བོད། ལྷ་ཀླུ་གཉན་གསུམ།
(བོད་ནང་གི་སློབ་མ་དག་གིས་འོས་བླངས་ལ་བྲིས་པ།)
དེང་དུས་སུ་བོད་ནང་གི་གཞོན་སྐྱེས་ཆེས་མི་ཉུང་བ་ཞིག་རྒྱ་གར་དུ་སྐྱབས་བཅོལ་དུ་ཡོང་བ་ནས་བཟུང་། བཙན་བྱོལ་དུ་བོད་ཡིག་གི་ཚེ་སྲོག་རྒྱས་འགོ་བཙུགས་པ་རེད་ཅེས་གསུངས་མྱོང་བའི་མཁས་དབང་དེ་ནི་སྔ་མོ་ནས་རང་རིགས་ཀྱི་ལྷ་སྲུང་ལ་གློ་སྙིང་བྲང་གསུམ་གཏོད་མཁན་གྱི་མི་ཉེས་ཅན་གྱི་ཁ་ཤས་ཀྱི་གྲི་རྩེ་ནས་ཕྱི་ལམ་དུ་བརྫངས་དེ་ལོ་ངོ་མང་བོ་ཞིག་སོང་བའི་ཁ་སང་དེ་རིང་། བོད་ནང་གི་གཞོན་སྐྱེས་མི་རབས་ཟེར་ན་རེད། ལང་ཚོའི་འདབས་ལག་རྒྱས་བཞིན་པའི་བོད་ཀྱི་མ་འོངས་པའི་རྒྱུན་འཛིན་ཟེར་ན་འགྲིག
ཁོང་ཚོ་མ་གྲོས་བསམ་པ་གཅིག་མཐུན་གྱིས། རང་ཅག་གི་མེས་པོ་གོང་མ་དག་གིས་གསེར་དངུལ་དང་རྔུལ་ཁྲག་གིས་ཉོས་པའི་རིན་བྲལ་གྱི་མི་རིགས་ཀྱི་སྐད་ཡིག་དེ་གསོན་ཆེད་དུ། ཀུ་ཡངས་དང་བསམ་བློའི་སྟོབས་ཤུགས་ལ་སྐྱབས་བཅོལ་ནས། ཡ་ལན་སྟེར་རྒྱུར་དཀའ་ངལ་ཡོད་པའི་སྲིད་གཞུང་དེ་ཡི་སྒོ་འགྲམ་ནས། མི་རིགས་འདྲ་མཉམ། སྐད་ཡིག་རང་དབང་གི་སྐད་འབོད་བརྒྱབས་པ་དང་། བོད་མི་གནས་ཡུལ་གྱི་རྒྱ་གར་བཙན་བྱོལ་གཙོ་བའི་ས་གནས་གཞན་དག་གི་རླུང་འཕྲིན་དང་གསར་འགྱུར་བརྒྱུད་ལམ་ཁག་ནས་གནད་དོན་དེ་ཁོ་ན་གླེང་བ་རེད།
གླེང་ཕྱོགས་དང་མི་རེ་ཡིས་བསམ་བློ་གཏོང་ཕྱོགས་ཀྱང་རེ་ཟུང་མི་འདྲ་ཞིག་ཡོད་པ་སྐྱེ་འགྲོ་སྤྱི་མཚུངས་ཡིན་ཡང་། མི་རིགས་ཤིག་གནས་མིན་དེ་ནི་སྐད་ཡིག་དང་མི་རིགས་ཀྱི་གོམ་གཤིས་ཡོད་མེད་དེ་ལ་རེག་ལས་ཡོད་པ་འཛམ་གླིང་གི་མི་སྣ་ཤེས་ཡོན་ཅན་ཚང་མ་ཁ་གཅིག་གྲགས་ཡིན་པ་རེད། དེ་ཡིན་དུས་རྒྱ་ནག་སྲིད་གཞུང་གིས་རྒྱ་རིགས་རང་ལུགས་ཀྱི་ལྟ་བ་ཤུགས་ཆེན་པོ་ཡོད་མཁན་དེ་དག་གིས་མི་རིགས་གཞན་དག་ག་ལེར་རྒྱ་རིགས་ཆེན་པོར་སྒྱུར་འདོད་ཀྱི་བློ་དེར་གཏན་ནས་འགྱུར་བ་མ་སོང་བར། བོད་ཁུལ་ཁ་ཤས་ཤིག་ལ་ལྔ་དགུའི་རྗེས་ནས་བཟུང་ལག་ལེན་བསྟར་ནས། ད་ལྟ་ལེགས་འགྲུབ་ཀྱང་དངོས་སུ་བྱུང་ཡོད་པ་རེད།
མི་དེ་ཡི་རིགས་སྐྱེ་ཡུལ་བོད་ཡིན་ལ། ཕ་མེས་ཚོ་བོད་མི་ཡིན། བོད་སྐད་བཤད་ཤེས་མཁན་དང་བོད་ཡིག་མི་ཤེས་ཀྱང་བོད་ཡིག་ལ་བརྩི་མཐོང་ཡོད་མཁན། རང་མི་རིགས་ཀྱི་གོམ་གཤིས་ཡོད་མཁན་ཡིན་ཡང་། ད་ལྟ་ཁོང་ཚོས་གྲངས་དེ་ཡིས་བུ་རབས་ཚ་རྒྱུད་ཀྱི་བོད་སྐད་མི་ཤེས་ལ། བོད་ཡིག་ཡང་མི་ཤེས། རྒྱ་སྐད་དང་རྒྱ་ཡིག་ལ་ཐོག་པ་མེད། གོམ་གཤིས་ཀྱང་རྒྱ་ཡི་གོམ་གཤིས་ཆགས་ཚར་ཡོད། ལས་ཀ་ཡང་ས་གནས་དང་རན་པ་ཁ་ཤས་ཤིག་རེག་གི་ཡོད། འོན་ཀྱང་། ཁོང་ཚོས་མི་རབས་རྗེས་མ་ཚོ་ལ་བོད་མི་ཟེར་ན་ཤ་གཟེར་རྒྱུ་དང་རྐང་ན་རྒྱུ་གང་ཡང་མེད་པར་གྱུར་ངེས་ཡིན།
ད་ལྟ་སྲིད་གཞུང་ངན་པ་དེ་ཡིས་གྲུབ་འབྲས་དེ་དངོས་སུ་རིག་ནས། ད་གཟོད་བོད་ཁུལ་ན་ད་ལྟ་གསོན་ཡོད་པའི་བོད་མི་དེ་དག་ཚར་གཅོད་བྱེད་སྟངས་ཀྱང་། ས་ཁུལ་གཞན་དག་ལ་དངོས་སུ་མགོ་མ་བཙུགས་པ་ཡིན་ན། དེ་དག་གིས་འཚར་ལོངས་ཀྱིས་མི་རིགས་ཤིག་སྟོབས་ཤུགས་ལྡན་པ། རང་གཤིས་ཡོད་པ། མི་རིགས་གཞན་ལ་འགྱུར་ཚར་གྲབས་ཡོད་པ་དེ་དག་ཡང་གཉིད་ལས་སློང་བར་སྐྲག་སྣང་སྐྱེ་བཞིན་ཡོད་པ་རེད། ནམ་རིང་ན་རྨི་ལམ་མང་ཟེར་བ་བཞིན། ད་ནི་རྒྱ་ནག་སྲིད་གཞུང་གིས་མི་འགྱངས་པར་བོད་ཁུལ་གྱི་སྐད་འབོད་དེ་དག་ལ་ཡ་ལན་བྱེད་མི་སྲིད། ཡ་ལན་གལ་སྲིད་ཅེིས་ཀྱང་བྱེད་དགོས་ན། དེ་ནི་བོད་མི་གནས་ཡུལ་ཡོད་ཚད་ནས་ས་གནས་ཀྱི་ལས་བྱེད་ས་གནས་ཀྱི་སྐད་ཡིག་མི་ཤེས་མཁན་དག་ལ་ངེས་ལེན་མེད་པའི་སྒོ་ནས་ཞི་བའི་འོས་བླངས་འཛམ་གླིང་ཁྱོན་ནས་མཐོང་བ་ཙམ་དུ་མ་ཟད། འཛམ་གླིང་མི་མང་གིས་ཁ་ཡ་མི་བྱེད་ཐབས་མེད་ཅིག་མ་བཟོས་ན། རྒྱ་ནག་སྲིད་གཞུང་ནི་རྒྱ་ནག་སྲིད་གཞུང་ཡིན། དེ་ལ་རེ་བ་རྒྱགས་ས་ཞིག་གཏན་ནས་མི་ཉན།
བོད་ཀྱི་སྐད་ཡིག་གླེང་བ་པོ། །
འོས་བླངས་མ་འབྲི་འོས་ལངས་ཕྲིས། །
ངེས་ལེན་མ་འབྲི་ངོས་ལེན་ཕྲིས། །
དེ་སོགས་བློ་ཡིས་བརྟགས་ནས་སྦྱོར། །
དྲྭ་གྲོགས་ལགས། ལྟོ་ཆེད་དུ་ཡིན་ཚེ། སྐད་ཡིག་ལ་དེ་བས་ཁྱད་པར་ཡོད། རང་གི་ཕ་སྐད་བཞག་ནས་སྐད་ཡིག་གཞན་པ་ཞིག་གི་སྒང་ནས་སློབ་སྦྱོང་བྱས་ན། སྐད་ཡིག་དེ་རང་གི་ཕ སྐད་དུ་སྤྱོད་མཁན་ལྟར་གྱི་གནས་ཚད་སླེབས་ཐུབ་པ་ནི་ཧ་ཅང་དཀའ། དེའི་ཕྱིར་ཁོ་ཚོ་དང་འདྲ་མཚུངས་ཀྱི་ཐོབ་ཐང་ཞིག་ཐོབ་དཀའ་བ་ཡིན་པས།
ལས་ཀ་དང་སློབ་སྦྱོང་གང་གི་ཆ་ནས་ཀྱང་གཅིག་མཚུངས་ཀྱི་གོ་སྐབས་ནམ་ཡང་མི་ཐོབ་པ་ཡིན།
རྒྱ་གར་ལ་ཧིན་དྷི་རྒྱལ་ཁབ་ཀྱི་ཡི་གེར་གཏན་འབེབས་བྱས་ཡོད་ཀྱང་། མངའ་སྡེ་གཞན་པ་དག་གིས་དབྱིན་ཡིག་གཞུང་ཡིག་དུ་ཨུ་ཚུགས་བྱེད་པ་ཡང་རྒྱུ་མཚན་དེ་རང་ཡིན་ལགས།
རྩོམ་པོ་བོད། ལྷ་ཀླུ་གཉན་གསུམ། ཁྱོད་ཀྱི་རང་རིགས་ལ་བཅང་བས་དུང་བ་དང་། ང་ཚོའི་ཚེ་སྲོག་གི་གཞི་མ་སྟེ་། བོད་སྐད་ཡིག་ལ་བཅང་བའི་བརྩེ་བ་ནི་གཞལ་དུ་མེད་།
བུ་རྒོད་པོ་། ནམ་ཞིག་གི་དུས་སུ་ཕ་རོལ་ནས་། བརྩེ་བ་དང་དུང་པ་གཅིག་པས་། སྤུན་ཟླའི་དམག་དཔུང་གི་རི་དར་མཐོན་པར་འདེག་ནས་ཕེབས་པར་ངེས་།
ང་ཚོ་རླབས་ཆེན་གྱི་མི་རིགས་འདི་ལ་། མཐའ་མེད་པས་ལ་རྒྱའི་ཚང་ཚིང་སྟུག་པོ་ཡོད་ལ་། འཇགས་མི་སྲིད་པའི་ཡིད་ཆས་ཀྱི་རྦབས་ཆུ་རང་མོ་ཡོད།
བོད་མི་རང་རང་གི་འགན་རེ་འཁུར་ནས་རང་རང་གི་སེམས་ཀྱི་བདེ་སྡུག་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ཆེད་དུ་གླེང་འོས་པ་ཡིན་ལ། དེ་ལ་སྤུན་ཟླ་གཞན་དག་གིས་བསམ་ཚུལ་གླེང་མོལ་བྱས་པ་ཡིན་ན། ད་གཟོད་སྐྱིད་སྡུག་ལེགས་ཉེས་གང་བྱེད་ལ་གོམ་པ་ཞིག་སྤོ་རྒྱུའི་གོ་སྐབས་ཀྱང་དེ་ནས་ཤར་ངེས་ཡིན།
བློ་བཟང་བསྟན་འཛིན་ལགས་ཀྱས་གསུང་པ་བཞིན། ལྟོའི་ཆེད་དུ་ཡིན་ན་སྐད་ཡིག་ལ་ཁྱད་པ་དེ་བས་ཡོད་དང་ཡོད། ལྷ་ཀླུ་གཉན་གསུམ་ལགས་དགོངས་པ་ཡག་པོ་བཞེས་ཤིག ང་ཚོ་བཙན་བྱོལ་པ་རྣམས་གཞན་ཡུལ་དུ་དུས་རབས་ཕྱེད་ལྷག་ལྷག་འཁྱམ་པའི་རིང་དུ་སྔོན་མ་རང་ཡུལ་རང་གིས་རོལ་བ་ལས་འདས་པའི་མི་ཚེའི་མྱོང་བ་སྣ་ཚོགས་པ་ཞིག་བྱུང་ཡོད་པ་ཨ་ཅང་བརྗོད་མེད་རེད། དེ་ལས་མྱོང་བ་ཟབ་ཤོས་དང་བློ་ལ་ན་ཚ་གཏོང་ཆེ་ཤོས་དེ་རང་གི་སྐད་ཡིག་གཉིས་བཀོལ་སྤྱོད་བྱེད་སའི་ཁོར་ཡུག་མེད་པ་དང་། གཞན་གྱི་སྐད་དང་ཡི་གེ་སྦྱངས་ནས་འཚོ་བ་དང་བྱ་གཞག་སྐྲུན་དགོས་པ་དེ་ཡིན་བཞག་བཞག དེའི་རྐྱེན་གྱིས་ལུང་པ་དེ་ཚོའི་མི་དང་འགྲན་རྩོད་ཀྱི་ཐེམ་ག་ཁ་ཤས་རྗེས་ལ་ལུས་པ་དང་། ས་མ་འདྲིས། ཆུ་མ་གོམས་པའི་དབང་གིས་འཐོམས་འཐོམས་བཟི་བཟི་ངང་རྔུལ་ནག་ཐིགས་པ་འཛར་རེར་ལུས་ཀྱི་ཡོད། ངས་མི་མང་པོ་ཞིག་གི་ཁ་ལས་སྐད་ཆ་དེ་འདྲ་གོ་མྱོང་། གལ་སྲིད་ང་ལུང་པ་འདི་ལ་ས་སྐྱེས་རྡོ་སྐྱེས་ཡིན་ན་མི་དེ་ཚོ་ཚང་མ་ལས་ལྷག་པ་ཞིག་བྱེད་ཐུབ་པ་འདུག སྐད་བརྡའི་དཀའ་ངལ་དེས་མ་གཏོགས་ང་ཁོང་ཚོ་ལས་ཞེ་དྲག་འཇོན་པ་ཡོད་དཟེར་བ་དེ་རིགས་རེད། རེད། དེ་རང་རེད། ང་ཚོ་མི་ཡུལ་འགྲིམས་པའི་རིང་དུ་སྐད་བརྡའི་དཀའ་ངལ་གྱིས་ལུང་པ་དེ་ཚོའི་བདག་པོ་ལས་དཀའ་ལས་ལྡབ་འགྱུར་མང་བ་བརྒྱབ་དགོས་པ་དང་། སྐད་བརྡ་རིག་གནས་ཀྱི་ཧེ་བག་དབང་གིས་ཁོང་ཚོ་དང་འདྲ་མཉམ་མིན་པའི་གནས་བབ་ཅིག་ལ་ལྷུང་གི་ཡོད། ཁོང་ཚོ་ལ་ལན་པ་དང་འཁང་ར་བྱ་རྒྱུ་ཅི་ཡོད། དེ་ནི་ཡུལ་ཆུ་འཐུང་ནས་ཡུལ་ཁྲིམས་སྲུང་དགོས་པ་རེད། དེ་ནི་ང་ཚོ་སྐྱབས་བཅོལ་བའི་ལས་དབང་རེད། ང་ཚོ་ལ་ཡང་ལན་པ་ཅི་ཡོད། ང་ཚོ་རང་ཡུལ་ཤོར་བའི་མི་ཉམ་ཐག་རེད། ང་ཚོ་གཞན་ཡུལ་འགྲིམས་པའི་འཁྱམ་པོ་ཁྱུ་ཅིག་རེད། འོན་ཀྱང་རྒྱ་གཞུང་ཁོག་ནག་སོལ་བ་འདྲ་བ་དེས་ད་ཆ་ང་ཚོའི་ཕ་ས། ང་ཚོའི་ཡུལ་ལུང་། ང་ཚོ་བོད་པར་བདག་པའི་གངས་ལྫོངས་འདི་ཡང་རྒྱ་ཡིག་རྒྱ་སྐད་སྤྱོད་པའི་གཞན་ཡུལ་ཞིག་ལ་བཟོ་བཞིན་འདུག ནམ་ཞིག་ང་ཚོ་བོད་མི་ཡོངས་ལ་འཛམ་གླིང་འདིར་ས་སྦར་མཐིལ་ཙམ་ཡང་མི་ལྷག་པ་དང་། རང་ཉིད་མེས་རབས་ཕ་རྒྱུད་ནས་འཚོ་སའི་ཆོས་ལྡན་ཞིང་ཁམས་དེ་རྒྱ་སྐད་ཀྱི་ཆུ་མོ་འཁོལ་བའི་རྒྱ་ཡུལ་ངོ་མི་ཆོད་པ་ཞིག་ལ་འགྱུར་བསམས་འདུག སྐབས་དེ་དུས་ང་ཚོ་ཕྱིར་སྡོད་བོད་པ་ཚོར་རང་གི་ཕ་ཡུལ་ཡིན་ཟེར་བའི་བློ་ཕྱོགས་ས་དང་སེམས་འཁོར་ས་ཞིག་མེད་པ་ཆགས་རྒྱུ་མ་ཟད། རང་སར་འཚོ་བཞིན་པའི་གཞིས་ཆགས་བོད་མི་ཚོ་ཡང་རྒྱ་སྐད་ཀྱི་ཆུ་ཀླུང་དེའི་ནང་དུ་ཡལ་འགྲོ་བ་དང་སྤྱི་ཚོགས་ཀྱི་མཐའ་གྲས་ལ་ལྷུང་རྒྱུ་གཏན་ལ་འཁེལ། རྒྱུ་མཚན་ནི་ཕ་སྐད་ཀྱི་ནུས་པ་ཤོར་བའི་ལུང་པ་འདིར་རྒྱ་སྐད་རྒྱ་མིའི་གང་བྱས་ཡིན་བཞག་བཞག ད་ལྟའི་ཆར། རྒྱ་ནག་གིས་མི་རིགས་སྲིད་ཇུས་ཡིན་ཟེར་ནས་བོད་མིའི་ཁེ་ཕན་ལ་ལྟ་རྟོག་ཕྲན་བུ་མ་བྱས་རང་བྱས་ཡིན་མོད། རྒྱ་སྐད་རྒྱ་མིས་ཁེངས་པའི་དུས་སུ་སླེབས་དུས་ངོ་མཛེས་མཛེས་ཀྱི་བོད་མི་མཛུབ་རྩིས་ཐེབས་པ་ཙམ་ལ་ལྟ་སྐྱོང་གིས་འཛམ་གླིང་ལ་ངོམ་ངོམ་བྱས་པ་ཕུད། སྐད་ཡིག་གི་དབང་ཆ་ཡོངས་སུ་ཤོར་བའི་བོད་མི་བརྒྱ་ཆ་གོ་དགུ་རྒྱ་འགྱུར་གྱི་ལམ་བུ་དེའི་ཐོག་འཚོ་ཐབས་ཀྱི་དཀའ་དུབ་ཀྱིས་ཡུན་ནས་ཡུན་དུ་བཟི་རྒྱུ་མ་ཟད། མི་རིགས་ཀྱི་བདག་དབང་དང་མི་རིགས་ཀྱི་སྐད་ཡིག་དྲིན་དེ་ཚོར་ཡང་རྒྱ་མི་དུང་ཕྱུར་༡༣ཀྱི་དཀྱིལ་དུ་བོད་མི་ས་ཡ་ཁ་ཤས་དེ་གང་ཡང་ལས་ཐུབ་ཀྱི་མ་རེད། བྱས་ཙང་། རྒྱང་རིང་རྒྱང་རིང་ཞིག་ལ་བསམས་ནས་ད་ལྟའི་བཀོད་པ་བཤམས་དགོས་པ་ལས། མིག་མདུན་གྱི་འགྲོ་ལུགས་ཁོ་ནར་མགོ་འཁོར་ནས་རང་གི་དབང་ཆ་ཡོད་ཚད་རེ་རེ་བཞིན་བློས་བཏང་ན་མཐའ་མ་འགྱོད་པ་སྐྱེས། ཧོབ་གཉིད་སད་ཀྱང་ཕྱིས་དྲགས་ཐག་ཆོད་པ་རེད།
ང་ཚོ་ཕྱིར་སྡོད་བོད་པ་ཚོས་རང་ལ་དེའི་ཐད་ཀྱི་མྱོང་བ་མང་པོ་ཞིག་ཡོད་ཀྱང་། དེ་ནི་མི་ཡུལ་འགྲིམས་པའི་གནས་ཚུལ་སྤྱིར་བཏང་ཞིག་ལ་ངོས་འཛིན་པ་ཙམ་མ་ཟད། དེ་ལས་རང་གི་ཡུལ་གི་བདག་དབང་དང་ཡུལ་མིའི་ཐོབ་ཐང་དང་འབྲེལ་ནས་བོད་དོན་ལ་བསམ་གཞིགས་གཏིང་ཟབ་ཞིག་བྱེད་དགོས་པ་འདུག
ད་ལྟ་གཞིས་ལུས་བོད་མི་ཚོས་རྒྱ་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གིས་ཁོང་ཚོའི་ལག་ནས་དབང་ཆ་རེ་རེ་བཞིན་བསླུས་འགྲོ་བར་ཚོར་ཤེས་ཟབ་ཏུ་འགྲོ་བཞིན་ཡོད་པ་དེ་དངོས་གནས་ང་ཚོ་བོད་མི་ཚང་མ་དགའ་འོས་པ་ཞིག་རེད་འདུག རྒྱ་གཞུང་དེས་སྤྱི་ཚོགས་ཀྱི་ཁོར་ཡུག་སྟངས་འཛིན་བྱས་པའི་ཐོག་རྒྱ་འགྱུར་གྱི་ཕྱོགས་ལ་གོམ་པ་སྤོ་མཁན་བོད་མི་དག་ལ་དེ་ལ་དཔགས་པའི་རྔན་པ་སྟེར་གྱིན་ཡོད། བོད་མི་མང་པོ་ཞིག་གིས་རྒྱ་གཞུང་གི་བྱེད་སྟངས་དེའི་ངོ་བོ་དང་དམིགས་ཡུལ་ངོ་མ་འཕྲོད་པ་དང་དེ་རྒྱ་གཞུང་གིས་ཁ་ལོ་སྒྱུར་གྱིན་ཡོད་པར་ངོ་མ་ཆོད་པར། ཕྲུ་གུ་ཆུང་ཆུང་རྒྱ་ནག་ལ་གཏོང་བ་དང་ཕྲུ་གུར་རྒྱ་ཡིག་དག་དག་སློབ་པ་དེ་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་ཤིག་ལ་འཁྲུལ་ནས་ལོང་བ་ཐུར་རྒྱུགས་བྱེད་མཁན་མང་པོ་ཞེ་དྲག་ཡོད། བྱེད་སྟངས་དེ་ཚོ་ནི་ཆུང་ཆུང་བློས་མ་ཐོངས། ཆེན་པོ་གར་སོང་མ་ཤེས། ཟེར་བ་དེ་རང་རེད། རྡོག་རྡོག་བཤད་ན། བོད་མི་རྒྱ་འགྱུར་གྱི་ལམ་ལ་ག་ཚོད་འགྲོ་ཆེ་ན། དེ་རྩིས་ཀྱི་རང་གི་དབང་ཆ་ཤོར་གྱི་ཡོད། མཐའ་མ་ཡོངས་སུ་རྒྱ་འགྱུར་བྱས་ན་མིང་ཙམ་གྱི་བོད་མི་དང་མིང་ཙམ་གྱི་བོད་ལས་བོད་ཀྱི་སྐད་ཡིག་རིག་གནས་སོགས་པའི་བླ་སྲོག་མེད་པ་ཆགས་ཟིན་པ་རེད།
སློབ་མ་ཚོའི་བྱ་འགུལ་དེས་ང་ཚོ་བོད་མི་རྒན་པ་ཚང་མར་སློབ་ཚན་ཞིག་ཁྲིད་འདུག ཁོང་ཚོས་རང་གི་མི་རིགས་དང་རང་གི་དམིགས་བསལ་རིག་གནས། རང་གི་ས་བདག་གི་དབང་ཆ་ཚང་མ་ལག་ཏུ་ལོན་ཐུབ་པར་ཤུགས་རྒྱག་པ་དང་། དེ་དག་ཐམས་ཅད་དགྲ་ལག་ཏུ་ཤོར་འདོད་མེད་པ་ཆོད་སེམས་བསྟན་འདུག ང་ཚོས་ཀྱང་རྒྱ་གཞུང་གིས་དུག་བཏབ་པའི་ཀུ་ཤུ་དམར་པོ་དེ་ལ་སེམས་མ་ཆགས་པར་ཆེ་ན་མི་རིགས་ཀྱི་རྩ་དོན་དང་ཆུང་ན་རང་མི་རེ་ངོ་རེའི་ཁེ་དབང་མཐའ་གཅིག་ཏུ་རྩོད་དགོས་འདུག
ལྷ་ཀླུ་གཉན་གསུམ་གྱི་རྩོམ་དེས་ནམ་ཀུན་བསམ་མནོ་གཏོང་བར་འཚེར་མཁན་ང་ཡང་ཀླད་པ་མང་པོ་དཀྲུག་དགོས་བྱུང་། དངོས་གནས་རྩོམ་དེ་ཚོས་མི་ལ་ཀླད་པ་སྒུལ་བར་སྐུལ་སློང་གཏོང་གི་འདུག ཡག་པོ་འདུག ང་ཚོའི་རྩོམ་པ་པོ་ཚོས་དེའི་ཐད་ཀྱི་གོ་རྟོགས་སྤེལ་བའི་རྩོམ་ཡིག་མང་པོ་མུ་མཐུད་བྲི་དགོས་འདུག་ལ་རྩོད་རེས་དགག་རེས་མང་པོ་གནང་ན་དོན་གྱི་རྡོག་ཁ་ཐོན་པར་ཕན་ཐོགས་ཆེ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།།།
དེང་དུས་སུ་བོད་ནང་གི་གཞོན་སྐྱེས་མི་ཉུང་བ་ཞིག་བཙན་བྱོལ་དུ་འབྱོར་ནས་བཟུང༌། བཙན་བྱོལ་དུ་བོད་ཡིག་གི་ཚེ་སྲོག་རྒྱས་འགོ་འཚུགས་པ་རེད་ཅེས་བཤད་པ་བདེན་པ་གཏན་ནས་མ་རེད།
ཕྱི་ལོ་ ༡༩༥༩ ལོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཡོངས་འཛིན་རྣམ་གཉིས་གཙོས་བོད་གནའ་བོའི་མཁས་པ་མི་ཉུང་བ་ཞིག་ཡུལ་གྱར་དུ་བསླེབས་ནས་བཟུང་བོད་ཡིག་གི་ཚེ་སྲོག་དེ་ཡང་སྔ་བཞིན་གསོན་ཤུགས་ཆེན་པོའི་ཐོག་ནས་གནས་ཡོད་པ་ལས་སྐབས་དེར་བཙན་བྱོལ་དུ་བོད་ཡིག་གི་ཚེ་སྲོག་རྒྱས་འགོ་མ་འཚུགས་པའམ་བོད་ཡིག་གནས་ཚད་སྐྱོ་པོ་ཡོད་པའི་གནས་སྟངས་གང་ཡང་མེད།
ང་ཚོས་བློ་ཟུར་བོར་གནས་ནས་བརྗོད་ན། སྐབས་དེ་དུས་ཀྱི་བཙན་བྱོལ་དུ་ཕེབས་པའི་བོད་མིའི་རྒས་གྲས་ཚོའི་བོད་ཡིག་གི་གནས་ཚད་དང་དེང་སང་ང་ཆེ་ང་བཙན་ཟེར་མཁན་གྱི་བོད་ཡིག་གི་གནས་ཚད་གཉིས་བསྡུར་ན་བསྡུར་ཐབས་མེད་པ་ལོང་བས་བལྟས་ཀྱང་ཁམས་གསུམ་རང་རེད།
དུས་ཀྱི་འཕེལ་གྲིབ་དབང་གིས་སྔ་མ་ནས་ཕྱི་མ་ཕྱི་མར་སྐྱོ་རུ་འགྲོ་བ་ནི་ཆོས་ཉིད་རང་བཞིན་ལས་མ་འདས། མང་དུ་བཤད་ན་ཅི་དགོས་ཏེ། དཔེར་ན། རྗེ་ཙོང་ཁ་པ་སོགས་བོད་སྔ་རབས་པ་ཚོའི་ལྗགས་རྩོམ་ཁག་དང་དེང་སང་གི་རྩོམ་ཡིག་ཐར་ཐོར་རྣམས་ལ་བརྟགས་ན་དཔོག་ཐུབ། ཡང་ལོ་ཙ་བ་རིན་ཆེན་བཟང་པོ་སོགས་བོད་སྔ་རབས་ཚོའི་སྒྱུར་དཔེ་དང་དེང་སང་སྒྱུར་རྩོམ་ཆེ་གེ་མོ་སོགས་ལ་གཟིགས་དང་གནས་ཚུལ་ངོ་མ་ཤེས་ངེས། དེས་བཙན་བྱོལ་དུ་བོད་ཡིག་གི་ཚེ་སྲོག་ག་དུས་རྒྱས་ཡོད་མེད་ཀྱང་ཐེངས་བསམ་གཞིགས་ཤིག་གནང་དགོས་པར་འདོད།
ལ་ལ་དང་གཡག་རྒོད་གཉིས་ནས་རང་རང་གི་བསམ་ཚུལ་ཐད་ཀར་དུ་གསུངས་པ་དེར་དགའ་གུས་ཞུ།
ང་ཚོས་དངོས་ནས་ད་ནི་ཁ་ཚོན་པོ་རེ་བཤད་དེ་འདུག་སྲོལ་ཞིག་མ་རེད། ངེད་ཅག་གིས་གང་དུ་བསྡོད་མིན་ལ་མ་བལྟས་པར་བོད་མི་རིགས་ཀྱི་འཆི་གསོན་གྱི་གནས་སྟངས་འདི་ཉིད་སྐྱོབས་པའི་འགན་དེ་ཁོ་ན་བོད་མི་རིགས་རང་ལས་གཞན་སུ་ལ་ཡང་མེད་པ་ཤེས་སུ་འཇུག་དགོས་ཀྱི་འདུག་ལ། དྲན་སྐུལ་དང་འོས་ལངས་འདི་ལྟ་བུའི་གོ་སྐབས་་བཟུང་དེ་སྐད་ཆ་དམར་རྗེན་དུ་བཤད་དགོས་པ་དང་། དེ་ལ་འཛེམ་དོགས་བྱེད་ས་གང་ཡང་མེད་པར་ལུས་པ་རེད་སྙམ་གྱི་ཡོད།
སྐུ་ཞབས་གཡག་རྒོད་ལགས་ལ དྲི་བ་ཞིག་ཡོད་། ༡༩༥༩ ལོ་ནས་བོད་ཡིག་གི་ཚེ་སྲོག་དེ་ཡང་སྔ་བཞིན་གསོན་ཤུགས་ཆེན་པོའི་ཐོག་ནས་གནས་ཡོད་ན། ༢༠༠༩ ལོའི ཟླ་༩ ནང རྡ་སར་ཚོགས་པས་བོད་ཚོགས་ཆེན་གྱི་འཇུག་དེར་གོང་ས་མཆོག་གིས། ་་འདས་ལོ་ཉི་ཤུ་ནང་ང་ཚོའི་བོད་རང་གི་གནས་ཐོག་འཐུས་ཤོར་དན་དན་ཤོར་བཞགས་།་་ གསུང་བ་དེ་ག་རེ་རེད་།
ད་ལྟ་ང་ཚོ་མི་འདོད་བཞིན་དུ་དོན་དངོས་ཁས་ལེན་བས་དུས་ལ་སླེབས་ཡོད་པས་། གོང་གི་རིན་ཐང་ལྡན་པས་དགོང་ཚད་དེས་ཐོག་། རྒྱ་མཚན་ལྡན་པས་ཐབས་ལམ་རེ་གནང་རོགས་།
བཤད་ཡོང་ན་ཡིད་སྐྱོ་བ་ཞིག་འདུག ངའི་ཕ་ཡུལ་ནི་འབྲོག་པ་འབྲོག་རྐྱང་ཡིན། སྔོན་ཆད་འབྲོག་པ་ཚོས་བོད་སྐད་རྐྱང་རྐྱང་ལས་རྒྱ་སྐད་ཚིག་གཅིག་མི་ཤེས་ཟེརཡང་ཆོག ཆ་ལུགས་ཡང་བོད་ཆས་ལས་རྒྱ་ཆས་གོན་པ་མཐོང་ན་མི་མང་པོ་རྣམ་རྟོགས་ཟ་བའམ་འཁྱ་སྨོད་བྱེད་ངེས་ཡིན། བུད་མེད་ཚོས་བོད་ཆས་ལས་རྒྱ་གོས་གོན་མཁན་ཞིག་རྩ་བ་ནས་མེད་ཟེར་ཆོག དེང་སང་སྐྱེས་པ་ཚོསརྒྱ་རྩག་གོན་པ་དང་། སྐྱེས་མ་ཚོས་ཡང་རྒྱ་ལ་གོན་ནས་ཅོ་ཐོ་རིང་ཐག་ཆོད་རེ་སྒ་བར་གནར་ནས་འགྲོ་བཞིན་པ་མཐོང་ན་རྒྱ་མི་བོད་མིན་ངོ་མ་ངུ་དགོས་པའམ་དགོད་དགོས་པ་མི་ཤེས་པ་ཞིག་ཆགས་འགྲོ་གི་འདུག ད་ནི་དུས་ཡང་འགྱུར། མི་ཡང་འགྱུར་འདུག་གོ།
བོད། ལྷ་ཀླུ་གཉན་གསུམ།
(བོད་ནང་གི་སློབ་མ་དག་གིས་འོས་བླངས་ལ་བྲིས་པ།)
འོས་བླངས་ འོས་ལངས།
འདི་ལ་ཁྱད་པར་ཨེཡོད་ལགས།