གནས་ཚུལ་ཁ སྣོན་འདི་གཏོང་མཁན།
རྫ་ཚེ་རིང་བཀྲ་ཤིས།
གནས་ཚུལ་འབྱུང་ཁུངས་དངོས་ལ་དྲི་བརྩད་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན།
༼གཅིག༽
བུ་བསྟན་འཛིན་མཐར་ཕྱིན་ལགས་གྱིས་སྐུ་ལུས་མེར་བསྲེག་གཏོང་བའི་ལས་འགུལ་སྤེལ་དུས་བཟའ་སྤེན་པའི་ཉིན་རེད་འདུག།
ཉིན་དེ་བདམས་དགོས་དོན། ཁོང་གི་ཨ་མས་རྒྱུན་དུ་ཕྲུ་གུས་ཐ་མག་སོགས་མི་འཐེན་པའི་ཆེད་དགོས་ངེས་གྱི་ལག་དངུལ་ཉུང་ངུ་ཙམ་ལས་སྤྲོད་ཀྱི་མེད་པ་དང་། ཉིན་དེར་རྒྱུན་ལྡན་སློབ་གྲྭའི་སློབ་མ་བསྐྱེལ་ལེན་བྱེད་པའི་འགྲུལ་འཁོར་གྱི་བྱང་བུ་Bus Cardཞིག་ཟླ་རེའི་མཚམས་ནས་བཟོ་དགོས་ཀྱི་ཡོད་པར་དུས་མཚམས་ལ་ཁེལ་ཡོད་པར་སྐབས་དེར་ཨ་མས་འཆར་ཅན་ལྟར་ཡོ་སྒོར་བརྒྱ་དང་བཅུ་སྤྲོད་ཀྱི་ཡོད་པ་ལྟར་། དེ་ནི་རང་གིས་མེ་བསྲེག་ལས་འགུལ་གྱི་ས་སྣུམ་ཉོ་བྱེད་དུ་སྤྱོད་རྒྱུའི་འཆར་གཞི་བཏང་འདུག གལ་ཏེ་Bua Card བྱང་བུ་དེ་ཉིན་དེར་མ་བཟོས་པ་ཡིན་ན་བཟའ་ཉི་མར་ལས་ཁང་གི་སྒོ་མེད་པ་དང་། བཟའ་ཟླ་བར་སློབ་གྲྭར་འགྲོ་དགོས་པས་ཨ་མས་ཡིད་ཆེས་བྱས་ནས་སྒོར་མོ་སྤྲད་འདུག
དེས་ན་ཁོང་གིས་ཨ་མར་འཛིན་བྱང་བཟོ་སར་འགྲོ་རྒྱུ་ཡིན་ཞེས་ལབ་པ་ལས་དོན་དངོས་དེ་ཉིན་གྱི་སྒོར་མོ་དག་གིས་ཚོང་ཁང་ཞིག་ནས་འཕྲུལ་རྟའི་ཞིག་སྣུམ་ཉོས་རྗེས་རྒྱ་མིའི་གཞུང་ཚབ་ཡོད་སའི་ས་གནས་སུ་ཐད་ཀར་ཕྱིན་འདུག
འཆར་གཞི་ལ་གཞུང་ཚབ་ཀྱི་རྒྱ་མིའི་རྒྱལ་དར་མར་ཕབ་ནས་བོད་ཀྱི་རྒྱལ་དར་ཞིག་འགེལ་རྒྱུའི་བསམ་བློ་བཏང་ནས་བོད་ཀྱི་རྒྱལ་དར་ཞིག་རུམ་དུ་བཅུག་ཡོད་འདུག
འོན་ཀྱང་ཁོང་གིས་རྒྱ་མིའི་རྒྱལ་དར་དེ་མར་འབེབས་པའི་གོ་སྐབས་གཏན་ནས་མི་འདུག་ཟེར།
ཁོས་ལག་ཏུ་ཉོས་མ་ཐག་པའི་སྣུམ་དེ་ལས་གཞན་པ་ཕྲེང་བ་བཟུང་ཡོད་ཅིང་། ཁོས་རང་གི་ལས་ཀ་ལམ་ལྷོང་ཡོང་ཆེད་ས་གནས་ལ་མ་སླེབས་ཀྱི་བར་དུ་ཞལ་འདོན་སྐྱོར་བཞིན་སོང་འདུག
ད་དུང་ཁོས་ནང་ནས་ཐོན་ཁ་མ་དང་འོག་མ་ལ་ཡི་གེ་ཁག་གཉིས་བཞག་ཡོད་པར་མ་ཟད། ཡི་གེའི་ནང་དུ་ཁོང་ཉིད་རྒྱ་གར་ནས་ཡོ་རོབ་ལ་ནང་མི་ཟླ་སྒྲིལ་གྱི་དུས་ཡུན་རིང་དངུལ་བེད་སྤྱོད་གཏོང་ཕྱོགས་ཀྱི་སྐོར་སོགས་མ་རྒན་ལ་གསལ་བོ་བཟོས་མེད་པ་དང་། སེམས་ནང་གི་རེ་བ་སོགས་ཞིབ་ཆ་བྱས་ནས་བྲིས་ཡོད་འདུག
༼གཉིས།༽
ད་དུང་ཉེན་རྟོག་པ་དང་སྨན་ཁང་རིམ་པ་ཁག་གིས་ཁོང་ལོ་ཆུང་དེ་འདྲ་ཞིག་གིས་ལས་ཀ་བྱེད་སྟངས་ལ་རྒྱུན་ལྡན་མིན་པའི་རྒྱུ་རྐྱེན་ཡོད་མེད་བརྟག་དཔྱད་རིམ་པ་བྱས་རྗེེས་སེམས་ཁམས་མ་བདེ་བ་སོགས་ཀྱི་རྒྱུ་རྐྱེན་གཞན་མེད་པའི་བདེན་དཔང་བྱས་མཚམས། སྨན་པ་ཞིག་གིས། ཁྱོད་ལྟ་བུའི་ལོ་ཆུང་ཞིག་གིས་སྐད་ཆ་ཆེན་པོ་དང་ལས་ཀ་ཆེན་པོ་འདི་འདྲ་བྱེད་པ་དེ་སུ་ལ་ཡང་ཕན་ཐོགས་ཀྱི་མ་རེད། ཁྱོད་རང་གི་སྡུག་གྱོང་རེད་ཅེས་ལབ་སྐབས་ཁོང་གིས། ཁྱེད་ཚོའི་རྒྱལ་ཁབ་སྔ་མོ་ཇར་མན་གྱི་བཙན་འོག་ཏུ་ཡོད་སྐབས་སྡུག་བསྔལ་ག་འདྲ་འདུག ང་ཚོ་བོད་པ་ཡང་དེ་དང་གཅིག་པ་རེད། ང་ཚོ་ཚང་མར་རྒྱ་མིའི་བཙན་འོག་ཏུ་ཡོད་པའི་སྡུག་བསྔལ་དང་ཚོར་སྣང་ཡོད་པ་རེད། ཅེས་ཐེ་ཚོམ་མེད་པའི་ལན་འདེབས་བྱས་འདུག
༼གསུམ།༽
ཁོང་གིས་རྒྱལ་བ་རིན་པོ་ཆེས་ནམ་རྒྱུན་བོད་པའི་གཞོན་སྐྱེས་ཞིག་ཡིན་ན་བོད་བསྟན་པ་ཆབ་སྲིད་ལ་ཕན་པ་ཞིག་དགོས་པའི་བཀའ་སློབ་ཡང་ཡང་གནང་ན་ཡང་། ང་ལྟ་བུ་ཞིག་ལ་རང་ལུས་བློས་གཏོང་བ་ལས་གཞན་པས་མི་ལ་སེམས་ཤུགས་བསྐྱེད་ཐུབ་པའི་ནུས་ལྡན་གྱི་ལས་ཀ་གཞན་ཞིག་བྱ་ཐུབ་པའི་ནུས་པ་རང་སྟེང་ནས་མཐོང་མ་ཐུབ་པས་མཐར་ངས་ང་ཚོ་ཕྱི་ལོགས་ཀྱི་བོད་པ་ཚོ་དཔལ་འབྱོར་ཁོ་ན་ལ་མགོ་མི་འཁོར་བར་བོད་ནང་གི་བོད་པ་ཚོ་ནང་བཞིན་བོད་དོན་གྱི་ཆེད་སེམས་ཤུགས་སྤོར་རྒྱུའི་ཆེད་དུ་ཡིན་ཞེས་ལན་བཏབ་འདུག
༼བཞི།༽
དེ་ལས་དོ་སྣང་འོས་པ་ཞིག་ནི་ཁོང་གིས་སྣུམ་ཉོས་པའི་རྒྱུད་རིམ་དེ་རེད།
ཁོང་གིས་གནས་ཚུལ་མ་བྱུང་བའི་གཟའ་འཁོར་གཅིག་གི་སྔོན་ལ་ཨ་མར་རྒྱལ་ཁབ་འདིའི་ས་སྣུམ་ཡག་ཤོས་དེ་གང་རེད་ཅེས་དྲིས་པར་ཁོང་གི་མས་ཁྱོད་ཀྱིས་དེ་དྲིས་ནས་ཅི་བྱེད་ཀྱི་ཡིན་ཞེས་འདྲི་སྐབས་བུས་ང་ལ་སློབ་གྲྭའི་དགེ་རྒན་གྱིས་ནང་ལས་སུ་སྤྲད་སོང་། ངེས་པར་དུ་ཤེས་དགོས་ཞེས་ལན་བཏབ་འདུག མ་རྒན་གྱིས་བདེན་པར་སྙམ་ནས་བྷི་ར་ན་ཨོ་ལས་ཞེས་པའི་སྣུམ་དེ་མིན་འགྲོ་ཞེས་སྨྲས་འདུག་ཀྱང་བསྟན་འཛིན་ནས་སླར་ཡང་དྲ་ཐོག་ཏུ་བཙལ་ནས་དེ་ཡག་ཤོས་ཞིག་རེད་མི་འདུག་ཅེས་བཤད་འདུག
དེ་ནས་ཁོས་ཡང་བསྐྱར་ཤེས་འདོད་བྱས་པ་ལྟར་ཁོང་གི་ཨ་མས་ས་ཆ་དེ་གའི་སྐད་ཡིག་ཡག་པོ་ཡོད་པའི་ལ་དྭགས་པ་སྤེན་མ་ཟེར་བའི་གྲོགས་མོ་ཞིག་ལ་ཁ་པར་བརྒྱུད་དྲིས་ཀྱང་དེས་ཀྱང་གསར་པོ་ཤེས་མི་འདུག
དེ་རྗེས་ཁོ་ཡང་གིས་ས་གནས་གཞན་ཞིག་ཏུ་ཡོད་པའི་ཟ་ཁང་གཉེར་བཞིན་པའི་བོད་པ་ཨོ་དགའ་ཟེར་བ་ཞིག་ཁ་པར་བརྒྱུད་དྲིས་སྐབས་ཁོས་ཀྱང་གསར་པོ་ཞིག་ལབ་མི་འདུག
དེ་རྗེས་ཨུ་རུག་ཞེས་པའི་ས་ཆར་ཡོད་པའི་བོད་པ་ལྷུན་གྲུབ་ཟེར་བའི་སྐྱེས་སྨན་སྤེན་མ་ཞེས་པར་ཁོ་རང་དངོས་སུ་སོང་ནས་སློབ་གྲྭའི་ནང་ལས་ཡིན་པས་གལ་ཆེན་ཡིན་ཞེས་དྲིས་པར། མོས་གྲོང་པའི་མི་གཞན་པ་ཞིག་ལ་དྲིས་ནས་སྣུམ་ཞིག་གི་མིང་རྩད་ཆོད་ཀྱང་དེ་ཡང་དྲ་ཐོག་ནས་བཙལ་སྐབས་ཡག་ཤོས་དེ་མིན་པ་ཤེས་རྟོགས་བྱུང་འདུག
མཐར་ཡང་བསྐྱར་དཀར་མཛེས་ནས་ཡིན་པའི་བློ་བཟང་ཟེར་བ་ཞིག་ལ་དྲིས་དུས་འཕྲུལ་རྟའི་སྣུམ་ཕལ་ཆེར་སྣུམ་ཡག་ཤོས་ཡིན་གྱི་རེད་ཅེས་ལན་བཏབ་འདུག
ད་དུང་བར་སྐབས་ཞིག་ལ་ཁོས་སྣུམ་གཞན་ཞིག་གྱོན་གོས་རྙིང་པའི་ཐོག་ཏུ་བླུགས་ནས་འབར་ཤུགས་ལ་ཚོད་ལྟ་ཡང་བྱས་འདུག
དེ་རྗེས་ཁོས་སླར་ཡང་ཕ་ཡུལ་གཅིག་པ་འཇམ་དགའ་ཟེར་བར་སྣུམ་ཡག་ཤོས་གང་ཡིན་དྲིས་པར་འཇམ་དགས་ཞུ་བ་ཁོང་གིས་དང་པོ་ག་རེ་བྱེད་རྩིས་ཡོད་པ་དྲིས་འདུག་ཀྱང་། མཐར་སློབ་གྲྭའི་ནང་ལས་ཡིན་ཞེས་སྨྲས་སྟབས་ཡིད་ཆེས་ནས་འཕྲུལ་རྟའི་སྣུམ་ཡག་ཤོས་ཡིན་རྒྱུ་རེད་ཅེས་བཤད་འདུག
སྤྱི་ཟླ་བཅུ་པའི་ཚེས་གཅིག་གི་ཉིན་སྤུན་ཟླ་ཆུང་བ་ཁྲིད་ནས་སྤྱིར་བཏང་གི་ཚོང་ཁང་ཁ་ཤས་ལ་སྣུམ་ཡག་ཤོས་ཉོ་སའི་སྐོར་དྲི་བརྩད་བྱས་འདུག
གནས་ཚུལ་འདི་ལ་གནས་ཚུལ་འབྲི་མཁན་གྱི་ངོས་ནས་སྒྲོ་འདོགས་སྤུ་ཙམ་མེད་ན་ཡང་། ད་དུང་དོགས་གནས་ཡོད་ན་གནས་ཚུལ་འབྱུང་ཁུངས་ལ་མི་མཐུད་དོགས་འདྲི་གནང་ནས་དོན་གནས་གྱི་གདེངས་འཇོག་གནང་རྒྱུའི་རེ་བ་ཡོད།
༼འདི་ག་ཁ་བརྡ་དྲ་དེབ་ནས་འདི་སྐོར་གྱི་གསར་འགྱུར་ཐོག་མ་སྤེལ་བ་དྲ་ཐག་ https://www.khabdha.org/?p=12987 འདི་རུ་ཡོད།༽
སེམས་འགུལ་ཐེབས་སོང་། མིག་ཆུ་འཁོར་སོང་། མགྲིན་པ་བརྣང་སོང་།
ད་ལྟ་ཁོང་གི་གཟུགས་པོའི་གནས་སྟངས་ག་འདྲ་ཡོད་ན། མེ་ཡིས་གནོད་པ་ཆེན་པོ་དེ་འདྲ་བསྐྱལ་ཡོད་དམ་མེད།
འོ་གནས་ཚུལ་དེ་ངོ་མ་རེད་འདུག
ངོས་ཀྱིས་གནས་ཚུལ་དེ་ལ་ཞུབ་ཚག་པོས་ངང་ནས་ཧོ་ལེན་ལ་ཡོད་པས་བུ་སྟན་འཛིན་མཐར་ཕྱིན་གྱི་ཕ་ཡུལ་དང་ཕ་ཡུལ་གཅིག་པ་སུ་ཡིན་སྐད་ཆ་དྲིས་་པ་ཡིན།
བུ་ལོ་ན་༡༧་ཡིན་པས་བསྟན་འཛིན་མཐར་ཕྱིན་ཁོང་གི་ཕ་ཡུལ་ནི་ཁམས་རྫ་ཆུ་ཁ་རེད་འདུག
ཁོང་གི་ཨ་མའི་མཚན་ལ་བདེ་ཆེན་སྒྲོལ་མ་བརྗོད་གི་འདུག
བུ་ཆུང་དེ་ངོ་མ་སེམས་ཤུགས་ལ་ཡིད་དབང་འཕྲོག་དགོས་པ་ཞིག་རེད་འདུག
ཁོང་གིས་ཁ་ཆེམས་ཀྱིས་ཡི་གེ་ཨ་མ་ལ་གཅིག་དང་བོད་མི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་ལ་གཅིག་བཅས་ཁ་ཆེམས་ཀྱི་ཡི་གེ་གཉིས་བྲིས་འདུག
བུ་བསྟན་འཛིན་མཐར་ཕྱིན་རྒྱ་ནག་གཞུང་ཚབ་ཀྱི་སྒོ་ནས་སྐུ་ལུས་མེ་ལ་སྲེག་མགོ་བརྩམས་པའི་སྐབས་སུ་དང་པོ་ས་སྣུམ་ཆ་ཚང་མགོ་ནས་མར་བླུག་ནས་མེ་ལ་འབར་སྐབས་བདེ་སྲུང་ཉེན་རྟོག་པ་མང་པོ་ཞིག་གི་མེ་མདའ་བཟུང་ནས་མཐའ་སྐོར་ནས་སྐད་ཤུགས་ཆེན་པོ་རྒྱབ་ནས་འདུག་ཟེར།
དེས་སྐབས་སུ་ཧ་ཅིང་གི་ཆར་རླུང་ཆེན་པོ་ཡོད་པས་མེ་འབར་བ་ལ་དཀའ་ངལ་འདུག་ཟེར།
གང་ཡིན་ཞུ་ན་ཁོང་གིས་ས་སྣུམ་དེ་ཡང་ཡག་ཤོས་དེ་ཉོ་ཤེས་མི་འདུག་ཟེར།
གང་ལྟར་ཐེ་ཚོམ་མེད་པར་སྟོད་གོས་ལ་མེ་འབར་སྐབས་རྒྱབ་ཕྱོགས་ནས་བདེ་སྲུང་བས་ཁོང་འཇུས་ནས་བར་ཆད་གཏང་འདུག།
སྟོད་གོས་མེ་ལ་ཚིག་ནས་ཕན་མི་ཐོག་པ་ཆག་འདུག་ཟེར།
གང་ཡིན་ཟེར་ན་ཁོང་གིས་ཁ་ཆེམས་ཀྱི་ཡི་གེ་དེ་ཨ་མ་བདེ་ཆེན་སྒྲོལ་མའི་མཐོང་སྐབས་མྱུར་དུ་བདེ་སྲུང་ལས་ཁང་ལ་ཁ་པར་གཏང་ནས་ཁོང་སྐྱབས་ཐུབ་འདུག
ཡིན་ནའང་ཁོང་གི་སྐུ་ལུས་ལ་དེ་ཙམ་སྐྱོན་ཆེར་མི་འདུག།
སྨན་ཁང་ལ་ཉིན་གཉིས་ཙམ་བཞུགས་ནས་སླར་རང་ཁྱིམ་ལ་ཕེབས་ཡོད་ས་རེད།
ད་དུང་གནས་ཚུལ་མང་བ་མཁྱེན་འདོད་ཡོད་ན་དྲི་བ་གནོང་དང་ལན་ཡོད་པ་ཞུ།
ངོ་མ་བུ་ཆུང་ལོ་ན་༡༧་ཅན་ཞིག་གི་ལྷག་བསམ་དེ་ཧ་ལས་དགོས་པ་ཞིག་རེད་འདུག
ལུས་ཆུང་ཡང་སེམས་ཤུགས་ཆེ་བའི་སྙིང་ནས་བརྩེ་བའི་བུ་ཆུང་ལགས། ཁྱེད་ནི་གངས་རི་བུ་རྒོད་ཡིན་ལ། ཁྱེད་ཀྱི་སྙིང་སྟོབས་དང་ལྷག་བསམ་ནི་རི་བོ་ཇོ་མོ་གླང་མ་ལས་དཔང་མཐོ་ལ། ཆུ་མོ་ཡར་ཀླུང་གཙང་པོ་ལས་གཏིང་ཟབ། ཁྱེད་ནི་བོད་མི་ཕན་ཚུན་འགྲན་སེམས་དང་། ཕྲག་དོག་གིས་རྐུབ་སྟེགས་རྩོད་མཁན་དག་དང་། ཤོག་སྒོར་དང་ལ་རྒྱ་བརྗེ་བའི་ཐ་ཆད་རྣམས་དང་མི་འདྲ་ཞིང་། ཁྱེད་ཀྱི་སྙིང་སྟོབས་ཀྱིས་ང་ཚོའི་སེམས་ཤུགས་རྒྱས་བྱུང་ལ། སྐྱོའང་བྱུང་། བོད་པའི་ན་གཞོན་དག་ཁོང་གི་མཛད་རྗེས་ལ་གཟིགས་དང་། ང་ཚོ་བོད་མི་ཡིན་པ་འདྲ་འདྲ་རེད་ལ། རྩམ་པ་ཟ་བའང་འདྲ་འདྲ་རེད།
ང་ཚོས་མི་བུ་འདི་སློབ་གྲྭ་ཁག་ཏུ་སྙིང་སྟོབས་སྤེལ་མཁན་གདན་འདྲེན་ངེས་པར་དུ་ཞུ་དགོས་འདུག
འདི་ནི་གལ་གནད་ཆེ་བའི་གནད་དོན་ཞིག་རེད།
བོད་པའི་བུ་ཆུང་ཞིག་གིས།
བོད་རིགས་སྤུན་ཟླའི་ཆེད་དུ།
རང་སྲོག་བློས་གཏང་བྱེད་ནས།
རྒྱ་མའི་གཞུང་ཚབ་སྒོ་རུ།
སྐུ་ལུས་མེ་ལ་འབར་བ།
ཡ་མཚན་བསྟོད་པར་འོས་འདུག
དྲ་གྲོགས་མཁས་དབང་ཡོངས་ཀྱིས།
ཁོང་ལ་ག་འདྲ་དགོང་འདུག
ས་སྟེང་ནོར་གྱིས་གང་ཀྱང་།
ཁོང་གི་ལྷག་བསམ་ལྷག་འདུག
གཙང་ཁའི་བུས་གསུངས་པ་བཞིན་ང་ཚོ་བོད་མི་རྒན་གཞོན་བར་གསུམ་ལ་སྙིང་སྟོབས་སྤེལ་བར་དངོས་གནས་ཁོང་གདན་འདྲེན་ཞུ་དགོས་ས་འདུག