གཡང་སྐྱབས་རྒྱལ་གྱིས།
———————
ང་ཚོའི་ཁ་བརྡ་དྲ་དེབ་ཆུང་ངུའི་སྟེང་ཡང་བཀའ་བློན་ཁྲི་པ་འདེམས་ཕྱོགས་ལས་འཕྲོས་ཏེ་རྩོད་པ་དང་རྩོད་གླེང་མང་ཙམ་བྱས་སོང་ལ། བོད་ཡིག་ཐོག་གི་གླེང་སྟེགས་གཞན་དག་ན་ཡང་དེ་ལྟར་གླེང་སློང་བྱེད་པ་ནི་སྨོས་མེད་རེད། ང་ནི་འདི་འདྲའི་གླེང་སློང་རེ་མཐོང་སྐབས་ཧ་ཅང་སེམས་མི་བདེ་བ་ཞིག་ཆགས་ཡོང་གི་འདུག འདི་ལ་རྒྱུ་མཚན་གཅིག་མ་གཏོགས་མེད། དེ་ནི་ང་ཚོ་ལ་ “བཀའ་བློན་ཁྲི་པ་ང་བྱེད་གི་ཡིན་”ཞེས་འོས་མིའི་ཁོངས་སུ་ཞུགས་ནས་འབྱུང་འགྱུར་གྱི་ལོ་ལྔའི་དུས་ཡུན་ནང་ཅི་བྱེད་ཀྱི་འཆར་གཞི་བསྒྲགས་སྤེལ་བྱེད་མཁན་ཅིག་ཅིའི་ཕྱིར་མ་ཐོན་པ་རེད། ང་ཚོ་དམངས་གཙོ་ཡིན་ཟེར་གི་ཡོད་པ་མ་རེད་དམ། རྟ་ཕོ་རྒྱུགས་ཤེད་ཡོད་ན།། བྱང་ཐང་སྟོང་པ་མ་རེད་དམ། ཨ་མའི་བུ་ལ་འཇོན་ཐང་ཡོད་ན།། དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་མ་རེད་དམ། ཨ་ཙི། ད་ལན་ང་ཚོའི་སྤྱི་ཚོགས་ནང་བཀའ་བློན་ཁྲི་པ་ལ་འདེམས་ཐོན་ཆེད་ཡར་ལངས་མཁན་སྐོར་ཞིག་ཡོང་ན་ཅི་མ་རུང་། འོས་མིར་ལངས་མཁན་ཚོས་རང་རང་གི་སྲིད་བྱུས་དང་ལངས་ཕྱོགས་བསྒྲགས་སྤེལ་བྱས། འོས་མིར་ལངས་པའི་ཚོགས་པ་བཙུགས། སྐད་འབོད་ཀྱི་མ་རྩ་བསྡུས། དེ་ནས་དེ་ལ་སྤྱི་ཚོགས་ཀྱིས་བགྲོ་གླེང་བྱས་ན་ཅི་མ་རུང་། དེ་མིན་ང་ཚོའི་བཀའ་བློན་རྣམས་མི་འདོད་བཙན་གྱིས་བཀལ་བའི་རྡོག་ཁྲེས་ཤིག་ཆགས་ན་ལུགས་སྲོལ་ངན་པ། གོམས་གཤིས་ངན་པ། མི་རབས་ནས་མི་རབས་བར་དུ་འདོར་དཀའ་བའི་ལམ་ངན་ཞིག་བསྐྲུན་གྱི་ཡོད་པ་རེད་དོ།། དགོངས་བཞེས་གནང་དང་།
ཁྱེད་རང་གིས་བོད་སྤྱི་ཚོགས་འདི་ནུབ་ཕྱོགས་པ་དང་སྦྲེལ་ནས་ཤོད་ཀྱིཡོད་པ་མ་རེད་དམ། རྦད་དེ་ཡ་མགལ་མ་མགལ་དུ་གྱུར་པའི་སྤྱི་ཚོགས་གཉིས་སྦྲེལ་ནས་བཤད་ན་ཡང་དེ་མ་འགྲིགས་པ་ཞིག་རེད་ཟེར་ནས་ངས་བཤད་མི་ཐུབ། གཙོ་བོ་སྤྱི་ཚོགས་ལ་ཐུག་འདུག་ཡོད་པ་རེད་སྙམ།
ནུབ་ཕྱོགས་ལ་མཚོན་ན་འདི་ནི་རྒྱལ་ཁབ་ཀྱི་ཆེད་ཡང་ན་རང་གི་ཆེད་བློས་གཏོང་ཆེན་པོ་ཞིག་རེད། ཡང་ན་རང་དང་གཞན་དོན་ཆེད་གོ་སྐབས་ཤིག་རེད། བོད་ལ་མཚོན་ན་དཔོན་ས་ཞིག་རེག་པ་ལས་ཅུང་ཟད་མ་འདྲ་བ་ཙམ་གྱིས་ཡར་འཕགས་ཡོད་པ་ཙམ་རེད། ང་ཚོས་འགྱུར་བ་གང་ཞིག་ཡིན་ན་ཡང་སྤྱི་ཚོགས་དང་རྦད་དེ་ཁ་བྲལ་བའམ་ཡང་ན་རྒྱང་ཐག་རིང་བ་ཞིག་གི་ལམ་དུ་འགྲོ་ཐབས་བྲལ། སྤྱི་ཚོགས་དེ་ལས་གཞི་གང་ཞིག་སྤེལ་ན་ཡང་ང་ཚོའི་གཞི་འཛིན་སའི་སྒྲོམ་གཞི་ཡིན་པ་དེ་བཤད་མ་དགོས་པ་ཞིག་རེད། དེས་ན་འདི་ནི་མི་སྒེར་རེ་ཟུང་གི་ཐག་གཅོད་མིན་པར་འདི་ནི་སྤྱི་ཚོགས་དང་འབྲེལ་བ་ཡོད་པ་ཞིག་རེད། ཡིན་ན་ཡང་། འདི་ཡར་རྒྱས་ཀྱི་རྣམ་པར་ང་ཚོས་འབུད་རྒྱག་གཏོང་ཐུབ་གི་རེད། དེ་ནི་རྒྱ་ནག་དེ་དམངས་གཙོའི་ལམ་དུ་འགྲོ་བར་ང་ཚོས་འབུད་རྒྱག་གཏོང་ཐུབ་པ་དང་གཅིག་མཚུངས་རེད། དེ་ཙམ་ཡིན།
ཁ་སང་དེ་རིང་ཁ་བརྡ་དྲ་ཁང་དེ་མི་རེ་ཟུང་གི་སྒྲུང་རྩོམ་ཆོ་མེད་འབྲི་ས་ཞིག་ཏུ་ཆགས་འདུག་པས་ང་ཡང་སེ་ཡོང་འདོད་མི་འདུག སྒྲུང་རྩོམ་ཀློག་དགོས་ན་འཛམ་བུ་གླིང་ནང་གྲགས་ཆེན་མང་བོ་ཡོད་པས་དེས་མ་འགྲིགས་པ་མི་འདུག ང་བྱིས་པའི་སྐད་ཆར་ཉན་འདོད་མེད། ཆུ་ཚོད་འཕྲོ་བརླག་རེད། དེ་ནི་བོད་ཡིག་བྲིས་མཁན་གྱི་སྐུ་ཞབས་ཚོར་མཐོང་ཆུང་བྱས་པ་ཞིག་མིན། ང་ཚོས་ཁ་བརྡ་དེ་རྒྱ་ཆེ་ས་ནས་དང་མིང་བྱང་འདྲ་མིན་ཐོག་བགྲོ་གླེང་བྱས་ན་ཡག་པོ་འདུག དྲང་མོ་བཤད་ན། སེར་གཟུགས་འདི་ཚོའི་ཆོ་མེད་ཀྱི་སྐད་ཆ་ལས་ང་ལ་ལྕགས་རྒྱ་འགྲམ་ནག་དང་སྟག་སྨྱོན་སོགས་ཀྱི་ཚིག་མཚོན་ལ་ཉན་འདོད་ཡོད།
སེར་གཟུག་ཟེར་ན་ཡང་འདྲ་སེར་ལོག་ཟེར་ན་ཡང་འདྲ་སྤོབས་པ་མཐའ་ཡས་ནི་བསམ་བློ་གུ་ཡངས་ཅན་ཞིག་ཡིན་པའི་རེ་བ་བྱས་ཡོད།
ངོ་མ་རེད། གཅིག་བྱས་ན་ངའི་བསམ་ཚུལ་འདི་ནུབ་ཕྱོགས་ཀྱི་ལམ་ལུགས་ལ་མིག་ལྟོས་ཆེ་དྲགས་པ་འདྲ། ཡིན་ན་ཡང་ངའི་བསམ་ཚུལ་ནི་རེ་སྨོན་གྱི་ཐད་ནས་བཤད་པ་ཞིག་ཡིན། གང་ཟག་འདི་འོས་དང་དེ་མི་འོས་ཞེས་བཤད་ནས་མཐའ་མ་དེར་བླ་མའམ་གྲྭ་པ་ཞིག་འདེམས་ནས་དུས་ཚོད་བསྐྱལ་གྱི་རེད། ང་ཚོའི་འཐབ་རྩོད་ལ་ཤུགས་མི་ཐེབས་པའི་གནད་གཅིག་ནི་བྱམས་དང་སྙིང་རྗེ་ལ་ཐུག་འདུག མདའ་དཔོན་སྟག་ལྷའི་དེབ་ཀྱི་ནང་ང་ཚོས་གློ་སྨོན་ཐང་དེ་སྒོ་རྒྱག་ཐུབ་པ་ནི་འཛམ་གླིང་ལ་པཱ་ལི་སི་ཐེན་གཉིས་པ་ཞིག་འཛུགས་དགོས་མ་བྱུང་བའི་གྲུབ་འབྲས་རླབས་ཆེན་ཞིག་ཡིན་རབས་བཤད་འདུག ང་ཚོ་ལ་བྱམས་སྙིང་རྗེ་ཡོད་ཆོག་ཀྱང་གཞན་ལ་བྱམས་སྙིང་རྗེ་མེད་སྟབས་ང་ཚོའི་མི་ག་ཚོད་ཅིག་ཤི་བ་རེད། མུ་མཐུད་ནས་ཤི་གི་རེད། བོད་རྒྱ་ཆེའི་མི་མང་བོད་དུ་ཡོད་ཀྱང་མགོ་འཁྲིད་ཀྱི་རྣམ་པ་དེ་བཙན་བྱོལ་ནང་ཡོད་པ་རེད། འདི་ལ་ཉིན་མཚན་གོ་ལྡོག་ལྟ་བུའི་འགྱུར་བ་ཞིག་དགོས་པ་འདུག
དེ་ནས་ཁ་བརྡའི་ཐོག་མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་གནས་ལུགས་མ་བཤད་པར་སྙན་ངག་རེ་སྐྱོར་ནས་བཞུགས་ན་དངོས་གནས་ཡག་པོ་མི་འདུག ཐུགས་རྗེ་ཆེ།
ཨོ་གཅིག་བརྗེད་བཞག སྤོབས་པ་མཐའ་ཡས་དེ་སྤོབས་པ་མཐའ་ཅན་ཆགས་པ་འདྲ། ལྕགས་རྒྱ་འགྲམ་ནག་ཀྱང་འགྲམ་དཀར་ཆགས་པ་འདྲ། སྟག་སྨྱོན་དེ་ཝ་སྨྱོན་ཆགས་པ་འདྲ། འདི་ཚོ་གོ་རྒྱུ་ཚོར་རྒྱུ་འདྲ་མི་འདུག
དྲ་གྲོགས་གཡང་སྐྱབས་རྒྱལ་ལགས། ཁྱོད་ཀྱི་བསམ་ཚུལ་དེ་ལ་ང་ཧ་ཅང་འཐད་པ་ཡོད། ང་ཚོའི་སྤྱི་ཚོགས་ནང་ལ་སྒྲུབ་ཕོད་པ་དང་བཤད་ཕོད་པའི་མི་བུ་ལག་བསྟར་མཁན་ཧ་ཅང་ཉུང་ཉུང་རེད། མཁས་དབང་བློ་བཟང་སེང་གེས་འདི་འདྲ་ཞིག་གསུངས་ཡོད་དེ། ང་ཚོའི་སྤྱི་ཚོགས་ནང་ལ་ཁྲིམས་ཞིབ་པར་མཚོན་ནའང་མ་མཐའ་ཆིག་སྟོང་ལྷག་དགོས་ཟེར་བ་གནད་འདི་འདྲ་ཞིག་ལ་ཐུག་འདུག་པར་སྙམ། ང་ཚོས་མ་འོངས་པའི་བཀའ་བློན་ཁྲི་བ་མ་ནོར་བ་ཞིག་བྱེད་དགོས།
hello tashi tsephel tahsi delek
ཁོ་རེ་མགོན་ཕྱག ད་ཡིན་ན་བོད་ལྷ་ྐླུ་གཉན་གསུམ་ལྟ་བུས་སྐད་ཆ་གོ་རྒྱུ་ཡོད་ལ་མེད་ལ་ཤ་སྟག་གིས་ག་ས་ག་ལ་བཀང་ཡོང་གི་འདུག་ལ། བེར་འཇིགས་ཟེར་བ་འདིས་ཀྱང་ཁོ་རང་དང་འབྲེལ་བ་ཡོད་པའི་དྲི་བ་ཁ་ཤས་རེ་བཏོན་ན་ལན་མི་འདེབས་པར་ཨུ་ཚུགས་བརྒྱབས་ནས་ཚིགས་བཅད་དམ་དུམ་རྡོ་ཆག་བསྒྲིགས་པ་ལྟ་བུ་ཤ་སྟག་དང་སྒྲུང་གཏམ་དུ་སྒྲོ་བཏགས་པའི་ཉག་ཉོག་དེ་འདྲ་ཤ་སྟག་གིས་དྲྭ་ངོས་བཀང་ཡོང་གིན་འདུག ང་ཚོས་འདིར་ཁ་གསལ་པོས་བགྲོ་གླེང་རེ་བྱས་ན་བསམ་པ་དེ་ང་འདིར་ཡོང་དགོས་པའི་དམིགས་ཡུལ་ཡིན། ང་ཚོས་འདིར་སྐད་ཆ་ཅུང་གནད་ཡོད་རེ་བཤད་ཐུབ་ན་རང་གཞན་གཉིས་ཀར་བློ་སྐྱེད་རེ་ཡང་ཡོང་གིན་འདུག
ཁོ་རེ་གཡང་སྐྱབས་རྒྱལ། ངའི་སྤོབས་པ་གང་ཡང་ཆག་མེད། ཡིན་ན་ཡང་ཁ་བརྡ་འདི་མྱུར་བགྲོད་གཞུང་ལམ་ཞིག་གི་ནང་དུ་རླངས་འཁོར་བསྐོར་ནས་རྒྱུག་གྲབས་བྱེད་བཞིན་པ་ལྟ་བུ་ཞིག་རེད། དཔེར་ན། ཁྱོད་ཀྱིས་རང་གི་སྒོ་འགྲམ་གྱི་ལམ་ཕྲན་ནས་རླངས་འཁོར་དེ་བསྐོར་ནས་ཕར་ཕྱོགས་ཀྱི་མྱུར་བགྲོད་གཞུང་ལམ་ནང་དུ་འགྲོ་བསམ་ན་ཡང་གཅིག་རྗེས་གཅིག་གིས་མཐུད་དེ་རླངས་འཁོར་ཆེ་ཆུང་སྣ་ཚོགས་ཤིག་བརྒྱུགས་ཡོང་གིན་ཡོད་པས་ཁྱེད་རང་ལ་འཚམས་པའི་ལམ་སྟོང་པ་ཞིག་ལ་འཛུལ་རྒྱུ་དེ་ལས་སླ་པོ་མ་ཡིན་སྟབས་མཚམས་རེ་ལ་ཡུན་རིང་པོར་སྒུག་དགོས་ཀྱིན་འདུག་ག དེ་བཞིན་དུ་ཁ་བརྡ་འདིའི་ནང་དུ་བརྗོད་གཞི་འདྲ་མིན་མང་པོ་ཞིག་གླེང་གི་འདུག་ཀྱང་རང་གིས་སེམས་ནས་གླེང་འདོད་ཡོད་ས་ཞིག་མ་སླེབས་བར་དུ་ཡུན་རིང་པོར་སྒུག་དགོས་དུས་ཡོང་གིན་འདུག རང་རེའི་དྲྭ་གྲོགས་བོད་ལྷ་ྐླུ་གཉན་གསུམ་ལྟ་བུ་ཡིན་ན་ག་ས་གང་དུ་ཁོ་རང་གིས་ཅིག་གླེང་འཇོག་གི་རེད་དེ་མང་ཆེ་བ་ལ་གནད་འགག་འདྲ་བོ་གང་ཡང་མེད་པ་ཤ་སྟག་གླེང་ཡོང་གིན་འདུག བེ་རི་འཇིགས་མེད་ཀྱིས་རང་གི་ཚིགས་བཅད་དམ་དུམ་དེ་ཚོ་སྙན་ངག་ཡིན་ནམ་ཅིག་གསུངས་ཀྱིན་འདུག གཞན་ཉག་ཉོག་ཅིག་སྒྲུང་ཡིན་ལབ་ནས་མང་པོ་འགོད་གིན་འདུག་མོད་ཁོ་རང་དང་འབྲེལ་བ་ཡོད་པའི་དྲི་བ་རེ་དྲིས་ན་ལན་རྒྱག་གིན་མི་འདུག
བདེན་ནོ་བདེན་ནོ་དྲ་གྲོགས་རྣམ་པ་ཚོ༎
འབུལ་ཆོག་འབུལ་ཆོག་དྲིས་པའི་ལན་འབུལ་ཆོག།
སྒྲུང་དང་སྙན་ངག་གཉིས་ལ་མགོ་འཁོར་ནས༎
དགོས་པའི་ལན་འདེབས་མ་འབུལ་འཐོལ་ལོ་བཤགས༎
སྐབས་འགའ་དྲ་རྒྱ་བརྟན་པོ་མེད་པ་དང༌༎
ལན་རེར་བྲེལ་བའི་གཞན་དབང་གྱུར་པ་ལས༎
དུས་ཐོག་ཆར་པ་འདྲ་བའི་དྲིས་ལན་ཞིག།
འབུལ་བའི་གོ་སྐབས་མ་བྱུང་འཐོལ་ལོ་བཤགས༎
ད་རེས་དཔྱོད་བརྗོད་འདི་ཡི་བགྲོ་གླེང་ཐད༎
ང་ལ་ངག་རྒྱུན་ཆ་རྒྱས་ཅུང་ཟད་ཡོད༎
འོན་ཏེ་ཤག་ཏུ་སྐུ་མགྲོན་ཕེབས་པ་དང༌༎
དྲ་རྒྱའི་ཁ་བརྡ་མཚམས་འཇོག་ཞུ་དགོས་བྱུང༌༎
རྗེས་ནས་དུས་ཚོད་བྱུང་ན་བསམ་ཚུལ་ཞིག་འབུལ་རྒྱུ་ཡིན། བཀའ་བསྒྱུར་མེད་པ་ཞུ།
དབྱིན་ལོ་གསར་ཚེས་ལ་ཆང་ཡག་པོ་ཞིག་འཐུང་གི་བཅུག་ཨ། བླ་མ་ཚོས་བླ་གཞས་ལངས་ཚར་རྗེས་ང་ཚོས་གླེང་ཆོག དེང་སྐབས་ཁ་བརྡའི་བླ་གཞས་ལེན་མཁན་མང་པོ་སླེབས་འདུག་པས་ས་མིག་རག་ཁག་སེ་འདུག
དྲ་གྲོགས་ཚོ། རྐང་ལམ་དྲ་བར་གླེང་སྟེགས་གསར་བཟོ་བྱས་ཡོད་པས། རྐང་ལམ་དྲ་བར་(www.kanglam.com)ཕེབས་ནས་་་་གླེང་སྟེགས་་་་ཞེས་པ་དེར་གནོན་ནས་་་་ཐོ་འགོད་དང་ནང་འཇུག་གིས་་་་རང་རང་གི་བསམ་ཚུལ་སྤེལ་རོགས །
ཁོ་རེ་སྤོབས་པ་ཟེར་བ་མིང་འཛིན་པ་ལགས། ཁྱེད་རང་གི་དངོས་ཡོད་དང་འབྲེལ་ཞིང་རང་ཉིད་ཀྱི་སྒྲུབ་འཕོད་པ་དང་བཤད་འཕོད་པ། བསམ་འཕོད་པ་དེ་གསུམ་གྱི་ནང་ནས་གང་ཞིག་བྱེད་ཐུབ་བཞིན་ཡོད་མེད་ལ་མི་བསམ་པར་ཡོང་མ་ཐག་ནས་བཟུང་ང་རང་གི་སྐད་ཆ་གནས་ལུགས་མེད་པ་དང་གོ་རིམ་མེད་པ་མང་བོ་ཞིག་བཤད་དེ་འོང་གི་འདུག་ཟེར་ལ། བེ་རི་ཚང་གི་སྙན་ངག་སྤེལ་བ་ལས་ལན་རྒྱག་གི་མི་འདུག་ཟེར། ལྷག་པར་དུ་སྟག་སྨྱོན་ལྟ་བུ་ཝ་སྨྱོན་ཆགས་པ་དང་ལྕགས་རྒྱ་འགྲམ་ནག་ལྟ་བུ་འགྲམ་དཀར་ཆགས་པ་སོགས་ཀྱི་འཁང་ར་བྱེད་ཀྱི་འདུག་པ་ལས། མི་ཟེར་བ་འདི་ལ་རང་རང་གི་ཚོད་ཀྱི་རྣམ་དཔྱོད་རེ་དང་སྐད་ཆ་བཤད་ཕྱོགས་རེ་འདོད་ཕྱོགས་རེ་མི་གཅིག་པ་ཡོད་སྟབས། ཁྱེད་རང་གི་བསམ་ཚུལ་ཡིད་དགོས་པའི་དངོས་པ་མེད་ལ་ང་དང་གཞན་དག་གི་བཤད་པའི་སྐད་ཆ་དག་ཡང་བདེན་པ་དང་གནས་ལུགས་ཁོ་ན་ཡིན་པར་སུས་ཀྱང་ཨུ་ཚུགས་རྒྱག་མི་སྲིད། དེས་ན་ཁྱེད་རང་གིས་ཀྱང་ང་རང་ལ་དམའ་འབེབས་བྱེད་འདོད་དང་ང་རང་གི་སྐད་ཆ་གང་ཞིག་ཆོད་མེད་དུ་མཐོང་ན་དེ་ལ་ཆོད་མི་འདུག་དེ་འདྲ་མི་འབྲི་ཞེས་བཤད་འོས་པ་ལས་རྒྱུ་མཚན་མེད་པར་སྐྱོན་བརྗོད་བྱེད་པ་ནི་ཡག་པོ་ཞིག་ལ་ངོས་འཛིན་མི་བྱེད་མཁན་ང་རང་གཅིག་བུ་ཡིན་མི་སྲིད་ལ། དྲ་ཐོག་གི་ཀློག་པ་པོ་མང་བོ་ཞིག་གིས་ཀྱང་། དྲ་ཚིགས་ནང་དུ་མི་ཕན་ཚུན་ལ་སྐྱོན་བརྗོད་ཁོ་ན་བྱེད་པ་ལས་གླེང་མོལ་དང་བསམ་ཚུལ་སྤེལ་རེའི་གྱི་རྣམ་པ་མི་མཐོང་བར། དྲ་ཚིགས་ནང་དུ་ཞུགས་རྒྱུར་དང་དྲ་ཚིགས་ལ་དོ་སྣང་བྱེད་རྒྱུ་ཡང་ཉུང་དུ་འགྲོ་མི་སྲིད་པ་མིན་ན། གཞུག་ཕྱོགས་སྐད་ཆ་བཤད་ཕྱོགས་དང་བསམ་ཚུལ་འབྲི་ཕྱོགས་ལ་བསམ་འཕོད་པ་ནས་བཤད་འཕོད། བཤད་འཕོད་པ་ནས་སྒྲུབ་འཕོད་པ་དེ་ལ་འགན་ཞིག་ཡོད་པའི་སྟེང་ནས་བྱེད་ཐུབ་པ་ཡིན་ན་ཚང་མས་ལྟ་སྟངས་དང་བསམ་བློ་གཏོང་ཕྱོགས་ལ་ཡང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་ངེས་རེད་སྙམ་ན། སྐུ་ཉིད་ཀྱིས་ཐུགས་བསམ་བཞེས་རོགས་ཞུ།
ཨོ་རེད། ལྷ་ཀླུ་འདི་བ་སང་ཉིན་ཅིག་བྱུང་བཏང་བ་ཡིན་ན་དེའི་འགན་ཐམས་ཅད་སྤོབས་པས་འཁུར་དགོས་ཡོད། ད་དུང་ལྷ་ཀླུའི་རྒན་མོ་དང་བྱིས་པ་གཉིས་ཀྱང་ཡོད་པ་རེད།
ལྷ་ྐླུ་གཉན་གསུམ་འདི་བརྡ་དག་གི་རྨིངས་གཞི་དང་སྡེབ་སྦྱོར་གྱི་བྱང་ཆ་སོགས་མི་དམན་པ་འདུག་མོད་ཐབས་སྡུག་ཤོས་ཤིག་ལ་ཁོས་བྲིས་པ་དེ་ལ་གོ་རྒྱུ་དང་ནུས་པ་གང་ཡང་མེད་སྟབས་ཚྭ་མེད་པའི་ཚོད་མ་བཞིན་དུ་སེམས་ངོས་སུ་འབྱར་རྒྱུ་གང་ཡང་མེད་པ་རེད།
དེང་སང་མགོ་འབུར་མ་ཐག་པའི་བོད་ཡིག་གི་དྲྭ་རྒྱ་དེ་ཚོའི་ནང་དུ་ལྷ་ྐླུ་གཉན་གསུམ་འདི་སླེབས་མེད་ས་གཅིག་ཀྱང་མེད་པ་རེད་ལ་ཡིག་རྡོག་འགའ་རེ་བྲིས་མེད་ས་ཞིག་ཀྱང་མི་འདུག དཔེར་ན་བོད་ཡིག་གི་དྲྭ་རྒྱ་འདི་ཚོ་ས་འབུར་འབུར་དང་རྡོ་མདོང་མདོང་རེ་ཡིན་ན་ལྷ་ྐླུ་གཉན་གསུམ་འདི་ཁྱི་གུ་ཞིག་དང་འདྲ་བར་ཡིན་གཅིག་མིན་གཅིག་ས་འབུར་རྡོ་འབུར་དེ་ཚོའི་དྲུང་དུ་གཅིན་ཐིགས་པ་རེ་བཙིར་ནས་གཏོང་ཁུལ་བྱེད་ཀྱི་རེད། གཅིན་གཏང་ས་དེར་རློན་ཐིགས་རེ་བབས་ཡོད་པ་བདེན་མོད་དེས་ཕན་ཐོགས་འདི་བྱུང་གི་ནུས་པ་མེད་པ་རེད། ངས་ཁྱི་གཅིན་གཏོང་སྟངས་དེ་ཁོ་དང་སྦྱར་ནས་བཤད་པ་འདིས་ཁོ་མི་རང་ངོས་ནས་ཁྱི་དང་འདྲ་བར་བཤད་ཀྱིན་མེད་པས་གོ་བ་ལོག་སྒྲུབ་མི་བྱེད་པའི་རེ་བ་ཡོད།
ཁོས་ང་ལ་དོན་གནད་རེ་རེ་བཞིན་མཛུབ་མོ་བཙུགས་ནས་འདི་དང་དེ་འགྲིགས་མི་འདུག་ཅེས་ཤོད་དགོས་ཞེས་བཤད་འདུག་མོད་ཐབས་སྐྱོ་བ་ཞིག་ལ་ཁོ་རང་གིས་གང་བྲིས་པ་དེ་ཚོས་དོན་གྱི་གནད་འགག་འདི་བསྟན་གྱི་གསལ་ཁ་གང་ཡང་མེད་སྟབས་མཛུབས་མོ་འཛུགས་ས་འདི་རེད་ཅེས་རྙེད་ཁག་པོ་འདུག དགོང་དག
སྤོབས་པ་ལགས། ཁྱོད་ཀྱིས་བཤད་པ་ལྟར་ངས་ཀྱང་ལྷ་ཀླུ་གཉན་གསུམ་ཟེར་བ་འདི་ས་མིག་ཐོབ་ཚད་དུ་རྒྱུགས་ནས་གངས་ཅན་པའི་དྲིན་པོ་ཆེ་དག་ལ་སྒྲོ་སྐུར་གྱིས་སྐྱོན་འཛུགས་བྱེད་མཁན་ཞིག་ཡིན་པའི་མཐོང་ཚུལ་བྱུང་།
མང་པོ་ཞིག་གིས་མ་འོངས་པའི་བོད་ཀྱི་བཀའ་བློན་ཁྲི་པ་བླ་མ་དང་གྲྭ་པས་བྱེད་མི་རུང་བའི་བསམ་ཚུལ་འདོན་གྱི་འདུག ངོ་གདོང་གི་བསམ་ཚུལ་འདི་སྐྱོན་ཅན་རེད་ཟེར་ནས་ངས་བཤད་མི་འདོད། ངའི་སེམས་ཚབས་དང་སྐྲག་སྣང་གི་གཞི་རྩ་གཙོ་བོ་བསམ་ཚུལ་འདིའི་རྒྱབ་ལྗོངས་ཀྱི་འདུ་ཤེས་དང་རིག་གཞུང་གི་ལྟ་བ་ཡིན། ང་ཚོའི་ཁྲོད་ནས་མི་རིགས་རང་གི་ཐུན་མིན་གྱི་ངོ་བོ་མ་འཕྱུག་པར་ངོས་ཟིན་པ་དང་། རང་ཅག་གི་བཟང་པོའི་ཡོན་ཏན། ཤིན་ཏུ་གཏིང་ཟབ་དང་སྒམ་བརླིང་གི་རང་བཞིན་ལྡན་པའི་རིག་གཞུང་བཟང་པོའི་སེམས་ཁམས་འཐོར་ཞིག་ཏུ་མ་སོང་བའི་ཐོག་ནས་ཕྱིའི་ཡོན་ཏན་ཚུར་བསྡུ་བྱེད་ཐུབ་མཁན་གྱི་རྣམ་དཔྱོད་མིག་རིས་ཡངས་པ་ཤིན་ཏུ་དཀོན། དེར་བརྟེན་དྲ་ཚིགས་འདིའི་ཐོག བེ་རུ་དགེ་སྨྱོན་ལྟར་ཆགས་སྲེད་ལ་སྦྱར་བའི་གཞས་ཚིག་འབྲི་བ་དང་། ལྷ་ཀླུ་གཉན་གསུམ་ལྟར་མཐོ་དམའ་ཀགུནལ་སྒྲོ་སྐུར་མི་བྱེད་པ་ལྟ་བུ་མ་ཡིན་པར་འདི་འདྲའི་དོན་གནད་ཀྱི་གཏིང་རིམ་དུ་བབས་ནས་བགྲོ་གླེང་བྱེད་ཐུབ་ན་གྲུབ་འབྲས་གང་འཚམས་འབྱུང་ངེས་སྙམ།
ཁ་སྔོན་ཀླུ་སྨྱོན་གྱིས་རེ་མདོ་སེངྒེ་འཚོལ་བཞིན་ཡོད་སྐད་ཐོས་ཀྱང་། བོད་ཀྱི་བསྟན་སྲིད་ཀྱི་གནད་ཆེན་པོ་གླེང་བའི་སྐབས་ཀླུ་སྨྱོན་གོ་མེད་ཚོར་མེད་དུ་གྱུར་འདུག ཀླུ་སྨྱོན་གང་དུ་སོང་།
སྤོབས་པ་ལྟ་བུ་མི་ལ་ཚོད་ཐིག་འདེབས་ཤེས་མཁན་དང་མི་ལ་སྐྱོན་འཛུག་བྱེད་འདོད་པ་ལས་སྐྱོན་ལ་འཛུབ་མོ་འཛུགས་ཤེས་ཀྱི་མེད་པའི་དྲ་ཚིགས་འདིའི་ནང་གི་མཁས་པར་རློམ་མཁན་ལགས་ཀྱིས་ང་རང་ལ་སྐྱོན་བརྗོད་རེ་བྱེད་པ་ལས་ཁྱེད་རང་གི་བྱེད་སྟངས་འདི་འགྲིག་གི་མི་འདུག ཁྱེད་རང་ག་ས་གར་སླེབས་པ་ནི་ཁྱེད་རང་གི་ནོར་འཁྲུལ་རེ་ཟེར་འདོད་པ་ཡིན་ན་ནི། ང་རང་ནི་བོད་ཡིག་ལ་དགའ་ཞིང་བོད་ཀྱི་དྲ་ཚིགས་གང་མང་མང་བྱུང་ན་དེ་དག་གི་ནང་དུ་སྐུ་མགྲོན་དང་གནས་ཚང་བྱེད་ཐུབ་སར་གནས་ཚང་བྱེད་རྒྱུ་ནི་ང་རང་གི་འདོད་ཕྱོགས་ཡིན་ལ་དྲ་ཚིགས་འཛུགས་མཁན་དག་གི་རེ་བ་ཡང་བོད་ཡིག་བེད་སྤྱོད་བྱེད་མཁན་གྱི་མི་གང་མང་མང་ཞིག་བྱུང་དགོས་ཀྱི་ཡོད་པ་ལས། ཁྱེད་རང་ལྟ་བུ་བཤད་འདོད་ཡོད་དུས་བཤད། བཤད་འདོད་མེད་དུས་ཁ་བཙུམ་ནས་བསྡོད་མཁན་དག་གི་ཆེད་དུ་ག་ལ་ཡིན། བོད་ཡིག་གི་དྲ་ཚིགས་ལ་བོད་མིས་བདག་པོ་མ་བརྒྱབ་ན་ག་ལ་འགྲིག འདི་ནི་ང་རང་ལ་མཚོན་ན་ཤེས་ཡོན་གྱི་ཆུ་ཚད་མཐོ་དྲག་ནས་མ་ཡིན་པར་ང་རང་བོད་པ་ཞིག་ཡིན་པའི་འགན་བླངས་པ་ཡིན་ནོ།
ཁྱེད་རང་བོད་ཀྱི་སྐད་ཡིག་ལ་དགའ་བ་ཤིན་ཏུ་བཟང་། འོན་ཀྱང་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་ཁ་ཕྱོགས་མི་ནོར་བའི་རེ་བ་ཡོད།
ཁྱེད་རང་གི་ནོར་བཞིན་པའི་སྐབས་སུ་ཕྱོགས་སྟོན་རེ་གནོང་རོགས་ཞུ་རྒྱུ་ཡིན། ཁྱེད་དང་ཁྱེད་ལྟ་བུ་གང་མང་མང་ཞིག་གིས་མི་དག་གི་ནོར་འཁྲུལ་ངོས་འཛིན་བྱེད་ཤེས་ཀྱི་ཡོད་ན། དུས་ཐོག་དུ་ནོར་འཁྲུལ་ལ་འཛུབ་མོ་འཛུགས་རོགས་ཞུ། སྐབས་དེར་མ་འགྲིག་པ་རེད་ཡོད་ན་ཐད་གར་ངོས་ལེན་བྱས་དེ་འགྱུར་བ་གཏོང་དགོས་པ་ཞིག་ཡིན་མིན་ལ་བསམ་བློ་ལོས་གཏོང་།
བཀའ་ལ་དྲང་ངེས་འབྱེད་ཙམ་མ་གཏོགས་པ། །
བཀའ་བློན་ཞིག་ལ་ཚང་དགོས་ཆ་རྐྱེན་མེད། །
བཀའ་གསུང་ཅི་སྒྲུབ་དམངས་གཙོའི་ཕྱི་ལྤགས་ཅན། །
བཀའ་ཁྲིའི་འོས་ཆོས་བོད་མི་ཡོངས་ལ་ཚང་། །
དགུ་རོང་གྲུབ་ཆེན་གྲུབ་པའི་དབྱིངས་རུམ་ནས༎
གཟུང་འཛིན་སྤྲོས་བྲལ་དག་བའི་བཀའ་ཁྲི་ཞིག།
རྙེད་རྒྱུ་མེད་པ་ཅིས་ཀྱང་ལོས་བདེན་མོད༎
ཀུན་རྫུན་རང་ངོ་འཕྲད་པའི་འོས་གཞÔ་མང༌༎
བརྩེ་བའི་དྲ་གྲོགས་རྣམས་པ་ཚུར་གསོན་དང་།།
གངས་ཅན་པ་ལ་མཁོ་བའི་བཀའ་ཁྲི་ཞིག།
གང་དུ་ཡོད་མེད་ཕན་ཚུན་བགྲོ་གླེང་གིས།།
གོ་རྟོག་སྤེལ་ཏེ་གདམ་ན་མི་ལེགས་སམ།།
མ་འོངས་བཀའ་ཁྲི་སྐྱ་སེར་ཁྱད་པར་མེད།།
བཀའ་ཁྲི་ཟམ་གདོང་བླ་མཌྷའི་རྗེས་ཀྱང་སྟེ།།
ཤེས་ཡོན་སྲོད་བྱུས་གསར་པའི་ཐབས་ལམ་སོགས།།
ལེགས་པར་བསྐྱང་སྟེ་རིགས་ལ་ཞེན་པར་དགོས།།
ང་གིས་བསམ་གི་ཡོད་པ་དྲང་པོ་བཤད་གི་ཡིན། བོད་གི་བཀའ་བློན་ཁྲི་བ་རྗེས་མ་གི་འོས་བསྡུ་དེ་ཧ་ཅང་གི་གལ་ཆེ་གི་གནས་ཚུལ་ཞིག་ཡིན་གི་ཡོད་པ་ཚང་མས་ཤེས་གི་ཡོད་རེད། དེ་ཕྱིར་ཚང་མ་གི་ལྷག་བསམ་རྣམ་དག་གི་ཐོག་ནས་རང་གི་འོས་མི་སུ་ཞིག་མཐོང་ན། མི་དེ་གི་ལོ་རྒྱུས་གི་མགོ་མཇུག་ཚང་མ་འདི་གི་ཐོག་ལ་འབྲི་རོགས།
“ང་གིས་བསམ་གི་ཡོད་པ་དྲང་པོ་བཤད་གི་ཡིན།” ཞེས་པའི་སྟག་སྨྱོན་གྱི་ཚིག་འདི་ལ་བསམ་ཚུལ་མདོར་ཙམ་ཕུལ་ཆོག་པ་ཞུ། སྟག་སྨྱོན་གྱིས་ཚིག་འདི་དགག་ཕྱོགས་ནས་སྨྲས་པ་རེད། མི་འདོད་བཞིན་དུ་སྨྲས་པ་རེད། བྱེད་པ་པོས་བྱ་བ་བྱས་པ་སྟོན་པའི་བྱ་ཚིག་དེ་བྱ་ཚིག་ཐ་དད་པ་ཡིན་ཚེ། བྱེད་སྒྲ་སྦྱར་ནས་ངས་བསམས་ཞེས་འབྲི་དགོས། འདི་ནི་སུམ་རྟགས་ཀྱི་གཞུང་ན་གསལ་བ་ཞིག་རེད། དེ་ལ་རྩོད་པ་གང་ཡང་མེད་པ་རེད། “བསམས་གི་ཡོད་” དང་ “བཤད་གི་ཡིན་”ཞེས་པ་འདི་འབྲེལ་སྒྲའི་ཁོངས་ནས་ཚུར་ཐོན་ཡོད་པ་འདྲ། འདི་ནི་རྗོད་པའི་དུས་གསུམ་གྱི་རྣམ་དབྱེ་ཞིག་རེད། ཨ་མདོའི་སྐད་དུ་འདི་ལ་ “བསམས་གི་ཡོད་གི་” དང་། “བསམས་གོ་གི” ཡང་ན་ “བསམས་གི་”སོགས་ཟེར། འདི་དག་ནི་རྣམ་དབྱེ་སུམ་རྟགས་ཀྱི་གཞུང་ན་མེད་པ་རེད། སྐད་ཆའི་ནང་ཡོད་པ་རེད། དེ་ཙམ་ཞུ། ཐུགས་རྗེ་ཆེ།
མེད་པ་ཡོད་པར་བྱེད་མཁན་ལ་གསར་གཏོད་ཟེར་གི་ཡོད་པ་རེད། སྟག་སྨྱོན་ཁྱེད་གི་གསར་གཏོད་བྱས་འདུག་གི ངེད་གི་ཁྱེད་གི་དེ་ལྟར་འབྲི་གི་ཡིན། མི་མང་གི་དེ་ལྟར་འབྲི་གི་རེད། ག་ལེར་བལྟ་གི་ཡིན། མ་རེད་དམ།
མི་ཉན་པ་ཁ་ཏ་བྱེད་པ་ལས། ཀོ་བ་སྐམ་པོ་ལག་པས་མཉེད་ན་དགའ་ཟེར་བ་བདེན་པས་རྩོད་འདོད་མི་འདུག་ཀྱང་། ཚིག་གཅིག་ཞུ་ཆོག གི་དང་གིས་གཉིས་རྣམ་དབྱེ་ཁག་ཡིན་ནའང་། རྗེས་འཇུག་གི་འཇུག་ཚུལ་ཚིག་གཅིག་གིས་གཏན་ཁེལ་ཡོད་པ་རེད། དཔེར་ན་ལ་དོན་བདུན་ཡང་རྣམ་དབྱེ་མི་འདྲ་ཁ་ཤས་ལ་འགྲོ་ཡང་འཇུག་ཚུལ་རྩ་ཚིག་གཅིག་ལས་མེད། དུས་བབ་རྩོམ་སྒྲིག་པ་རེ་འགས་ད་དུང་གི་དང་གིན་གྱི་ཁྱད་པར་ཡང་ཙམ་འབྱེད་ཤེས་ཀྱི་མི་འདུག་པས་སུམ་རྟགས་གསར་མ་ཞིག་བཟོ་རྒྱུའི་ཚད་ལ་སླེབས་མི་འདུག་པས། ད་དུང་ཐོན་མིའི་སུམ་རྟགས་རང་ལ་སྐྱབས་བཅོལ་ནས་བཞུགས་ན་ཡག་ཤོས་དང་འཚམ་ཤོས་རེད་ཞུ་གི་ཡོད དགོངས་པ་མ་ཚོམས།
འདི་ནས་ངས་དྲ་གྲོགས་ཚོ་ལ་པན་ཆེན་རིན་པོ་མཆོག་གི་བཀའ་སློབ་ཞིག་སྤྱན་འབུལ་ཞུ་ཆོག
༄༅། །པཎ་ཆེན་བཅུ་བ་ཆེན་པོའི་མི་རིགས་སློབ་གསོའི་གསུང་བཤད་གལ་ཆེན།
ང་ཚོ་ཚང་མ་ཁ་བ་རི་པའི་ལྗོངས་འདིར་སྐྱེས་པའི་ཤ་ཁྲག་གཅིག་པའི་མི་རིགས་ཞིག་ཡིན་ལ། ནང་པའི་ཆོས་ཀྱི་རྗེས་འབྲང་པ་ཤ་སྟག་ཡིན་པས། ང་ཚོས་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་དམ་ཟབ་བྱ་དགོས།མི་རིགས་རང་ཉིད་ཀྱི་སྐད་ཡིག་བརྒྱུད་འཛིན་དང་དར་སྤེལ་གཏོང་དགོས། ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་འཛམ་གླིང་གི་མི་རིགས་གཞན་དག་དང་གཅིག་མཚུངས་ཡིན་པ་ལས། རྗེས་ལུས་ཀྱི་མི་རིགས་ཤིག་གཏན་ནས་མིན། མིའི་སྤྱི་ཚོགས་འཕེལ་རྒྱས་བྱུང་པའི་བརྒྱུད་རིམ་ཁྲོད།རང་རེའི་མེས་པོ་རྣམས་ཀྱིས་ཀྱང་འོད་སྟོང་འབར་པའི་བསམ་བློ་དང་དངོས་བོའི་དཔལ་ཡོན་གཞལ་དུ་མེད་པ་ཞིག་བསྐྲུན་ཡོད་པས། ང་ཚོ་བོད་རིགས་སློབ་མ་རྣམས་ཀྱིས་ངེས་བར་དུ་མི་རིགས་རང་ཉིད་ཀྱི་ལོ་རྒྱས་དང་རིག་གཞུང་གཙོ་འཛིན་བྱེད་དགོས། ཁྱོད་ཚོ་སློབ་ཕྲུག་རྣམ་པ་ནི་མི་རིགས་ཀྱི་མ་འོངས་པའི་རེ་པ་ཡིན་པས། ངེས་བར་དུ་མི་རིགས་རང་ཉིད་ཀྱི་སྐད་ཡིག་གིས་གཙོས་རིག་གནས་ཁག་ལེགས་པོ་སྦྱངས་ཏེ། དབུས་གཞུང་གིས་ང་ཚོར་སྤྲད་པའི་མི་རིགས་རང་སྐྱོང་ས་ཁུལ་གྱི་སྲིད་ཇུས་དོན་ཐོག་དུ་འཁྱོལ་ཐུབ་པ་བྱ་དགོས། ཁྱེད་རང་ཚོར་སློབ་སྦྱོང་གི་གོ་སྐབས་སྤྲད་པ་འདི་དོན་མེད་ཆུད་ཟས་སུ་གཏོང་མི་རུང༌། ཆང་རག་དང་ཐ་མག ཤོ་སྤག་སོགས་མ་རབ་ཐ་ཆད་ཀྱི་རིགས་ནི་ང་ཚོའི་རིགས་གཞུང་མ་ཡིན་ལ། ཆོས་དང་འཇིགས་རྟེན་གཉིས་ཀའི་ཆ་ནས་སྤང་བྱ་ཞིག་ཡིན། ཅེས་དང༌། གཞན་ཡང་འབྲོག་ཁུལ་མང་པོར་གཟིགས་སྐོར་གནང་སྐབས་གསུང་དོན། དད་ལྡན་མང་ཚོགས་ལ་ཕྲུ་གུ་ཆུང་དུས་སློབ་གྲྭ་གཏོང་བ་གལ་ཆེ་བ་དང༌། མི་རིགས་རང་ཉིད་ཀྱི་ཆོས་རིགས་གོམས་གཤིས་འཛིན་ཐུབ་པ་ཞིག་བསྐྱེད་བསྲིང་བྱེད་དགོས།ཞེས་སློབ་སྟོན་གནང༌། མི་རིགས་ས་ཁུལ་གྱི་སློབ་གྲྭ་ཞིག་ཡིན་ན་ངེས་བར་དུ་རང་རེའི་ཆ་ལུགས་ཀྱི་གོས་གྱོན་དགོས། དེ་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་རང་སྐྱོངས་ས་ཁུལ་གྱི་ཁྲིམས་བཞིའི་དགོངས་དོན་ཡིན་པ་མ་ཟད། ས་ཁུལ་འདིར་བསྡོད་བོད་རིགས་མི་དམངས་ཀྱི་ཁྱད་ཆོས་དང་ཐོབ་ཐང་ཞིག་ཀྱང་ཡིན། ཅེས་དང༌། བོད་ཡིག་ནི་ལོ་རྒྱས་རིང་པོ་ཡོད་པའི་སྐད་ཡིག་ཅིག་ཡིན་ཞིང༌། བོད་ཀྱི་རིག་གནས་འདི་སྔ་མོར་དར་རྒྱས་ཤིན་ཏུ་ཆེ། འོན་ཀྱང་སེམས་ཕམ་པ་ཞིག་ནི་ད་ལྟ་རྗེས་སུ་ལུས་འདུག ཅེས་དང༌།མི་རིགས་ལས་བྱེད་པས་རང་གི་མི་རིགས་ཀྱི་དོན་དུ་སྐད་ཆ་ཤོད་རྒྱུའི་ཐོབ་ཐང་ཡོད་ལ་སྐད་ཆ་ཡང་ངེས་བར་དུ་བཤད་དགོས། དེ་འདྲ་བྱས་ན་ད་གཟོད་མི་རིགས་ཀྱི་ལས་བྱེད་པའི་ནུས་པ་ཐོན་ཐུབ་རྒྱུ་རེད། བོད་རིགས་ལས་བྱེད་པའི་རྒྱ་ཡིག་རྒྱ་སྐད་བེད་སྤྱོད་བྱེད་པ་ནི་ལས་ཁུངས་ནང་ཡོད་པའི་རྒྱ་རིགས་ལས་བྱེད་པ་ཚོ་སྟབས་བདེའི་ཆེད་ཁོ་ན་རེད། ང་རང་གི་རྒྱ་སྐད་བཤད་ཤེས་པ་འདི་ང་རང་གི་འཇོན་ཐང་དང་ཡོན་ཏན་རེད། གལ་སྲིད་ངས་མ་ཤེས་པ་ཡིན་ནའང་ངོ་ཚ་དགོས་དོན་མེད། འོན་ཀྱང་གལ་སྲིད་ང་རང་གིས་བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན། དེ་ནི་ང་རང་གི་ཞབས་འདྲེན་ཡིན་པས་ང་རང་ངོ་ཚ་དགོས་པ་ཞིག་རེད། ཅེས་དང༌། ད་ལྟ་ཁྱེད་རང་ཚོས་བོད་ཡིག་ཡག་པོ་སྦྱོངས་དགོས།ཁྱེད་རང་ཚོའི་སློབ་ཚན་བཀོད་སྒྲིག་ཐད་བོད་ཡིག་སློབ་ཚན་ཅུང་ཟད་ཉུང་དྲགས་འདུག འདི་ལྟར་བྱས་ན་བོད་ཡིག་ཡག་པོ་སྦྱོང་མི་ཐུབ། བོད་ཡིག་བེད་སྤྱོད་གཏོང་རྒྱུ་འདི་བོད་རྒྱ་ཆེའི་མི་དམངས་ལ་ཕན་ཐོག་ཡོད་པ་དངོས་ཡོད་གནས་ཚུལ་གསལ་པོ་ཆགས་མི་འདུག་གམ། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་གཏོང་རྒྱུའི་གནད་དོན་འདི་ནི་ཆུང་ཆུང་གཏན་ནས་མིན། དེ་ནི་ཆབ་སྲིད་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན། ཞེས་དང༌། མི་ལ་གདོང་མཆོང་ངར་ཤུགས་དགོས་ལ། དཀའ་སྤྱོད་འབད་བརྩོན་བྱེད་དགོས། རང་ལ་ཡིད་ཆེས་ཀྱང་དགོས། དེང་སྐབས་ང་ཚོར་དཀོན་པ་ནི་རང་ལ་ཡིད་ཆེས་བྱེད་པ་འདི་ཡིན། མི་ལ་རང་བཀུར་གྱི་སེམས་དགོས་ལ། མི་རིགས་ལ་རང་ཉིད་ཀྱི་ལ་རྒྱ་ཧ་ཅང་མཁོ། མི་རིགས་ལས་བྱེད་པར་མི་རིགས་རང་ལ་བརྩེ་དུང་ངེས་བར་དུ་ཡོད་དགོས། རང་མི་རིགས་ཀྱི་ཆེད་དུ་སྐད་ཆ་བཤད་པ་དང༌། རང་གི་མི་རིགས་ཀྱི་དོན་དུ་བྱ་བ་ལེགས་པོ་བསྒྲུབ་དགོས། དེ་མིན་ན་དེ་ལྟ་བུའི་མི་རིགས་ལས་བྱེད་པའི་ཅི་བྱེད། ཅེས་དང༌། བོད་ཀྱི་རིག་པ་ཟེར་པ་འདི་ལ་རྨང་གཞི་དགོས་པ་ཡིན། རྨང་གཞི་དེ་གང་ཡིན་ཞེ་ན། བོད་ཀྱི་ཆོས་ལུགས་དང་བོད་ཀྱི་རིག་གནས་ཟེར་པ་འདི་གཉིས་ཡིན། དེ་གཉིས་ལ་ང་ཚོས་ད་བར་མཐོང་ཆུང་བྱས་པ་ལས། མཐོང་ཆེན་ཞིག་གཏན་ནས་བྱས་ཡོད་པ་མ་རེད།ཅེས་གསུངས༌། སློབ་མ་བསྡུ་པ་དང་ལས་བྱེད་པ་བསྡུ་ལེན་བྱེད་སྐབས་བོད་ཡིག་གཙོ་བོར་འཛིན་དགོས། ཅེས་དང༌། བོད་ཡིན་ནབོད་ཡིག་སློབ་དགོས། ལ་ལའི་བུ་རབས་ཚ་རྒྱུད་དང་བཅས་རང་སྐད་ཡལ་བར་དོར་ནས་གཞན་སྐད་ལ་བརྩོན་པ་ནི། མི་རིགས་རང་ལ་མཚོན་ན། རྟ་ཐོག་ནས་གཡག་ཐོག་ཏུ་ཞོན་པ་ལས་མ་འདས་ཏེ།བོད་མི་རིགས་ཞིག་ཡིན་ན། བོད་ཡིག་ཤེས་དགོས། བོད་ཡིག་མ་ཤེས་ན་ངོ་ཚ་བའི་གནས་རེད། ཅེས་དང༌། མི་རིགས་ཀྱི་ལ་རྒྱ་ཞེས་པ་ཧ་གོ་དགོས། དེ་ནི་ཁ་མཆུ་འཁོན་འཛིངས་འཐབ་རྩོད་ཆགས་སྡང་གི་ལ་རྒྱ་ལྟ་བུ་ཞིག་གཏན་ནས་མ་ཡིན་པར་མི་རིགས་ལ་མི་རིགས་ཀྱི་འདུ་ཤེས་ཡོད་དགོས་ཤིང༌། སྐད་དང་ཡི་གེ་སོགས་མི་རིགས་ཀྱི་ཁྱད་ཆོས་གཙོ་བོ་རྣམས་རང་སྐྱོང་རང་བདག་གི་ལ་རྒྱ་དང་རང་ཚིགས་ཡོད་དགོས་པར་གསུངས༌། ངས་རྒྱ་ཡིག་སྦྱོང་དགོས་ཀྱི་མ་རེད་ཟེར་བ་མིན། བོད་རིགས་ཡིན་ཕྱིན་སྔོན་ལ་བོད་ཡིག་ཡག་པོ་སྦྱངས་ནས་དེའི་རྗེས་རྒྱ་ཡིག་སྦྱོང་དགོས་ནི་རེད། བོད་རིགས་ཡིན་ཕྱིན་སྔོན་ལ་བོད་ཡིག་མ་ཤེས་ན་ངོ་ཚ་རེད། བོད་ལ་བོད་ཡིག་གཙོ་པོ་ཡིན་པ་ནི་དངོས་སུ་གསལ་སྨོས་མ་དགོས་པ་ཞིག་རེད། ད་ལྟ་བོད་ནས་བོད་ཡིག་བེད་སྤྱོད་མི་གཏོང་པ་དེ་ཁྲིམས་དང་འགའ་བ་མ་རེད་དམ། ཀྲུང་དབྱང་གི་ཡིག་ཨང་དྲུག་པའི་ནང་དུ། བོད་ཡིག་གཙོ་བོ་བྱེད་དགོས་པ་དེ་གསལ་པོར་གསུངས་ཡོད་པ་རེད། ཅེས་གསུངས་སོ།། །།
གཟིགས་དང་ཁོང་གི་སྐུ་ཚེ་གང་བོར་བོད་པ་ཚང་གཉའ་གནོན་འོག་ན་ཡོད་ཀྱང་། ཐབས་མཁས་པོ་སྒོ་ནས་བོད་ཡིག་ལ་མཐོང་ཆེན་བྱེད་དགོས་པའི་བཀའ་སློབ་འདི་འདྲ་གནང་འདུག་ན། ངེད་ཅག་རང་དབང་གི་ཡུལ་ན་ཡོད་པ་ཚོས་ད་ནི་ཁ་རྒྱག་པ་བཤད་དེ་འདུག་ཚོད་མིན་པ་གསལ་བོ་ཤེས་ན་རེད།
དགེ་བདུན་ལགས། ཁྱེད་ཀྱིས་གི་སྒྲ་རྣམ་དབྱེ་དྲུག་པ་མི་ཡིན་པའི་དོན་གཞན་ལ་འཇུག་ཚུལ་གྱི་སྐོར་མང་པོ་ཞིག་བཤད་ནས་ཡི་གེའི་མིང་མཐའ་འདྲེན་ཚུལ་གྱང་དཀྲུགས་འདུག་པས་ཧ་ཅང་བློ་ཕམ་བྱུང། དེ་རིང་ཁྱེད་ལ་ཡང་བསྐྱར་ཨུ་ཚུགས་བརྒྱབ་ནས་གནས་ལུགས་ཐུང་ཐུང་ཞིག་འབྲིའོ། ། དེའང་ཁྱེད་ཀྱིས་གི་སྒྲ་རྣམ་དབྱེ་དྲུག་པ་མ་ཡིན་པའི་དོན་གཞན་ལ་འཇུག་པའི་སྐབས་ཀྱང་ཡོད་པས་མིང་མཐའ་འདྲེན་ཚུལ་གྱང་མི་འདྲ་ཟེར་ནས་འུར་སྒྲོག་བཞིན་པ་རྟགས་མཇུག་གི་སྐབས་ཀྱི་མིང་མཐའ་འདྲེན་ཚུལ་དང་རྣམ་དབྱེའི་དགོས་པ་དང་འབྲེལ་བ་མ་རྟོགས་པའི་སྐྱོན་དུ་ཟད་དེ། རྟགས་འཇུག་ལས། རྟགས་མཚུངས་པ་འམ་སྒྲ་མཐུན་པའི།། རྣམ་དབྱེ་བརྒྱད་དང་སླར་བསྡུ་སོགས། ། སྔ་མའི་ཤུགས་དང་མཐུན་པར་འདྲེན། ། ཞེས་པའི་ཚིག་འདིས་རྣམ་དབྱེ་བརྒྱད་དང་སླར་བསྡུ་སོགས་ཡོད་ཚད་ཀྱི་ཚིག་ཕྲད་སྦྱོར་ཚུལ་ཚང་མ་གཏན་ལ་ཕབས་པ་རེད། རྟགས་མཚུངས་སམ་ཡང་ན་སྒྲ་མཐུན་ཁོ་ན་ལས་འགྲོ་ས་གཞན་མེད། རྗེས་མཇུག་ད་བ་ས་གསུམ་གྱི་རྗེས་སུ་ཀྱི་ཐོབ་པ་རྟགས་མཚུངས་འདྲེན་པ་སྟེ། ད་བ་ས་གསུམ་རྗེས་འཇུག་ཕོ་ཡིག་ཡིན་པ་དང་ཀྱི་ཡི་རྨང་གཞི་ཀ་ཕོ་ཡིན་པས་རྟགས་མཚུངས་སམ་ཕོ་ཡིས་ཕོ་ཡི་མིང་མཐའ་འདྲེན་པ་རེད། རྣམ་དབྱེ་དང་སླར་བསྡུ་ལྷག་བཅས་སོགས་ཚང་མས་མིང་མཐའ་འདྲེན་ཚུལ་འདི་གཉིས་དང་འགལ་ཆོག་གི་ཡོད་པ་མ་རེད། མིང་མཐའ་འདྲེན་ཚུལ་འདི་གཉིས་རྨང་གཞིར་བཏིང་ནས་རྣམ་དབྱེ་སོ་སོའི་ཕྲད་སྦྱོར་ཚུལ་གཏན་ཁེལ་བ་རེད།
ཐ་ན་མིང་ཚིག་གི་ཆ་ཕྱི་མ་འདྲེན་ཚུལ་གྱང་རྟགས་མཚུངས་སམ་ཡང་ན་སྒྲ་མཐུན་ཁོ་ནར་བརྟེན་ནས་གཏན་ལ་ཕབ་པ་རེད། ཡང་སྙིང་མིང་དང་ཕྲད་གང་གི་སྐབས་སུའང་མིང་མཐའ་ཕྱི་མ་ཡི་གེ་མ་ཕོ་མོ་མ་ནིང་གང་ཞིག་ཐོབ་མིན་སྔ་མ་དེའི་རྗེས་འཇུག་གིས་ཐག་གཅོད་པ་ལས། རྣམ་དབྱེ་གང་ཡིན་ལ་འབྲེལ་བ་མེད་རེད། དེའི་ཕྱིར་ཁྱེད་ཀྱིས་དཔེར་ན་བྱེད་ཀྱི་འདུག་ལྟ་བུ་རྣམ་དབྱེ་དྲུག་པ་མ་རེད། དེའི་ཕྱིར་ཕྲད་གི་སྦྱོར་དགོས་པ་རེད་ཟེར་བ། ལུག་ཤ་བསྟན་ནས་ཁྱི་ཤ་བཙོང་བ་དང་གཅིག་པ་རེད། དེང་སང་བཙན་བྱོལ་སྤྱི་ཚོགས་ནང་བབ་ཆགས་ཕྲན་བུ་ཡོད་མཁན་དང་། ཕྱི་ཚུལ་ལ་གཟབ་ནན་གྱི་བཟོ་ལྟ་ཕྲན་བུ་ཡོད་མཁན་རབ་གསལ་ལྟ་བུའམ་འདི་ཙམ་ལས་མི་འདུག་བསམ་ན། སེམས་གཏིང་ནས་ཡིད་ཆད་དང་སྐྱོ་གདུང་དྲག་པོ་མེ་རི་ལྟར་འཕྱུར་ཡོང་པས་གནས་ལུགས་བརྗོད་འདོད་ཀྱི་ཀུན་སློང་རང་བཞིན་གྱིས་འགག་འགྲོ་གི་འདུག འདིར་མན་ངག་ཏིག་ཏིག་གཅིག་འབུལ་ཆོག ༡ དེའང་རྟགས་མཚུངས་འདྲེན་པ་ཡིན་ན་བརྗོད་བདེ་འདྲེན་པ་རང་བཞིན་གྱིས་ཡིན་ལ། ༢ བརྗོད་བདེ་འདྲེན་པ་ཡིན་ན་རྟགས་མཚུངས་འདྲེན་པ་ཡིན་པས་མ་ཁྱབ། ༣ རྣམ་དབྱེ་དང་རྟགས་འཇུག་གི་མིང་མཐའ་འདྲེན་ཚུལ་གཉིས་ལས་ཕྱི་མ་རྟགས་འཇུག་གི་མིང་མཐའ་འདྲེན་ཚུལ་དབང་བཙན་པ་རེད། དཔེར་ན་ལ་དོན་བདུན་པོའང་རྣམ་དབྱེ་གཉིས་བཞི་བདུན་པ་དང་། དེ་ཉིད་ཚེ་སྐབས་སོགས་དོན་མི་འདྲ་བ་མང་དུ་འཇུག་ཀྱང་། ཕྲད་ཀྱི་འཇུག་ཚུལ་ས་སུ་ག་བ་དྲག་མཐར་ཏུ། །ང་ད་ན་མ་ར་ལ་དུ། །འ་དང་མཐའ་མེད་ར་དང་རུ། ། ཞེས་པ་དེ་གཅིག་པོ་ལས་མེད། ནང་གསེས་དཔེར་བརྗོད་ཚིག་ཕྲད་སུ་རྣམ་དབྱེ་གཉིས་བཞིན་བདུན་པ་དང་དེ་ཉིད་ཚེ་སྐབས་སོགས་མང་པོར་འཇུག་ཀྱང་ས་ཡི་རྗེས་ལ་སུ་འབྲི་དགོས་པ་གཅིག་མཚུངས་ལས་འགྱུར་རྒྱུ་མེད་པ་ལྟ་བུ་རེད། ། འོན་ཀྱང་མི་གསུམ་གྲབས་འཆམ་ན་དྲང་སྲུང་ར་མ་ཁྱིར་བསྒྱུར་ཟེར་བ་ལྟར། དཔེ་མཇོད་ཀྱི་ན་ག་སངས་དར་དང་སྤྱི་འཐུས་བེ་འཇིགས། དུས་བབ་དོན་གྲུབ་བཀྲ་ཤིས་དང་རབ་གསལ་སོགས་གྲབས་འཆམ་ནས་ཐོན་མིའི་རྟགས་འཇུག་ཀྱང་ནུས་མེད་བྱས་འདུག། ཕྱོགས་ཙམ་ལས་མི་རྒན་སྡོང་རྒན་འདྲ་བོ་རྐྱང་རྐྱང་ལ་རྟགས་འཇུག་ཕྲུ་གུར་འཆད་པ་ལྟར་བཤད་རྒྱུར་སུན་ཆེ་བས། རང་དོན་རང་གཅེས་དང་རང་ངོ་རང་ཤེས་གནང་རྒྱུའི་འབོད་སྐུལ་ཞུ།
རྣམ་དབྱེ་དྲུག་པ་ལའང་དྲུག་པ་དངོས་དང་དྲུག་པའི་རྗེས་མཐུན་གྱི་རྣམ་དབྱེ། དྲུག་པ་ཆ་འདྲ་སོགས་ནང་གསེས་མང་པོ་དབྱེ་རྒྱུ་ཡོད་སྙམ།
དགེ་བདུན་ལགས། ཁྱེད་ཀྱིས་གི་སྒྲ་རྣམ་དབྱེ་དྲུག་པ་མི་ཡིན་པའི་དོན་གཞན་ལ་འཇུག་ཚུལ་གྱི་སྐོར་མང་པོ་ཞིག་བཤད་ནས་ཡི་གེའི་མིང་མཐའ་འདྲེན་ཚུལ་གྱང་དཀྲུགས་འདུག་པས་ཧ་ཅང་བློ་ཕམ་བྱུང། དེ་རིང་ཁྱེད་ལ་ཡང་བསྐྱར་ཨུ་ཚུགས་བརྒྱབ་ནས་གནས་ལུགས་ཐུང་ཐུང་ཞིག་འབྲིའོ། ། དེའང་ཁྱེད་ཀྱིས་གི་སྒྲ་རྣམ་དབྱེ་དྲུག་པ་མ་ཡིན་པའི་དོན་གཞན་ལ་འཇུག་པའི་སྐབས་ཀྱང་ཡོད་པས་མིང་མཐའ་འདྲེན་ཚུལ་གྱང་མི་འདྲ་ཟེར་ནས་འུར་སྒྲོག་བཞིན་པ་རྟགས་མཇུག་གི་སྐབས་ཀྱི་མིང་མཐའ་འདྲེན་ཚུལ་དང་རྣམ་དབྱེའི་དགོས་པ་དང་འབྲེལ་བ་མ་རྟོགས་པའི་སྐྱོན་དུ་ཟད་དེ། རྟགས་འཇུག་ལས། རྟགས་མཚུངས་པ་འམ་སྒྲ་མཐུན་པའི།། རྣམ་དབྱེ་བརྒྱད་དང་སླར་བསྡུ་སོགས། ། སྔ་མའི་ཤུགས་དང་མཐུན་པར་འདྲེན། ། ཞེས་པའི་ཚིག་འདིས་རྣམ་དབྱེ་བརྒྱད་དང་སླར་བསྡུ་སོགས་ཡོད་ཚད་ཀྱི་ཚིག་ཕྲད་སྦྱོར་ཚུལ་ཚང་མ་གཏན་ལ་ཕབས་པ་རེད། རྟགས་མཚུངས་སམ་ཡང་ན་སྒྲ་མཐུན་ཁོ་ན་ལས་འགྲོ་ས་གཞན་མེད། རྗེས་མཇུག་ད་བ་ས་གསུམ་གྱི་རྗེས་སུ་ཀྱི་ཐོབ་པ་རྟགས་མཚུངས་འདྲེན་པ་སྟེ། ད་བ་ས་གསུམ་རྗེས་འཇུག་ཕོ་ཡིག་ཡིན་པ་དང་ཀྱི་ཡི་རྨང་གཞི་ཀ་ཕོ་ཡིན་པས་རྟགས་མཚུངས་སམ་ཕོ་ཡིས་ཕོ་ཡི་མིང་མཐའ་འདྲེན་པ་རེད། རྣམ་དབྱེ་དང་སླར་བསྡུ་ལྷག་བཅས་སོགས་ཕྲད་གང་འདྲ་ཞིག་ཡིན་ཡང་རྟགས་མཇུག་གི་མིང་མཐའ་འདྲེན་ཚུལ་དང་འགལ་ཆོག་གི་ཡོད་པ་མ་རེད། མིང་མཐའ་འདྲེན་ཚུལ་འདི་གཉིས་ཀྱི་ཐོག་ནས་རྣམ་དབྱེ་སོ་སོའི་ཕྲད་སྦྱོར་ཚུལ་གཏན་ཁེལ་བ་རེད།
ཐ་ན་མིང་ཚིག་གི་ཆ་ཕྱི་མ་འདྲེན་ཚུལ་གྱང་རྟགས་མཚུངས་སམ་ཡང་ན་སྒྲ་མཐུན་ཁོ་ནར་བརྟེན་ནས་གཏན་ལ་ཕབ་པ་རེད། ཡང་སྙིང་མིང་དང་ཕྲད་གང་གི་སྐབས་སུའང་མིང་མཐའ་ཕྱི་མ་ཡི་གེ་ཕོ་མོ་མ་ནིང་གང་ཞིག་ཐོབ་མིན་སྔ་མ་དེའི་རྗེས་འཇུག་གིས་ཐག་གཅོད་པ་ལས། རྣམ་དབྱེ་གང་ཡིན་ལ་འབྲེལ་བ་མེད་རེད། དེའི་ཕྱིར་ཁྱེད་ཀྱིས་དཔེར་ན་བྱེད་ཀྱི་འདུག་ལྟ་བུ་རྣམ་དབྱེ་དྲུག་པ་མ་རེད། དེའི་ཕྱིར་ཕྲད་གི་སྦྱོར་དགོས་པ་རེད་ཟེར་བ། ལུག་ཤ་བསྟན་ནས་ཁྱི་ཤ་བཙོང་བ་དང་གཅིག་པ་རེད། དེང་སང་བཙན་བྱོལ་སྤྱི་ཚོགས་ནང་བབ་ཆགས་ཕྲན་བུ་ཡོད་མཁན་དང་། ཕྱི་ཚུལ་ལ་གཟབ་ནན་གྱི་བཟོ་ལྟ་ཕྲན་བུ་ཡོད་མཁན་རབ་གསལ་ལྟ་བུའམ་འདི་ཙམ་ལས་མི་འདུག་བསམ་ན། སེམས་གཏིང་ནས་ཡིད་ཆད་དང་སྐྱོ་གདུང་དྲག་པོ་མེ་རི་ལྟར་འཕྱུར་ཡོང་པས་གནས་ལུགས་བརྗོད་འདོད་ཀྱི་ཀུན་སློང་རང་བཞིན་གྱིས་འགག་འགྲོ་གི་འདུག འདིར་མན་ངག་ཏིག་ཏིག་གཅིག་འབུལ་ཆོག ༡ དེའང་རྟགས་མཚུངས་འདྲེན་པ་ཡིན་ན་བརྗོད་བདེ་འདྲེན་པ་རང་བཞིན་གྱིས་ཡིན་ལ། ༢ བརྗོད་བདེ་འདྲེན་པ་ཡིན་ན་རྟགས་མཚུངས་འདྲེན་པ་ཡིན་པས་མ་ཁྱབ། ༣ རྣམ་དབྱེ་དང་རྟགས་འཇུག་གི་མིང་མཐའ་འདྲེན་ཚུལ་གཉིས་ལས་ཕྱི་མ་རྟགས་འཇུག་གི་མིང་མཐའ་འདྲེན་ཚུལ་དབང་བཙན་པ་རེད། དཔེར་ན་ལ་དོན་བདུན་པོའང་རྣམ་དབྱེ་གཉིས་བཞི་བདུན་པ་དང་། དེ་ཉིད་ཚེ་སྐབས་སོགས་དོན་མི་འདྲ་བ་མང་དུ་འཇུག་ཀྱང་། ཕྲད་ཀྱི་འཇུག་ཚུལ་ས་སུ་ག་བ་དྲག་མཐར་ཏུ། །ང་ད་ན་མ་ར་ལ་དུ། །འ་དང་མཐའ་མེད་ར་དང་རུ། ། ཞེས་པ་དེ་གཅིག་པོ་ལས་མེད། ནང་གསེས་དཔེར་བརྗོད་ཚིག་ཕྲད་སུ་རྣམ་དབྱེ་གཉིས་བཞི་བདུན་པ་དང་དེ་ཉིད་ཚེ་སྐབས་སོགས་མང་པོར་འཇུག་ཀྱང་ས་ཡི་རྗེས་ལ་སུ་འབྲི་དགོས་པ་གཅིག་མཚུངས་ལས་འགྱུར་རྒྱུ་མེད་པ་ལྟ་བུ་རེད། ། འོན་ཀྱང་མི་གསུམ་གྲབས་འཆམ་ན་དྲང་སྲུང་ར་མ་ཁྱིར་བསྒྱུར་ཟེར་བ་ལྟར། དཔེ་མཇོད་ཀྱི་ན་ག་སངས་དར་དང་སྤྱི་འཐུས་བེ་འཇིགས། དུས་བབ་དོན་གྲུབ་བཀྲ་ཤིས་དང་རབ་གསལ་སོགས་གྲབས་འཆམ་ནས་ཐོན་མིའི་རྟགས་འཇུག་ཀྱང་ནུས་མེད་བྱས་འདུག། ཕྱོགས་ཙམ་ལས་མི་རྒན་སྡོང་རྒན་འདྲ་བོ་རྐྱང་རྐྱང་ལ་རྟགས་འཇུག་ཕྲུ་གུར་འཆད་པ་ལྟར་བཤད་རྒྱུར་སུན་ཆེ་བས། རང་དོན་རང་གཅེས་དང་རང་ངོ་རང་ཤེས་གནང་རྒྱུའི་འབོད་སྐུལ་ཞུ།
རྣམ་དབྱེ་དྲུག་པ་ལའང་དྲུག་པ་དངོས་དང་དྲུག་པའི་རྗེས་མཐུན་གྱི་རྣམ་དབྱེ། དྲུག་པ་ཆ་འདྲ་སོགས་ནང་གསེས་མང་པོ་དབྱེ་རྒྱུ་ཡོད་སྙམ།
ང་གི་འདི་རབ་གསལ་གི་སུམ་རྟགས་གི་གཞུང་གི་འགྲོ་སྟངས་གི་ཁྲིམས་དང་མཐུན་གི་མེད་གི་མོད། རྒད་པོ་ཐོན་མི་གི་རྗེས་འཇུག་གི་མི་ཞིག་ཡིན་གི་ཡོད་ཙང་དེ་འདྲ་རེད། འོན་ཀྱང་སྐབས་རེ་རབ་གསལ་དང་ན་ག་དང་བེ་རི་ཚང་མའི་ཤེས་ཡོན་ཚང་མ་བསྡོམ་ནའང་རྒད་པོ་ཐོན་མིར་མི་དོ་གི་བསམ་མོད། བུ་ཐོན་ལས་བུ་ཁོ་ཚོ་ངར་བ་ཁོ་ཐག་རེད།
རྟགས་འཇུག་གི་མིང་མཐའ་འདྲེན་ཚུལ་དེས་པ་པོ་བ་བོའི་རྩོད་པ་མཇུག་སྒྲིལ་མ་ནུས་པར་ལུས་ཡོད་པ་རེད། དེ་ནས་ཐོན་མི་དང་སུམ་རྟགས་ཀྱི་རྣམ་གཞག་རང་རྐྱ་བ་ཞིག་འཆད་ཀྱི་འདུག བཀས་བཅད་རིམ་པ་གསུམ་གྱི་སྐབས་སུ་སུམ་རྟགས་ཀྱི་རྩ་ཚིག་ལ་འགྱུར་བ་སོང་ཡོད་པ་རེད། དེ་ནས་ས་པཎ་གཡས་གཡོན་གྱི་མཁས་པ་ཚོའི་རྣམ་ཐར་ན་སྨྲ་སྒོ་སྦྱང་རབས་ལས་སུམ་རྟགས་སྦྱངས་རབས་བཤད་མི་འདུག ཡོད་ན་ང་ལ་བློ་སྐྱེད་ཡིན་པས་གསུངས་རོགས་གནང་། འཕགས་པའི་གསུང་འབུམ་ན་ཡོད་པའི་ཡི་གེའི་སྦྱོར་བ་ཞེས་པའི་བསྟན་བཅོས་དེ་ནི་སུམ་རྟགས་རྩ་བ་ལ་ཚིག་ལ་ཚིག་བཤུས་ལྟར་འདུག་པས་དེ་ལ་དགོངས་བཞེས་གནང་དགོས་པ་འདུག སུམ་རྟགས་རྩ་འགྲེལ་གྱིས་བོད་སྐད་ཀྱི་རྗོད་པའི་རྣམ་གཞག་ཆ་ཚང་བ་རེ་སྟོན་གྱི་ཡོད་ན་ང་ལ་དེ་ལས་ལྷག་ཅིག་གང་དགོས། དེ་མེད་པའི་སྡུག་ཡུས་དེ་མཁས་དབང་ཚེ་ཞབས་དང་དམུ་དགེ་སོགས་ཀྱིས་གསུངས་འདུག སྐད་ཆ་ཆེན་པོ་བཤད་དགོས་དོན་གང་ཡོད། ཡིན་དང་རེད་ཅེས་པའི་ལས་ཚིག་རྗེས་མཐུན་པ་འཇུག་ཚུལ་དེ་དག་ཡིག་གསར་སྒྲིག་གི་གོང་དུ་སུ་གཅིག་གིས་ཀྱང་བཤད་མེད་པ་རེད། ཡོད་ན་གང་དུ་ཡོད་གསུངས་ཤིག དེ་ནས་ཐུ་མིའི་་བསྟན་བཅོས་བརྒྱད་ནས་དྲུག་བོར་བ་འདི་བདེན་ན་དེ་དག་གི་བརྗོད་གཞི་གང་ཡིན་ཐད་ལ་ཚོད་དཔག་ཅིག་གསུངས་དང་། དེ་དག་གི་གྲས་སུ་རྗོད་པའི་རྣམ་དབྱེ་ཞིག་ཡོད་པ་ནི་གོར་མ་ཆག དེ་རིང་འདི་ཙམ་ཡིན།
ཕྲད་ཀྱི་སྦྱོར་ཚུལ་རྣམ་དབྱེས་ཐག་བཅད་པ་རེད་དམ། ཡང་ན་རྟགས་འཇུག་གིས་གཏན་ལ་ཕབ་པ་རེད་དམ།
བྱེད་ཀྱི་འདུག་ལྟ་བུ་རྣམ་དབྱེ་དྲུག་པ་མིན་པས་གི་སྦྱོར་དགོས་པ་རེད་ཟེར་ན་སྒལ་ཚིགས་ནང་ནས་དགོད་ཤོར་ཡོང་གི་འདུག གི་དང་ཀྱི་གང་སྦྱོར་རྣམ་དྲུག་པ་ཡིན་མིན་ལ་འབྲེལ་བ་ཡོད་པ་མ་རེད། དེ་མིང་མཐའ་འདྲེན་ཚུལ་ཁོ་ནའི་གནད་དོན་ཞིག་རེད། གལ་སྲིད་ཁྱེད་ཀྱིས་བྱེད་གི་འདུག་ཟེར་ན་བརྗོད་བདེ་འདྲེན་པ་རེད་ཟེར་ན། ད་དུང་རྣམ་དབྱེ་དྲུག་མིན་པས་ཟེར་བ་དྲགས་ཙམ་ཡོང་མོད། དེ་ཙམ་ཡང་མ་དྲན་པ་སྐྱོ་བོ་རེད།
“ཕྲད་”ཀྱི་གོ་དོན་གང་ལ་ཟེར། ངས་ “རྣམ་དབྱེ་”ཞེས་བྲིས་པ་དེ་རྣམ་གཞག་ཅེས་པའི་གོ་དོན་དང་སྦྱར་ནས་བཤད་ཡོད། ཕྲད་ཅེས་པ་དེ་དུམ་བུ་གཉིས་སྦྱོར་བྱད་ཀྱི་ཚིག་ཕྲད་ཅིག་ལ་གོ་བའི་དབང་དུ་བཏང་ན། འདི་ནི་ཧ་ཅང་རྒྱ་ཆེ་བ་ཞིག་རེད།
བྱེད་ཀྱི་འདུག་ལྟ་བུ་རྣམ་དབྱེ་དྲུག་པ་མིན་པས་གི་སྦྱོར་དགོས་པ་རེད་ཟེར་ན་སྒལ་ཚིགས་ནང་ནས་དགོད་ཤོར་ཡོང་གི་འདུག གི་དང་ཀྱི་གང་སྦྱོར་རྣམ་དྲུག་པ་ཡིན་མིན་ལ་འབྲེལ་བ་ཡོད་པ་མ་རེད། དེ་ནི་རྗེས་འཇུ་དང་ཚིག་ཕྲད་བར་གྱི་སྒེར་གྱི་གནད་དོན་ཞིག་ཡིན་པ་ལས། གི་འབྲི་དང་ཀྱི་འབྲི་རྣམ་དབྱེ་དྲུག་པ་ལ་ཇུས་གཏོགས་ཡོད་པ་མ་རེད། དེ་མིང་མཐའ་འདྲེན་ཚུལ་ཁོ་ནའི་གནད་དོན་ཞིག་རེད། གལ་སྲིད་ཁྱེད་ཀྱིས་བྱེད་གི་འདུག་ཟེར་ན་བརྗོད་བདེ་འདྲེན་པ་རེད་ཟེར་ན། ད་དུང་རྣམ་དབྱེ་དྲུག་མིན་པས་ཟེར་བ་ལས་དྲགས་ཙམ་ཡོང་མོད། དེ་ཙམ་ཡང་མ་དྲན་པ་སྐྱོ་བོ་རེད།
སྟག་སྨྱོན་ལགས།
གང་ཞིག་གཟིགས་ཤིང་གསུངས་པ་ཡི།།
མཁྱེན་དང་སྟོན་པ་བླ་ན་མེད།།
རྒྱལ་བ་རྟེན་ཅིང་འབྲེལ་བར་འབྱུང་།།
གཟིགས་ཤིང་འདོམས་པ་དེ་ལ་འདུད།། ཅེས་པའི་ཚིག་གྲུབ་འདིའི་ནང་གི་ “ཡི་”དེ་ལ་འགྲེལ་བཤད་ཅིག་གནང་རོགས།
རབ་གསལ་ལགས་ཁྱེད་ཡིན་ན། བེ་རི་སོགས་དང་འདྲ་བར་ཆོས་པའི་མགོ་དང་ཆབ་སྲིད་པའི་མགོ མཁས་པའི་མགོ་དང་སྙན་ངག་པའི་མགོ། རྩོམ་པ་པོའི་མགོ་དང་ལྷག་བསམ་ཅན་གྱི་མགོ་སོགས་རྣམ་པ་སྣ་ཚོགས་འཁྲབ་བྱེད་ཀྱི་མགོ་རྫུན་མ་མང་པོ་ཡོད་མཁན་ཞིག་མིན་པར། ཤེས་ཡོན་པ་དྭངས་མ་ཞིག་ཡིན་ན་གཟབ་ནན་མང་ཙམ་གནང་བ་ལས། ཚོད་ཚོད་དང་རིག་འདྲ་ལབ་རྡོལ་མ་བྱས་ན་བཟང་གི་རེད།
དེས་ན། བྱེད་ཀྱི་འདུག་དང་བསྟུན་གྱི་ཡོད་ཅེས་བྲིས་ཚེ་འགྲིག་པ་ཞིག་ཡིན་པ་ཤུགས་ཀྱིས་བསྟན་འདུག་ན། གོམ་གང་མདུན་སྤོས་ཤིག་རེད། ཁྱེད་ཀྱིས་མ་མཐའ་ལ་ཡང་”བྱེད་ཀྱི་འདུག་”ཞེས་པའི་འགྲོ་ལུགས་ཤིག་ཁས་བླངས་པ་རེད། ད་ནི་ “བྱེད་ཀྱི་འདུག་” དང་ “བྱེད་ཀྱི་ཡོད།” “བྱེད་ཀྱི་ཡོད་རེད།”ཟེར་བ་འདི་དག་ཁས་ལེན་ནམ། དེ་ཚོའི་ཁྱད་པར་གང་ཡིན། དེ་ནས། ཚིག་འདི་ལ་བྱེད་པ་པོའི་ཐོག་ནས་ཁྱད་པར་ཡོད་དང་མེད། ཚིག་འདི་དག་གི་ཟླས་དྲངས་པའི་མ་འོངས་པ་དང་འདས་པའི་ཚིག་དེ་གང་འདྲ་ཡིན། དེའི་ཁུངས་གང་ན་ཡོད། འདི་དག་ལ་དགོངས་བཞེས་ཤིག་གནང་རོགས།
དེ་ནས་ གི་ ཞེས་པ་འདི་ཡིན་གཅིག་མིན་གཅིག་རྗེས་འཇུག་ལ་ལྟོས་པའི་ཕྲད་ཡིན་དགོས་པའི་རྒྱུ་མཚན་གང་ཡིན། དེ་ ཞེས་པ་སྐབས་འགར་རྗེས་འཇུག་ལ་ལྟོས་ཤིང་སྐབས་འགར་མ་ལྟོས་པ་དེ་འདྲ་ལ་ཡང་ཡོད་པ་རེད།
ཡི་འབྲེལ་སྒྲ་ཡིན་ཡང་ཚིག་བཅད་ཀྱི་དབང་གིས་ལམ་སང་མཐོང་བ་དང་རྒྱུན་ལྡན་འབྲི་སྟངས་ལས་ཅུང་དམིགས་བསལ་འདྲ་བོ་མཐོང་སྲིད། ཚིག་དེ་ནི་ངས་ཀློག་མྱོང་མེད་ཀྱང་དོན་དེ་དག་དེ་རེད།
ཚིག་དེ་དག་གི་དུས་གསུམ་དང་བྱེད་པ་པོར་ཁྱད་པར་ཡོད་པ་གསལ་བོ་རེད། འོན་ཀྱང་ད་ཡི་རྗེས་སུ་ཀྱི་ཐོབ་པ་ཁྱད་མེད་གཅིག་པ་རེད་ལགས།
གོང་གི་ཚིག་དེ་དག་གི་ཐོག་ནས་ཕྲད་གང་ཡང་དོན་གཞན་ལ་འཇུག་སྲིད་ཀྱང་ཕྱི་མ་འདྲེན་ཚུལ་གཞན་དུ་མི་འགྱུར་བ་གསལ་བོ་མ་རེད་དམ།
གང་ཞིག་གཟིགས་ཤིང་གསུངས་པ་ཡི།། མཁྱེན་དང་སྟོན་པ་བླ་ན་མེད།། ཚིག་ལྷུག་ལ་བཀྲལ་ན་གང་ཞིག་དེ་ཡང་དག་པའི་དོན་གཟིགས་ཤིང་མ་ནོར་བར་གསུངས་པའི་བསྟན་པའི་བདག་པོ་མཁྱེན་པ་དང་ཐར་ལམ་མ་ནོར་སྟོན་པའི་སྟོན་པ་བླ་ན་མེད་པ་ཞེས་འབྲེལ་བ་སྟོན་པ་མ་རེད་དམ།
རེད་ལགས། ཁྱེད་ཀྱིས་གསུངས་པ་ལྟར་རེད་ལགས། བོད་སྐད་སྤྱིའི་འགྲོ་ལུགས་ནི། བྱེད་པ་པོ་ཞིག་གིས་བྱ་བའི་ཡུལ་ལ་བྱ་བ་བྱས་པ་སྟོན་ཟེར་བ་ལྟར། ཐོག་མར་བྱེད་པ་པོ་དང་། དེ་ནས། བྱ་བའི་ཡུལ། དེ་ནས་བྱ་ཚིག་ཡོང་བ་ཡིན་ཡང་། “གང་ཞིག་དེ་ཡང་དག་པའི་དོན་གཟིགས་ཤིང་མ་ནོར་བར་གསུངས་པའི་བསྟན་པའི་བདག་པོ་མཁྱེན་པ་དང་ཐར་ལམ་མ་ནོར་སྟོན་པའི་སྟོན་པ་བླ་ན་མེད་པ་” ཞེས་པ་འདིའི་སྐབས་སུ། བྱ་ཚིག་ “གསུངས་”ལ་ཕྲད་ “པ་”སྦྱར་ནས་མིང་ཚིག་ཏུ་བཟོས། དེ་ལ་ཕྲད་སྦྱར་ནས་བྱེད་པ་པོ་སྟོན་པ་དེ་ཤུལ་དུ་དྲངས་ཡོད་པ་རེད། འདི་འབྲེལ་སྒྲ་ཡིན་དབང་དུ་བཏང་ཚེ། བྱ་ཚིག་ལ་ བདག་སྒྲ་ ལྟ་བུའི་ཕྲད་ཀྱིས་མིང་ཚིག་ཏུ་མ་བསྒྱུར་བར་བྱེད་པ་པོ་ལ་འབྲེལ་ཐབས་མེད་པ་རེད། དཔེར་ན། བོད་ནས་འོངས་པའི་སྟག་སྨྱོན་ཟེར་བ་ལས་ བོད་ནས་འོངས་ཀྱི་སྟག་སྨྱོན་མི་ཟེར་བ་ལྟ་བུ་རེད། ཡང་། “སྟག་སྨྱོན་བོད་ནས་འོངས། ཡུ་རོབ་ལ་སླེབས་”ལྟ་བུ་རྗོད་དུམ་གཉིས་བསྡུ་དགོས་ཤར་ཚེ། “བོད་ནས་འོངས་པའི་སྟག་སྨྱོན་ཡུ་རོབ་ལ་སླེབས”ཞེས་རྗོད་དུམ་གཅིག་གི་ཐོག་ནས་འཆད་ཀྱི་རེད། འདི་འདྲའི་རིགས་མང་ཙམ་གདའ། སུམ་རྟགས་གཞུང་འགྲེལ་དག་ན་འདིའི་འགྲེལ་བཤད་མི་གསལ། མ་རེད་དམ།
མདོར་ན། སུམ་རྟགས་ཀྱི་གཞུང་དུ་མི་གསལ་པའི་རྗོད་པའི་རྣམ་དབྱེའམ་རྣམ་གཞག་དུ་མ་ཞིག་ཡོད་པ་༼དཔེར་ན། འགྲོ་གི་ཡིན། འགྲོ་གི་ཡོད། ཕྱིན་པ་རེད། ལྟ་བུ་དང་། ཁྱད་ཆོས་ཀྱི་ཚིག་དཔེར་ན། རྩམ་པ་ཞིམ་པོ་མགྱོགས་པོར་འཐག་ལྟ་བུ་མིང་ཚིག་དང་བྱ་ཚིག་ལ་ཁྱད་ཆོས་སྦྱོར་ལུགས་མི་འདྲ་བ། ཁྱད་པར་བསྡུར་སྐབས་འོ་མ་དེ་འོ་མ་འདི་ལས་དཀར་ར་དང་ཞིམ་མ་འདུག་སོགས་ ༽དེ་དག་ལ་སུམ་རྟགས་ཀྱི་གཞུང་ན་གསལ་བའི་ཕྲད་ཀྱི་འགྲོ་ལུགས་ཀྱིས་བཙན་སྦྱོར་བྱེད་དགོས་པ་འདུག་གམ་ཞེས་འདྲི་བ་ཡིན།
རྫ་ཁྲ་ཡག་ཕར་ཕྱོགས་མཐོང་སོང་།།
འབྲོང་མགོ་རྡོ་ཡིན་ནོ་ཡིན་ཤེས་སོང་།།
གི་འབྲི་མཁན་དྲ་དཔོན་ཐུག་སོང་།།
ཕུགས་བཤད་རྒྱུ་མེད་པ་མཐོང་སོང་།།
དགོངས་དག
འགྲོ་གི་ཡིན། འགྲོ་གི་ཡོད། ཕྱིན་པ་རེད། འདི་ཚོས་གཙོ་བོ་བྱ་བ་བྱེད་པའི་དུས་སྟོན་པ་རེད། འགྲོ་གི་ཡིན་ཟེར་ན་མ་འོངས་པར་འགྲོ་ངེས་པ་བསྟན་པ་དང། འགྲོ་གི་ཡོད་ལབ་ན་དེང་སང་སློབ་གྲྭ་ལྟ་བུ་ཞིག་ལ་རྒྱུན་ལྡན་གྱིས་འགྲོ་གི་ཡོད་པ་མཚོན། ཕྱིན་པ་རེད་ཟེར་ན་སུ་ཞིག་སོང་ཟིན་པའི་དུས་འདས་པ་སྟོན་པ་རེད། འདི་ཚོས་དུས་གསུམ་མ་འདྲེས་པ་པར་སྟོན་པ་ལས། འགྲོ་སྟངས་ཀྱི་རྣམ་པ་གང་ཡང་མི་སྟོན།
དུས་བབ་ཀྱི་གསར་འགོད་པ་གཅིག་གིས་གི་དང་གིན་གྱི་ཁྱད་པར་ཡང་ཤེས་ཀྱི་འདུག དཀོན་ཅོག་གསུམ།
“འགྲོ་གི་ཡིན། འགྲོ་གི་ཡོད། ཕྱིན་པ་རེད། འདི་ཚོས་གཙོ་བོ་བྱ་བ་བྱེད་པའི་དུས་སྟོན་པ་རེད། འགྲོ་གི་ཡིན་ཟེར་ན་མ་འོངས་པར་འགྲོ་ངེས་པ་བསྟན་པ་དང། འགྲོ་གི་ཡོད་ལབ་ན་དེང་སང་སློབ་གྲྭ་ལྟ་བུ་ཞིག་ལ་རྒྱུན་ལྡན་གྱིས་འགྲོ་གི་ཡོད་ པ་མཚོན། ཕྱིན་པ་རེད་ཟེར་ན་སུ་ཞིག་སོང་ཟིན་པའི་དུས་འདས་པ་སྟོན་པ་རེད། འདི་ཚོས་དུས་གསུམ་མ་འདྲེས་པ་པར་སྟོན་པ་ལས། འགྲོ་སྟངས་ཀྱི་རྣམ་པ་གང་ཡང་མི་སྟོན།” ཞེས་གསུངས་འདུག་ན། འདིའི་ཁུངས་སུམ་རྟགས་རྩ་འགྲེལ་གང་ན་གསལ།
མ་ཤེས་པ་མི་ཚང་མར་ཡོད་པ་རེད། འོན་ཀྱང་ནོར་བཅོས་མི་བྱེད་པ་ཚབས་ཆེན་རེད། མ་ཤེས་པ་དང་ནོར་བས་ང་ལ་ནམ་ཡང་ཕོག་མ་མྱོང། འོན་ཀྱང་ནོར་བ་ཤེས་ན་ད་དུང་ཨུ་ཚུགས་བརྒྱབ་ན་ངོ་མ་བློ་ཕམ་ཡོང་གི་འདུག ཐེངས་མ་ག་ཚོད་ལ་ངས་རྒྱུ་མཚན་བཤད་ཀྱང་ཡ་མེད་རེད། ངའི་སྐད་ཆ་ལ་ཡིད་མི་ཆེས་ཀྱང་དོགས་པ་དང་དཔྱད་པ་ཙམ་བྱེད་འོས་པ་རེད། ངས་རྒྱུ་མཚན་ཁོ་ན་ལས་རང་བཟོ་གང་ཡང་བཤད་ཀྱི་མེད།
ངས་ནོར་བ་ཡིན་ན་དགོངས་སེལ་ཞུས་ཆོག་པ་ཞུ།
འགྲོ་གི་ཡིན། འགྲོ་གི་ཡོད། ཅེས་པ་འདི་དག་རྗེས་མཇུག་མོ་འ་ཡིས་མིང་གཞི་མོ་ག་དྲངས་པ་རེད། དེ་ནི་རྟགས་འཇུག་ནང་མོ་ཡིས་མོ་ཡི་མིང་མཐའ་དྲངས་བརྗོད་པ་དེ་རེད། ཕྱིན་པ་རེད་ནི་འདས་ཚིག་སྟོན་པའི་ཚིག་རེད།
ངས་ཁྱེད་ཀྱི་ཟིན་བྲིས་སོགས་ལ་ཐེངས་ཁ་ཤས་དོགས་སློང་བྱས་པ་ཡིན། འོན་ཀྱང་འདོད་ཁེངས་ཀྱི་རྒྱུ་མཚན་གསལ་བཤད་མེད་པར་མུ་མཐུད་གི་ཤུགས་ཆེན་པོ་སྤྱད་ཡོང་བ་དང་བློ་ཕམ་འདུག དཀའ་གནད་འདི་ཚོ་སེལ་ཐབས་གཅིག་ཡོད་པ་རེད། དེ་ནི་སྤྱི་དང་བྱེ་བྲག་གི་དབྱེ་བ་འབྱེད་དགོས་པ་ལས། བརྡ་སྤྲོད་ཀྱི་གཞུང་རྦད་དེ་རྡོལ་རོལ་གཏོང་རྒྱུ་ཡོད་པ་མ་རེད། སྤྱི་དང་བྱེ་བྱག་བསྟན་བཅོས་ཀུན་ལ་གཙོ་གསུངས་པ་མ་རེད་དམ།ངས་ད་དུང་འདི་སྐོར་ཡོངས་རྫོགས་པ་བཤད་མེད། ད་དུང་དགེ་མཚན་ཆེ་ཆུང་ལ་དཔྱད་ཀྱི་ཡོད།
ཐུགས་རྗེ་ཆེ། ང་ཚོས་མུ་མཐུད་ནས་དཔྱད་ཞིབ་བྱས་ཚེ་གྲུབ་འབྲས་ཤིག་ཐོན་གྱི་རེད། དེ་རིང་དེ་ཙམ་ཡིན། རྗེས་སུ་རིམ་གྱིས་ཞུས་ཆོག
དེ་རིང་རྒྱུ་མཚན་མང་པོ་ཞིག་བཏོན་གནང་བར་སྤྲོ་བོ་བྱུང་། ད་ང་རྦད་དེ་བཟི་འདུག་པས་ངལ་གསོ་གི་ཡིན། རྩོད་པ་བརྒྱབ་ས་འདི་འདྲ་ཞིག་ཡོད་པའང་ཁྱེད་ཚོའི་བཀའ་དྲིན་ཡིན་པས་སླར་ཡང་ཐུགས་རྗེ་ཆེ།
དུས་བབ་ཚང་གི་ལས་བྱེད་གཅིག་གིས་ཀྱང་བྱེད་ཀྱི་འདུག གསུང་གི་རེད། བསམ་གྱི་ཡོད་ལྟ་བུ་རྣམ་དབྱེ་དྲུག་པ་ཡིན་སྲིད་པའི་དོགས་པ་ཙམ་ཡང་སྐྱེས་མྱོང་མེད་ཀྱང་། ཡག་པོ་ལྟོས་དང་འདི་དག་རྣམ་དབྱེ་དྲུག་པ་ཡིན་པའི་མ་ཚད། དུས་དང་བྱ་བའི་འབྲེལ་བ་སྟོན་པའི་རྣམ་དབྱེ་དྲུག་པ་རེད་འདུག དཔེར་ན་བྱེད་ཀྱི་འདུག་ཟེར་ན་དུས་ད་ལྟ་བའི་བྱ་བ་ཞིག་ཡིན་པ་གསལ་བོ་སྟོན་གྱི་འདུག བྱ་བ་དེ་མ་འོངས་པ་དང་ཡང་ན་འདས་ཟིན་པའི་དུས་ཀྱི་བྱ་བ་ཞིག་མ་ཡིན་པར་དུས་ད་ལྟ་བའི་བྱ་བ་ཁོ་ན་ཡིན་པ་རྣམ་པར་དབྱེ་ཞིང་གསལ་བར་སྟོན་པས། འདི་དག་དུས་དང་བྱ་བའི་འབྲེལ་བ་སྟོན་པའི་དྲུག་སྒྲ་རེད། དེ་བཞིན་གསུང་གི་རེད་ཟེར་ནའང་བྱ་བ་དེ་དུས་མ་འོང་བའི་བྱ་བ་ཡིན་པ་སྟོན་པ་དང་། ད་ལྟ་བ་དང་འདས་ཟིན་གྱི་བྱ་བ་ཞིག་མ་ཡིན་པ་རྣམ་པར་དབྱེ་བ་མ་རེད་དམ། མོདར་ན་བྱེད་ཀྱི་འདུག་དང་གསུང་གི་རེད། བསམ་གྱི་ཡོད་སོགས་དུས་དང་བྱ་བའི་འབྲེལ་བ་སྟོན་པའི་རྣམ་དྲུག་པ་འཁྲུལ་མེད་རེད། ད་དུང་ངའི་སྐད་ཆ་མ་རེད་ཟེར་ན་ག་རེ་ཡིན་མིན་བརྗོད་གཞི་མང་པོ་ཡོད་ཀྱང་ག་ལེ་གླེང་ཆོག བོད་ཡིག་ལ་ཕྲད་རང་དབང་ཅན་ཡོད་ཀྱང་གི་སྒྲ་ཕྲད་གཞན་དབང་ཅན་རེད། ད་དུང་ཧ་ཅང་མང་།
གཞན་རྣམ་དབྱེ་དྲུག་པ་ཡིན་ནའང་རྗེས་འཇུག་གང་གི་རྗེས་སུ་འབྲེལ་གང་ཐོབ་མིན་རྟགས་འཇུག་གི་མིང་མཐའ་འདྲེན་ཚུལ་གྱིས་ཐག་གཅོད་པ་ལས། རྗེས་མཇུག་གང་གི་རྗེས་སུ་ཕྲད་གང་ཞིག་ཐོབ་མིན་རྣམ་དབྱེ་དྲུག་པ་ཡིན་མིན་ལ་ཇུས་གཏོགས་ཡོད་པ་མ་རེད། རབ་གསལ་ལགས་ཀྱིས་འདིའི་ཐོག་བསམ་པ་རྣམ་དག་གིས་དཔྱད་པ་བྱེད་ཀྱི་ཡོད་པའི་ཚོར་བྱུང་བས་གནས་ལུགས་དངོས་ལ་ཞུགས་ནས་མི་སྐད་རང་བཤད་འགོ་བཙུགས་པ་ཡིན།
ང་ཚོ་དྲ་ཐོག་ཏུ་སླེབས་པ་རྣམས་བོད་རིགས་ཀྱི་ཁྲོད་ནས་ཤེས་ཡོན་པ་ཡིན་པའི་ཁུལ་རེད། ང་ཚོ་ནམ་ཡིན་ཡང་གནད་ཆུང་ས་ཞིག་ལས་གླེང་གཞི་རྒྱ་ཆེན་པོ་ཞིག་གི་ཐོག་ཏུ་འབབ་མི་ཐུབ་པ་འདི་ཤིན་ཏུ་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་མ་རེད་དམ། བཀའ་བློན་ཁྲི་པའི་འོས་གཞི་ལ་འབྲེལ་སྒྲའི་རྣམ་དབྱེ་བར་ལ་འབྲེལ་བ་ཅི་ཞིག་ཡོད།
སྣ་ཚོགས་ལོ་འདབ་རྒྱས་པའི་སློབ་གླིང་ན། །
གེ་སར་འབུམ་གྱིས་ཕྱུག་པའི་ཤེས་རིག་བཀྲ། །
ཟླ་མེད་བཤེས་གཉེན་རྭ་ཡིག་གཉིས་པའི་ཁྱུ། །
བསླབ་གསུམ་རྩི་བཅུད་སྦྱིན་ལ་ངལ་བ་མེད། །
ང་ཁ྄ྱོད་ལ་དུངས་མ྄ྱོང་ལ་ངུ་ཡང་མ྄ྱོང།འོན་ཀ྄ྱང་བགད་གཏན་ནས་མ་མ྄ྱོང༌།
མི་ཚོས་ཁ྄ྱེད་ག྄྄ླེང་ག྄ྱུར་དགའ་ལ་ཁ྄ྱེད་ག྄ླེང་ཚེ་འཛུམ་མདང་ཡང་བས྄ྟན་བཞིན་ཡོད།འོན་ངས་ཁ྄ྱེད་ག྄ླེང་མ་མ྄ྱོང་ལ།ག྄ླེང་ཚེ་ཞེ་ས྄ྣང་རེ་ས྄ྐ྄ྱེ་འོང༌།
ད྄ྲ་ག྄ྲོགས་ཚོ།ངས་འདི་ལ྄ྟར་བཤད་ན་འདོད།
བཀའ་བློན་ཁྲི་བ་འདེམ་པ་བོད་དོན་རེད། །
སྒྲུང་དང་སྙན་ངག་འབྲི་བ་བོད་དོན་རེད། །
ཕྲད་དང་རྣམ་དབྱེ་རྩོད་པའང་བོད་དོན་རེད། །
མདོར་ན་བོད་དོན་ཡིན་ན་དགག་བྱ་མེད། །
z¯ï-zºÛ-hGï-ºhÝm-¾GÅü Ç+Ý-ZÛh-ˆÛÅ-zôh-ˆÛ-zl-vôh-¿Ëm-fzÅ-¼ï-ºƒÛ-zŸÛm-q¼-fÞGÅ-Xï-Vïü ºôG-GÛ-ºhÛ-mÛ-P-¼P-GÛ-zŤ-±ß¾-®¤-»Ûmü Eôh-ˆÛÅ-ºôG-GÛ-¯-±ÛG-ºhÛ-ZÛh-¾-ºIï¾-z-GP-ÁïÅ-ÁÛG-MG-q¼-fÞGÅ-Xï-Vï-ŸÝü
zôh-ˆÛ-zl-vôh-q-dGÅ-ºWâG-¾Å-‚-±ÛG-Çeôm-qºÛ-¯-zü
wô-mÛ-ºhÅ-hP-GŸm-zOæz-xÛ¼üü
¤-mÛP-GZÛÅ-;-h-¿e¼-Vïhüü
¤ô-mÛ-zhG-h-¤-ºôPÅ-xÛ¼üü
ÁÛm-bà-¤ô-mÛ-¤Z¤-xÛ¼-¼ôüü
fÞGÅ-Xï-Vïü ¾m-¾-ÇKÝG-ºhÝG-GÛ-»Ûmü ¤Vm-ºhÛ-ÅÞÅ-¤fôP-m-hGï-ºhÝm-¾GÅ-¾-zÁh-¼ôGÅ-GmôP.ü
བྱུང་འགྱུར་བཀའ་བློན་ཁྲི་བ་འོས་ཤོས་རྒྱ་རི་ལས་སུ་གང་ད་ལྟའི་ཆ་ལ་མེད།
དྲ་གྲོགས་ཚོ་བདེ་མོ་ཡིན་པའི་རེ་བ་ཡོད། རྒྱུན་རིང་པོ་ཞིག་ལ་དྲ་ཐོག་ལ་ཡོང་ནས་ཁ་བརྡ་གློད་རྒྱུའི་དུས་ཚོད་བྱུང་མ་སོང་། འོན་ཀྱང་། དུས་རྟག་ཏུ་དྲ་དེབ་ྐློག་གི་ཡོད།
བཀའ་བློན་ཁྲི་བའི་སྐོར་ནས་རྨོངས་འཆར་སྤེལ་བ་ཙམ་མ་ཡིན་པར་བཀའ་བློན་ཁྲི་བར་ལངས་དགོས་ཀྱི་འདུག་ཟེར་བའི་སྐད་ཆ་དེར་བདེན་ཤད་ཆེ་གི།
དེ་ངོ་མ་རེད། འོན་ཀྱང་། ངེད་ལ་མཚོན་ན་བཀའ་བློན་ཁྲི་བར་ལངས་རྒྱུའི་ལོ་ཚད་ལ་སླེབས་མི་འདུག་མ་གཏོགས་ཏན་ཏན་ལངས་ས་རེད།
ལོ་ཚད་ལ་སླེབས་ཡོད་པ་། ཤེས་འཇོན་འགྲིག་བསྡད་ཡོད་པ་ཚོ་ངེས་པར་ལངས་ཐུབ་དགོས། མ་རེད་དམ།
གངས་cཔ་ཚོ་གནས་འདི་ནི་ཇི་འད྄ི་མཚར་ཆེ་ལ་
༄༎ མ་འོངས་པའི་བཀའ་བློན་གྱི་སྐོར་ལ་རྨོངས་འཆར་ཞིག་འབྲི་འདོད་སྐྱེས། སྔོན་དུ་གྲ་གྲོགས་ཁ་ཤས་ཀྱིས་མ་འོངས་པའི་བཀའ་བློན་སུ་འོས་མིན་གྱི་བསམ་ཚུལ་འབྲི་རེ་བྱས་འདུག་བར་བདག་ལ་དོག་འཆར་ཞིག་སློངས། ང་ཚོ་ཚང་མས་བཤད་བ་ནི་བོད་ཀྱི་ཙ་དོན་རེད་མ་འོངས་བོད་ཀྱི་ཙ་དོན་དེ་སུའི་འགན་ཁུར་མིན་གྱི་སྐོར་དེ་རེད། འབྱུང་འགྱུར་གྱི་བཀའ་བློན་ཁ྄ི་པའི་འོས་མི་ཁ་ཤས་ཤིག་གྱི་མིང་སྟོན་འདུག་དེའི་ནང་མ་འོངས་བཀའ་བློན་འོས་ཤོས་ནི་བློ་བཟང་སེང་གེ་རེད་འདུག
བློ་སེང་ནི་རྒྱ་ནག་གི་ཆབ་སྲིད་ཀྱི་འཕོར་འགྱུར་ལ་ལྟ་ཐུབ་མཁན་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྲོས་དང་མཉམ་དུ་སྐྱོད་ཐུབ་མཁན་བོད་ཕྱི་ནང་གི་བདེ་སྡུག རྟོགས་མཁན་ཁོང་ནི་བསམ་ཐུབ་མཁན་དང་ཤོད་ཕོད་མཁན་གྱི་མི་སྣ་ཞིག་མཐོང་སོང༌། སྤྱི་ལོ་2004་ལོ་ཧ་ལྦ་གཙུགས་ལག་སློབ་གྲྭ་ཐོན་སྟེ་རང་གཞུང་གི་བཀོད་ཁྱབ་ལྟར་ཧ་ལྦ་བ་གཙུགས་ལག་དུ་ཤར་གླིང་ཨི་ཤི་ཡ་དང་བྱེ་བྲག་ཏུ་བོད་དོན་ཐོག་ཉམས་ཞིབ་གནང་བཞིན་བཞུགས་འདུག་ལྷག་པར་དུ་རང་གཞུང་ཤེས་རིག་སློབ་གྲྭ་ཁག་ལ་ཤེས་ཡོན་ཆེད་དུ་ཧིན་སྒོར་ས་ཡ་གཉིས་ལྷག་རོགས་པ་གནང་བཞིན་
འདུག་་ ཁོང་གིས་རྒྱ་ནག་གི་གཁས་པ་མང་པོ་ཞིག་གི་མཉམ་དུ་བོད་དོན་སྐོར་བགྲོ་གླེང་སོགས་ལས་འགུར་རབ་དང་རིམ་པ་སྤེལ་གིས། བློ་སེང་ནི་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་ཞིག་རེད་འདུག
༄༅། མ་འོངས་པའི་བཀའ་བློན་ཁྲི་པའི་འོས་གཞི་མི་གྲངས་ ༤༢ ཞིག་ང་ལ་འདོན་རྒྱུའི་གྲ་སྒྲིག་ཡོད། དེའི་ཁྲོད་ནས་མི་གྲངས་ ༡༥ ནི་ཧ་ཅང་ཡོངས་གྲགས་སུ་རེ་བ་ཡོད་པ་དང༌། ལྷག་འཕྲོས་རྣམས་ནི་ཐོག་མའི་འགྲན་རྩོད་ནང་ཞུགས་ཐུབ་པའི་གནས་ཚད་ཡོད་པ་ཤ་སྟག་ཡིན། ཡིན་ནའི་ད་ལྟ་དུས་ཚོད་ཏོག་ཙམ་ཡོད་སྟབས་ལམ་སེང་ངས་མིང་གཞུང་དེ་དག་ཕྱིར་བཏོན་རྒྱུ་མིན། མ་འོངས་པའི་བཀའ་བློན་ཁྲི་པའི་འོས་གཞིའི་ཐད་ངས་འགྲན་རྩོད་པའི་འོས་གཞི་ལངས་མཁན་ཁྲོད་མི་སྣ་དེ་དག་གི་གྲངས་ཚད་ག་ཚོད་ཙམ་ཞིག་སླེབས་མིན་ལ་བལྟས་ཏེ་དེའི་ཁྲོད་ནས་ངའི་འོས་གཞིའི་ཁོངས་ཡོད་པའི་སྐྱེ་བོ་ཚད་ལྡན་ཞིག་བཀའ་བློན་ཁྲི་པའི་འོས་གཞིའི་ཁོངས་བཏོན་རྒྱུ་ཡིན། དེ་ཡང་ཆོལ་ཁ་གཅིག་དང་ཆོས་ལུགས་གཅིག བོད་ནང་གི་གནས་ཚུལ་ཤེས་པ་ཙམ་མ་ཡིན་པར་བྱེས་འབྱོར་བོད་མི་འབུམ་གཅིག་ལྷག་རྒྱལ་ཁབ་མང་དག་ཞིག་ནང་གནས་སྟངས་འདྲ་མིན་གྱི་འོག་ཏུ་ཡོད་པའི་དེ་དག་གི་གནས་བབས་ཀྱང་རྒྱུས་ལོན་ཡོད་པ་ཞིག་དང༌། ལྷག་པར་བོད་ནང་གི་གནས་སྟངས་ལ་རྒྱུས་ལོན་ཡོད་ལ། གཞིས་ལུས་བོད་མིས་ཡིད་ཆེས་ཡོད་པ། བྱེས་འབྱོར་བོད་མིའི་ཁྲོད་དུའང་ཡིད་ཆེས་དང་གདེངས་སྤོབས་ཆེ་ཤོས་སུ་བརྩི་བཞིན་པའི་མི་སྣ་ཁག་ཅིག་དྲག་འདེམས་བྱས་ཡོད། ཁོང་ཚོ་བཙན་བྱོལ་ནང་གནས་ཀྱང་གཞིས་ལུས་བོད་མིའི་ཁྲོད་ཤུགས་རྐྱེན་དང་མཚན་མཐོང་ཧ་ཅང་ཆེན་པོ་ཡོད་ལ། ལོ་ངོ་ལྔ་བཅུའི་ནང་ྋགོང་ས་མཆོག་གི་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་ནང་ཐེག་པ་རིམ་འཛེགས་ཀྱིས་ཉིན་མཚན་དུས་དྲུག་ཏུ་བོད་མི་མང་དང་ཆོལ་གསུམ་མི་མང་སྤྱིའི་བདེ་དོན་ཐུགས་ལ་བཅངས་ཏེ་ཕྱི་ཡུལ་དུ་འཁྱམ་གྱུར་མི་བརྩོན་ལ། ནང་ཁུལ་དུ་དཀྲུག་རྒྱུར་ཡང་མི་བརྩོན་པར། ད་བར་རིམ་པ་དམའ་ས་ནས་ཟིན་ཏེ་བོད་མི་ཀུན་ལ་ཞབས་འདེགས་མི་དམན་པ་ཞུ་བཞིན་པའི་སྐྱེ་བོ་ཁག་ཅིག་འོས་འདེམས་བྱས་ཡོད། ཁོང་ཚོས་ད་བར་ྋགོང་ས་མཆོག་གི་དབུ་ཁྲིད་པའི་རླབས་ཆེན་གྱི་ལོ་རྒྱུས་ཁྲོད་ང་ཚོར་སྐྱབས་བཅོལ་བ་གཞན་ལ་མེད་པའི་ཆོག་ཤེས་ཐུབ་པའི་ཁྱིམ་ཚང་ཆེན་པོ་ཞིག་ལོ་ངོ་ལྔ་བཅུ་འདིའི་ནང་མེད་པ་ནས་ཡོད་པ་དང༌། ཡོད་པ་ནས་ཡར་རྒྱས་དང་འཕེལ་རྒྱས་ཀྱི་ཕྱོགས་སུ་ལམ་ཁ་གཏོད་ཡོད་པས་ལོ་རྒྱུས་དང་ལས་འབྲས་གང་གི་ཀྱང་ཁོང་ཚོར་དེ་ལྟའི་ཞབས་ཞུ་བསྒྲུབ་པའི་འོས་འགན་དང་དུས་ཚོད་དུ་སླེབས་ཡོད། ང་ཚོས་ནུབ་ཕྱོགས་ཅན་དུ་འགྱུར་འདོད་མ་བྱེད་ཀྱང༌། ནུབ་ཕྱོགས་དང་རང་དབང་ལུང་པའི་ཤེས་ཡོན་ལྡན་པའི་སྐྱེ་བོ་དེ་དག་ད་ལྟ་བེད་སྤྱོད་བྱེད་པའི་དུས་ལ་བབས་ཡོད། ང་ཚོར་མི་ཡོད་ལ། བཀའ་བློན་ཁྲི་པའི་འོས་གཞི་ལྡེང་ངེས་ཀྱང་ཡོད། ང་ཚོར་ཤེས་ཡོན་ཡོད་པ་ཡོད་ལ། འཇོན་སྟངས་ཡོད། རེ་བ་དང་ཡིད་ཆེས་ཀྱི་ཁྲོད་ནས་ང་ཚོས་མ་འོངས་པའི་བཀའ་བློན་ཁྲི་པའི་འོས་གཞི་ཚད་ལྡན་ཞིག་བཏོན་རྒྱུར་གྲ་སྒྲིག་ཨང་གསར་ཡོད་པས་ཀུན་གྱི་བློ་གཡེང་བྱེད་མི་དགོས་པ་ཡོད། ཤེས་ཡོན་ལྡན་ཡང་ཆོལ་ཁའི་ཞེན་ཁོག་ཆེ་བའི་སྐྱེ་བོ་དེ་ཚོ་བཀའ་བློན་ཁྲི་པའི་འོས་མིག་གི་ཟུར་དུའང་བཏོན་རྒྱུ་མིན། ཤེས་ཡོན་གཉིས་ལྡན་ཞིག་ལ་རེ་བ་བཅོལ་གྱི་ཡོད་ལ། ལྡབ་ཤོག་གཉིས་ལྡན་དེ་དག་ཀྱང་བྱ་དེའི་གཤོག་པ་ལྟར་མ་ཡིན་པར་གློག་བྱ་བཞིན་དུ་འུར་སྒྲ་ཆེན་པོས་ཆོལ་གསུམ་བོད་མི་རྣམས་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་དང༌། སྤྲོ་སྣང་ལྡན་པའི་སྤྱི་ཚོགས་ཤིག་བསུ་ཐུབ་པར་ང་ལ་ཡིད་ཆེས་ཡོད། གྲོགས་པོ་ལགས།།