ཀླུ་སྨྱོན།
ཐོ་རེངས་བྱ་ཕོས་ཀི་ཀི་ཀོ་ཀོ་ཞེས། །
མི་རྣམས་གཉིད་ལས་སློང་བའི་སྐད་བརྡ་སྒྲོག །
བུ་མོ་རིལ་རིལ་མལ་ནས་ཡར་ལངས་ཏེ། །
ཨ་མ་ནད་པར་ཞོགས་ཇ་དྲོན་མོ་བླུད། །
ཞོགས་པའི་ཉི་འོད་ས་གཞིར་འཕྲོས་པའི་དུས། །
བུ་མོ་རིལ་རིལ་བྲེལ་འཚུབ་ཆེ་རུ་སོང་། །
ཁང་ཆུང་ནང་དུ་གཙང་སྦྲ་ཏོག་ཙམ་བྱས། །
ཨ་མ་ནད་པར་ཉིན་གུང་ཟ་མ་བཟོས། །
ཁྲུས་ཁང་ཆུང་ཆུང་ནང་ནས་ཁྲུས་ཤིག་བརྒྱབ། །
མེ་ལོང་ཆག་པོའི་མདུན་ནས་ཡག་ཅིག་བཏོད། །
གསར་མིན་རྙིང་མིན་གྱོན་པ་གྱོན་ཞོར་དུ། །
ཨ་མ་མ་ཁོའི་འཁྲིས་སུ་གུང་ཟས་བཞག
བོད་རྒྱ་ཁ་ཆེ་གསུམ་འཛོམ་ཁྲོམ་སྲང་འདིར། །
དེང་སྐབས་ཕྱི་གླིང་བ་ཡང་རེ་ཟུང་མཆིས། །
ཆོས་རིག་དངོས་རྫས་ཐང་མར་བརྡལ་བའི་ཁྲོད། །
མི་རྣམས་རྣ་བར་འཛེར་བའི་སྐད་སྒྲ་སྒྲོག །
བུ་མོ་རིལ་རིལ་སྐྲག་ས་གཅིག་བུ་སྟེ། །
སྡེར་ཞྭ་གྱོན་པའི་ཉེན་རྟོག་དམག་མི་ཚོས། །
ཕར་འགྲོ་ཚུར་འོང་བུ་མོའི་བྲང་ཁ་དང་། །
འཕོང་ཚོས་གླེང་བཞིན་ཉེན་སྲུང་སྐོར་གཡེང་བྱེད། །
ཐུག་འཁྱག་འཚོང་བའི་ཨ་མ་རྒྱགས་པ་དང་། །
བུ་མོ་རིལ་རིལ་གཉིས་ཀྱི་ནང་ཚོང་སྟེ། །
བུ་མོས་ཐུག་འཁྱག་འཚོང་ཁུལ་བྱེད་པའི་སྐབས། །
ཨ་མས་ཕོ་གསར་ཞིག་ལ་གསང་བརྡ་སྤྲད། །
དཀར་མཛེས་པ་ཡི་ཆ་ལུགས་སྤྲས་པ་ཡི། །
ཕོ་གཞོན་གཟུགས་རིང་ཁ་སྤུ་ནག་ཚོམ་ཅན། །
བུ་མོ་རིལ་རིལ་ཁྲིད་ནས་སྐད་ཅིག་མར། །
མགྲོན་ཁང་ཆུང་ཆུང་ཞིག་གི་ནང་དུ་འཛུལ། །
ཁ་ནས་ཆང་དུད་དྲི་མ་བར་མེད་འཐུལ། །
ལུས་ནས་རྔུལ་ནག་ཆར་བ་འབབ་འབབ་བྱེད། །
ཆུ་ཚོད་ཕྱེད་ཀ་ཞིག་གི་དུས་ཡུན་ལ། །
དཀར་མཛེས་ཕོ་གཞོན་ཁྱི་དང་བོང་བུ་བཞིན། །
ཕོ་གཞོན་ལུས་ཀྱི་ཤུགས་རྫོགས་ཤི་བོ་བཞིན། །
བུ་མོའི་མགོ་སྐྲ་གཟིངས་ནས་རོ་ལངས་བཞིན། །
ཆུ་འཁྱག་ཕོར་བ་འགའ་ཡིས་དབུགས་དབྱུངས་ཏེ། །
མགྲོན་ཁང་ཆུང་ཆུང་སྒོ་ནས་ཕྱི་རུ་མངོན། །
ཨ་མ་རྒྱགས་པའི་འཁྲིས་སུ་བསླེབས་པ་ན། །
ཧེ་རྒན་མན་ཚར་ཅན་ཞིག་འཛུམ་རིག་རིག །
བུ་མོ་རིལ་རིལ་མཐོང་བ་ཙམ་ཉིད་ནས། །
ཐུག་འཁྱག་འཐུང་འཕྲོ་བཞག་སྟེ་ཡར་ལ་ལངས། །
བུ་མོའི་སེམས་ནང་རང་གི་ཨ་མ་ཡིས། །
བཤད་པའི་མ་ཇག་དམག་མི་མཇེ་རིང་ཚོས། །
མཇེ་ལ་ཕྱིང་བའི་མཐེབ་བཞག་བུ་མོ་ཚོ། །
རྒྱོ་ཡིས་ཤི་ལམ་བསྐྱལ་བའི་གཏམ་རྒྱུད་ཤར། །
ཡིན་ཡང་ཨ་མ་ནད་པའི་སྨན་རིན་ལ། །
དངུལ་སྒོར་སུམ་སྟོང་བུ་ལོན་ཆད་པ་དང་། །
ཉིན་རེའི་མ་དང་བུ་མོའི་འགྲོ་སོང་གི །
ཡོང་ཁུངས་བུ་མོ་རང་གི་བྷ་ག་ཙམ། །
ཁ་ཆེས་ཁ་ཆེ་ཞིག་གི་མགྲོན་ཁང་བསྙེགས། །
མགྲོན་ཁང་སྔོན་མ་དེ་ལས་རྒྱ་ཆེ་ཞིང་། །
མལ་ཁྲི་བདེ་འཇམ་ཡངས་ཤིང་དཀར་ཆ་དོད། །
ཧེ་རྒན་གཟུགས་པོ་འཁྲུ་བའི་དུས་ཚོད་ནང་། །
བུ་མོ་རིལ་རིལ་འཁྲིག་སྤྱོད་གློག་བརྙན་བལྟས། །
དེ་ཡིས་བུ་མོའི་འདོད་པའི་མེ་ལྕེ་དེ། །
རྐང་བའི་མཐིལ་ནས་སྤྱི་བོའི་བར་དུ་འབར། །
ཧེ་རྒན་ཁྲུས་ཁང་ནང་ནས་སྒོར་དྲུད་དེ། །
གན་རྐྱལ་བསྒྱེལ་ནས་སྟེང་ལ་རྟ་བཞིན་ཞོན། །
ངུ་དང་དགོད་དང་ཚིག་མེད་འཁུན་བུ་ཡིས། །
གནམ་ས་བར་སྣང་ཡོངས་སུ་ཁྱབ་བྱས་པས། །
ཕྱི་རོལ་ཁ་ཆེའི་ལྷ་ཁང་མཐོན་པོའི་རྩེར། །
ཨ་དཔོན་ཨ་ལ་འབོད་པའི་སྒྲ་ཡང་བཀག །
ཁ་ཆེས་ལིང་གའི་ཤུན་ལྤགས་བཤུས་པ་དང་། །
བུ་མོའི་བྷ་ག་གཞོན་ཤ་ཆགས་པ་གཉིས། །
མཉམ་དུ་སྦྱར་བའི་རྟེན་འབྲེལ་མ་ནོར་བས། །
ཆུ་ཚོད་གསུམ་ནི་སྐད་ཅིག་མ་བཞིན་རྫོགས། །
མཐའ་མར་ཧེ་རྒན་ཧེ་རིང་འདེབ་བཞིན་དུ། །
དཔྲལ་བའི་རྩ་སྦོས་རྔུལ་ནག་ཤམ་ཤམ་དུ། །
གང་འཚམ་རོ་བཞིན་ལུས་པའི་མཇུག་ཐོགས་སུ། །
དྲན་པ་ནག་ཐོམ་སངས་ནས་ཆོས་ཁང་བསྙེགས། །
བུ་མོས་ལག་པར་རྒྱ་སྒོར་ཉིས་བརྒྱ་ཙམ། །
བཙུར་བཞིན་སྒོ་རུ་བུད་པའི་སྐད་ཅིག་མར། །
མགོ་བོ་གཟེར་ཞིང་རོ་སྨད་ལྕི་བ་དང་། །
རྐང་བ་གཉིས་ཀྱང་སྤོ་བར་དཀའ་ལས་བྱུང་། །
ཨ་མས་བུ་མོ་གསོས་པའི་ངལ་དུབ་དང་། །
བུ་མོས་ཨ་མ་གསོ་བའི་དཀའ་ལས་གཉིས། །
ནམ་མཁའི་ལྷ་ཡིས་གཟིགས་རོགས་གནངས་དང་ཞེས། །
བུ་མོ་རིལ་རིལ་མིག་མཐའ་མཆི་མས་བསྐོར། །
ཨ་མ་རྒྱགས་པ་འཇོན་ཚོད་མི་འདུག་སྟེ། །
དབྱིན་སྐད་ཐར་ཐོར་ཤེས་པའི་ནུས་མཐུ་ཡིས། །
སྐྲ་སེར་སྤྲེའུ་ཞིག་གི་བྲང་འོག་ཏུ། །
བུ་མོ་རིལ་རིལ་རིལ་རིལ་བཟོས་ནས་བཞག །
ཕྱི་གླིང་བ་དེར་སྒོར་མོ་མང་བ་ཡིས། །
རྒྱལ་གཉེར་མགྲོན་ཁང་སྒོ་རུ་སྲུང་དམག་ཅན། །
ནང་དུ་ཞབས་ཞུ་མཛེས་མས་ཁེངས་པ་རུ། །
བུ་མོ་རིལ་རིལ་ཁྲིད་ནས་རྒྱུགས་ཤིང་འདུར། །
འདོད་པའི་གློག་བརྙན་ནང་ནས་མཐོང་བ་ཡི། །
འདོད་དགུར་སྤྱོད་པའི་ཆོ་ག་ཡོངས་རྫོགས་པ། །
འདོད་ལྡན་ཕྱི་གླིང་བ་ཡིས་ཉམས་བླངས་ཏེ། །
འདོད་པའི་གདུང་བ་ཞི་བའི་ཟློས་གར་འཁྲབས། །
བུ་མོ་རིལ་རིལ་སྐབས་རེར་ཨ་མ་འབོད། །
ཕྱི་གླིང་སྤྲེའུས་ལན་རེར་དཀོན་མཆོག་འབོད། །
གཉིས་ཀས་མཚམས་རེར་མཉམ་དུ་ཨག་རིང་འདེབ། །
མགྲོན་ཁང་ཞབས་ཞུ་མ་ཡང་དྲན་པ་འཐོར། །
དགོང་དྲོའི་གྲིབ་ནག་རི་གྲོང་གཡོགས་པའི་དུས། །
བུ་མོ་རིལ་རིལ་འཁྱར་འཁྱོར་ཕྱི་རོལ་མངོན། །
རྒྱ་སྒོར་ཆིག་སྟོང་ལག་པ་གཡས་པས་བཙུར། །
ཐམ་ཐོམ་ཐོད་པ་ལག་པ་གཡོན་པས་སྐྱོར། །
ལན་རེར་ནུས་ཤུགས་རྫོགས་པའི་ལུས་པོ་དེ། །
ལམ་འགྲམ་རྩིག་པར་བསྙེས་ནས་ངལ་རེ་གསོ། །
སྐབས་རེར་ཨ་མ་རྒྱགས་པར་དམོད་ཞོར་དང་། །
བསྟོད་ཞོར་སེམས་པ་ལུ་གུ་རྩེད་རྩེད་བྱེད། །
ཨ་མ་ཨ་མ་སྒོ་འདི་ཕྱེ་དང་ཞེས། །
བུ་མོས་གཉོམ་པའི་གདངས་ཀྱིས་བོས་པ་ན། །
ཨ་མ་ནད་པས་ང་ཡི་བུ་མོ་ཁྱོས །
ཨེ་དཀའ་ཐལ་ཞེས་བྱམས་པའི་ངག་གིས་འདྲི། །
ཨ་མས་སྨན་རིན་སེམས་ཁྲལ་མ་བྱེད་དང་། །
བུ་མོས་བུ་ལོན་གསོད་ཅེས་སྨྲས་པ་ན། །
ཨ་མས་བུ་མོའི་མི་ཚེ་བརླགས་སོང་ཞེས། །
མིག་ཆུའི་ཕྲེང་བས་མ་བུ་གཉིས་ཀ་བརླན། །
འདི་ལྟར་འཇིག་རྟེན་འདི་ཡི་ཁུག་ཀྱོག་ཏུ། །
སུས་ཀྱང་མི་ཤེས་ཉམ་ངའི་འཚོ་བ་ལ། །
རོལ་བའི་མ་དང་བུ་མོའི་གཏམ་རྒྱུད་འདི། །
རྟོག་བཏགས་འདྲ་ཡང་དོན་ལ་དངོས་ཡོད་ཡིན། །
དེ་རིང་ཞོགས་པར་རང་གི་རྟོག་ངོར་ཤར་རིམ་བཞིན་བཟོ་བཅོས་ཅི་ཡང་མེད་པར་གློག་ཀླད་དུ་གཏགས་པ་ཡིན། དྲ་རྩོམ་འདི་ནི་རང་གི་ཟིན་བྲིས་སུ་སྤེལ་པའི་རྩོམ་རྙིང་ཞིག་ཡིན་མོད་དེ་རིང་སེམས་ཚོར་གློ་བུར་བ་ཞིག་གིས་བསྐུལ་ཏེ་ཁ་བརྡ་ཚང་ལ་ལག་སྟོང་མ་ཡིན་ཙམ་ཞིག་གི་ཕྱིར་དུ་སྤེལ་བ་ཡིན།
ཨ་ལ་ལ་ལ། ང་ད་ནངས་ཞོགས་པ་ནས་ཁ་ལག་ཀྱང་མ་ཀྲུས་པར་དྲ་ཐོག་ཏུ་ཡོང་བ་དོན་དང་ལྡན་གི ཨ་ཁུས་འདི་ལྟ་བུའི་ཀློག་སྤྲོ་བའི་རྩོམ་ཡིག་ཅིག་བཀོད་འདུག་པ་ཡིད་ལའང་མ་ཤར། ཨ་ཤུ་རེ་ཁོ། དེང་སང་ཨ་ཡེ་མཉམ་དུ་མེད་མ་གཏོགས། ཡུམ་རྩོམ་ཡིག་འདི་བཀླགས་ཚར་བ་དང་མཉམ་དུ་རྒྱུགས་ཐེངས་གཅིག་གིས་བུ་མོ་རིལ་རིལ་དང་ཕྱི་གླིང་སྤྲེའུ་གཉིས་ཀྱིས་བཅའ་བཅའ་ཞིག་མི་བྱེད་ཀི་ན། ཡ་ཡ། ད་དེ་རིང་རྩོམ་གྱི་ནང་སྙིང་ཚང་མ་སེམས་ལ་ཉར་ནས་འདུག་གི་ཡིན། གནངས་ཉིན་ཨ་ཡེ་ཡོང་དུས་ངས་ཀྱང་་་་
ཡ་ད་མི་བཤད། ཡང་དྲ་གྲོགས་འགའ་རེས་བཀའ་བཀྱོན་གནང་ན་ཐང་། ཨ་ཁུའི་རྩོམ་ཡིག་ཧ་ཅང་བཀླགས་སྤྲོ་བོ་བྱུང་། བཀའ་དྲིན་ཆེ་ལོ།
སྙན་པོ་བྱུང་སོང་ལགས།
ཧ་ཅང་་ཀློག་སྤྲོ་བོ་བྱུང་། ཀླུ་སྨྱོན་འདིས་ངོ་མ་འབྲི་གི
རྩོམ་ཡིག་འདི་རྗོད་བྱེད་ཙམ་མ་ཟད། བརྗོད་བྱ་ཧ་ཅང་དོན་སྙིང་ལྡན་གྱི། ངོ་མ་འཇིག་རྟེན་འདི་ན་སྒོར་མོས་དོན་འགྲུབ་ལ། སྒོར་མོས་སྡུག་ག་ཚད་སྟེར་གྱི། ཉམས་ཆུང་མ་སྨད་གཉིས་ཀྱི་སྡུག་བསྔལ་འདི་བསམ་ནས་སྙིང་ལ་ཚག་ཤད་ཤོར་སོང་།
ཡག་གི
ཀླུ་སྨྱོན་གྱིས་དོན་བརྗོད་སྙན་ངག་རིང་མོ་ཞིག་གོང་གི་ཚིག་སྦྱོར་གྱི་ངོས་ནས་འབྲི་བའི་འབོད་སྐུལ་ཡོད། དུས་ཀྱི་མཐའ་འདིར་སྙན་ངག་གི་ལམ་ནས་སྒྲུང་རིང་ཞིག་འབྲི་བ་ལ་ཀླུ་སྨྱོན་མ་གཏོགས་གང་ཡང་མཐོང་མ་བྱུང་།
ཨ་ཁུ་ཀླུ་སྨྱོན་ལགས་ ཡ་ང་བའི་ལས་ངན་མ་བུ་དེ་གཉིས་བོད་རིགས་ཡིན་ནམ་ ཁ་ཆེ་ ཡང་ན་ རྒྱ་རོ་ཡིན་ནམ་
བཀླགས་སྤྲོ་བོ་བྱུང་།
འདི་ཀློག་དུས་ཨ་མ་རྒན་མོ་དེས་ལྷ་སའི་བར་སྐོར་དེ་བ་ཞིག་ན་ཐུག་འཁྱུག་འཚོང་གི་ཡོད་པའི་སྣང་བརྙན་ཞིག་སེམས་ལ་ཤར་ནས་ཡོང་གི
རྩོམ་དེ་སྙན་མོ་གདའ། ཨ་མ་དང་བུ་མོ་རིལ་རིལ་དེ་གཉིས་བོད་མི་རིགས་མིན་པའི་རེ་བ་ཡོད།
ཀླུ་སྨྱོན་ལགས་སུ།
འདོད་ཆགས་མེ་དཔུང་རབ་ཏུ་འབར་བ་ཡི།།
ཞེ་སྡང་བློ་ཡིས་ཞལ་གྱི་ཁ་དོག་བསྒྱུར།།
ཉོན་མོངས་སེམས་ཀྱི་དྲི་མས་སྒྲིབ་བཞིན་དུ།།
དུས་གསུམ་གཟན་གྱིས་མ་ཁོག་མངོན་དུ་གྱུར།།
བུ་མོ་བོད་པ་ཡིན་ལ་ཨ་མ་ཚོན་པོ་དེ་ཕལ་ཆེར་ཁ་ཆེ་ཡིན་ཤས་ཆེ། ངོ་མ་བཤད་ན་དེ་ལས་སྡུག སེ་ལས་ཐབས་སྐྱོ་བོ་མང་པོ་མཐོང་རྒྱུ་ཡོད། མཐོང་ཡང་མྱོང་། མང་པོ་མཐོང་མྱོང་།
ཁྱེད་ཚོ་མང་པོ་ཞིག་གིས་དྲང་པོ་ཤོད་ཀྱི་མིན་འདུག བསམ་བློ་ཡག་པོ་གཏོང་དང་། ཁྱེད་ཚོ་སྒྲུང་དེ་ཀློག་ནས་སྙིང་རྗེ་ཁོ་ན་སླེབས་སོང་ངམ་ཡང་ན། དེ་མཉམ་དུ་མཇེ་དེ་ཡང་གྲེང་མ་སོང་ངམ། ང་རང་གཉིས་ཀ་བྱུང་སོང་།
ཤེས་རིག་རིག་གཞུང་མེད་པས་ཡ་རབས་བྲལ།
དཀར་མཛེས་འཁྱམས་པོའི་སྤྱོད་ལམ་ཀྱེ་མ་ཧུད།།
དག་སྣང་སྙིང་རྗེ་བྱམས་སེམས་བྲལ་བ་ཡི།།
སྐྲ་སེར་སྤྲེའུའི་བྱ་ངན་སྐྱུག་རེ་བྲོ།།
དེ་ལ་ངོ་མཚར་འཛིན་པའི་སྐྱེ་བོ་རྣམས།།
ཤལ་མ་རི་རུ་མི་སྐྱེའི་སྨོན་ལམ་འདེབས།
སྤྱིར་བོད་ནང་དུ་རྒྱ་མ་བོད་དང་། སོག་མ་བོད་། ཁ་ཆེ་མ་བོད་སོགས་ཀྱི་མི་རིགས་ཇེ་མང་ཇེ་མང་དུ་འགྲོ་བཞིན་ཡོད་པ་ཡིན། དམིགས་བསལ་ས་མཚམས་ཁུལ་དང་རྒྱ་མི་རིགས་ཕོན་ཆེ་གནས་ས་ལ་ཡོད་། དཔེར་ན། རྒྱལ་ཐང་། ལི་ཐང་། རྔ་བ། ཟི་ལིང་དང་ཐག་ཉེ་བའི་བོད་རིགས། དེ་བཞིན་དུ་ནག་ཆུ་དང་། སི་ཁྲོན་དཀར་མཛེས་སོགས་ཡིན། སྤྱིར་བོད་རིགས་རྣམས་མི་རིགས་གཞན་དང་མཉམ་དུ་གཉེན་སྒྲིག་བྱེད་པ་ལ་ཡ་མཚམ་དགོས་པ་དང་ཧང་སང་དགོས་པ་ཅང་མིན་ཀྱང་། དགྲ་བོ་རྒྱ་མི་མཉམ་དུ་གཉེན་སྒྲིག་བྱེད་པ་ནི་སྤྱིར་མི་རིགས་པར་མཐོང་།
མི་སྐྱོན་གི བུ་མོ་རིལ་རིལ་གྱིས་ཉིན་རེ་ལ་རྒྱ་སྒོར་གཅིག་སྟོང་ལྷག་རེ་ལོན་ན་ཧུ་ཅིན་ཐོ་ལས་ཀྱང་གླ་ཆ་ཆེ་བ་མིན་ནམ། ཕྱུག་པོ་རེད། མ་གཞི་དེང་སའི་གི་བུ་མོ་མང་ཆེ་བ་གཞང་རིན་མི་ལོན་པའི་གཞང་ཚོང་མ་ཤ་སྟག་རེད།
སྙན་མོ་ཚིག་གི་དབྱངས་རྟ་འདི་ཀློག་དུས།།
འདོད་ལྡན་སྐྱེ་བོའི་རང་གཟུགས་མིག་ལ་འཁོར། །
ཟབ་ཞུགས་འཚོ་བའི་དངོས་སྒྲུང་འདིར་བསམ་ན། །
འཁོར་བའི་སྙིང་བོ་འཚོལ་ལ་ཞེན་པ་འགོག །
སྐུ་ཞབས་ཀླུ་སྨྱོན་ཁྱེད་ངོ་མ་གྲྭ་པ་ནི་གྲྭ་པ་རང་རེད། མོ་གཅིག་གི་ཤ་ནང་ལ་ཕོ་གསུམ་གྱིས་ཤོས་རྒྱབ་ན་མོ་ལ་ན་ཟུག་གིས་ར་རོ་བཞིན་ག་བ་འགྲོ་གི་རེད། ཁྱེད་ཀྱི་སྒྲུང་དེར་བསམ་བློ་མ་བཏངས་བར་བྲིས་པ་ཞིག་རེད། སྔོན་ཆད་རེ་གོང་སག་གཅེས་ཀྱི་བུ་མོ་ཞིག་ལ་མེན་ཧྲིའི་སློབ་མ་མི་གྲངས་བཅོ་ལྔས་རེས་སྐོར་ནས་གཡབ་པ་རེད། དེའི་ཕྱིའི་ཉིན་བུ་མོ་དེ་བདེ་ཐང་ངང་འགྲོ་གི་འདུག་ཟེར། དེ་མིན་རྔ་བའ་བུ་མོ་ཞིག་ལྷ་སར་བྲོས་ནས་འགྲོ་སྐབས་ལམ་བར་ཀོར་མོའི་མགྲོན་ཁང་ཞིག་གི་ནང་དུ་ཁ་ལོ་བ་མི་བཅུ་གསུམ་གྱིས་རེས་སྐོར་ནས་གཡབ་པ་རེད། ཁོ་ཚོའི་གཡབ་རེས་རྒྱབ་ཚར་རྗེས་བུ་མོ་དེས་ཐེ་ཆིག་རྩེ་བཞིན་འདུག མོ་ལ་ཁྱོད་ཀྱིས་སྟི་ན་ཚ་བཏང་གི་འདུག་གམ་ཅེས་དྲིས་དུས་མོས་ཤ་ནང་ལ་ཤོས་འཛེར་ན་ན་ཚ་ག་རེ་ཡོད་པ་རེད་ཅེས་ལན་རྒྱབ་པ་རེད། ཡང་ལྡི་ལེའི་བཤང་ཁར་སྐས་འཛེགས་རིང་པོའི་ནང་གི་རྒྱ་གར་བུད་མེད་གཅིག་གིས་བཤང་ཉོ་མཁན་ཕོ་གསར་བདུན་འདམས་ནས་གཡབ་རེས་རྒྱབ་པ་རེད། དེར་ཡང་གཡབ་རེས་རྗེས་ན་ཟུག་གང་ཡང་མེད་པར་ད་དུང་སྐྱེས་པ་གཞན་འེ་རག་ལྟ་གི་འདུག དེ་འདྲ་མང་པོ་ཐོསཨེ་མྱོང་། སྐུ་ཞབས་ལགས།
྆྆བོད་མི་མང་གི་སྤྱི་འཐུས་དང་བཀའ་བློན་སོགས་མང་པོ་ཞིག་ད་ལོ་འགྱུར་ལྡོག་བྱུང་བ་ནི་སྤྲོ་བ་སྐྱེ་འོས་པ་ཞིག་ཡིན་ཡང་ད་དུང་བློ་ཕམ་པ་ཞིག་ལ་ཆོལ་ཁ་ཆོས་ལུགས་རྩོད་མཁན་དང་གོ་སྐབས་གང་ཡོད་ལ་སྐབས་འཚོལ་མགོ་བདེ་མི་ཉུང་བ་ཞིག་ལ་གོ་སྐབས་རག་འདུག་པས་སེམས་ཕམ་ཆེ་ཙམ་བྱུང།མང་ཚོགས་རྣམས་མགོ་མ་རྨོངས་པའི་སྒོ་ནས་སྤྱི་ཚོགས་ཀྱི་གནས་བབ་ལ་གཞིག་ཏེ་མགོ་བདེ་དྲན་འཕྲུལ་གྱི་རིགས་ལ་གཟབ་གཟབ་གནང་རྒྱུ་ཤིན་ཏུ་ནས་གལ་ཆེ་བས་ལྷོད་གཡེང་གཏོང་མི་ཉན།་སོ་སོའི་གནས་ཚུལ་ལ་ཞིབ་རྟོགས་ཡོང་བའི་ཆེད་དུ་དྲྭ་གནས་འདིའི་ཐོག་དྲི་བ་ཡོད་ན་མཛོད་དང་གསལ་བཤད་གང་ཤེས་ཞུ་ཆོག།
༄། ཀླུ་སྨྱོན་འདི་ཡི་རྩོམ་འདི་ལ་བརྗོད་བྱ་དང་བརྗོད་བྱེད་གཉིས་ཡག་པོ་འདུ་། འདི་རིགས་དངོས་ཡོད་དུ་ཡིན་ དེ་སང་འདི་ནང་བཞིན་མང་པོ་ཡོད། ཀླུ་སྨྱོན་འདི་ཆག་སྲིད་དང་སྦྱར་ནས་རྩོམ་མང་པོ་ཞིག་སྤེལ་ཡོང་གི་འདི་ཀློག་འདོད་ཧ་ཅང་ཆེ་གི་ཡ།
པད་མ་བཀའ་ཐང་གི་རྩོམ་འགྲོས་འདྲ་པོ་ཞིག་བྱུང་།