་པ་རེད། ཚན་རིག་པས་བཤད་པ་ལྟར་ན། མ་འོངས་པར་ས་གཞི་འདི་བཞིན་ས་སྐོ་རྡོ་རློག་སོགས་བྱ་མ་དགོས་པར། ས་ཞིང་འདེབས་ལས་ཀྱི་ལས་གཞི་བར་སྣང་སྟོང་བའི་དབྱིངས་སུ་འཛུགས་ཐུབ་རྒྱུ་ཡིན་ཚུལ་བཤད་པ་མ་ཟད། འཛམ་གླིང་ཡུལ་གྲུ་རེ་ཟུང་ནང་དུས་ད་ལྟ་ནས་བར་སྣང་དུ་སྐུད་པ་མང་བོ་འཐེན་ནས་ཤིང་ཐོག་དང་། སྔོ་ཚལ་རིགས་སྣ་ཚོགས་འདེབས་ལས་ཚོད་ལྟ་བྱེད་བཞིན་པའི་སྒང་རེད། དེ་ལྟར་ཞིང་པ་མི་ཐོག་མང་བོ་བརྒྱུད་རྗེས་ཞིང་བའི་གཞིས་ཀ་ཇེ་ཆེ་ནས་ཇེ་ཆེར་སོང་སྟེ། གྲོང་དང་། གྲོང་རྡལ། གྲོང་ཁྱེར་གྱི་རྣམ་པ་བྱུང་བ་ཞིག་རེད།
ཆེས་ཐོག་མའི་ཁང་བརྩེགས།
གདོད་མའི་མི་རིགས་རྣམས་སྲོག་ཆགས་གཞན་དང་འདྲ་བར། སྐོམ་སྣང་བྱུང་སྐབས་ཆུ་དང་། ལྟོགས་སྣང་ལས་ཁ་ཟས། གྲང་སྣང་ལས་སྐྱིབས་སོགས་འཚོལ་འདུན་ངང་གིས་བྱུང་ཡོད། གནའ་མི་དེ་དག་གི་སྣང་ཚུལ་དང་། ཀུན་སྤྱོད། བློ་རིག་གི་འགྱུར་བ་སོགས་ཕལ་ཆེར་རང་ཉིད་ཀྱི་དགོས་མཁོ་དང་། རང་བྱུང་ཁོར་ཡུག་གཉིས་གཉེན་དུ་བསྡེབས་པ་ལས་བྱུང་བའི་ལེགས་ཉེས་ཀྱི་བུས་པ་ཁྱུ་གཅིག་རེད་ཅེས་བརྗོད་ཆོག ལོ་རྒྱུས་འགའ་རེའི་ནང་འཁྲིག་སྤྱོད་སྒྲིབ་ཆེད་ཁང་བ་བྱུང་བ་ཞིག་ཡིན་པར་བཤད་ཡོད། ཡིན་རྒྱུ་ནི། ད་ལྟའི་ང་ཚོའི་དཀྱུས་མའི་སྣང་ཚུལ་ལྟར། ཚ་གྲང་གི་སུན་གཙེར་གང་ཞིག་བྱུང་ཚེ། ཉེན་ཡོལ་ཀྱི་འདུ་ཤེས་ཤིག་ངང་གིས་སྐྱེ་ཡོང་ཞིང་། བྲག་སྐྱིབས་སམ། ཁང་ཁྱིམ་སོགས་སུ་འགྲོ་བ་ལྟར། གནའ་མི་དེ་དག་ཀྱང་བྲག་སྐྱིབས། ཕུག་པ། ཤིང་སྡོང་གི་འོག ཤིང་སྡོང་གི་ཡལ་གར་བརྒྱངས་པའི་པགས་ཞབས། པགས་པས་བཟོས་པའི་ཐོག་ཁེབ་དང་། རི་དྭགས་ཀྱི་རུས་པ་ཆེ་ཆུང་གིས་མཐའ་ཤན་བརྒྱབས་པའི་རུས་གུར། དེ་ནས་རྡོ་ཁང་། ཤིང་ཁང་སོགས་བྱུང་བ་རེད། དེ་ཡང་གནའ་མིས་བཞེངས་པའི་གནའ་ཁང་ཡོངས་གྲགས་ཅན་ཁག་ཅིག་ནི། སྤྱི་ལོ་སྔོན་གྱི་ལོ(9000)ཡས་མས་སུ་བཟོས་པར་གྲགས་པའི(walls of Jericho), སྤྱི་ལོ་སྔོན་གྱི་ལོ(5000)ཡས་མས་སུ་བཟོས་པའི་རྒྱ་ཁང་ཐོག་ཁེབ་གོར་དབྱིབས་ཅན། སྤྱི་ལོ་སྔོན་གྱི་ལོ(2630)ནང་བཟོས་པའི་ཨེ་ལྗེབ་ཀྱི(Pyramids)ལྟ་བུ་ཡིན་ལ། གནའ་ཁང་དེ་དག་ལས་འགའ་ཞིག་ལྷ་ཁང་། གདུང་ཁང་རེད།
ཆེས་སྔ་ཤོས་ཀྱི་གྲོང་ཁྱེར།
འཛམ་གླིང་གི་ལོ་རྒྱུས་ཐོག་ཡོངས་གྲགས་བརྩི་བཞིན་པའི་གནའ་གྲོང་རྙིང་ཤོས་ཤིག་ནི། གོང་དུ་བཤད་པའི་(Jericho)ཞེས་འབོད་པ་དེ་ཉིད་ཡིན་ལ། གནས གྲོང་དེའི་ལྕགས་རི་ལ་མི་ལོ་(1000)ལྷག་གི་ལོ་རྒྱུས་ཡོད་པ་དང་། མཐོ་ཚད་ལ་ཕི་གྲི་ཉི་ཤུ་རྩ་གསུམ། མེ་ཏྲར་བདུན་ལྷག་ཡོད། ་དེ་ནི་རྡོ་རྩིག་ལས་གྲུབ་པའི་ར་བ་ཤིན་ཏུ་སྲ་བརྟན་ཞིག་ཡིན་འདུག་མོད། མི་ལོ་(3500)ལྷག་གི་ཡར་སྔོན་དུ་གཡུལ་འཁྲུགས་བྱུང་བ་དང་། རང་བྱུང་ས་གཡོའི་འཇིག་པ་སོགས་ལས། གྲོང་ཁྱེར་ཕལ་ཆེར་འཐོར་ཞིག་ཏུ་སོང་བ། ལོ་རྒྱུས་ཐོག་ཐེངས་མ་བཅུ་དྲུག་ལྷག་ལ་བསྐྱར་བཞེངས་བྱས་ཡོད། གྲོང་ཁྱེར་གྱི་ཁང་རྩེག་ཆེ་ཆུང་གི་བཀོད་པ་ནི་ཁང་དབྱིབས་གྲུ་བཞི་ཐོག་ཁེབ་ལེབ་ལེབ་ཅན། རང་རེ་བོད་ཀྱི་ཁང་བའི་རྣམ་པ་ལྟ་བུ་ཞིག་ཡིན་པར་སྣང་། དེ་བཞིན་(Katul Huyuk)ཞེས་འབོད་པ་དེ་བཞིན་གནས་བོའི་གྲོང་ཁྱེར་གཞན་ཞིག་རེད། དེ་ནི་ད་ལྟའི་(Turkey)བོད་སྐད་དུ་ཏུ་རུ་ཀ་ཞེས་འབོད་པའི་རྒྱལ་ཁབ་ཀྱི(Anatolia)ཞེས་གྲགས་པའི་ས་ཆ་དེ་ཡིན་ཞིང་། གནའ་སྔ་མོ་ས་ཁུལ་དེར་མི་གྲངས་6000ལྷག་ཅིག་འཚོ་སྡོད་བྱེད་ཅིང་། དེ་དག་གིས་གཙོ་བོ་(Mother Goddess)གསོལ་མཆོད་བྱེད། འདི་ལྷ་མོ་བརྟན་མ་ཨེ་ཡིན་སྙམ། གྲོང་ཁྱེར་དེ་ན་སྤྱི་ལོ་སྔོན་གྱི་6250ནང་བཞེངས་པ་ཞིག་ཡིན་པར་སྣང་ཞིང་། དེའི་ལྕགས་རི་གོང་དུ་བཤད་པའི(Jericho)དང་ཕྱོགས་མཐུན་ལྟ་བུ། ནང་གི་ཁང་བཀོད་ནི་ཁང་བ་ཆེ་ཆུང་ཚང་མ་མཉམ་དུ་སྤྲེལ་བས། ཕྱི་ལོགས་ན་འགྲོ་ལམ་མེད་ཀྱང་། ཕན་ཚུན་འགྲོ་འོངས་ཚང་མ་ཁང་ཐོག་བརྒྱུད། སྐས་འཛེགས་རིང་ཐུང་ལ་བརྟེན་ནས་འགྲིམ་འགྲུལ་བྱེད་བཞིན་པར་སྣང་། ཐབས་ལམ་དེ་ནི་སྐབས་དེར་ཕྱི་དགྲ་འགོག་ཚུལ་གྱི་བདེ་སྲུང་ཡག་ཤོས་ཡིན་པར་གྲགས། ཁང་བའི་རྒྱུ་ཆ་ནི་ཉི་དྲོད་ཀྱིས་སྐམ་པོར་བཟོས་པའི་འདམ་ལས་གྲུབ་པའི་ཇོ་མོག་དང་། ཁང་བའི་ཕྱི་ནང་ཀུན་ཏུ་འདམ་འབག་འཇམ་པོས་ཞར་བོ་བྱས་པ། སྒེའུ་ཁུང་དང་། ཆ་སྒམ་སོགས་ཁང་བའི་ནང་ལོགས་གྱང་ངོས་བྲུས་ནས་བཟོས་པ། ས་ཚོན་སྣ་ཚོགས་ཀྱིས་མཛེས་རྒྱན་སྤྲས་པ། ང་ཚོ་ཨ་མདོའི་ཡུལ་གྱི་ཁང་བ་བཟོ་སྟངས་དང་འདྲ་བོ་ལྟ་བུ་ཞིག་ཡིན་པར་སྣང་། དེ་ལྟར་ཨེ་ཤ་ཡའི་ནུབ་བརྒྱུད་ནས་གྲོང་དང་གྲོང་ཁྱེར་བཟོ་སྐྲུན་བྱས་པ་ཆབས་ཅིག ཤར་རྒྱུད་ནའང་གྲོང་ཁྱེར་འཛུགས་སྐྲུན་གྱི་མགོ་ཚུགས་ཤིང་། དེ་དག་ནི་རྨ་ཆུའི་འབབ་རྒྱུད་ན་ཆགས་པའི་གནའ་བོའི་རྒྱ་ནག་གི་(Yong Shao)ཞེས་འབོད་པའི་མི་རིགས་འདུས་སྡོད་བྱེད་པའི་ས་ཁུལ་དག་རེད།
མེ་སོ་ཕོ་ཁྲ་མེ་ཡ་དང་ཨེ་ལྗབ་གནའ་བོའི་མི་རིགས།Mesopotamia and Sumer
དེ་ཡང་ས་ཁུལ་འདི་ན་གཞིས་ཆགས་པའི་ཆེས་ཐོག་མའི་མི་རིགས་ནི། Sumeriansཞེས་འབོད་པའི་རིགས་ཡིན་ལ། དེ་དག་སྤྱི་ལོ་སྔོན་གྱི་ལོ7,000ཡས་མས་ཤིག་ཏུ་ས་ཁུལ་དེར་སླེབས་ཤིང་། མི་རིགས་དེས་ཡར་ཐོན་ཅན་གྱི་སྤྱི་ཚོགས་དང་། གྲོང་དང་། གྲོང་ཁྱེར་གྱི་བཀོད་པ་བརྗིད་ཉམས་ཅན་དེ་འདྲ་འཛུགས་སྐྲུན་ཞུས་ཡོད། ས་ཆ་འདི་ནི་དེང་སང་གི་ཨེ་རག་རྒྱལ་ཁབ་ཀྱི་ལྷོ་རྒྱུད་ས་ཁུལ་གྱི་Tigris and Euphratesཞེས་བརྗོད་པའི་གཙང་བོ་གཉིས་ཀྱི་བར། ཕིར་ཞོན་སྒོལ་སྤུPersion Gulf and Balack, Mediterranean Seasསོགས་དང་ཉེ་བར་འབྲེལ་བ། ས་མཐའ་རི་ཚོགས་ཀྱིས་ཀུན་ནས་བསྐོར་བའི་སྐམ་ས་ཞིག་རེད། Sumeriansའཚོ་སྡོད་བྱེད་སའི་ས་ཁུལ་འདི་ས་ཁྱོན་ཀྱི་ཆ་ནས་རྒྱ་ཆེན་པོ་དེ་འདྲ་ཞིག་མིན་ནའང་། མི་རིགས་དེ་དག་རང་རང་འཚོ་སའི་ས་ཁུལ་དུ་འདུས་སྡོད་བྱས་པ་ལས། གྲོང་ཁྱེར་དང་། མངའ་སྡེ་ལྟ་བུ་རིམ་ཆགས་ཀྱིས། རང་བཙན་ལྟ་བུའི་རྒྱལ་ཁབ་ཆེ་ཆུང་མང་བོ་ཡོད་པར་སྣང་། ཞིང་ཆེན་རེ་རེར་མི་མང་གི་སྤྱི་ཁང་དང་། ཆུ་མཛོད། ཆུ་རྐ་ཆེ་ཆུང་སོགས་ཡོད་པས་མ་ཚད། རྒྱ་ཁབ་རེ་རེ་ལ་རྒྱལ་བོའི་ཕོ་བྲང་རེ་རེ་ཡོད་ཅིང་། ཕོ་བྲང་རེ་རེའི་ཡང་ཐོག་ཏུ་ལྷ་ཁང་གྲུ་བཞི་ཁོར་ཡུག་ཀུན་དགའ་ར་བས་བསྐོར་བ། ར་བའི་སྟེ་དུ་ཤིང་སྡོང་དང་མེ་ཏོག་གིས་བརྒྱན་པ། ལྷ་གསོལ་མཆོད་དུ་ཡོང་མཁན་ཚོ་བག་ཡངས་སུ་བསྐྱོད་ཆོག་པ་ཞིག་ཡིན་པར་སྙམ། ལྷ་ཁང་གི་བདག་པོའམ་ཆོས་དཔོན་ནི། རྒྱལ་བོ་རང་ཉིད་ཡིན་ཞིང་། འབངས་མི་ཡོངས་རྫོགས་ལྷ་གསོལ་གྱི་དུས་ཚེས་ཁྱད་པར་ཅན་གྱི་མཛད་སྒོར་ཡོང་དགོས་པར་བཤད། སྤྱི་ཁང་དག་གི་མཐའ་སྐོར་ནི་མི་མང་བསྡོད་ཁང་གིས་བསྐོར་པ། སྡོད་ཁང་གི་ཕར་རྒྱབ་ཚང་མ་ས་ཞིང་དང་། དེའི་ཕར་ཕྱོགས་རྩྭ་ཆུ་འདམ་གསུམ་འདྲེས་པའི་ན་ཐང་དང་འབྲེས་ནས་ཡོད་པ་ཞིག་རེད། Sumeriansཞེས་གྲགས་པའི་མི་རིགས་འདིས། སྤྱི་ལོ་སྔོན་གྱི་ལོ3,200ཙམ་ནས་ཡི་གེ་འབྲི་ཀློག་གི་སྲོལ་ཀ་ཚུགས་ཤིང་། མུ་འགོད
རེད།
ཧྲ་གི ངོ་མ་ཧྲ་གི
འདི་ལྟའི་ལོ་རྒྱུས་གསར་བ་མུ་མཐུད་འགོད་རོགས། ཕན་ཐོགས་འདུག
སའི་གོ་ལ་འདི་བྱུང་བ་ནས་རིམ་བཞིན་རིལ་རིལ་ལོག་ལོག་ཞིག་དུ་གྱུར་པ་དང་། དེ་ནས་རིམ་གྱིས་འགྱུར་བ་མང་པོ་ཞིག་གི་རྗེས་སུ་འཁྱགས་རོམ་གི་དུས་རབས་ཞེས་པ་དེ་བྱུང་ཡོད་འདུག
འཁྱགས་རོམ་གི་དུས་རབས་དེ་མ་བྱུང་བའི་སྔོན་ལ་སའི་གོ་ལ་ཧྲིལ་བོར་འགྱུར་ལྡོག་ཆེན་པོ་གསུམ་བྱུང་ཤག
སྤྱི་ལོ་སྔོན་གི་ལོ་ས་ཡ་ཉིས་བརྒྱ་ལྔ་བཅུའི་གོང་ལ་འགྱུར་ལྡོག་དང་པོ་དང་།
སྤྱི་ལོ་སྔོན་གི་ལོ་ས་ཡ་ཉིས་བརྒྱ་ཐམ་པའི་མཚམས་ལ་འགྱུར་ལྡོག་གཉིས་པ་དེ་བྱུང་།
སྤྱི་ལོ་སྔོན་གི་ལོ་ས་ཡ་བརྒྱ་དང་སུམ་ཅུ་སོ་ལྔ་ནས་འགྱུར་ལྡོག་གསུམ་པ་དེ་བྱུང་བ་ནས་བཟུང་སྤྱི་ལོ་སྔོན་གི་ལོ་ས་ཡ་དྲུག་ཅུ་རེ་ལྔའི་རྗེས་ནས་ད་ལྟའི་གླིང་ཆེན་དང་གླིང་ཕྲན་དུ་མའི་བཟོད་དབྱིབས་ཅན་གི་འཛམ་གླིང་འདི་ལྟ་བུ་ཞིག་ཏུ་ག་ལེ་ག་ལེ་འགྱུར་བ་རེད་ཟེར།
སའི་གོ་ལའི་ཐོག་སེམས་ཅན་ཐོག་མ་དེ་ཇི་ལྟར་བྱུང་ཚུལ་སོགས་རིམ་གྱིས་ཁ་བརྡ་བྱེད་ཆོག
ངའི་ལས་དོན་གྱི་ཆ་ནས་དེ་ཙམ་འཚོ་བ་དང་འབྲེལ་མི་ཡང་། ལོ་རྒྱུས་ཉམས་ཞིབ་དང་སློབ་གཉེར་བྱེད་མཁན་བོད་ཡིག་ལས་མི་ཤེས་པའི་རིགས་ལ་དཔྱད་གཞི་གལ་ཆེན་ཞིག་བྲིས་འདུག་པས། ཡག་བྱུང་ཞུ་འདོད་བྱུང་།
དགེན་ལགས། མུ་མཐུད་ནས་འབྲི་རོགས་གནང་།
ཤེས་བྱ་ནང་འདྲེན་ཟེར་ན་འདི་འདྲ་ལ་ཟེར། དགའ་བསུ་ཡོད། བསྒྲུར་གནང་བར་ཐུགས་རྗེ་ཆེ། །