རྟ་ནག་སྐལ་བཟང་ལུང་རིགས།
༼འཛམ་གླིང་སྟེང་ཆེས་ཐུང་བའི་བརྩེ་དུང་ཞིབ་འབྲིའི་སྒྲུང་།༽
ཁོ་འདས་པའི་ཉིན་མོར། བུས་པ་སྐྱེས་བྱུང་།
འཛམ་གླིང་སྟེང་ཆེས་ཐུང་བའི་སྒྱུ་འཕྲུལ་ཚན་རིག་གི་སྒྲུང་། ཆེས་མཐའ་མའི་སའི་གོ་ལའི་མི་དེ་རང་ཁྱིམ་དུ་བདོག གློ་རྡེག་ཏུ་སྒོ་བརྡུངས་བྱུང་།
༼འཛམ་གླིང་སྟེང་ཆེས་ཐུང་བའི་དོགས་སྒྲུང་།༽
སྐྱེས་པ། ཤི་བ། སྐྱེས་པ།
༼འཛམ་གླིང་སྟེང་ཆེས་ཐུང་བའི་རྗེས་དཔག་གི་སྒྲུང་།༽
ཁོ་ལྔ་ལམ་དུ་ཕྱིན་སོང་། དེ་སྔ་ངེས་པར་དུ་གསོན་མྱོང་།
༼འཛམ་གླིང་སྟེང་ཆེས་ཐུང་བའི་འཇིགས་སྐུལ་གྱི་སྒྲུང་།༽
དངངས་སྐྲག་གིས་སད་བྱུང་། ཉེ་འགྲམ་ན་བདག་གི་བེམ་པོ་ཀན་རྐྱལ་དུ་ཉལ་འདུག
༼འཛམ་གླིང་སྟེང་ཆེ་ཐུང་བའི་ནག་ཚོགས་ཀྱི་སྒྲུང་།༽
ཡ་ལད་གྱོན་ཤོག ཁྱེད་ཀྱིས་མི་གཅིག་ཀྱང་ཕྱི་ལ་བུད་བཅུག་མི་ཆོག
༼འཛམ་གླིང་སྟེང་ཆེས་ཐུང་བའི་རྫུན་སྒྲུང་།༽
བག་ལེབ་སོབ་སོབ་དེ་སྲང་ལམ་དུ་འགྲོ་བཞིན་འདུག ཁོས་རང་ཉིད་བཀྲེས་ལྟོགས་ཀྱིས་གཟིར་བ་ཚོར་རྗེས། རང་ཉིད་ཟོས་བྱུང་།
༼འཛམ་གླིང་གི་ཆེས་ཐུང་བའི་རུལ་སུངས་ཀྱི་སྒྲུང་།༽
འགོ་ཁྲིད་ཀྱིས་མངའ་འོག་པ་ལ། དུས་བཀག་གི་ཡར་སྔོན་དུ་སྙན་ཞུ་(སྒོར་མོ)ཕུལ་ཞོག
༼འཛམ་གླིང་སྟེང་ཆེས་ཐུང་བའི་གནས་ལུགས་ཀྱི་སྒྲུང་།༽
“ཁྱེད་ཀྱིས་ང་དང་གཉེན་བསྒྲིག་ན་མི་འོས་སམ། ” “འགྲིག་རྒྱུ་མ་རེད།” “ཁོ་ཚོས་ཡང་བསྐྱར་བདེ་སྐྱིད་ཀྱི་འཚོ་བ་མཉམ་དུ་ལོངས་སྤྱོད་བཞིན་ཡོད་པས་སོ།”
༼འཛམ་གླིང་སྟེང་གི་ཆེས་ཐུང་བའི་ཤུགས་བསྟན་སྒྲུང་།༽
གྲོག་མ་ཐང་ཆད་ནས་ཤི་སོང་། གྲོག་མ་རྗེས་མ་དེ་དེ་འདྲའི་ཚོ་བ་ལ།
༼འཛམ་གླིང་སྟེང་ཆེས་ཐུང་བའི་བྱིས་སྒྲུང་།༽
དུག་སྦལ་གྱིས་ངང་བ་དང་གཉེན་བསྒྲིགས།
http://www.williamlong.info/story/རྒྱ་ཡིག་གི་དྲ་ཚིགས་འདི་ལས་བཤུས་ཏེ་བསྒྱུརད།
རྟག་ནག་ལགས་ཉིད་སྒྲུང་ཐུང་དག་ངས་བཀླགས་ཟིན། ཆེས་ལེགས་པོ་འདུག་རྗེས་སུ་ཡི་རངས་ཡོད།