༼ བོད ༽ མགོ་ལོག་པ་འཇིགས་བྱེད་ཚེ་རིང་།
སྐྱི་གཡའ་བའི་དོན་རྐྱེན་དེ་བྱུང་རྗེས།
བོད་པས། རིགས་རུས་དང་ཐོབ་ཐང་ཤོར་སོང༌།
བྱམས་སེམས་དང་དད་འདུན་བརྗེད་སོང༌།
སྐྱི་གཡའ་བའི་དོན་རྐྱེན་དེ་བྱུང་རྗེས།
བོད་པར། ཕ་གཞིས་ན་མེ་ཁ་གསོ་མཁན་མེད།
དུ་བ་ཙམ་ཡང་མེད་པའི་ཁང་སྟོང་དེ།
སུ་ཤིག་གིས་འུ་ཚོ་ལ་བཞག་པའི་ཁྱིམ་གཞིས་རེད།
སྐྱི་གཡའ་བའི་དོན་རྐྱེན་དེ་བྱུང་རྗེས།
བོད་པའི། སྐད་དང་ཡི་གེ་ལ་སུ་ཞིག་གིས་བཙན་གཡེམ་བྱེད་ཀྱིན་འདུག
ཕ་སྐད་ལ་ཆག་གྲུམ་ཤོར་བའི་བོད་པ་ཚོས།
རང་ཁྱིམ་ནས་གོ་བརྡ་འཕྲོད་ཀྱིན་མེད་པ་འདྲ།
སྐྱི་གཡའ་བའི་དོན་རྐྱེན་དེ་བྱུང་རྗེས།
བོད་པས། སྦྲང་དཀར་རྩམ་པའི་བྲོ་བཅུད་མྱོང་གིན་མེད།
འོ་ཇ་མངར་མོའི་ལུས་ཟུངས་གསོ་བཞིན་མེད།
ཨ་མའི་ལག་ཟས་ཀྱི་བྲོ་བ་མེད་པའི་ཟ་མ་ཞིག
བོད་པས། ཨུ་ཚུགས་ཀྱིས་ཟ་བཞིན་འདུག
ངོ་མ་ངའི་ཕ་ཡུལ།
ངའི་ཕ་ཡུལ།
ཕ་ཡུལ་གངས་ཅན་གྱི་ལྗོངས་སུ་གོམ་པ་སྤོ་འདོད་ཀྱང་ལྕགས་སྒྲོགས་ཀྱི་དམ་པོར་བཟུང་བའི་བུ་ང་ཅི་བྱེད།
གངས་ཆུའི་ཐིག་པ་རེ་རེ་ངའི་སྟེང་དུ་ལྷུང་བར་མདོད་ཀྱང་།
མཐའ་མེད་པའི་མྱ་ངན་དང་སྡུག་བསྔལ་གྱི་རྣག་ཁྲག་དང་འདྲས་པའི་མིག་ཆུ་མ་རྟོག་གང་ཡང་ད་ལྟ་ང་ལ་འབྲེལ་བ་མེད།
ཨ་ཙེ་གངས་ཅན་པ་ངའི་ཕ་ཡུལ།
ཁྱེད་ནི་ངས་སྙིང་ཁུང་གི་བློ་གཏད་བྱེད་ས་དང་མ་འོངས་བའི་རྨི་་ལམ་གི་མདུན་མ་ཡང་ཁྱེད་མིན་གཞན་ན་སུ་ཡང་མེད།
ངས་ཚེ་སྲོག་གི་རིན་ཐང་ཡོངས་རྫོགས་ཁྱེད་ལ་ཕུལ་ནས་མཐའ་མེད་པའི་རྒྱ་མཚོ་ཁ་ནས་ཉིན་རེ་བཞིན་ལུས་བཟུང་རྫོགས་ལ་མ་རྫོགས་པའི་བུ་ཆུང་ངས་རེ་སྒུག་བྱས་ནས་འདུག་ཡོད།
ངོ་མ་ངའི་ཕ་ཡུལ།
ཁྱེད་གང་ན་ཡོད།
ད་དུང་རྫོགས་མཐའ་མེད་པས་སྙིང་ཁུང་ནས་ཁྱེད་ལ་སྙིང་གཏམ་ཆུ་བོས་རྒྱུན་བཞིན་འབུལ་ཆོག
ཨ་ཤུ་རེ་ཁོ། རང་ས་རང་ཡུལ་ནས་རང་སྐད་ཀྱང་བཤད་ཆོག་གི་མེད་ན། ང་ཚོའི་རྒྱ་སྐད་བཤད་རྒྱུ་ཡིན་ནམ། ཡང་ན། མུ་མཐུད་དུ་བོད་ཡིག་སྦྱང་རྒྱུ་ཡིན། གང་ལྟར་ང་ཚོའང་འགྲོ་བ་མི་ཡིན་པས་ལམ་ཁ་ཞིག་འཚོལ་དགོས་ཡ། འདི་ལྟར་སོང་ན་ང་ཚོ་མགྱོགས་པོར་ཚར་ངེས།
རི་མོ་འདི་ཡིས་གནས་ཚུལ་དམར་བརྗེན་དུ་སྟོན་ཐུབ་པ་ཞིག་བྲིས་འདུག་པ་དགའ་སྤྲོས་བརྟས་ཐུགས་རྗེ་ཆེ།
སྙན་ངག་ལས་རི་མོ་དེར་གོ་བ་གཏིང་ཟབ་ཅིག་འདུག
༄༎ ངའི་ཕ་ས་གྲོད་མོ།
ངའི་ཕ་སྐད་བརྩོན་འོག་ཏུ་ཚུད་སྟེ་བགྲང་བྱ་དྲུག་བཅུ་ལྷག་ཕྱིན་ན་ཡིན། ད་དུང་མ་ཤི་གསོན་པོར་གནས་ཏེ་གོ་ལ་འདི་ཡི་སྒང་དུ་གསོན་པར་གནས་ཡོད། སླར་ཡང་དམར་པོའི་གཞུང་འདི་ངའི་སྐད་ཡིག་གི་བརྩོན་ར་དམ་དུ་བཏངས་སོང་། ངའི་སྲོག་རྩ་ཕ་སྐད་དངས་མ་དེ་ཡིན། ངའི་ཚེ་སྲོག་མི་རིགས་འདི་སྐད་ཡིག་ཡིན། སྐྱེ་མ་སྐྱེ་ཧུད་། ངའི་མི་རིགས་འདི་ཡི་ཕ་སྐད་དངས་མ་བཞུར་ལ་ཉེ་འདུག གོ་ལ་འདི་ཡི་བྱམས་བསམ་ཅན་མི་རིགས་ཡོད་ན་ ངེས་པར་ངའི་ཕ་སྐད་འདི་སྐྱོབས་རོགས་གནང་། ང་བོད་དུ་འགྲོ་འདོད་ཀྱང་ལྕག་སྒྲོགས་ཀྱི་གདམ་པའི་རྒྱ་ནག་གི་སྲིད་རྒྱུས་འདི་འོག་ཐར་ཐབས་བདེན།
ཡིག་ནོར་མང་པོའི་དྲ་གྲོགས་ཚོ། ཐུགས་རྗེས་གཟིགས་ཁྱེད་ཚོའི་ཡིག་ནོར་མང་དྲག་བྱ། ཨ་ཁུ་སྨོན་ལམ་ལགས་ཀྱིས་ང་ཚོ་ལ་ཚིག་མཛོད་གནང་ཡོད་པ་ཡིན་ནམ། ཉིན་རེ་ལས་ཉིན་རེ་ཇེ་མང་རེད་ཡ། ཐུགས་རྗེས་གཟིགས།