དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ སྟེང་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་གཞུང་འོས་བསྡུ་ལྷན་ཁང་གིས་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་དང་། སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་མི་ཁག་གསལ་བསྒྲགས་བསྐྱངས་ཡོད། ཐེངས་འདིའི་གསལ་བསྒྲགས་ནང་། སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་འོས་མི་ ༦ དང་། སྐབས་བཅོ་ལྔ་བའི་སྤྱི་འཐུས་འོས་མིའི་ཁོངས་སུ། ཆོལ་ཁ་རེར་ ༥༠ རེ་དང་ཆོས་བརྒྱུད་རེར་ ༡༠ རེ། བྱང་ཨ་རི་དང་ཁེ་ན་ཌ་ཁུལ་དུ་ ༡༠ དང་། ཡུ་རོབ་ཁུལ་དུ་ ༡༠ བཅས་གསལ་བསྒྲགས་བསྐྱངས་སོང་། ཐེངས་འདིའི་བཀའ་བློན་ཁྲི་པའི་འོས་མི་དྲུག་གི་ཨང་རིམ་ནི། ཨང་དང་པོ་ཁྲིམས་ལུགས་མཁས་པ་བློ་བཟང་སེང་གེ་ལགས་སུ་འོས་གྲངས་ ༢༢༤༨༩ དང་། ཨང་གཉིས་པ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་འོས་གྲངས་ ༡༢༣༡༩ ། ཨང་གསུམ་པ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་སུ་འོས་གྲངས་ ༢༧༣༣ ། ཨང་བཞི་བ་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་སུ་འོས་གྲངས་ ༢༡༠༡ ། ཨང་ལྔ་བ་སྐུ་སྒེར་དྲུང་ཆེ་ཟུར་བ་བློ་བཟང་སྦྱིན་པ་ལགས་སུ་འོས་གྲངས་ ༡༥༤༥། ཨང་དྲུག་པ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་སུ་འོས་གྲངས་ ༦༠༥ བཅས་རེད།
འོས་བསྡུའི་འགན་འཛིན་ལས་འཕར་གཡང་མཁོ་རྒྱལ་ལགས་ཀྱིས་ཆོལ་ཁ་རེ་རེའི་འོས་མི་རྣམས་རྩེ་བཏོག་ཨང་རིམ་བཞིན་བསྒྲགས་པའི་ནང་། སྐབས་བཅོ་ལྔ་བའི་དབུས་གཙང་སྤྱི་འཐུས་འོས་མི་ཁག་ནི། ཨང་དང་པོ་ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས། ཨང་གཉིས་པ་པདྨ་འབྱུང་གནས། ཨང་གསུམ་པ་སྒྲོལ་མ་ཚེ་རིང་། ཀརྨ་ཡེ་ཤེས། ཟླ་བ་ཚེ་རིང་། བུ་མོ་ཚེ་རིང་། ཟླ་བ་ཕུན་སྐྱིད། ཚེ་བརྟན་ནོར་བུ། འཇིགས་མེད་འབྱུང་གནས། ཨོ་རྒྱན་བསྟན་འཛིན། འཇམ་དབྱངས་རྡོ་རྗེ། ངག་དབང་ལྷ་མོ། སྒོ་དྲུག་སྐལ་བཟང་ཕུན་ཚོགས། དགེ་བཤེས་སྐལ་བཟང་དགྲ་འདུལ། ཤར་གླིང་བསྟན་འཛིན་ཟླ་སྒྲོན། ཚེ་རིང་སྒྲོལ་མ། འཆི་མེད་གཡུང་དྲུང་། བསོད་ནམས་བཟང་པོ། བྱ་ཉང་ཚེ་རིང་ལྷ་སྐྱབས། སྨན་རམས་པ་པདྨ་རྡོ་རྗེ། བསམ་གཏན་ཆོས་སྒྲོན། དགེ་བཤེས་ངག་དབང་དཔལ་ལྡན། སྐལ་བཟང་གཡུ་སྒྲོན། ཚེ་རིང་དོན་གྲུབ། རིན་ཆེན་ཚེ་རིང་། བཀྲིས་སྒྲོལ་མ། ཚེ་བརྟན་དབང་ཕྱུག ཚེ་དབང་བསོད་ནམས། ཚེ་དབང་ནོར་བུ། ཚེ་དབང་རྡོ་རྗེ། ཐར་ལམ་སྒྲོལ་མ། བློ་བཟང་རྡོ་རྗེ། བསྟན་འཛིན་སྒྲོལ་མ། བསོད་ནམས་ཚེ་རིང་། ཕན་པོ་རྒྱལ་མཚན། ཤེར་ཝ་འཆི་མེད་ཚེ་རིང་། ཉི་མ་བསམ་མཁར། ཚུལ་ཁྲིམས་ཆོས་འཕེལ། བཀྲིས་ཕུན་ཚོགས། རྟ་མགྲིན་ཆོས་དར། འཇིགས་མེད་བཀྲ་ཤིས། བསོད་ནམས་སྟོབས་རྒྱལ། ཁྱུ་གསར་དངོས་གྲུབ་དཔལ་ལྡན། ཐུབ་བསྟན་ཚེ་རིང་། བཀྲིས་རྡོ་རྗེ། ཀརྨ་སེང་གེ སྨན་པ་ཐོག་མེད། ཚེ་རིང་ནོར་བུ། པ་སངས་ཆོས་འབྱོར། རྒྱལ་ནོར་ཚེ་དབང་བཅས་ཡིན་ཞིང་། འོས་གྲངས་མཐོ་ཤོས་ལ་འོས་ཤོག་ ༨༦༥༥ དང་དམའ་ཤོས་ལ་འོས་གྲངས་ ༤༥༠ བཅས་རེད།
སྐབས་བཅོ་ལྔ་བའི་མདོ་སྟོད་སྤྱི་འཐུས་འོས་མི་ཁག་ནི། ཨང་དང་པོ་འབའ་བ་སྐལ་བཟང་རྒྱལ་མཚན། ཨང་གཉིས་པ་འཇུ་ཆེན་དཀོན་མཆོག ཨང་གསུམ་པ་སེར་རྟ་ཚུལ་ཁྲིམས། ཚུལ་ཁྲིམས་བསྟན་འཛིན། བཀྲིས་དབང་འདུས། དགེ་བཤེས་གཡུང་དྲུང་རྒྱལ་མཚན། དབུ་དཀར་ཚང་གཡུ་སྒྲོན། གངས་ལྷ་མོ། ཆོས་སྐྱོང་དབང་ཕྱུག བློ་བཟང་ཡེ་ཤེས། རྡོ་རྗེ་དབང་འདུས། འཇམ་དབྱངས་བཟོད་པ། བསྟན་འཛིན་ནོར་བུ། སྒ་པ་ལྷ་མོ། སྨར་ཁམས་ཆོས་འཕེལ། ཆོས་འཕེལ་ཐུབ་བསྟན། པདྨ་བདེ་ལེགས། དབྱངས་ཅན་སྒྲོལ་དཀའ། གྲའུ་ཚེ་བརྟན། ཟླ་བ་སྒྲོལ་མ། ཀརྨ་མཁས་གྲུབ། རིན་ཆེན་མཁའ་འགྲོ གོ་བོ་བློ་བཟང་ཕན་བདེ། བྲག་གཡབ་བཀྲིས་རྣམ་རྒྱལ། ངག་དབང་བསྟན་པ། གཡང་འཛོམས་སྒྲོལ་དཀར། བསོད་ནམས་དཔལ་མོ། ནང་ཆེན་བསྟན་འཛིན། ཨ་རྡོ། ངག་དབང་འོད་འབར། ཀརྨ་གཡུལ་རྒྱལ། སྐལ་བཟང་ཆོས་སྐྱིད། སེར་སྨད་བློ་དགའ། ནོར་བུ་ཚེ་རིང་། ཚེ་རིང་དབང་ཕྱུག ཚེ་དབང་བསྟན་འཛིན། ཕུར་པ་ཚེ་རིང་སྟོབས་རྒྱལ། སྐྱུ་ར་དཔལ་རྡོར། ཚེ་རིང་བདེ་སྐྱིད། བཀྲིས་བདེ་ལེགས། ཡེ་ཤེས་ཆོས་བཟང་། དོན་གྲུབ་ལྷ་དར། འཇམ་དཔལ་རྒྱ་མཚོ། བསོད་ནམས་ཆོས་སྒྲོན། སྐལ་བཟང་ནོར་བུ། ཚེ་བརྟན་རྡོ་རྗེ། ཨ་འབྲུག་ཆོས་སྐྱིད། བཟང་མཁན་མཁས་གྲུབ། དཀོན་མཆོག་ནོར་བུ། ངག་དབང་ཐར་བ་བཅས་ཡིན་ཞིང་། འོས་གྲངས་མཐོ་ཤོས་ལ་འོས་གྲངས་ ༦༦༦༩ དང་། དམའ་ཤོས་ལ་འོས་གྲངས་ ༣༡༠ བཅས་རེད།
སྐབས་བཅོ་ལྔ་བའི་མདོ་སྨད་སྤྱི་འཐུས་འོས་མི་ཁག་ནི། ཨང་དང་པོ་སྤེན་པ་ཚེ་རིང་། ཨང་གཉིས་པ་རྒྱལ་རོང་ཟླ་བ་ཚེ་རིང་། ཨང་གསུམ་པ་ཐུབ་བསྟན་ལུང་རིགས། འཕེལ་རྒྱས་སྒྲོལ་མ་མཚོ་མོ། བསོད་ནམས་རྒྱལ་མཚན། ཀིརྟི་སྒྲོལ་དཀར་ལྷ་མོ། སྒྲོལ་དཀར་སྐྱབས། ཚེ་རིང་གཡུ་སྒྲོན། ཡེ་ཤེས་སྒྲོལ་མ། སེར་རྟ་ཚུལ་ཁྲིམས་འོད་ཟེར། སྨན་པ་མཁྱེན་རབ། རྨོག་རུ་བསྟན་པ། རྒྱ་རིགས་ཐར། ཀུན་ཐར་དོན་གྲུབ། བསྟན་འཛིན་མགོན་པོ། བློ་བཟང་དཔལ་ལྡན། ཀརྨ་དགེ་ལེགས། ཆབ་བྲག་ལྷ་མོ་སྐྱབས། ཤིང་གཟའ་རིན་པོ་ཆེ། ཀླུ་མཁར་བྱམས། བཀྲིས་དོན་གྲུབ། ལུང་རིགས་རྒྱལ། ཚངས་དབྱངས་རྒྱ་མཚོ། གཟུངས་ཕྱུག་སྐྱིད། བསྟན་འཛིན་དོན་ཡོད། ཚེ་རིང་རྡོ་རྗེ། སྐལ་བཟང་ལྷ་མོ། བློ་བཟང་ཆོས་འཕེལ། འཇིགས་མེད་མཆོག་གྲུབ། ཤེས་རབ་དར་རྒྱས། ཅོ་ལེབ་ཆོས་འཕེལ། རྨེའུ་དབང་འཛིན་ལྷ་མོ། གངས་རི། ཀིརྟི་རིན་པོ་ཆེ། གཡང་ཁོ་རྒྱལ། ཨ་ལོ། རྔ་བ་ཚེ་རྒྱམ། རྨེའུ་མགོན་པོ་མཚོ། དགེ་བཤེས་བསྟན་པ་བཀྲིས། དཀོན་མཆོག་བཟོད་པ། བློ་བཟང་བཀྲིས། ཨ་ལགས་འཇིགས་མེད། ལྷ་ལུང་རྒྱལ། བསྟན་འཛིན་མཁས་གྲུབ། ཉི་མ་ཚེ་རིང་། བྷུད་ངྷ་སྐྱབས། རྡོ་རྗེ་དབང་ཕྱུག བློ་བཟང་དངོས་གྲུབ། ཨ་མཆོག་རིན་པོ་ཆེ། ལྷ་དབང་རྡོ་རྗེ་བཅས་ཡིན་ཞིང་། འོས་གྲངས་མཐོ་ཤོས་ལ་འོས་གྲངས་ ༡༧༢༣ དང་དམའ་ཤོས་ལ་འོས་གྲངས་ ༢༥ བཅས་བཀོད་འདུག
འོས་བསྡུའི་འགན་འཛིན་ལས་འཕར་རིག་འཛིན་ཆོས་གྲགས་ལགས་ཀྱིས་ཆོས་བརྒྱུད་ཁག་དང་ཨ་རི་དང་ཁེ་ན་ཌ། ཡུ་རོབ་བཅས་ཀྱི་སྤྱི་འཐུས་འོས་མི་རྣམས་ཀྱི་མཚན་གཞུང་བསྒྲགས་པའི་ནང་། ས་སྐྱའི་སྤྱི་འཐུས་འོས་མི་ཁག་ནི། ནོར་བུ་ཚེ་རིང་ལགས་སུ་འོས་གྲངས་ ༢༣༡ ། ཆོས་གྲགས་རྒྱ་མཚོར་འོས་གྲངས་ ༡༩༦ ། སྦྱན་དབྱངས་རྒྱ་མཚོར་འོས་གྲངས་ ༨༩ ། ག་ཟི་དགེ་བཤེས་ཚེ་རིང་པོར་འོས་གྲངས་ ༨༦ ། ཐུབ་བསྟན་རྒྱལ་མཚན་འོས་གྲངས་ ༥༨ ། པདྨ་ནོར་བུར་འོས་གྲངས་ ༤༤། ཀ་བྲག་དངོས་གྲུབ་བསོད་ནམས་ལ་འོས་གྲངས་ ༤༣། འགྱུར་མེད་རྡོ་རྗེ་ལ་འོས་གྲངས་ ༡༨། པདྨ་ནོར་བུར་འོས་གྲངས་ ༦། འཇམ་དབྱངས་མཐུ་སྟོབས་ལ་འོས་གྲངས་ ༥་བཅས་ཡིན་འདུག
རྙིང་མའི་སྤྱི་འཐུས་འོས་མི་ཁག་ནི། སློབ་དཔོན་བསོད་ནམས་བསྟན་འཕེལ་ལ་འོས་གྲངས་ ༡༢༩༡ ། རྒྱ་རི་བུ་ཕྲུག་ལ་འོས་གྲངས་ ༧༧༥། སློབ་དཔོན་དྲི་མེད་རྒྱལ་མཚན་ལ་འོས་གྲངས་ ༤༦༣། མཁན་པོ་ཆོས་དབྱངས་ལ་འོས་གྲངས་ ༨༢། བསོད་ནམས་རྒྱལ་མཚན་ལ་འོས་གྲངས་ ༢༦། རི་འགོ་སྤྲུལ་སྐུར་འོས་གྲངས་ ༢༢། ཚེ་རིང་ཕུན་ཚོགས་ལ་འོས་གྲངས་ ༡༣། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལ་འོས་གྲངས་ ༡༡། ངག་དབང་སྙན་གྲགས་ལ་འོས་གྲངས་ ༦། མཁན་པོ་ཚེ་དབང་ལ་འོས་གྲངས་ ༥ བཅས་རེད།
བོན་པོའི་སྤྱི་འཐུས་འོས་མི་ཁག་ནི། དགེ་བཤེས་སྨོན་ལམ་མཐར་ཕྱིན་ལ་འོས་གྲངས་ ༧༠ ། བ་ར་ཚེ་དབང་བཀྲ་ཤིས་འོས་གྲངས་ ༤༡། གཡུང་དྲུང་རིན་ཆེན་ལ་འོས་གྲངས་ ༢༢། བྱ་དོར་བསོད་ནམས་བཟང་པོར་འོས་གྲངས་ ༡༩། དགེ་བཤེས་རྣམ་དག་གཙུག་ཕུད་འོས་གྲངས་ ༡༨། བློ་བཟང་རྒྱ་མཚོར་འོས་གྲངས་ ༦། ཟླ་བ་དར་རྒྱས་ལ་འོས་གྲངས་ ༤། གཡུང་དྲུང་འཆི་མེད་ལ་འོས་གྲངས་ ༣། བློ་ལྡན་ཉི་མར་འོས་གྲངས་ ༢། དགེ་བཤེས་སྐལ་བཟང་ལ་འོས་གྲངས་ ༡ བཅས་རེད།
བཀའ་བརྒྱུད་སྤྱི་འཐུས་འོས་མི་ཁག་ནི། བསྟན་པ་ཡར་འཕེལ་ལ་འོས་གྲངས་ ༣༣༥ ། ཀརྨ་ཆོས་འཕེལ་ལ་འོས་གྲངས་ ༢༢༩། ཁང་དཀར་དབང་ཕྱུག་རྡོ་རྗེ་ལ་འོས་གྲངས་ ༡༦༥། བླ་མ་འཕྲིན་ལས་ལ་འོས་གྲངས་ ༡༤༢། སྤྲུལ་སྐུ་ཀརྨ་རིན་ཆེན་ལ་འོས་གྲངས་ ༡༡༩། བྱམས་པ་དཔལ་ལྡན་ལ་འོས་གྲངས་ ༨༤། དོན་འགྲུབ་ཕུན་ཚོགས་ལ་འོས་གྲངས་ ༦༩། བསོད་ནམས་དགྲ་འདུལ་ལ་འོས་གྲངས་ ༥༡། ཀུན་དགའ་ལ་འོས་གྲངས་ ༢༣། དངོས་གྲུབ་ཚེ་རིང་ལ་འོས་གྲངས་ ༩ བཅས་རེད།
དགེ་ལུགས་སྤྱི་འཐུས་འོས་མི་ཁག་ནི། རོང་བོ་བློ་བཟང་སྙན་གྲགས་ལ་འོས་གྲངས་ ༡༢༢༨ ། ཨ་ཀྲུག་ཚེ་བརྟན་ལ་འོས་གྲངས་ ༡༢༢༨། དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལ་འོས་གྲངས་ ༨༠༡། དགེ་བཤེས་བློ་བཟང་ལ་འོས་གྲངས་ ༥༢༩། འཁྲུངས་གསར་རིན་པོ་ཆེ་བསྟན་འཛིན་དཔལ་ལྡན་འོས་གྲངས་ ༣༩༣། དགེ་བཤེས་བསྟན་འཛིན་དར་རྒྱས་ལ་འོས་གྲངས་ ༢༧༠། དགེ་བཤེས་ཕུར་བུ་བསམ་འགྲུབ་ལ་འོས་གྲངས་ ༢༡༦། དཔལ་ལྡན་ཆོས་གྲགས་ལ་འོས་གྲངས་ ༡༩༣། དགེ་བཤེས་གྲགས་པ་བསྟན་འཛིན་བདེ་མཆོག་འོས་གྲངས་ ༡༣༥། བློ་བཟང་ཕན་བདེ་ལ་འོས་གྲངས་ ༨༤ བཅས་རེད།
ཨ་རི་དང་ཁེ་ན་ཌའི་སྤྱི་འཐུས་འོས་མི་ཁག་ནི། བཀྲ་ཤིས་རྣམ་རྒྱལ་ལ་འོས་གྲངས་ ༡༠༤༦ ། ནོར་བུ་ཚེ་རིང་ལ་འོས་གྲངས་ ༨༢༦། དངོས་གྲུབ་ཚེ་རིང་ལ་འོས་གྲངས་ ༤༡༤། ཀུན་དགའ་འཕྲིན་ལས་འོས་གྲངས་ ༣༨༤། བཀྲ་ཤིས་ཕུན་ཚོགས་ལ་འོས་གྲངས་ ༣༤༣། བསྟན་འཛིན་རྡོ་རྗེ་ལ་འོས་གྲངས་ ༣༣༢། བདེ་སྐྱིད་ཆོས་དབྱངས་ལ་འོས་གྲངས་ ༣༡༥། བློ་བཟང་ཉི་མར་འོས་གྲངས་ ༢༡༡། ཚེ་དབང་དངོས་གྲུབ་ལ་འོས་གྲངས་ ༢༠༥། འཕྲིན་ལས་འོད་ཟེར་ལ་འོས་གྲངས་ ༡༥༩ བཅས་རེད།
ཡུ་རོབ་ཁུལ་གྱི་སྤྱི་འཐུས་འོས་མི་ཁག་ནི། ཐུབ་བསྟན་དབང་ཆེན་ལ་འོས་གྲངས་ ༦༥༧ ། དབང་པོ་བཀྲེས་མཐོང་ལ་འོས་གྲངས་ ༤༣༠། ཆུང་བདག་ཀོ་རིན་ལ་འོས་གྲངས་ ༤༢༧། ཚེ་རིང་རྡོ་རྗེ་གསང་གླིང་འོས་གྲངས་ ༣༥༩། བསམ་མདོ་བྱམས་པ་ཚེ་རིང་ལ་འོས་གྲངས་ ༢༥༢། སྨོན་མཁར་བསོད་ནམས་ཕུན་ཚོགས་ལ་འོས་གྲངས་ ༡༩༢། རིག་འཛིན་རྡོ་རྗེ་འོར་པ་ལ་འོས་གྲངས་ ༡༦༤། ཐུབ་བསྟན་རྒྱ་མཚོར་འོས་གྲངས་ ༨༦། རྟའུ་བློ་བཟང་དཔལ་ལྡན་འོས་གྲངས་ ༦༠། ཆོས་རྒྱལ་བསྟན་འཛིན་འོས་གྲངས་ ༤༦ བཅས་རེད།
ཕྱི་ལོ་ ༢༠༡༡ ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོར་དེབ་སྐྱེལ་གནང་མཁན་གྲངས་ ༧༩༠༠༠ ཙམ་བྱུང་ཡོད་པ་ལས་ས་གནས་ཁག་ ༥༠ ཙམ་དུ་སྔོན་འགྲོའི་འོས་བསྡུར་དངོས་སུ་ཞུགས་མཁན་ ༤༧༠༠༠ ཙམ་བྱུང་ཡོད་འདུག་ལ། གསར་འགོད་གསལ་བསྒྲགས་ཀྱི་ཐོག་མར་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱིས་འོས་བསྡུ་དང་འབྲེལ་བའི་དོན་ཚན་འགའ་གསལ་བཤད་གནང་བ་ལྟར་ན། རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ཏུ་ཡོད་པའི་བོད་པའི་སློབ་ཕྲུག་མང་པོ་ཞིག་ལ་འོས་ཤོག་ལྡུག་རྒྱུའི་ཆ་རྐྱེན་ཚང་ཡོད་ཀྱང་། སྔོན་འགྲོའི་སྐབས་དེབ་སྐྱེལ་བྱས་མེད་སྟབས་འོས་ལྡུག་རྒྱུའི་གོ་སྐབས་རག་ཡོད་པ་མ་རེད། དེ་དག་གི་ཆེད་དུ་ང་ཚོས་གོ་བསྡུར་བྱས་ཏེ། བསྐྱར་དུ་ཁོང་ཚོར་དེབ་སྐྱེལ་གཉིས་པ་བྱ་རྒྱུའི་དུས་ཚོད་ཅིག་བཟོས་ཡོད། དེ་ནི་ད་ལོའི་ཕྱི་ཟླ་ ༡༡ ཚེས་ ༣༠ ནས་ལོ་རྗེས་མའི་ཕྱི་ཟླ་ ༡ ཚེས་ ༡༧ བར་ཡིན། ས་གནས་འོས་བསྡུའི་འགན་འཛིན་རྣམ་པས་དེབ་སྐྱེལ་མིང་གཞུང་དེ་ཕྱི་ཟླ་ ༡ ཚེས་ ༢༤ འགྱངས་མེད་ཐོག་དབུས་ལ་འབྱོར་དགོས་སྐོར་གསུངས་སོང་།
གཞན། བལ་ཡུལ་དང་འབྲུག་ཡུལ་ནང་གི་འོས་སྒམ་གྱི་གནད་དོན་སྐོར་ལ། བལ་ཡུལ་ནང་ས་གནས་ཁག་ ༦ ཏུ་འོས་བསྡུ་གོ་སྒྲིག་ཞུས་པ་རེད། དེ་དག་ལས་འབྱོར་བའི་འོས་བསྡུའི་དེབ་སྐྱེལ་ཟིན་པ་གྲངས་ ༡༡༦༢༠ ཙམ་ང་ཚོར་འབྱོར་སོང་ལ། རྗེས་སུ་འོས་ཤོག་འཕངས་ཏེ་ང་ཚོར་འབྱོར་བ་གྲངས་ ༣༦༢༣ ཙམ་རེད། འཕགས་ཤིང་དང་མཆོད་རྟེན་ཁུལ་ནས་འོས་སྒམ་ ༡༨ འཕྲོགས་སོང་བ་དེ་ཁ་སང་བར་ཐབས་ཤེས་བྱས་ཀྱང་རག་ཡོད་པ་མ་རེད། དེར་བརྟེན། བལ་ཡུལ་ནས་འོས་ཤོག་རྩིས་མེད་ཟེར་གྱི་མེད། འཕྲོ་བརླག་ཏུ་ཕྱིན་པ་ཆིག་སྟོང་ལྷག་ཙམ་ཡོད་པ་རེད། དེ་བཞིན། འབྲུག་ཡུལ་གཞུང་གིས་ཀྱང་ཐེངས་འདིའི་བོད་མིའི་འོས་སྒམ་བཀག་སྡོམ་བྱས་ཏེ། དབུས་འོས་བསྡུ་ལྷན་ཁང་ལ་བསྐྱལ་ཐུབ་ཡོད་པ་མེད་རེད། དེར་བརྟེན། འབྲུག་ཡུལ་ནས་ཀྱང་འོས་ཤོག་ ༦༡༣ ཙམ་འཕྲོ་བརླག་ཏུ་ཕྱིན་སོང་། ཞེས་གསུངས་སོང་།
གསར་འགོད་པ། དོན་གོ
Source: Tibettimes.
རང་ཉིད་ཀྱིས་བཀའ་ཁྲིའི་འོས་བླུགས་སའི་འོས་མི་དེ་ཇི་ཙམ་མཐོ་བོར་སླེབས་ཡོད་པ་དེའི་ཚོད་ཀྱིས་རང་ལ་སྤྲོ་སྣང་ཞིག་དང་། དེ་དང་དེའི་ཁ་གཏད་ལྟ་བུ་ཕམ་པར་མཐོང་ཚེ་རང་བཞིན་གྱིས་ཁོང་དགོད་ཅིག་ཡོང་བཞིན་པ་ནི། དེ་རིང་ཁ་སང་གི་བཙན་བྱོལ་སྤྱི་ཚོགས་ནང་སྐབས་ཐོག་གི་དོ་སྣང་བྱེད་ཡུལ་ཞིག་ཡིན། འདི་ལྟར་བལྟས་ན། བཙན་བྱོལ་གྱི་གནས་སྟངས་དེ་ཧ་ཅང་ཉམས་ངན་གྱི་གནས་སུ་ལྷུང་ངེས་པ་དང་། འགྲོ་སྲིད་པའི་རྟགས་མཚན་ཁག་ཅིག་ད་ལྟའི་བཀའ་ཁྲིའི་འོས་བསྡུའི་ནང་མངོན་པར་སླེབས་བཞིན་པ་དེ་ཡིན། ཨ་རིིར་གནས་སྡོད་བློ་བཟང་སེངྒེ་བཀའ་ཁྲིའི་འོས་མིར་ལངས་ནས་རང་གི་མིང་མཐོང་ཙམ་གྱི་ཆེད། གང་ལ་ཡང་བསམ་ཤེས་མེད་པར། བཀའ་བློན་ཁྲི་པའི་མིང་ཙམ་ལ་འཐམ་ནས་སླེབས་བཞིན་པ་དེར་བོད་རིགས་ན་གཞོན་མང་པོ་ཞིག་གིས་དགའ་བསུ་བྱེད་པ་ནི། མགོ་སྟོང་གིས་མགོ་སྟོང་བསུས་པ་ལས་གཞན་ཅི་ཡང་མིན་སྟབས། ང་ཚོ་ཀླད་པ་སྟོང་བའི་ལས་འགུལ་དེར་ཡིད་ཐང་ཆད། ངས་ནམ་རྒྱུན་བཙན་བྱོལ་སྤྱི་ཚོགས་འདི་ནས་སྐྱུག་བྲོ་བའི་ཟློས་གར་མང་པོ་ཞིག་མཐོང་མྱོང་བའི་ལེ་ཚན་ཞིག་ནི། བཙན་བྱོལ་སྤྱི་ཚོགས་ཀྱི་མི་འབོར་བརྒྱ་ཆའི་མང་ཆེ་བ་ནི། བོད་དང་བོད་ཀྱི་ཆོས་དང་རིག་གཞུང་ཐད་རྒྱུས་ལོན་གང་ཡང་མེད་པར། ས་གནམ་གཉིས་ཀའི་བར་ནས་ཐལ་རྡུལ་དང་མཉམ་དུ་གུ་ཅོ་སྒྲོག་བཞིན་རླུང་ཐན་ཞིག་གིས་ཁུར་ནས་འགྲོ་བཞིན་པའི་གནས་སྟངས་དེ་རེད། ངས་ཧ་ཅང་གསལ་ཁ་དོད་པོ་དང་། ལྷག་བསམ་རྣམ་དག་སྒོས་བོད་རིགས་ཚོར་རེ་འབོད་བྱེད་འདོད་པ་ཞིག་ནི། ང་ཚོའི་བསམ་བློའི་གོ་རྟོགས་དང་། ཤེས་ཡོན་གྱི་ཆུ་ཚད་མཐོར་འདེགས་གཏོང་ཐུབ་མཁན་ཞིག་དགོས་པ་ལས། ད་ལྟའི་བཀའ་བློན་ཁྲི་པ་ཞིག་གིས་རྒྱ་ནག་གཞུང་གི་ལག་ནས་རང་དབང་རང་བཙན་སོགས་གང་ཡང་ལེན་མི་ཐུབ་པ་ནི་བརྗོད་མི་དགོས་པ་ཞིག་ཡིན་སྟབས། ང་ཚོས་མུ་མཐུད་རང་ཉིད་ཀྱི་མི་རིགས་སྲུང་སྐྱོབས་བྱེད་ཐབས་ལ་སྲི་ཞུ་སྒྲུབ་ཐུབ་མཁན་ཞིག་བཀའ་ཁྲིར་འདེམས་དགོས་པ་ལས། ཀླད་པ་སྟོང་བའི་ཕོ་སར་ཞིག་བཀའ་ཁྲིར་འདེམས་པ་ནི། རང་རེ་མལ་ས་ནས་འཆི་ལམ་དུ་སྙེག་པའི་སྟ་གོན་ངོ་མ་རེད་ཅེས་ཤོད་འདོད་བྱུང་། བློ་བཟང་སེངྒེས་ཆེས་དགོད་བྲོ་བའི་སྐད་ཆ་འདི་ལྟ་བུ་ཞིག་བཤད་ཡོད་དེ། ང་ནི་བོད་ཀྱི་ཆོས་དང་རིག་གཞུང་ལ་རྒྱུས་ལོན་ཟབ་པོ་ཡོད། གང་ལགས་ཤེ་ན་ངའི་པ་ལགས་དང་། བཟའ་ཟླ་དེ་ཚོ་ཞལ་འདོན་འདོན་རྒྱུར་དགའ་བོ་ཡོད་ཅེས་བཤད་་་་་་སྐད་ཆ་འདིས་ནི་རྩོད་གླེང་གང་ཡང་མི་དགོས་པའི་ཐོག་ནས་བློ་བཟང་སེངྒེའི་བོད་ཀྱི་ཆོས་དང་རིག་གཞུང་གི་གོ་རྟོགས་གསལ་འདོན་བྱས་པ་རེད། དེར་བརྟེན་ངས་ནམ་ཡང་རང་ཉིད་བླུན་པོ་ཞིག་ལ་དབུ་ཁྲིད་བླུན་པོ་ཞིག་མི་ཡོང་བར་རེ་སྒུག་བྱས་ནས་ཡོད། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང་།། རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ།།ཞེས་ཇི་ལྟར་གདམས་པ་ལྟར་བསམ་ཞིབ་ཡང་ཡང་བྱེད་དགོས་པར་མཐོང་ངོ་།།
བཀའ་སྤྱིའི་སྔོན་འགྲོའི་འོས་ཁྱབ་བསྒྲགས་གནང་བ་ལ་དགའ་བསུ་ཡོད། འདི་ལ་ཁོ་བོས་ཡུན་རིང་འགུག་པ་ཡིན། ཕྱི་ཚེས་༡༢ ཕྱི་ཚེས་༡༢ ་་་་་་་་་་་་་་ མཐའ་མར་སླེབས་སོང་། སྤྱིར་བཀའ་སྤྱི་འོས་མི་ཐམས་ཅད་ལ་དགའ་བསུ་ཞུ་འོས་པ་ཞིག་རེད། གང་ཡིན་ཟེར་ན་དེ་དག་བོད་ཀྱི་ཆོལ་ཁ་དེ་དང་དེའི་མང་མོས་ཀྱི་འདོད་མོས་ཀྱི་ལམ་ནས་ཐོབ་པ་ཞིག་ཡིན། བརྩི་བཀུར་ཞུ་འོས་པ་ཡིན།
འོན་ཀྱང་ཁོ་བོ་ལྟ་བུ་མཚོན་ན་ཆོལ་ཁ་ཆོས་ལུགས་ཀྱི་ལམ་ལུགས་ཀྱི་དམངས་གཙོ་དེ་ཚད་ལྡན་ཞིག་མིན་པར་ཡིད་ཆེས་བྱེད་བཞིན་ཡོད།་བྱས་ཙང་། ཁོ་བོས་སྔོན་འགྲོའི་ཁོངས་སུ་ཞུགས་མེད། འོན་ཀྱང་དེབ་སྐྱེལ་བྱས་ཡོད། བྱས་ཙང་། དེབ་སྐྱེལ་བྱས་པའི་ཁོངས་ནས་བརྒྱ་ཆ་ ༤༠ ཡིས་མཉམ་ཞུགས་མ་བྱས་པ་ནི་གཅིག་ང་རེད་འདུག འོན་ཀྱང་ཁོ་བོས་མ་ཞུགས་པ་དེ་དུས་ཚོད་མ་ཁོམ་པ་དེ་འདྲ་གང་ཡང་མིན། དེའི་སྐབས་ཁོ་བོས་འོས་བསྡུ་བླུགས་སྐབས་སུ་འོས་བླུགས་མཁན་རྣམས་ལ་བལྟས་པ་ཡིན། མང་ཆེ་བས་བོད་མི་རིགས་ལས་རང་ཉིད་ཀྱི་ཆོལ་ཁ་ལ་བརྩི་ཆེ་བ་བྱེད་བཞིན་འདུག དཔེར་ན། འགའ་ཞིག་གིས། གང་ཟག་ཆེ་གེ་མོ་དེ་ང་ཚོ་ཆོལ་ཁ་ལ་ཞེན་ཁོག་ཆེན་པོ་ཡོད་རེད་ཟེར་བ་དང་། ཁོང་ང་ཚོའི་ལུང་ཚན་གཅིག་པ་རེད་ཟེར་བ་དང་། ཡང་འགའ་ཞིག་མངོན་གསལ་དོད་པོ་མེད་པའི་ཐོག་ནས་བླུགས་མཁན་སོགས་ཤིན་ཏུ་མང་། ཁོང་ང་ཚོ་བོད་མི་རིགས་ལ་ཕན་ཀྱི་རེད་ཟེར་མཁན་ཧ་ལམ་དཀོན་པར་སྣང་།
ཚོང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ།
འོས་གཞི་འདིའི་ནང་ནད་འོང་སའི་རྒྱུ་དང་། གདོན་ཡོང་སའི་ཕུག་ཐམས་ཅད་སླེབས་འདུག་པས་སླར་དགྲ་དགའ་གཉེན་སྡུག་གི་ལས་གཞི་དེ་ཚོ་མི་ཡོང་བའི་སྨོན་ལམ་ཤོག །
དབུས་གཙང་ཟླ་བ་ཚེ་རིང་དང་། མདོ་སྟོད་གཡུང་དྲུང་རྒྱལ་མཚན། མདོ་སྨད་སྒྲོལ་མ་ཚེ་རིང་། ངོ་མ་ཆོལ་ཁ་གསུམ་གར་རེ་བ་བརླག་སོང་།
སྐྱུགས་བྲོ་བའི་ད་ལྟའི་བོད་ཀྱི་དམངས་གཙོའི་ལམ་ལུགས་འདི་ལ་ང་ཞེན་པ་གཏིང་ནས་ལོག་སོང་།
གཅིག་ཤོད་འདོད་བྱུང་། ད་རེས་འདེམ་ཤོག་ཚང་མ་བོད་མི་དམངས་ནས་བླུགས་པ་རེད། ཁོང་ཚོའི་མངོན་འདོད་ལ་གུས་ཞབས་བྱེད་རྒྱུ་དེ་དམངས་གཙོའི་་རྩ་དོན་རེད།
ང་ཚོ་སྨྱུག་ཐོག་པ་རྣམས་ཀྱིས་མང་ཚོགས་ཀྱི་འདོད་པ་རྒྱབ་ལ་སྐྱུར་ནས་རང་རང་གི་འདོད་པ་གཙོ་བོར་འཛིན་འདོད་ན། ང་ཚོ་ཅིའི་ཕྱིར་པེ་ཅིང་ལ་སྐྱོན་བརྗོད་བྱེད་དམ།
ང་རང་སེམས་སྐྱོ་དགོས་པ་ཞིག་ལ། ངེད་ཚོ་སྨྱུག་ཐོག་པ་རྣམས་ཀྱི་ནང་ལ། མང་ཚོགས་ཀྱི་བདེ་སྡུག་དང་མངོན་འདོད་ལ་རྡོག་རོལ་གཏོང་བའི་ལས་རྩོམ་བཞིན་འདུག་པ་དེ་ཤིན་དུ་ཐབས་སྡུག་པའི་ལས་རེད།
བཀྲ་ཤིས་བདེ་ལེགས་ཟེར་བ་འདི་སྣེ་ལེན་ཁང་ཐང་གཉིས་འཛུལ་ནས་དང་པོ་གྲྭ་ས་གཉིས་པ་སློ་གྲྭ་ལ་འགྲོ་ལ་མཁན་ཞིག་རེད། དངོས་མིང་བསོད་ནམས་ཚེ་རིང་། བོད་གཞུང་མགོ་སྐོར་གཏོང་མཁན་འདི་འཚོ་སྤྱི་མཐུས་འོས་པ་མ་མཐོང་།
ད་གོ་ཐལ། ཧ ཧ བཙན་བྱོལ་རང་རེད།
འདིར་ན་སྐྱེས་སར་ཀླུ་སྒྲུབ་ཟེར་བ་སོགས་ཀྱིས་དྲང་བདེན་ལ་ལྡོག་བའི་ཕྱོགས་རིས་སྐམ་པོའི་སྐད་ཆ་མང་པོ་ཞིག་གིས་རང་གི་གདོང་ལ་རང་གིས་ཐལ་བ་བཏབ་ཙམ་རེད། གང་ལྟར་སུ་ཞིག་གིས་བཙན་བྱོལ་བོད་གཞུང་ལ་སྐྱོན་འཛུགས་འདོད་པ་ནི་༧གོང་ས་མཆོག་གི་དབུ་འཁྲིད་པའི་གཞུང་ཞིག་ལ་སྐྱོན་འཛུགས་པ་ནི་ཐད་ཀར་བཤད་ན་༧གོང་ས་མཆོག་ལ་སྐྱོན་འཛུགས་འདོད་པ་རེད། མི་དེ་ཚོར་ཤེས་བྱ་ཡོན་ཏན་ཏིལ་འབྲུ་ཙམ་ཆགས་ཡོད་པས་ང་རྒྱལ་དང་ཕྲག་དོག་རི་ལས་ཆེ་ཞིང། རྩམ་པ་རང་གིས་བཟས། རྩམ་ཁུག་སྟོང་པ་གཞན་ལ་སྤྲད། ཅེས་པའི་དཔེ་ལྟར་ལས་མ་འདས་སོ།
ད་ལན་བཀའ་ཁྲིའི་འོས་འདེམས་སྟངས་ལ་གཞིགས་ན་ཆོལ་ག་དང་ཆོས་ལུགས་ཀྱི་དབང་དུ་མ་སོང་བ་ངོ་མ་
དགའ་འོས་པ་ཞིག་རེད། འོན་ཀྱང་སྤྱི་ཚོགས་དཀྲུག་མཁན་གྱི་གཏེ་བོ་གཡུང་རྒྱལ་སོགས་སྤྱི་འཐུས་ཀྱི་འོས་གྲངས་མཐོ་གྲས་སུ་སླེབས་པ་ལ་བློ་ཕམ་བྱུང་། གཞན་ཡང་རྒྱ་དམར་གྱི་རྒྱུགས་ཁྱི་དཀོན་ནོར་མདོ་སྟོད་ཀྱི་སྤྱི་འཐུས་འདེམས་ལུགས་བལྟས་ན་ཁམས་པ་མི་ཉུང་བ་ཞིག་རྨོངས་གཉིད་ལས་སད་མེད་པ་འདྲ། ད་དུང་གཏི་མུག་གཉིད་དཀྲོགས་ཚར་ཁ་ཤས་འདོན་ན་མགཏོགས་ཡོང་ས་མ་རེད།
༡། དེ་རིང་ཏོག་ཙམ་འབྲི་འདོད་བྱུང་། བློ་བཟང་སེང་གེར་འོས་བླུག་མཁན་ནང་ཁོང་ལ་རེ་བ་མཐོང་ནས་འོས་བླུག་མཁན་མང་པོ་ཡོད་པ་དང་མཉམ་དུ་། ཡང་ཕྱོགས་ཞེན་གྱི་དབང་གིས་ཡག་ཉེས་རྩད་གཅོད་མི་བྱེད་པར་མིག་བཙུམ་ནས་ཁོང་ལ་འོས་བླུག་མཁན་ཡང་མི་ཉུང་བ་ཞིག་མཐོང་སོང་། གང་ལྟར་དགའ་འོས་པ་ཞིག་ལ་ཕྱོགས་ཞེན་གྱི་མིག་ཆུང་ཆུང་གཅིག་ལས་མེད་པའི་རིགས་ཀྱིས་བོད་མིའི་བརྒྱ་ཆ་མང་པོ་ཟིན་མེད་པ་འོས་བསྡུས་འདིས་གསལ་བོ་བཟོས་འདུག ད་རེས་ཀྱི་འོས་བསྡུའི་གྲུབ་འབྲས་ཀྱིས་”ཨ་མའི་བུ་ལ་འཇོན་ཐང་ཡོད་ན་ཆོལ་ཁ་གསུམ་ལ་ཕྱོགས་རེས་མེད”ལབ་འདུག
༢། དུས་རྒྱུན་ཆོལ་ཁའི་ཕྱོགས་ཞེན་ཤ་སྟག་བཤད་ཁུལ་གྱིས་རང་ཉིད་ལ་ཆབ་སྲིད་པའི་མིང་དང་། སྤྱི་འཐུས་ཐོབ་ཐབས་བྱེད་བཞིན་པ་གཡུང་དྲུང་རྒྱལ་མཚན་སོགས་བོད་རིགས་ནང་ཁུལ་ཁ་བྲལ་གཏོང་མཁན་གྱི་ཁ་བྲལ་རིང་ལུགས་པ་ཚོའི་བྱ་སྤྱོད་ངན་པ་དང་རྫུན་ཕུགས་མདོ་སྟོད་མི་མང་ལ་ཡག་པོ་མཐོང་བཅུག་པ་རེད། སྐད་ཆ་ཚིག་འབྲུ་རེ་རེ་ལ་ནང་དཀྲུགས་ཀྱི་ཁྲག་དྲི་ལྷོག་ལྷོག་ཏུ་འཆིལ་བའི་མི་ངན་གཡུང་དྲུང་རྒྱལ་མཚན་གཙོའི་བཙན་བྱོལ་སྤྱི་ཚོགས་ནང་གི་ཁ་བྲལ་རིང་ལུགས་པ་ཉུང་ཤས་ཀྱིས། བོད་གཞུང་དང་བཙན་བྱོལ་སྤྱི་ཚོགས་མདོ་སྟོད་མི་མང་གི་ཐོག་ལ་དྲང་པོ་མེད་ལུགས་ཀྱི་ངན་བསྐུལ་དང་ནང་དཀྲུགས་རྒྱུན་མ་ཆད་པར་བྱས་པ་རེད། མི་ངན་འདི་ཚོས་ནང་དཀྲུགས་ཀྱི་གཡོ་ཐབས་འདི་ཁོ་ནར་བསྟེན་ནས་ཆབ་སྲིད་པའི་མིང་དང་སྤྱི་འཐུས་ཐོབ་ཐབས་བྱེད་བཞིན་པ་ལས། བོད་གཞུང་དང་བོད་མིའི་སྤྱི་ཚོགས་དུས་རྟག་ཏུ་མདོ་སྟོད་མི་མང་ལ་བློ་དཀར་དང་ཡིད་ཆེས་སླད་མེད་ཡོད་པ་ཁ་གསལ་གཏིང་གསལ་ཆགས་པ་རེད། ད་ནས་ཁ་བྲལ་རིང་ལུགས་པ་གཡུང་རྒྱལ་སོགས་ཀྱིས་མགོ་སྐོར་དང་ངན་བསྐུལ་འོག་མདོ་སྟོད་མི་མང་གིཕྱོགས་ནས་གྱི་རྙོག་དྲ་མ་བཟོས་ན། བོད་མིའི་སྤྱི་ཚོགས་ནང་ཆོལ་ཁའི་རྙོག་དྲ་ཡོང་རྒྱུའི་ཉེན་ཁ་མེད་པ་གསལ་བོ་རེད་འདུག
༣། ཡིན་ན་དེ་ཙམ་གྱིས་བློ་བདེ་ཆགས་ཆགས་ཡོད་མ་རེད། བཙན་བྱོལ་སྤྱི་ཚོགས་ནང་ཁ་བྲལ་རིང་ལུགས་པ་མི་ཉུང་བ་ཞིག་ད་དུང་འདུར་རྒྱུགས་བྱེད་ཀྱི་ཡོད་པ་རེད། ཁོ་ཚོས་བོད་ཀྱི་ཆོས་རྒྱུད་བཞི་ཁ་བྲལ་གཏོང་འདོད་ཡོད་པ་མ་ཟད། ཆོལ་ཁ་གསུམ་ཡང་ཁ་བྲལ་གཏོང་ཨེ་ཐུབ་ལྟ་གི་འདུག གང་ལྟར་མང་མོས་འོས་བསྡུ་རེ་རེ་སླེབས་པ་དང་གཡུང་རྒྱལ་སོགས་ཁ་བྲལ་རིང་ལུགས་པ་ཚོའི་རེ་ངན་ལ་ཕམ་ཉེས་ཆེན་པོ་རེ་ཕོག་ཡོད་པ་མ་ཟད། དུས་རྒྱུན་ཁོང་ཚོས་གླེང་བཞིན་པའི་ཆོལ་ཁའི་ལ་རྒྱ་དང་ཆོལ་ཁའི་རྙོག་དྲ་དེ་ཚོ་དགོས་མཁོ་མེད་པ་དང་བདེན་པ་མ་ཡིན་པ་མིག་མཐོང་ལག་ཟིན་གྱིས་གསལ་བཤད་བྱས་པ་རེད། མ་འོངས་པར་ཁོང་ཚོས་མུ་མཐུད་བོད་གཞུང་དང་བོད་མའི་སྤྱི་ཚོགས་འདི་བཞིན་མདོ་སྟོད་མི་མང་ཐོག་དྲང་པོ་མེད་ལུགས་བཤད་རྒྱུར་ངོ་ཚ་དགོས་པ་དང་། དེ་འདྲ་བཤད་པ་ཡིན་ནའང་མདོ་སྟོད་མི་མང་ཡིད་ཆེས་བྱེད་མི་ཤེས་པ་ཆགས་ཡོད་རེད། བཀའ་ཁྲི་མདོ་སྟོད་རེད། གྲོས་ཚོགས་ཀྱི་ཕྱེད་ཀ་ལྷག་མདོ་སྟོད་རེད། སྐུ་སྒེར་དྲུང་ཆེ་མདོ་སྟོད་རེད། དམིགས་བསལ་སྐུ་ཚབ་མདོ་སྟོད་རེད། དོན་གཅོད་ཁག་མང་པོ་མདོ་སྟོད་རེད། ད་དུང་བོད་གཞུང་དྲང་པོ་མེད་རབས་དང་ཡག་པོ་མིན་རབས་བཤད་ནས་མདོ་སྟོད་མི་མང་ལ་མགོ་སྐོར་གཏོང་མི་ཐུབ་པ་ཆགས་ཡོད་རེད། བོད་གཞུང་ཞེས་མདོ་སྟོད་མི་མང་མ་ཚུད་པའི་ཕ་རོལ་བོ་ཞིག་ལ་ཉེས་པ་དང་མཛུབ་མོ་འཛུགས་ས་མེད་པ་ཤེས་ངེས་རེད།
༤། གལ་སྲིད་མི་སོ་སོར་འཇོན་ཐང་ཡོད་ན་བོད་མི་ཚོས་ཆོལ་ཁ་གང་ཡིན་ལ་མི་ལྟ་བར་རྒྱབ་སྐྱོར་ཡོད་པ་གསལ་བོ་རེད། དཔེར་ན་བློ་བཟང་སེང་གེའི་ཤེས་ཡོན་ལྟ་བུ་ཞིག་ཁ་བྲལ་རིང་ལུགས་པ་གཡུང་རྒྱལ་ལ་ཡོད་པའི་དབང་དུ་བཏང་ན། བོད་མི་ཚོས་ཁོ་ལ་རྒྱབ་སྐྱོར་བྱེད་རྒྱུར་དོགས་པ་བྱེད་དགོས་མི་འདུག འོན་ཀྱང་མི་ངན་འདི་འདྲར་དེ་འདྲ་ཆ་རྐྱེན་མེད་པ་དང་། རང་ཉིད་ལ་རིན་ཐང་མེད་པ་ངོས་མ་ཟིན་པར་ད་དུང་ཕར་ཕྱོགས་ནས་ཕྱོགས་རེས་བྱེད་ཀྱི་འདུག་ཅེས་འཁྲུགས་པ་བརྒྱག་གི་འདུག
༥། བཀའ་ཁྲིའི་འོས་བསྡུ་འདིས་ང་ཚོར་བཀའ་ཁྲི་གསར་བ་ཞིག་ཐོབ་པའི་རྒྱལ་ཁ་ཙམ་མ་ཡིན་པར། བོད་མི་ནང་ཁུལ་གཏོར་མཁན་གྱི་ཁ་བྲལ་རིང་ལུགས་པ་ཚོའི་མགོ་ལ་ཡང་དྲང་བདེན་གྱི་སྟ་རེ་རེ་རེ་གཞུས་པ་རེད། སླར་ཡང་། ཨ་མའི་བུ་ལ་འཇོན་ཐང་ཡོད་ན་ཆོལ་ཁ་གསུམ་ལ་ཕྱོགས་རེད་མེད།
ཨ་ཧ་ཧ། བོད་ཀྱི་མིའི་འདི་ཚོ་དུས་ནམ་ཡང་ནང་མཐུན་ཡོང་བཀའ། ཨོ་ཧོ་ཧོ།
སྐྱེས་གསར་ཀླུ་སྒྲུབ་ཀྱིས་ཤོད་འདོད་པ་ནི་བཀའ་ཁྲིའི་འོས་གྲངས་མཐོ་ཤོས་སུ་མདོ་སྨད་པ་ཞིག་སླེབས་དགོས་པ་ལས་དེ་ལས་གཞན་པ་ཞིག་འོས་གྲངས་མཐོ་ཤོས་སུ་གྱུར་པ་འདི་ལ་མི་འོས་སོ་ཞེས་་པ་མིན་ནམ།
ཐེངས་འདིར་འོས་བསྡུའི་དེབ་སྐྱེལ་བྱེད་མཁན་ ༧༩༠༠༠ ལྷག་ཅིག་ཡོད་པ་དང་། དངོས་སུ་འོས་བླུག་མཁན་༤༧༠༠༠ ལྷག་བྱུང་འདུག དེའི་ནང་ནས་འོས་ཤོག་རྩིས་མེད་ཕྱིན་པ་བསྡོམས་པའི་༡༠༡༩ བྱུང་བ་དང་། བཀའ་བློན་ཁྲི་པའི་འོས་བླུག་མཁན་དེབ་སྐྱེལ་བྱས་པའི་བརྒྱ་ཆ་༦༠ ཆགས་ཡོད་པ་རེད།
དབུས་གཙང་སྤྱི་འཐུས་ཀྱི་འོས་མིའི་ནང་མིང་ཐོ་སླེབས་པ་༡༡༡༩ བྱུང་བ་དང་། མདོ་སྟོད་ཆོལ་ཁོངས་ནས་འོས་མི་༥༤༩ ། མདོ་སྨད་ཆོལ་ཁོངས་སུ་༢༥༥ བྱུང་ཡོད་པ་རེད། དེའི་ནང་ནས་རྩེ་བཏོག་མི་ལྔ་བཅུ་རེད་ཁྱབ་བསྒྲགས་བྱས་པ་རེད་འདུག
འོས་ཁོངས་གཉིས་ཀྱི་ནང་དུ་སླེབས་ཡོད་པ་ཚོར་དབུས་འོས་བསྡུ་ལས་ཁང་ནས་དོ་བདག་ལ་ འབྲེལ་བ་བྱས་ཏེ། ཆོལ་ཁ་དང་ཆོས་བརྒྱུད་གང་གི་ནང་དུ་ལངས་རྒྱུ་ཡིན་ཐེག་གཅོད་བྱས་རྗེས་ཁྱབ་ བསྒྲགས་བྱས་པ་ཞིག་རེད།
མཐའ་མའི་བསྐྱར་བཅོས། ( ‘༢༠༡༠, ༡༡, ༡༢’ )
བལ་ཡུལ་དང་འབྲུག་ཡུལ་ནས་འོས་ཤོག་འཕྲོ་བརླག
གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
12_11_2010_དེ་ རིང་གསར་འགོད་གསལ་བསྒྲགས་ཐོག་དབུས་འོས་བསྡུ་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ ཀྱིས་བལ་ཡུལ་ནང་དུ་འོས་བསྡུའི་དཀའ་ངལ་འཕྲད་པའི་སྐོར་འགྲེལ་བརྗོད་གནང་དོན། བལ་ཡུལ་ནང་དུ་བོད་མི་གནས་སྡོད་བྱེད་མཁན་མང་པོ་རེད། ས་གནས་འོས་བསྡུའི་འགན་འཛིན་ཁག་དྲུག་ཡོད་པ་དང་། འོས་བསྡུའི་དེབ་སྐྱེལ་བྱེད་མཁན་བསྡོམས་༡༡༦༢༠ བྱུང་བ་རེད། འོས་བསྡུའི་སྐབས་ས་གནས་རྫོང་དཔོན་ལ་བཀའ་ཁྲོལ་ཞུས་པ་དང་།
12_11_2010ངག་ ཐོག་ནས་བཀའ་ཁྲོལ་ཐོབ་འདུག་མོད། བལ་ཡུལ་དུ་སྔོན་འགྲོའི་འོས་བསྡུའི་སྐབས། ས་གནས་ཁག་གཉིས་ནས་ཉེན་རྟོག་པས་བལ་ཡུལ་ནང་སྲིད་ཀྱི་བཀའ་ཡིན་ཞེས་འོས་སྒམ་༡༨ ཁྱེར་བ་རེད། ས་གནས་དེ་གཉིས་ནང་འོས་ཤོག་༡༠༠༠ ལྷག་ཅིག་འཕྲོ་བརླག་ཕྱིན་པ་དང་། འོས་ཤོག་དབུས་འོས་བསྡུ་ལས་ཁང་དུ་༣༦༢༣ འབྱོར་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།
ཁོང་གིས་མུ་མཐུད་ འབྲུག་ཡུལ་དུ་བོད་མིའི་འོས་བསྡུའི་དཀའ་ངལ་སྐོར་གསུང་དོན། འབྲུག་ཡུལ་དུ་བོད་པའི་གཞིས་ཆགས་ཁག་༧ ཡོད་པའི་ནང་འོས་བསྡུའི་དེབ་ཡོད་མཁན་༡༠༩༧ འདུག འོས་བསྡུའི་སྐབས་འབྲུག་གི་ཕྱི་མིའི་དེབ་སྐྱེལ་བྱེད་སའི་ལས་ཁུངས་སུ་བཀའ་ ཁྲོལ་ཞུས་འདུག་ཀྱང་། ལན་གང་ཡང་འབྱོར་མི་འདུག ཡིན་ནའང་འོས་བསྡུ་བྱས་པ་རེད། དེ་རྗེས་འབྲུག་གཞུང་གིས་འོས་བསྡུ་དང་འབྲེལ་བའི་ཡིག་ཆའི་རིགས་རྒྱ་གར་དུ་ གཏོང་ཆོག་གི་མ་རེད་ཅེས་བཀག་པ་རེད། དེར་བརྟེན། འོས་བླུག་མཁན་༦༡༣ བྱུང་བ་རེད་མོད་ཚུར་གཏོང་མ་བཅུག་ནས་འཕྲོ་བརླག་ཕྱིན་པ་རེད་ཅེས་འགྲེལ་བརྗོད་ གནང་སོང་། །
གོང་གསལག་གནས་ཚུལ་འདི་དག་བང་ཆེན་དྲ་ཐོག་ནས་བཤུས།
མདོ་སྟོད་རྒྱ་ཆེ་མང་ཚོགས་ནས་ནུས་ཤུགས་ཡོད་ཚད་ཕྱོགས་གཅིག་ཏུ་སྤུངས་ཏེ་སྐབས་བཅོ་ལྔ་པའི་སྤྱི་འཐུས་ལྷག་བསམ་དང་ཤེས་འཇོན་ནུས་གསུམ་གྱིས་ཕྱུག་པ་ཞིག་འདེམས་སྒྲུག་དགོས་རྒྱུ་ནི་གལ་ཆེ་ནང་གི་དོན་ཆེན་ཞིག་རེད། དེར་བརྟེན་ཁྲོ་ཐུང་གི་ཚ་བོ་གཡུང་རྒྱལ། འཕོངས་སྟེགས་འགོག་མཁན་ཚུལ་བསྟན། མི་སྨྲ་བའི་བརྟུལ་ཞུགས་འཆང་མཁན་གྱི་སྤྱི་འཐུས་ལས་ཟུར་རྣམས་དང་། ད་ལན་སྔོན་འགྲོའི་འོས་བསྡུ་སྐབས་གསར་དུ་འདེམས་སྒྲུག་གནང་བའི་གྲས་ནས། གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར། བཀའ་ཟུར་རིན་ཆེན་མཁའ་འགྲོ། དགུ་བཅུ་གསུམ་གྱི་ཚོགས་ཟུར་ངག་དབང་འོད་འབར། དེང་དུས་ཀྱི་ཤེས་ཡོན་པ་དབྱངས་ཅན་སྒྲོལ་དཀར་རྣམས་སྙིགས་འདོར་བཅུད་ལེན་ཞིག་བྱེད་ན་འཚམ་པོ་ཡོང་ས་རེད་བསམ་གྱིན་འདུག ལྟ་ཚུལ་ནོར་ཡོད་ན་བཟོད་པ་བཞེས་རོགས།
དོན་འགྲུབ་ལྷ་དར་གཞོན་ནུའིཚོགས་གཞོན་ལས་དགོངས་པ་ཞུ་ཐུབ་ཀྱི་ཡོད་མ་རེད། གལ་ཏེ་ཚོགས་གཞོན་དགོངས་པ་ཞུས་ནས་ཚོགས་གཙོ་ཡང་དགོངས་པ་ཞུ་རྒྱུ་ཡིན་ཞེས་བཤད་པར་བརྟེན་དོན་འགྲུབ་ལྷ་དར་སྤྱི་འཐུས་སུ་ཞུགས་ཐུབ་ཡོད་མ་རེད། སྤྱིར་ད་ལོ་གཞོན་ནུའི་ནང་རྙོག་དྲ་ཏོག་ཙམ་ཡོད་རེད།
ཧ་ ཧ་་ བོད་མི་ས་ཡ་དྲུག་པོའི་ལོ་ངོ་སྟོང་ཁྲག་འགའ་ཞིག་གི་རྒྱལ་རབས་ལོ་རྒྱུས་ནང་བྱུང་མ་མྱོང་བ་འཛམ་གླིང་འདི་ནང་སྙན་གྲགས་ཆེ་ཤོས་ཨ་རིའི་ཧར་ཝརཌ་གཙུག་ལག་སློབ་གྲ་ནས་གཟི་བརྗིད་ལྡན་པའི་ངང་ཐོན་པའི་བོད་རིགས་དང་པོ་ དེ་ཡང་ཁྲིམས་གྱི་སློབ་དཔོན་་་་ དེ་ཡང་འཛམ་གླིང་རྒྱལ་སྤྱིའི་ཁྲིམས་ལུགས་་་ དེ་ཡང་བོད་དོན་དང་ཐད་ཀར་འགྲེལ་པའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་སྐོར་ཐར་གསོན་ཅིང་རྒྱལ་སྤྱིའི་སློབ་མ་དང་དགེ་ལས་སྟོང་ཁྲག་འདུས་ཚོགས་ཀྱི་དབུས་སུ་མཁས་པའི་དབང་པོའི་མཚན་གསོལ་ཞིང་ལག་འཁྱེར་བསྩལ་དེ་བོད་མི་རིགས་ཀྱི་མཚན་མཐོང་ལར་རྒྱ་གོང་བུར་འདེགས་ཐུབ་ཁན་མཁས་དབང་བློ་བཟང་སེངྒེ་ལགས་ལ་བཀའ་ཁྲིའི་འོས་མང་གཤོས་ཐོབ་པ་དེ་ནི་ཆེས་འོས་ཞིང་མཚམས་པའི་བཙན་བྱོལ་ནང་ནས་ ཨ་ཡོད་ནང་གི་ད་ཡོད་ སྒོ་ངའི་ནང་གི་སེར་རིལ་ ལྟེ་པོའི་ནང་གི་གཟུགས་བཟང་དེ་མ་ནོར་བ་བསྡམས་ཐུབ་པར་དགའ་འོས་པ་ཞིག་རེད་ལ་ མཐའ་མའི་བཀའ་ཁྲིའི་རྒྱལ་ཁ་དེ་ཡང་མཁས་དབང་བློ་སེང་ལགས་སུ་ཐོབ་པའི་ཡིད་མཆེས་དང་རེ་སྨོན་ཡོད་ གང་ལགས་ཞེ་ན་བློ་སེང་ལགས་ནི་ཁྲིམས་ཐོན་སློབ་མ་ཙམ་མ་ཡིན་པར་ཆུང་དུས་སློབ་གྲའི་དུས་ནས་ མཐོ་སློབ་ནང་ དེ་རྗེས་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་རྒྱུན་དུ་ ༧གོང་ས་མཆོག་གི་བཀའ་དྲིན་བསམ་ཤེས་ངང་ བོད་དོན་དང་བོད་མི་རིགས་གི་རྩ་དོན་ཐོག་རང་སྒེར་ངོས་ནས་ལོ་ངོ་བཅུ་ཁྲག་ལྷག་རིང་འཛམ་གླིང་གི་དུས་དེབ་དང་ ཚག་ཤོག་ སྙན་འཕྲིན་བཅས་ནང་བོད་དོན་བརྩོམ་ཡིག་སྤེལ་བ་དང་ བོད་དོན་ཐོག་བགྲོ་གླེང་ གཏམ་བཤད་ ཚོགས་འདུ་ ཞིབ་འཇུག་ སློབ་བསྟོན་ ཟབ་སྦྱོང་ འབྲེལ་འཐུད་ སྐད་འབོད་སོགསགྲངས་ལས་འདས་པ་་བྱས་ཡོད་ དེ་བཞིན་ཨ་རི་དང་ཡོ་རོབ་མཐུན་ཚོགས་རྒྱལ་ཁབ་ཁག་སོགས་གི་སྣེ་ཡོད་མི་སྣ་དང་འགྲེལ་ལམ་ཡག་པོ་ཡོད་པ་མ་ཟད་ བོད་རྒྱ་མི་རིགས་དབར་དང་ ལྷག་པར་ ༧གོང་ས་མཆོག་དང་ རྒྱ་རིགས་དགེ་སློབ་དབར་མཉམ་འཛོམས་ཀྱི་འབྲེལ་འཐུད་གོ་སྒྲིགས་ལན་མང་ཞུས་ཡོད་ འཛམ་གླིང་གི་སྲིད་དོན་འགྱུར་གྲོས་ དབང་གིས་བོད་རྒྱའི་དཀའ་རྙོག་ དང་ བོད་ནང་གི་གནས་སྟངས་ བཙན་བྱོལ་བོད་མིའི་གནས་སྟངས་སོགས་ལ་ཉམས་ཞིབ་དང་དོ་འཁུར་རྒྱུན་དུ་གནང་མུས་རེད་།
༼ཀླད་པ་སྟོང་བའི་ཕོ་སར་ཞིག་བཀའ་ཁྲིར་འདེམས་པ་༽ མཁས་དབང་བློ་སེང་ལགས་ ཀླད་པ་སྟོང་བའི་ཕོ་སར་ཞིག་ཡིན་ན་ ཁོང་ལ་མཁས་དབང་གི་མཚན་གསོལ་ཁན་འཛམ་གླིང་དུ་མཚན་སྙན་གྲགས་པའི་ ཧར་ཝརཌ་གཙུག་ལག་དང་དེའི་མཁས་དབང་སློབ་དཔོན་དེ་དག་ཀྱང་ཀླད་པ་སྟོང་པ་དང བླུན་པོ་ཤ་ཏག་ཡིན་ལེ་རེད་ སྐྱེས་སར་ཀླུ་སྒྲུབ་ཟེར་ལེ་དེའི་ མཁས་དབང་བློ་བཟང་སེངྒེ་དང་ བཙན་བྱོལ་སྤྱི་ཚོགས་ ་བཙན་བྱོལ་གཞོན་ནུ་བཅས་ལ་མཐོང་ཆུང་དང་དམའ་འབེབས་ཁྱད་གསོད་ཚད་མེད་བྱེད་པའི་རྒྱུ་ཚན་དེ་ མཁས་དབང་བློ་སེང་ལགས་ལ་མི་མང་གི་འོས་མང་ཤོས་ཐོབ་པ་དེར་མི་དགའ་བའི་ཁྲག་ཏོག་གི་འཆལ་གཏམ་སྤེལ་ཏེ་་སྐྱུག་བྲོ་བའི་ཟློས་གར་རང་གི་ཁྲབ་པའི་རང་སྐྱོན་རང་གི་མི་མཐོང་བར་ ལྷག་བསམ་རྣམ་དག་སྒོས་བོད་རིགས་ཚོར་རེ་འབོད་བྱེད་འདོད་པ་ཟེར་ཡང་ ཁྱོད་ཟེར་མ་ར་མགོའི་ལྷག་བསམ་རྣམ་དག་དེ་གོང་ནས་གསལ་ཐིང་ངེར་མངོན་ཐུབ་ལེ་བདའ་ ཨ་རོ་ཁྱོད་ རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་ན་ བོད་ལ་རྒྱའི་བཙན་འོད་དུ་ལོག་རྒྱུགས་ ཁོ་ཚོ་མཁས་པོ་ཡོད་ལེ་རེད་ གྲུང་པོ་ཡོད་ལེ་རེད་ གཡོ་ཁྲམ་མཁས་ལེ་རེད་ མགོ་བསྐོར་ཤེས་ལེ་རེད་ རྫུན་གཏམ་བཟོ་ལེ་རེད་ དབང་ཡོད་བཤད་ལེ་རེད་ གདུག་བརྩུབ་ཆེ་ལེ་རེད་ ཁྱོད་དཔོན་དེ་འདྲའི་རྗེས་སུ་འབྲང་དགོས་ལེའི་མི་ཞིག་ཡིན་ཞི་བདའ་།
༼ངས་ནམ་རྒྱུན་བཙན་བྱོལ་སྤྱི་ཚོགས་འདི་ནས་སྐྱུག་བྲོ་བའི་ཟློས་གར་མང་པོ་ཞིག་མཐོང་མྱོང་༽ངས་ཀྱང་ད་རིང་མཁས་དབང་ཞིག་ལ་ཀླད་སྟོང་དང་བླུན་པོ་ ཛོ་ལེ་གི་སྐྱུག་བྲོ་བའི་ཟློས་གར་འདི་་མཐོང་བྱུང་་ དྲ་གྲོགས་ཚང་མས་ཀྱང་སྐྱུག་བྲོ་བའི་ཟློས་གར་འདི་མཐོང་སོང་ ཨ་ཚི་ཟློས་གར་ཟེར་ལེ་དེ་དེ་འདྲའི་ཡག་མོ་ཞིག་བདའ་ རང་ཚང་རང་གི་བཏོན་ཡོང་ཞི་བདའ་།
རྩོམ་ལ་རྩོམ་ལན་རྒྲག་དགོས་ན་རྩོམ་ལུགས་ཤིག་ཡོད། རང་སྣང་གང་དྲན་མིན། བྱས་ཙང་། ཁོ་བོ་ཡང་བློ་བཟང་སེང་གེ་སྐབས་གསུམ་པའི་བཀའ་ཁྲིར་ཐོབ་རྒྱུ་འདོད་པ་མེད་མཁན་ཞིག་ཡིན། གང་ཡིན་ཟེར་ན། ཁོང་འཛམ་གླིང་གི་ཁྲིམས་ཀྱི་ཐོག་ལ་མཁས་དབང་ཞིག་ཡིན་ཤས་ཆེ། འོན་ཀྱང་ཁོང་བོད་ཀྱི་ལོ་རྒྱུས་དང་ཆབ་སྲིད་ཀྱི་ཐོག་ལ་ཤེས་ཚད་ཇི་འདྲ་ཡོད་མེད་ཁོ་བོ་གཡང་ང་ཟར་གྱི། སྤྱིར་བོད་ཀྱི་བཀའ་ཁྲིའི་འོས་ཐོབ་པ་ལ་ཤེས་ཚདང་ཉམས་མྱོང་དགོས་པ་མ་ཟད། གང་བསགས་པའི་ཉམས་མྱོང་དེ་བེད་སྤྱོད་གཏོང་ས་ཞིག་ཡིན་གྱི། བཀའ་ཁྲི་རྐུབ་རྐྱགས་དེ་ཉམས་མྱོང་བསག་ས་མིན། དཔེར་ན་ད་ལོ་དབུས་གཙང་བོད་རིགས་ཀྱིས་སྒོ་ཁྲུག་བསྐལ་བཟང་ཕུན་ཚོགས་ཁོང་བཀའ་ཁྲིའི་གྲས་སུ་མ་བླུགས་པར་སྤྱི་འཐུས་ཀྱི་འོས་མིའི་གྲས་སུ་བླུགས་པ་དེ་འོས་ཤིང་འཚམས་པ་དང་འགྲིག་པ་ཞིག་ཏུ་མཐོང་།
དེར་མ་ཟད་ཁོང་གི་བོད་རྩ་དོན་དང་འབྲེལ་བའི་སྲིད་བྱུང་ལངས་ཕྱོགས་གང་ཡིན་བོད་མི་རིགས་ལ་གསལ་ཁ་བཏོན་མེད། དེའི་རྒྱུ་མཚན་ནི།་ཁོང་ནི་དོན་ངོ་མར་བོད་རིགས་ས་ཁུལ་ཡོངས་རྫོགས་རྒྱ་ནག་དང་ཟླ་བསྒྲིལ་གཏོང་རྒྱུ་འདོད་པ་ཡོད་ཅེས་དེ་སྔོན་ཨ་རིའི་ས་གནས་ཤིག་ཏུ་གཏམ་བཤད་བྱས་ཡོད། བྱས་ཙང་དེ་ག་རང་གིས། ཁོང་གི་ལངས་ཕྱོགས་གང་ཡིན་གསལ་པོ་ཆགས་ཡོད།
༢༠༠༨ ཕྱི་ཟླ་ ༡༠ ཚེས་ ༠༨ ཉིན་ཨ་རི་རྒྱལ་ས་ཝ་ཤིང་ཊན་དུ་མཁས་དབང་མང་དག་གཅིག་གི་ཁྲོད་དུ་ ༢༠༠༨ ལོའི་ཟིང་ཁྲུག་རྗེས་ཀྱི་བགྲོ་གླེང་ཤིག་གི་སྐབས་སུ་ཁོང་གི་གཏམ་བཤད་མང་དག་ཅིག་སྤེལ་བར་མ་ཟད། དེའི་ནང་དུ་གཏམ་བཤད་ཟུར་གཅིག་གི་ནང་དུ་ ཁོང་གི་འདོད་མོས་ནི་བོད་ཀྱི་ཁོར་ཡུག་དང་ཆབ་སྲིད་བཅས་ཡོངས་རྫོགས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཀྱི་ནང་དུ་བཅུག་ནས་མི་རིགས་རང་དབང་གི་ཐོབ་ཐང་འདྲ་མཉམ་དགོས་འདུག་ཟེར་བ་དང་། གཏམ་བཤད་ཀྱི་ཆོབ་ཀྱི་ཞོར་དུ། ཁོང་རང་ཡང་མ་འོངས་པར་རྒྱ་ནག་རྒྱལ་ཁབ་ཀྱི་སྲིད་འཛིན་ཨོ་བྷ་མ་འགྱུར་འདོད་ཡོད་ཟེར་ཡོད། གཏམ་བཤད་འདིས་བོད་པའི་སྤྱི་ཚོགས་ཁྲོད་གཏམ་གླེང་སྣ་ཚོགས་བྱུང་ཡོད།
དྲ་གྲོགས་རྣམས་ཀྱིས་རྩོམ་ལན་འབྲི་སྐབས་ཐུགས་ལྷོད་ལྷོད་གནང་རོགས། སྐྱེས་སར་ཀླུ་སྒྲུབ་ལགས་ལ་རྩོམ་ལབ་འབྲི་སྐབས་རྩོམ་གྱི་ནང་དོན་ལ་སྐྱོན་བརྗོད་འབྲི་བ་མགཏོགས་ལམ་སེང་ཆོལ་ཁ་གླེང་ནས་རྒྱུ་མཚན་གང་ཡང་མེད། ཁོང་གི་གཏམ་བཤད་ལ་རྒྱུ་མཚན་ཡོད་ན་ད་ག་རང་ངོས་ལེན་བྱ་དགོས་པ་ཡིན། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཟེར་བ་ཡིན་པས་རྗོད་བྱེད་ཚིག་གི་བརྗོད་བྱ་ལ་བརྟག་དགོས་པ་མ་གཏོགས་གང་ཟག་སུ་ཡིན་མིན་དང་ཁོང་གང་བྱེད་ཀྱིན་ཡོད་མེད་དེ་གནད་འགག་ཆེན་པོ་མིན་པར་སྙམ།
བོད་གཞུང་གི་ལྷན་ཁང་ག་ཚོད་ཡོད་ཙམ་ཡང་མི་ཤེས་པའི་མཁས་དབང་། བོད་གཞུང་ནང་ད་ལྟའི་འཆར་ལྷན་ཁང་རེ་བཀའ་བློན་རེ་དང་བཀའ་བློན་ཁྲི་བ་བཅས་སྡོམས་བཀའ་བློན་བརྒྱད་ལས་མེད་ཀྱང་མཁས་དབང་བློ་བཟང་སེངྒེ་ལགས་ནས་བཀའ་བཤག་ལྷན་ཁང་གཏན་ནས་རྒྱུས་མེད་པས་དེ་སྔོན་བཀའ་བློན་བགྲོ་གླིང་གཏམ་བཤད་ནང་འདི་འདྲ་ཞིག་གནང་འདུག་ ༼ང་བཀའ་བློན་ཁྲི་བ་འདེམས་ཐོན་བྱུང་བ་ཡིན་བཀའ་བཤག་ལྷན་ཁང་ནང་བཀའ་བློན་རྣམ་པ་ཆོལ་ཁ་གསུམ་གྱི་འཐུས་མི་ཡོད་པ། ཆོས་ལུགས་ལྔའི་འཐུས་མི་ཡོད་པ། གཞོན་ནུའི་འཐུས་མི་ཡོད་པ། བུད་མེད་ཀྱི་འཐུས་མི་ཡོད་པ། བོད་ནས་གསར་དུ་འབྱོར་བའི་འཐུས་མི་ཡོད་པ། བཀའ་བློན་རྙིང་པ་ཞིག་ངེས་པར་ཡོད་དགོས། ༽ ཞེས་སོགས་གསུངས་ཡོད་པས་ཁོང་གི་བཞེད་པ་ལྟར་ན་བཀའ་བློན་བཅུ་གསུམ་མ་འཐར་སླེབས་དགོས་ཀྱང་ད་ལྟ་བཀའ་བློན་ཞབས་སྟེགས་བརྒྱད་ལས་མེད་པས་ཞབས་སྟེགས་ལྔ་གང་ནས་འཚོལ་དགོས་སམ། དེ་ནི་དེ་སྔོན་རྒྱ་གར་ནང་བློན་ཆེན་འོས་ཐོབ་ཆེད་འདོད་རྔམ་ཅན་ཞིག་ནས་ང་བློན་ཆེན་འདམས་པ་ཡིན་ན་ཁྱོད་ཚོའི་ལུང་པར་ཟམ་པ་མང་པོ་རྒྱབ་ཆོག་ཞེས་བཤད་པས་མི་མང་ནས་ང་ཚོར་ཟམ་པ་རྒྱག་སའི་ཆུ་ཡོད་པ་མ་རེད་ཞེས་བཤད་པས་མི་དེས་སྔོན་ལ་ལུང་པར་ཆུ་འཁྲིད་དེ་ནས་ཟམ་པ་རྒྱག་རྒྱུ་ཡིན་ཞེས་པའི་གཏམ་རྒྱུད་རང་རེད། མཁས་དབང་བློ་སེང་ལ་རྒྱབ་བསྐྱོར་གནང་མཁན་རྣམས་ནས་སྔོན་ལ་བཀའ་བློན་ལྔ་ཡི་རྐུབ་བཏེགས་གྲ་སྒྲིག་གནང་མི་དགོས་སམ??ཧཧཧཧཧཧཧཧཧཧཧཧ
སྐྱེས་སར་ཀླུ་སྒྲུབ་ཀྱིས་བཤད་པའི་སྐད་ཆ་གནས་ལུགས་མེད་པ་ཞིག་མ་རེད།
སྐབས་རེར་བསམ་བློ་གཏོང་སྐབས་བཙན་བྱོལ་བོད་མིའི་ཁྲོད་དུ་ད་དུང་མང་གཙོ་རན་པོ་མེད་པར་མངོན་ཐུབ། སྤྱིར་མང་གཙོ་རིན་ཐང་ཆེ་ནའང་དེ་ལོངས་སྤྱོད་མཁན་གྱི་མང་ཚོགས་ལ་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་དང་ཤེས་ཡོན་ལྷག་བསམ་དང་འགན་འཁྲི་དགོས་རྒྱུ་རེད་དེ་མེད་ན་མང་གཙོ་ཡོད་པ་ལས་མེད་པ་བཟང་སྙམ།
ཚང་མས་བསམ་བློ་ཞིག་ཐོངས་དང་བོད་ནང་དུ་སློབ་མ་དང་དགེ་རྒན་སོགས་ཤེས་ཡོན་ཡོད་མཁན་ཚང་མས་རང་གི་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱ་རྒྱུར་འགན་འཁུར་ཏེ་ཉེན་ཁར་མ་སྐྲག་པར་ཉིན་མཚན་ལྟོས་མེད་དུ་ལས་འགུལ་རིམ་བཞིན་སྤེལ་བཞིན་པའི་སྐབས་འདིར་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་ནུབ་ཕྱོགས་པའི་སློབ་གླིང་ཞིག་གི་ལག་འཁྱེར་ལ་མཐོང་ཆེན་བྱེད་སྟངས་འདིར་བལྟས་ན་བོད་ཀྱི་རིག་གནས་རྒྱུན་འཛིན་རྒྱུ་གལ་ཆེན་བྱེད་ཀྱི་མེད་པ་མངོན་ཐུབ་ཀྱི་འདུག
སྤྱིར་ཡིན་ན་༸གོང་ས་མཆོག་གི་ཐུགས་རྗེ་དང་མཁས་དབང་ཟམ་གདོང་རིན་པོ་ཆེས་འཛིན་སྐྱོང་འོག་བོད་ཀྱི་སྐད་ཡིག་གི་གསོན་ཤུགས་ཅུང་ཙམ་ཞིག་བཙན་བྱོལ་བོད་མིའི་ཁྲོད་དུ་རྒྱས་བཞིན་པའི་སྐབས་འདིར་ཡང་བསྐྱར་ཉམས་ཉེས་སུ་འགྲོ་རྒྱུ་དན་རྟགས་འགོ་ཚུགས་སོང།
བཀའ་བློན་གྱི་སྔོན་འགྲོའི་འོས་བསྡུས་མཇུག་འབྲས་མཐོང་སྐབས་ཡང་ང་ཚོར་ཉམས་ཆག་ཅིག་གི་འགོ་འབུས་སོང་སྙམ་པའི་ཚོར་བ་ཞིག་སེམས་གཏིང་ནས་སྐྱེས་སོང།
མི་མང་བོ་ཞིག་གིས་ཁྱབ་བསྒྲགས་ལོགས་པར་བྱས་པའི་ནང་འབྲས་རེད་ཡང་བསམ་སོང། དཔེར་ན། བོད་དོན་དེ་རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྟེན་ནས་སེལ་ཐུབ་པའི་རེ་སྟོང་དམངས་ཚོགས་ཀྱི་ཁྲོད་དུ་བརྒྱ་བཤད་སྟོང་བཤད་བྱས་པའི་སོ་སོའི་དམིགས་ཡུལ་འགྲུབ་ཐབས་ཀྱི་གོ་སྐབས་བཟུང་བ་ལས་བོད་མི་རིགས་ཀྱི་ཆག་འཇིག་གི་སྐོར་ལ་བསམ་བློ་མི་བཏང་བས་དེ་རིང་གི་འབྲས་བུ་འདི་བྱུང་རེད།
གསལ་བོ་བཤད་ན་རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ་ཀྱི་མ་རེད། གལ་ཏེ་དེ་ཐུབ་ན་སྙན་གྲགས་ཅན་གྱི་རྒྱལ་སྤྱིའི་མཁས་པའི་ཁྲིམས་དོན་ཚོགས་པ་སོགས་ལ་སྐྱབས་བཅོལ་ནས་སྔོན་ནས་སེལ་སོང་ཡོད་པ་རེད། འོན་ཀྱང་དེར་སྟོང་བསམ་རེད་དེ་བརྟེན་ང་ཚོར་དགོས་པའི་བཀའ་ཁྲི་ནི་བོད་མིའི་ནང་ཆིག་བསྒྲིལ་དང་བཙན་བྱོལ་བོད་མིའི་ངོ་བོ་སྲ་བརྟན་དང་བོད་ཀྱི་རིག་གནས་རྒྱུན་འཛིན་བྱེད་ཐབས་ལ་ནུས་པ་དམིགས་བསལ་ཐོན་མཁན་ཞིག་དགོས་གལ་ཆེ་ནི་རེད།
དེ་མིན་ད་ནས་བཟུང་ཡང་བསྐྱར་བཙན་བྱོལ་བོད་མིའི་འཛིན་སྐྱོང་གི་ཡིག་ཚགས་ཡོང་རྫོགས་དབྱིན་ཡིག་ཏུ་འགྱུར་རྒྱུར་རེད།
བོད་མིའི་ངོ་བོ་མཚོན་བྱེད་ཀྱི་བོད་ཀྱི་སྐད་ཡིག་ཀྱང་བརླག་འགྲོ་རྒྱུ་ཡིན་པ་བཤད་མ་དགོས་པ་ཞིག་རེད།
དེར་བརྟེན་ཚང་མས་ད་དུང་བསམ་བློ་ཞིབ་མོར་གཏོང་རོགས་ཞུ།
སྐྱེས་སར་ཀླུ་སྒྲུབ་ཀྱིས་བཤད་པར་ཡང་རྒྱུ་མཚན་འདུག ཡིན་ཡང་། ཅི་ཙམ་གྱིས་རྒྱུ་མཚན་བགྲང་ཡང་ཕྱོགས་རིས་ཀྱི་ཚོས་གཞི་ནག་པོ་ཅན་ཚོས་ནག་པོ་ཁོ་ན་ལས་གཞན་མཐོང་གི་མ་རེད།
མི་ཉག་སྐལ་བཟང་ཁོང་ཕ་ཡུལ་ན་ཡོད་སྐབས་གྲྭ་བ་ཞིག་རེད། ས་རཱ་ན་ཡོད་དུས་རྩོམ་པ་པོ་ཞིག་རེད། སོག་ཡུལ་ན་ཡོད་སྐབས་དགེ་རྒན་ཞིག་རེད། ནོར་ཝེ་རུ་སླེབས་དུས་ནས་ཆགས་སྡང་རྨོངས་ཞེན་དང་། ལྟ་ལོག་གི་གོང་བུ་ཞིག་ཏུ་གྱུར་འདུག ལྷ་བདུད་དུ་བབ་པའི་གཏམ་དེ་ཡང་བདེན་པ་རེད། དཀོན་མཆོག་མཁྱེན།
འ་ཅག་རྒྱལ་རི་སྒྲོལ་མ་ལགས།
ད་ཡིན་ན་དབུ་ཡི་ཞྭ་དང་ཞབས་ཀྱི་ལྷམ་གཉིས་ཀ་ཤོར་རྒྱུ་ཡིན་པ་འདྲ་ཧ་ཧ་ཧ་་་་་་་་་་་་་་་་
ད་ལན་ཡང་༧གཡུང་དྲུང་བོན་གྱི་སྤྱི་འཐུས་ཆེན་མོར་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཕེབས་རྒྱུ་དང་ཐོབ་རྒྱུ་ཉག་གཅིག་ཡིན་པས། དགའ་སྤྲོ་བླ་མེད་བྱུང་སོང་། རྟེན་འབྲེལ་ཞུ།
དྲ་གྲོགས་ཚོ། སྐྱེས་ས་ཀླུ་སྒྲུབ་ཀྱི་བཤད་པ་ལ་གནས་ལུགས་དང་རྒྱུ་མཚན་ཡོད་མེད་རྔ་བ་ཆོས་གྲགས་ལ་དྲིས་དང་ཤེས་རྒྱུ་རེད།
དྲ་གྲོགས་སྐོར་ཞིག་གིས་བློ་སེང་ལ་ཧ་ཅང་གདིང་འཇོག་ཆེན་པོ་གནང་འདུག་ལ། ཁག་ཅིག་གིས་བོད་ཡིག་ཐམས་ཅད་དབྱིན་ཡིག་ཏུ་བསྒྱུར་རྒྱུ་རེད་ཟེར་བ་སོགས་སེམས་ཁྲལ་རི་ལས་ལྕི་ཚད་དུ་སྣང་། འདི་ནི་ཁ་ཕྱོགས་མེད་མཁན་སྐོར་ཞིག་གི་བསམ་ཚུལ་ལམ་སྐྱོན་བརྗོད་རེད།
སྐྱོན་བརྗོད་འདི་ལ་ལྟོས་དང་། མི་འདི་ཚོས་ག་དུས་ཡིན་ཀྱང་འདི་འདྲ་བཤད་ནས་སྤྱི་ཚོགས་དཀྲུགས་ཀྱི་ཡོད་རེད།
བདེ་དོན་སྐུ་ངོ་ཟླ་བ་ཚེ་རིང་གིས། །
ཐབས་ཤེས་འོག་ཏུ་ཧུན་སྒོར་ཁྲི་གཉིས་ཐོབ། །
ཉམས་ཆུང་སྐྱབས་མེད་མགོན་གྱིས་བཟུང་བྱུང་བས། །
སྐུ་ངོ་ཁོང་ནི་ས་མཐའི་ཕ་རྒན་དྲན། །
སྤྱི་འཐུས་ནང་འཁྲུགས་བྱེད་པའི་ཉིན་མོ་དེར། །
མི་རིགས་ལ་རྒྱ་སྤྱི་ཚོགས་འགན་ཁུར་སོགས། །
ཅི་ཡང་མེད་པ་དཔུང་བ་དགུང་འདེགས་སྟེ། །
ཁ་ཕོ་སྡོམ་བཞིན་ཞལ་ལས་འདི་སྐད་དུ། །
ལོ་ངོ་མང་རིང་གྱོང་དང་ཕམ་ཁ་ཁུར། །
ད་ནི་མི་ཁུར་སེམས་ཐག་གོར་མོ་རྡོ། །
གནས་ཚུལ་འདི་དག་སྔོན་མར་དབུས་གཙང་གི །
ཚོགས་འདུའི་ནང་དུགསལ་བཤད་བྱས་ཡོད་ཟེར། །
དེའི་རྗེས་དབུས་གཙང་སྤྱི་འཐུས་འོས་གཞི་ནང་། །
རང་གི་ཆོལ་ཁར་ཞེན་ཁོག་ཡོད་མཁན་ཞིག །
དགོས་ཚུལ་རྩ་དོན་གཅིག་ཏུ་བཞག་མཐོང་ནས། །
སྐུ་ངོ་ཁོང་ལ་ཞེན་པ་སྟེང་ནས་ལོག །
ཁ་དང་ཁ་སྤུ་སོ་སོ་ཡིན། །
བུ་དང་མག་པ་ཐ་དད་ཡིན། །
མནའ་མ་བུ་མོ་ལོག་ཀ་ཡིན། །
རྣམ་དབྱེ་འབྱེད་པའི་བཀྲ་ཤིས་ཤོག །
སྐུ་ངོའི་དཔུང་བ་ཨ་སྔོན་དགུང་ལ་འདེགས། །
སྐྱོན་བརྗོད་བྱེད་མཁན་ཡོངས་རྫོགས་ཕྱོགས་རིས་ཅན་ཤ་སྟག་ཡིན་ན་ འོ་ན་ཁ་བརྡའི་དྲ་རྒྱ་ཡོངས་རྫོགས་ཕྱོགས་རིས་ཅན་གྱིས་ཁེངས་བསྡད་འདུག ཧ་ཧ་ཧ་
བཅོས། ལྷག་པོེར་ཤོར་འདུག ༼སྐུ་ངོའི་དཔུང་བ་ཨ་སྔོན་དགུང་ལ་འདེགས། །༽
སྐྱོན་བརྗོད་བྱེད་པ་ཙམ་གྱིས་ཕྱོགས་རིས་ཅན་དུ་འགྱུར་དགོས་ཀྱི་ཡོད་ན་ ཁ་བརྡ་དྲ་རྒྱའི་ནང་དུ་ཕྱོགས་རིས་ཅན་ཤ་སྟག་གིས་ཁེངས་བསྡད་ཡོད་པར་ཐལ། གོང་གི་རྒྱུ་མཚན་དེའི་ཕྱིར། ཧ་ཧ་ཧ་
མིག་ལགས། ཁྱེད་ཀྱིས་རྩོམ་ཡིག་བྲིས་པ་དེ་ལེགས། འོན་ཀྱང་ཁོ་བོས་བལྟས་ན་བདེ་དོན་ཟླ་བ་ཚེ་རིང་ནི་ད་ལྟའི་སྤྱི་འཐུས་ནང་ནས་བོད་པའི་སྤྱི་ཚོགས་ནང་དུ་སྤྱི་ཚོགས་ཞབས་ཞུའི་ཕྱག་ལས་དྲག་ཤོས་གནང་མཁན་ཞིག་མཐོང་བཞིན་ཡོད། དེ་དངོས་ཡོད་གནས་ཚུལ་རེད། ཕྱོགས་གཞན་ནས་ཁྱེད་ཀྱིས་རྩོམ་གྱི་ནང་དོན་དེ་བདེན་པ་རེད། ཁོང་གིས་འདི་ལྟར་བཤད་ཡོད། ནོར་འཁྲུལ་ལ་ནོར་འཁྲུལ་ལ་ངོས་ལེན་བྱེད་རྒྱུ་དང་དྲང་པོའི་ཕྱག་ལས་ལ་ངོས་ལེན་བྱ་རྒྱུ་དེ་ཡང་གནད་འགག་ཆེན་པོ་ཡིན། སྤྱིར་ཆོལ་ཁ་ཚང་མས་རང་གི་ཆོལ་ཁ་ལ་ཞེན་ཁོག་བྱེད་ཀྱི་ཡོད་་པ་ནི་མངོན་གསལ་དོད་མ་དོད་ཙམ་ཡིན་པ་མ་གཏོགས་གཅིག་མཚུངས་ཡིན། དཔེར་ན། སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་དང་འཇུ་ཆེན་བུ་མོ་དཀོན་མཆོག་ལྟ་བུ་ལ་འོས་གྲོངས་མཐོ་པོ་འདི་ལྟར་ཐོབ་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། སྤྱིར་ཁོང་གཉིས་ཡོངས་གྲགས་ལ་མདོ་སྟོད་ཀྱི་ཞེན་ཁོག་གིས་བཅིངས་པ་མ་ཚད་པར་སྤྱི་ཚོགས་ནང་དུ་ཆོལ་ཁ་ཁ་ལ་འཁྱེར་ནས་གཏམ་འདྲ་མིན་སྤེལ་མཁན་ཞིག་ཡིན་པ་ནི་ཡོངས་གྲགས་ཡིན།
དངོས་གནས་རེད། བྱམས་པ་ལགས། མདོ་སྟོད་གཡུང་དྲུང་རྒྱལ་མཚན་དང་། དབུས་གཙང་ཟླ་བ་ཚེ་རིང་། མདོ་སྨད་སྤེན་པ་ཚེ་རིང་རྣམས་ང་ཚོས་ནང་ཡང་སྤྱི་འཐུས་སུ་བསྐོ་མི་ཉན།
དགྲ་དགའ་གཉེན་སྡུག་གི་བྱ་བ་མཐའ་དག་མི་འདི་ཚོས་བསྒྲུབས་པ་རེད། མི་དགོས་པ་གསུམ་འདི་གསུམ་རེད།
དབུས་གཙང་ཀརྨ་ཆོས་འཕེལ། མདོ་སྨད་བསྟན་འཛིན་མགོན་པོ། མདོ་སྟོད་སྐལ་བཟང་རྒྱལ་མཚན་གསུམ་ནི་ངེས་པར་དུ་དགོས་པའི་མི་གསུམ་རེད།
གྲོགས་པོ་ལགས། འོད་སྡེར་དེ་མེད་ན་ངའི་སེམས་འདི་ད་དུང་ཡང་ཟླ་བ་ཚེ་རིང་ལ་འཁྲིལ་ནས་ལས་ཡོད།
ང་ཚོས་མིག་གིས་ལྟ། རྣ་བས་ཉན། ལག་པས་རེག་ནས་ཐག་བཅད་དགོས་པ་དེ་གལ་ཆེ་རེད་འདུག
ལོ་རྒྱུས་དང་རྒྱལ་རབས་གློག་བརྙན་མང་པོ་ཞིག་ལ་ངས་བློ་སེམས་གཏད་ནས་བལྟས་མྱོང་བས་སྤྱི་ཚོགས་ཞབས་ཕྱི་བ་འདི་ཚོ་དང་། གསུངས་སྐད་སྙན་པོ་དེ་ཚོ་ལ་ཡིད་ཆེས་ཤིག་མི་རག་གི་ཡ།
མིག་ལགས། ཁྱེད་ཀྱིས་བསམ་འཆར་འགོད་སྟངས་ལ་བལྟས་ན་ངེས་པར་དུ་དགོས་པའི་སྤྱི་འཐུས་གསུམ་པོ་དེས་ད་ལྟ་བར་སྤྱི་འཐུས་གྲོས་ཚོགས་ནང་གནང་ཡོད་པ་ནི་ཟམ་གདོང་རིན་པོ་ཆེ་ལ་སྐྱོན་བརྗོད་དང་དབུ་་མའི་་ལམ་ལ་དགག་པ་རྒྱག་མཁན་རྐྱང་རེད་འདུག་ བྱས་ཙང་ཕལ་ཆེར་མི་འདེམས་སྟངས་ལ་བལྟས་ན་རང་བཙན་གཙང་མ་ལ་སྡིག་པ་མིག་བཙུམས་ཀྱིས་རྒྱག་སྐྱོར་བྱེད་མཁན་ཞིག་རེད་་འདུག རྒྱུ་མཚན་དེའི་ཆ་ནས་ངེས་པར་དུ་མི་དགོས་པ་གསུམ་དང་ངེས་པར་དུ་དགོས་པ་གསུམ་འཇོག་པ་ལས་རྒྱུ་མཚན་ཡང་དག་གཞན་གང་ཡང་མིན་འདུག་ དེ་བས་རྒྱུ་མཚན་གསལ་ཁ་གཏོད་ནས་བཤད་ན་མི་ལེགས་སམ། དགྲ་དགའ་གཉེན་སྡུག་ཟེར་བ་ནི་ཚིག་ཙམ་ཞིག་ཏུམཐོང།
ད་ལན་མཁས་དབང་བློ་བཟང་སེང་གེ་བཀའ་ཁྲིའི་སྔོན་འགྲོའི་འོས་ཤོག་གི་ཨང་དང་པོར་སླེབས་པ་ཙམ་མ་ཚད་ཧ་ཅང་མཐོན་པོར་ཐོབ་པ་འདིས་ནི་བཙན་བྱོལ་ན་ཡོད་པའི་ཆོལ་གསུམ་བོད་མི་མང་ཚོགས་ལ་མི་རེ་ཟུང་གི་ཆོལ་ཁ་དང་ཕྱོགས་རིས་ཀྱིས་འཐེན་ཁྱེར་བྱེད་དེ་ལས་འགུལ་སྤེལ་དང་། གཏམ་བཤད་བྱེད་པ། རྩོམ་ཡིག་སྤེལ་བ་སོགས་ཇི་ཙམ་བྱེད་ཀྱང་མི་ཕན་པར་དྲང་ཚུགས་ལྡན་ཞིག་རང་ཐག་རང་གཅོད་བྱེད་པའི་གཤིས་ཀ་ཞིག་ཡོད་འདིས་མ་འོངས་པར་ད་དུང་མུ་མཐུད་བོད་དོན་གནས་པའི་མངོན་རྟགས་བསུབ་མི་ཐུབ་པ་ཞིག་ཡིན།
དེས་ན་སྐྱེས་སར་ཀླུ་སྒྲུབ་སོགས་ཀྱིས་ཇི་ཙམ་ཁྱི་རྒན་ཀུ་ཅོ་འདོན་ནའང་ཕན་ནུས་གང་ཡང་མེད། དཀྲུག་ཤིང་དང་གཞི་མེད་སྙོན་དོར་མ་བྱེད་ལོ་ལོ་ལོ།
ད་ཚང་མས་ལོང་གཏམ་འདྲ་བཤད་ཀྱིན་འདུག
ད་རེས་འོས་ཐོབ་ཡག་པོ་བྱུང་འདུག་དགའ་བསུ་ཡོད། དེའི་ནང་ནས་བལ་ཡུལ་གྱི་མནར་གཅོད་ང་ཚོས་བརྗེད་མི་ཉན། དེའི་ཞོར་དུ་འབྲུག་ལ་དོགས་ཟོན་བྱོས།
བྱམས་པ་ལགས། ངས་ལྟ་བའི་སྒོ་ནས་བསམ་མེད་ལ་བཤད་པའང་མིན།
སྤྱིར་བཏང་ཆོལ་ཁ་ཕྱོགས་ཞེན་ལས་ལྟ་བའི་སྒོ་ནས་རྩོད་པ་གནང་ན་ལུགས་མཐུན་ཞིག་རེད།
ལྟ་བ་དབུ་གཙང་གང་ཡིན་ཀྱང་བོད་མི་མང་གི་བདེ་སྡུག་གི་ཆེད་དུ་ལས་འགུལ་ཞིག་སོང་བས་ངས་སྙིང་ཏག་པ་ནས་ལེགས་གསོལ་འབུལ་རྒྱུ་ཡིན།
དེ་མིན་ཆོལ་ཁ་ཞེན་ཁོག་རྐྱང་པར་གོམས་བསྡད་པ་དེ་ཚོ་ནི་ནམ་ཡང་ལྔ་ལམ་དུ་གཤེགས་པར་སྨོན།
འདི་ཚོས་མིག་ལམ་དུ་མི་མང་ཞེས་པ་དེ་རྩ་བ་ནས་ཡོད་མ་རེད། གྲོས་ཚོགས་ནང་ཆོལ་ཁ།
དུས་རྒྱུན་ལུང་ཚན། ཐ་ན་གྲོང་པ་ཕན་ཚུན་ལའང་ཕྱོགས་ཞེན་བྱེད་དེ་ཐ་མ་དེར་རྡོག་རྡོག་ཅིག་རྩ་བ་ནས་མེད་པར་བྱེད་ཀྱི་རེད།
ཟམ་གདོང་རིན་པོ་ཆེ་ཞབས་རྗེས་མང་པོ་བཞག་ཡོད་ཀྱང་སྐྱོན་གྱིས་མ་གོས་སྐུ་མདོག་དཀར་རྐྱང་ཞིག་ཀྱང་མ་རེད། དེས་ན་ཁོང་ལ་སྐྱོན་བརྗོད་བྱེད་པ་ཙམ་གྱིས་སྐྱོན་རྗོད་གནང་མཁན་དེ་ཉེས་པའི་རང་བཞིན་ཅན་ཞིག་ངོས་འཛིན་བྱེད་མི་རུང་།
ཕོར་བར་གཟིགས་མ་གཏོགས་ཕྱི་ལོག་ལ་རྐུ་མ་འདུག
གོང་དུ་མི་ཤས་ཀྱི་དམངས་གཙོའི་ལམ་སྲོལ་རྩིས་མེད་ཀྱིས་བློ་བཟང་སེང་གེར་སྐྱོན་བརྗོད་བྱས་འདུག དེ་ཡག་པོ་མ་རེད། བོད་པ་བརྒྱ་ཆ་བརྒྱ་ཚང་མས་འོས་ཤོག་ཐོབ་མཁན་གྱི་བཀའ་ཁྲི་ཞིག་སྐལ་བ་མ་སྟོང་བར་དུ་འབྱུང་མི་སྲིད་པ་རེད། དེའི་ཕྱིར་མང་མོས་ཀྱིས་ཐག་གང་བཅད་པ་ཚང་མས་ངེས་པར་དུ་བརྩིས་འགྲོ་དགོས་པ་རེད། འདི་བློ་བཟང་སེང་གེ་རང་གི་ཐག་གཅོད་མ་རེད། འདི་ནི་མི་མང་དང་དམངས་གཙོས་ཐག་བཅད་པ་རེད། དེའི་ཕྱིར་མི་མང་གི་བསམ་ཚུལ་དང་དམངས་གཙོའི་ཐག་གཅོད་ལ་རྒོལ་བར་མི་འོས་སོ། ངེས་པར་དུ་རང་གི་ཕྱོགས་གཏོགས་ལ་ཐོབ་དགོས་ན་དམངས་གཙོ་མ་རེད།
ཁྱེད་རྣམ་པར་རྟེན་འབྲེལ་ཞུ། མང་གཙོའི་རྩ་དོན་ལ་གུས་བརྩི་བྱེད་ལ། མི་མང་གི་འདོད་མོས་ལ་རྒྱབ་སྐྱོར་བྱེད།
སྔོན་ཆད་ཅིག་ལ་དྲ་ཐོག་ནས་ཆོས་རྒྱུད་སྤྱི་འཐུས་དགོས་དང་མི་དགོས་ཀྱི་སྐོར་ལ་གླེང་མོལ་ཅུང་ཤུགས་ཆེ་ཙམ་བྱས་བ་རེད། དེ་རིང་ཆོས་རྒྱུད་སྤྱི་འཐུས་དགོས་མིན་གྱི་སྐོར་ནས་བཤད་ཀི་མེད། ཆོས་རྒྱུད་སྤྱི་འཐུས་ཡོང་སྟངས་ཀྱི་སྐོར་དེ་རེད། ཁ་སྔོན་སྔོན་འགྲོའི་འོས་བླུག་པའི་སྐབས་དེར་ང་དང་མི་དམངས་རྣམས་ཀྱིས་ཀྱང་མི་སྐྱ་ཚོར་ཆོས་རྒྱུད་སྤྱི་འཐུས་འོས་བླུག་པའི་ཐོབ་ཐང་ཡོད་མེད་ལ་དོ་སྣང་མེད་པ་མ་ཟད། ད་བར་དུ་ཆོས་རྒྱུད་སྤྱི་འཐུས་མི་སྐྱས་བླུག་ཆོག་མིན་དང་། དེའི་སྐོར་གྱི་ཐོབ་ཐང་ཡོད་མེད་ལའང་བསམ་བློ་བཏང་མྱོང་དང་འཁོར་མེད་པ་འདྲ། འོན་ཀྱང་ད་ལོའི་ཆོས་རྒྱུད་ སྤྱི་འཐུས་ལས་བཀའ་རྒྱུད་འཐུས་མིའི་གྲོས་སུ་ཚོགས་གཙོ་ཟུར་པ་ཀརྨ་ཆོས་ལགས་ཕེབས་འདུག་པ་མ་ཟད། འོས་གྲངས་ཀྱང་གཉིས་པར་སླེབས་འདུག་པས་ན། ཨོ་ད་ནི་མི་སྐྱ་ཡང་ཆོས་རྒྱུད་སྤྱི་འཐུས་སུ་ཡོང་ཆོག་པ་འདྲ་སྙམ་པའི་ཚོར་བ་ཞིག་དང་། གནས་ཚུལ་འདི་འདྲ་ནི་རྨོངས་པ་ངས་མཐོང་ཐོས་དང་པོ་དེ་ཡིན་པས་དོགས་འདྲ་ཞིག་ཀྱང་ངང་གིས་སླེབས་སོང་། ཆོས་རྒྱུད་སྤྱི་འཐུས་ལ་མི་སྐྱ་ཡོང་ཆོག་ན། ཆོས་རྒྱུད་སྤྱི་འཐུས་ཀྱི་འོས་ཤོག་མི་སྐྱས་བླུག་ཆོག་གམ་སྙམ། དེ་ལྟར་ན་མི་སྐྱ་ཚོས་ཀྱང་ཆོལ་ཁའི་འོས་ཤོག་གཅིག་དང་། ཆོས་རྒྱུད་འོས་ཤོག་གཅིག་བཅས་གཉིས་བླུག་ཆོག་པ་མ་ཡིན་ནམ། དེས་ན་དྲ་གྲོགས་ཚོས་འདིའི་ཐད་ནས་བདག་ལ་གསལ་བཤད་ཅིག་གནང་རོགས་ཞུ།
ཨ་རོ་བཟོད་པ། ཁྱོས་ཀླད་མེད་ཀྱི་སྐད་ཆ་དེ་བཤད་མ་ཡོང་། ཆོས་རྒྱུད་སྤྱི་འཐུས་ཁོངས་སུ་མི་སྐྱ་མང་པོ་སླེབས་པ་རེད། དཔེར་ན། མཚམས་ཞིག་ཆོས་རྒྱུད་སྤྱི་འཐུས་རྟག་པ་ཡིན་པའི་ཟུར་ཟའི་ཚིག་ཀྱང་ཐོན་ཡོད་པ་རེད། དཔེར་ན་ས་སྤྱིའི་ཁོངས་ནས་པདྨ་འབྱུང་གནས་དང་། བཀའ་སྤྱི་བསོད་ནམས་དགྲ་འདུལ། བོན་པོའི་ཁོངས་ནས་སྨན་པ་ཐོག་མེད་སོགས་ལ་དེ་ལྟར་བཤད་མྱོང་བ་རེད། གང་ལྟར་ཆོས་རྒྱུད་སྤྱི་འཐུས་ཀྱི་མི་སྐྱ་ཞིག་ཡོང་མྱོང་བ་སྔ་མོ་ནས་ཡོད་པ་རེད།
དྲ་གྲོགས་ཚོ་གང་ཟག་ལ་མ་རྟེན་ཆོས་ལ་རྟེན་ཞེས་པ་ལྟར་མཆན་བུའི་ནང་དོན་ལ་བགྲོ་གླེང་བྱེད་པ་ལས་མཆན་བུ་འདེབས་པ་པོ་ཆོལ་ཁ་གང་ནས་ཡིན་མིན་དང་ལུང་ཚན་གང་ནས་ཡིན་མིན་ཤོད་སྡད་པ་ཡིན་ན་དགོས་པ་རྒྱུ་མཚན་ཡོད་དམ། བདེན་པའི་སྐད་ཆ་ཞིག་ཡིན་ཕྱིན་རྒྱ་ནག་གིས་སྲིད་བློན་གྱིས་བཤད་པ་ཡིན་ཀྱང་མཁས་ལེན་དགོས་ལ་རྫུན་པ་ཞིག་ཡིན་ན་ཨ་རིར་སྲིད་འཛིན་གྱི་ས་རྟགས་ཕབ་ཀྱང་མཁས་ལེན་འོས་པ་མིན་ནོ།
ཆོལ་ཁ་ཆོས་བརྒྱུད་ཀྱི་འོས་བསྡུའི་ལམ་ལུགས་འདི་ནི་མཐའ་གཅིག་ཏུ་རྙོག་དྲའི་རང་བཞིན་གཅིག་ཏུ་ཁོ་བོས་སྔོན་མ་ནས་མཐོང་བཞིན་ཡོད། དྲང་མོར་བཤད་ན། ལམ་ལུགས་འདིས་སེར་མོ་བའི་སྡེ་ལ་ཐོབ་ཐང་ཆེ་བ་སྤྲོད་པ་ཞིག་ཡིན། ཧེ་བག་ཆེན་པོ་འདི་ལྟར་ཤོར་དགོས་དོན་ཅི་ཡིན་ནམ། གོ་ཐོས་ལ། ཕྱི་རྒྱལ་ལ་བཞུགས་མཁན་རྣམས་ལ་འོས་གཉིས་ལས་བླུགས་མི་ཆོག་པ་དང། ཡང་རྒྱ་བལ་འབྲུག་གསུམ་གྱི་མི་སྐྱལ་འོས་ཐོབ་ཐང་བཅུ་གཅིག་དང། སེར་མོ་བ་ལ་འོས་ཀྱི་ཐོབ་ཐང་བཅུ་གསུམ་བླུགས་ཆོག་གི་ཡོད་ ཁྱེད་ཀྱིས་དྲང་མོར་བལྟས་ན་སེར་མོ་བ་ལ་ཐོབ་ཐང་ཆེ་བ་མིན་འདུག་གམ བོད་གཞུང་ལ་རྒྱལ་སྤྱིའི་མ་དངུལ་ཐོབ་ཐང་གཅིག་མཚུངས་སྤྲད་པ་གང་ཞིག་ལ་ཐོབ་ཐང་གི་ཆ་ནས་ཧེ་བག་ཆེན་པོ་དེ་ལྟར་ཤོར་དགོས་དོན་ཅི་ཡིན་ནམ། སྤྱིར་ཆོས་རྒྱལ་རྣམ་པའི་སྐབས་སུ་ཡིན་ན་ཡང་ཆོས་བྱེད་དགེ་འདུན་གྱི་སྡེ་ལ་དམིགས་བསལ་ཆེན་པོ་གནང་ཡོད།
མཁས་དབང་བློ་བཟང་སེང་གེ་ལ་རྒྱལ་ཁ་ཐོབ་པ་བོད་མི་རིགས་ལ་རྒྱལ་ཁ་ཆེན་པོ་ཞིག་ཐོབ་ལྟ་དགའ་སྤྲོ་བྱུང་།ད་དུང་དངོས་གཞིའི་འོས་བསྡུ་ཆེན་མོའི་སྐབས་སུ་ཡང་བོད་པ་ལ་ཤ་ཞན་ཡོད་པ་ཚང་མའི་མཁས་དབང་ཁོང་ལ་འོས་བསླུག་རོགས་ཞུ་རྒྱུའི་རེ་བ་ཞུ་གི་ཡོད།
ད་ཁ་མང་ལ་ཐན་དང་། ལག་མང་ལ་གྱོད་ཡོད་རེད་ད།
ད་རེས་བོད་མི་མང་མགོ་སྐོར་ཐེབས་མི་འདུག མཁས་དབང་བློ་བཟང་སེང་གེ་ཁོང་ལ་རྒྱལ་ཁ་ཐོབ་འདུག ད་རེས་སྐུ་དྲག་ཚོ་དང་ཕྱུགས་པོ་ཚོས་དབང་བསྐྱུར་འོག་མ་ཚུད་པ་དེ་བོད་མི་མང་གི་བསམ་བློ་ཡར་རྒྱས་སུ་སོང་བའི་རྟགས་མཚན་བསྟན་པ་རེད།
ད་རེས་ཡག་པོ་བྱུང་འདུག
གཅན་བཟོད་རྒྱལ་ཟེར་བ་འདིས་ཆོས་བརྒྱུད་སྤྱི་འཐུས་སུ་མི་སྐྱ་སླེབས་མྱོང་ཡོད་པ་ད་ལྟར་ཤེས་མི་འདུག
སྔོན་མའི་ནང་ཏྲེ་ཧོར་སྤྲེལ་འུ་བ་རྒྱ་རི་བུ་ཕྲུག་ཅེས་ཌ་མ་རུ་དེ་དང་། སྐབས་བཅུ་གསུམ་པའི་ནང་ཚོགས་གཙོ་ལ་འཇོན་ཐང་མི་འདུག་ལབ་ས་པདྨ་འབྱུང་གནས། བསོད་ནམས་དགྲ་འདུལ། སྨན་པ་ཐོགས་མེད་སོགས་མང་པོ་བྱུང་ཡོད། ཀརྨ་ཆོས་འཕེལ་གཅིག་པུ་ལས་མ་མཐོང་བ་ག་རུ་བྱེད་ནས་རེད། དངོས་གནས་སྐྱུག་བྲོ་བ་ཞིག་རེད།
སེར་མོ་བ་ལ་ཐོབ་ཐང་གཉིས་ཡོད་པ་དེ་རྒྱུ་མཚན་ཡོད་པས་རེད། ག་སྲིད་ཐོབ་ཐང་ལེན་འདོད་ན་ང་ཚོ་འང་རབ་ཏུ་བྱུང་ན་ཐོབ་ཐང་དེ་ཡོད་ཡོད་རེད། མ་ཟད་དགེ་ལུགས་པ་ཡིན་ན་དགའ་ལྡན་ཁྲི་ལའང་ཕེབས་ཆོག་གི་རེད། མིའི་ཐོབ་ཐང་ལ་ཕྲག་དོགས་སྐྱེ་བ་ལས་རང་གིས་ཐོབ་ཐང་དེ་ཐོབ་པའི་ཐབས་ཤེས་གྱིས་དང་།
དེ་མིན་སྐད་ཆ་འདི་འདྲ་བཤད་ན་བྱམས་པ་མ་རེད་ཕྲག་དོགས་རེད་དོ། །
མིག་ལགས། ཁོ་བོས་སྤྱིར་ཆོལ་ཁ་ཆོས་ལུགས་ཀྱི་ལམ་ལུགས་ཀྱི་འོས་བསྡུ་ལ་དགག་པ་རྒྱག་གིན་ཡོད། བྱེ་བྲག་ཏུ་སེར་མོ་བ་ལ་འོས་ཐོབ་ཐང་ལྷག་པོ་ཡོང་དགོས་དོན་ཅི་ཡིན་ནམ། འདི་ནི་དམངས་གཙོའི་འགྲོ་ལུགས་ལས་ཡོངས་སུ་འགལ་བ་ཞིན་ཏུ་མཐོང། དམངས་གཙོ་རྒྱལ་ཁབ་གང་དུ་ཕྱིན་ན་ཡང་མི་གཅིག་འོས་གཅིག་ཟེར་བ་ཞིག་ཡོད་པ་ལས་མི་གཅིག་འོས་གཉིས་ཟེར་བ་གཏ་ནས་མེད་པས་མིག་ཁྱེད་བལྟ་རྒྱ་མཐོང་རྒྱ་ཆེ་ཙམ་གནང་དགོས་ཀྱི་འདུག
ཁོ་བོས་བལྟས་ན་སྲིད་དོན་ཚོགས་པ་ལྡན་པའི་ལམ་ལུགས་སམ། ཡང་ན་ཨ་མཆོད་ལགས་ཀྱི་དམངས་གཙོའི་བཅོས་བསྒྱུར་སྐོར་ལ་རྩོམ་སྤེལ་བ་བཞིན་དུ་འགྲོ་ཐུབ་ན་ལེགས་སྙམ།
མིག་ལགས་ཀྱིས་གསལ་བཤད་གནང་བར་བཀའ་དྲིན་ཆེ་ཞུ། ང་དངོས་གནས་མཐོང་རྒྱུ་ཆུང་དྲག་འདུག ཁྱོད་སྐྱུགས་བྲོ་བ་ཡང་ཁག་མི་འདུག ངས་ཀརྨ་ཆོས་འཕེལ་ལགས་ལ་མ་དགའ་བ་འདྲ་བཤད་མེད། ངས་འདི་ན་ཆོག་དང་མི་ཆོག་བཤད་ཀིན། ད་ཁྱོད་ཀྱིས་ངས་གོང་དུ་བཀོད་ཟིན་པའི་དྲ་བ་དེ་ཚོར་ཁ་གསལ་གྱི་ལན་ཞིག་གནང་རོགས། ངས་བཤད་པ་མ་ཀྲམ་ཆོས་འཕེལ་ཆོས་རྒྱུ་སྤྱི་འཐུས་ལ་སླེབས་སྟངས་དང་། དེ་ལྟར་དུ་ཆོག་དང་མི་ཆོག་བོད་བཙན་བྱོལ་གཞུང་གི་སྒྲིག་གཞིའི་ནང་དུ་ཡོད་མེད། ང་ཚོ་བཙན་བྱོལ་བོད་མིའི་འོས་བསྡུ་ལ་རན་པོ་ཡོད་མེད། འདི་ལྟར་འོས་བླུག་ཆོག་མིན་སྐོར་ཡིན། དེ་མིན་གང་ཟག་སྒེར་ལ་ཚིག་གཅིག་ཀྱང་ཞུས་མེད། ཆོ་རྒྱུད་འཐུས་མིར་མི་སྐྱ་སླེབས་སྟངས་སྐོར་ལ་ཁ་གསལ་ཞིག་གནང་རོགས། སྔོན་ཆེད་ན་དེ་ཚོ་ཡང་ཅི་ལྟར་སླེབས་སོགས་གསལ་བཤད་ཅིག་གནང་ཞུ།
གཞན་ང་ལྟ་བུ་ཞིག་གིས་སྐུ་ངོ་ཚོགས་གཙོ་ཟུར་བར་ཕྲག་དོག་བྱེད་ཅེས་ན་ཆེས་བླུན་བཤད་ཅིག་རེད། འདི་མོ་མ་བཤད་ཡ། ཧ་ཧ་ཧ
སྔོན་འགྲོའི་འོས་གྲངས་མང་ཤོས་ཐོབ་པ་གསུམ་ལ་དགའ་བསུའི་བཀྲ་ཤིས་བདེ་ལེགས་ཡོད། དགེའོ།
ད་ལན་མཁས་དབང་བློ་བཟང་སེང་གེར་འོས་མང་ཤོས་ཐོབ་པ་འདིས་ནི།
༡༽ཆོལ་གསུམ་གོང་བུ་ཆིག་དྲིལ་ལས་ཆོལ་ཁའི་འཐེན་འཁྱེར་གྱི་དྲི་མས་མ་གོས་པ་ཞིག་མཚོན་གྱི་ཡོད། གལ་སྲིད་ཆོལ་ཁའི་དབང་དུ་སོང་ན་དབུས་གཙང་ཆེས་མང་བས་བཀྲས་མཐོང་ལས་མདོ་སྟོད་སྨད་གཉིས་བསྡོམས་ནའང་ཁོང་ཤོར་ངེས་ཡིན།
༢༽ གང་ཟག་མཁས་དབང་གི་མིང་ཡོད་པ་ཞིག་འདེམས་པ་འདིས་བོད་པའི་སྤྱི་ཚོགས་འདི་ཡར་ངོའི་ཟླ་བ་བཞིན་དུ་ཤེས་ཡོན་གྱི་གནས་ཚད་གོང་ནས་གོང་དུ་འཕེལ་དང་འཕེལ་བཞིན་པ་ཞིག་མཚོན་གྱི་ཡོད།
༣༽ བོད་དོན་གྱི་བདེན་མཐའ་གསལ་བའི་ལས་དོན་འདི་རྒན་རབས་ཁ་ཤས་ལ་འགན་བཀལ་ནས་མ་བསྡད་པར་མུ་ནས་མུ་མཐུད་དེ་མི་རབས་རིམ་བརྒྱུད་ཀྱི་རྩོད་ལེན་ཞིག་ཡིན་པའི་ངོས་འཛིན་གཙང་མ་བྱུང་བ་དང་།
༤༽ དེང་དུས་འཛམ་གླིང་སྤྱིའི་འགྲོ་སྟངས་དང་མཐུན་པར་གཙོ་བོར་ཤེས་འཇོན་གཉིས་ལ་རྟོན་དགོས་པ་ལས་སྐུ་དྲག་དང་ཁྱིམ་ཚང་དཔལ་འབྱོར་སོགས་ལ་མི་རྟོན་པར་བོད་པའི་སྤྱི་ཚོགས་འདི་བག་ཆགས་ངན་པའི་རྨོང་གཉིད་ལས་སད་ཚར་བའི་མངོན་རྟགས་གསལ་པོར་བྱུང་པ་དང་།
༥༽ རང་ཉིད་ལ་ཤེས་འཇོན་ཡོད་ན་མི་མང་དཀྱུས་མའང་བོད་པའི་འགོ་ཁྲིད་དམ་བཀའ་བློན་ཁྲི་པར་འགྲོ་ཆོག་པའི་གོ་སྐབས་ཡོད་པས་མང་གཙོ་མཚན་ཉིད་པ་ཞིག་ཏུ་གྱུར་ཟིན་པ་དང་།
༦༽ ད་ལན་འོས་ཤོག་བླུགས་མཁན་གཞོན་སྐྱེས་ཙམ་ཁོ་ནས་ཁོང་ལ་འོས་བླུགས་པ་མ་ཡིན་པར་ཉུང་མཐར་ཡང་རྒན་རབས་ཁྲི་ཚོ་གཅིག་ཙམ་ཞིག་གི་ཁོང་ལ་འོས་འཕང་ཡོད་པས་རྒན་རབས་ཚོས་ཀྱང་གཞོན་སྐྱེས་ཚོས་མུ་ནས་མུ་མཐུད་དེ་བོད་པའི་སྤྱི་ཚོགས་འཛིན་སྐྱོང་ཐུབ་པ་དང་བོད་དོན་བདེན་མཐའ་གསལ་ཐུབ་པའི་ཡིད་ཆེས་བློས་འགེལ་ཡོད་པ་དང་།
༧༽ ད་ལྟའི་བར་རྒན་རབས་ཚོས་སྐུ་ལས་ཚད་མེད་བསྐྱོན་པའི་གྲུབ་འབྲས་ཡང་དག་པ་འདི་༧གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་སུ་མི་རབས་གསར་པ་ལ་རྩིས་སྤྲོད་ཞུས་ཏེ། འཛིན་སྐྱོང་སོགས་གང་ཅིའི་ཐད་ཉམས་མྱོང་ཅན་གྱི་རྒན་རབས་ཚོས་ལས་སྤེལ་ཉེས་འགོག་གི་ལམ་སྟོན་གནང་བའི་དུས་ལ་བབས་ཡོད་པར་བོད་མི་མང་ཚོགས་ལ་གོ་བ་གཏིང་ཟབ་སླེབས་ཡོད་དང་།
༨༽ བོད་པའི་གནས་དོན་འདི་མི་ཐོག་གཅིག་དང་གང་ཟག་འགའ་ཞིག་གི་རྩོད་གླེང་མིན་པར་མི་རབས་ཞིག་དང་རྒྱལ་ཁབ་བམ་མང་ཚོགས་ཤིག་གི་རྩོད་གླེང་ཡིན་པའི་གནས་དོན་གསལ་པོ་བྱུང་བ་ཞིག་ཡིན།
གོང་གསལ་དོན་ཚན་བརྒྱད་པོ་འདི་དག་ཁོང་གལ་ཏེ་བཀའ་བློན་ཁྲི་པའི་སྐུབ་སྟེགས་སྟེང་ཕེབས་པ་ཡིན་ན་དེའི་སྐབས་ཀྱི་ཕྱག་ལས་དང་། དེ་བཞིན་དུ་དམིགས་ཡུལ་དང་རྒྱབ་ལྗོངས་སོགས་ལ་མ་ལྟོས་པར་ཁོང་འོས་ཐོབ་པ་ཙམ་གྱིས་ཡོན་ཏན་འདི་དག་མཐོང་ཐུབ།
ངས་ནམ་ཡང་ཉན་མི་འདོད་པ་ནི་འགན་འཁུར་མེད་པའི་མི་འདི་ཚོའི་ཁ་སྟོང་ནང་གི་ཚིག་སྟོང་བཤད་དེ་སྤྱི་ཚོགས་ཕུ་དཀྲུག་མདའ་དཀྲུག་བྱེད་པ་འདི་རེད། སྐྱེ་སར་ཀླུ་གྲུབ་ནི་དེ་ཚོའི་གྲས་ཀྱི་དཔེ་མཚོན་ཡག་ཤོས་གཅིག་རེད། ཁོས་གླེང་ཕྱོགས་ལ་ཐེངས་གཅིག་གཟིགས་དང་ཁོང་ནི་བོད་རིགས་མི་དམངས་ཡོངས་ཀྱི་ཁྲོད་ནས་ཆེས་གོ་རྟོགས་ཟད་པའི་མི་བུ་ཞིག་ཡིན་ཟེར་འདོད་པས་རེད། ང་ཚོ་དགོད་བྲོ་ནས་རྒྱུ་མ་ན་གི། ཁ་བྲོ་བཀྲིས།
བྱམས་པ་ལགས།བློ་སེང་གིས་ཨ་རི་ལ་གསུངས་པར་ཐམས་ཅད་དབུ་མའི་ལམ་གྱི་གཞི་རྩ་ལས་འགལ་བ་གང་ཡང་མི་འདུག་པའི་ཁྱོད་ཀྱི་ཐུགས་གཡེང་གནང་མི་དགོས་།
ད་ལན་མཁས་དབང་བློ་བཟང་སེང་གེར་འོས་ཤོག་མང་ཤོས་ཐོབ་པར་སྙིང་ཐག་པ་ནས་ཡི་རང་བཀྲ་ཤིས་བདེ་ལེགས་ཞུ།
བྱམས་པ་ལགས། སེར་མོ་བས་ཆོལ་ཁའི་སྤྱི་འཐུས་ཀྱི་འོས་བླུག་ཆོག་པའི་རྒྱུ་མཚན་ནི། ཆོལ་གསུམ་གང་གིས་ལས་འགུལ་ཇི་ལྟར་ཞིག་སྤེལ་ཀྱང་། སེར་མོ་བས་ཀྱང་དེ་བཞིན་ཆ་ཤས་དེ་བླངས་ནས་ལས་འགུལ་སྤེལ་བཞིན་ཡོད་པས་ཡིན། དཀའ་ལས་རྒྱབ་དགོས། ཁེ་བཟང་ཟ་མི་ཆོག་ལབ་ན་ཅུང་ཨེ་འགྲིག་ན།
གཉིས་པ། ཆོས་སྲིད་ཟུང་འབྲེལ་གྱི་རྒྱལ་ཁབ་ཅིག་ཏུ་སོང་བས་ཆོས་བྱེད་མི་སྣའི་འཐུས་མི་དགོས་ངེས་ལ། འཐུས་མི་བསྐོས་པའི་འགན་དེ་ཁོང་རྣམ་པར་ལས་ཡོད། དེའི་འཐད་ང་ཚོར་ལ་ཇུས་གཏོགས་ཤིག་མི་འདུག་དྲན།
གཅན་བཟོད་རྒྱལ་ལགས། ཆོས་བརྒྱུད་སྤྱི་འཐུས་སྐྱ་སེར་གང་བསྐོས་གང་ཟག་སོ་སོའི་འདོད་པ་རེད། གལ་ཆེ་ཕྱོགས་ཆོས་བརྒྱུད་དེའི་འཐུས་མི་མཚོན་ཐུབ་མེད་རེད། འཐུས་མི་མཆོན་གྱི་ཡོད་ན། སྤྱང་ཀི་ཞིག་བསྐོས་ཀྱང་ང་ཚོ་ལ་རྙོག་གླེང་བྱེད་པའི་ཐོབ་ཐང་མེད།
བཙན་བྱོལ་གཞུང་གི་སྒྲིག་གཞི་ནང་ཡོད་པས་ད་ལྟའི་བར་དུ་ཆོས་བརྒྱུད་སྤྱི་འཐུས་ལ་སྐྱ་བོ་མང་པོ་ཡོང་ཡོད་རེད། ཡིན་གཅིག་ཀརྨ་ཆོས་འཕེལ་ཡོང་དུས་སྒྲིག་གཞི་སྐྱར་བཅོས་བྱེད་དགོས་ན་བསམ་འཆར་བཤད་དང་། གཅིག་བྱེད་ན་གནོད་ཤུགས་ཞིག་སྤྲོད་ཐུབ་རྒྱུ་རེད་སྙམ།
ང་ཚོ་བཙན་བྱོལ་བོད་མིའི་མང་གཙོའི་འོས་བསྡུ་ལ་རན་པོ་ཡོད་དང་ཡོད།
སྤྱི་འཐུས་ཙམ་མ་ཟད་བཀའ་བློན་ལའང་རྐུ་མ་ཇག་པ་སུ་བསྐོས་ཀྱང་གང་ཟག་སོ་སོའི་འདོད་པ་ཡིན་པར་གང་དུ་ཞུས་ཟིན།
སྤྱི་བཏང་བཤད་ན་ཀརྨ་ཆོས་འཕེལ་འདི་ངའི་མིག་ནང་གི་དྲ་མ་ཞིག་དང་། སྙིང་དཀྱིལ་གྱི་ཟེགས་མ་ཞིག་རེད། ཁོས་ང་ལ་གནོད་པ་སྐྱེལ་མྱོང་། རེད་དེ་སྒེར་གྱི་ན་ཚ་སྤྱི་བའི་ཐོག་ཏུ་ཁུར་ན་ཡོད་པོ་ཞིག་མ་རེད།
དེ་ལས་གཅན་བཟོད་རྒྱལ་ལགས། ང་ཚོའི་གདོང་ལ་ཡོད་པའི་མིག་དང་། ཁོག་པར་ཡོད་པའི་སྙིང་དང་འདྲ་བའི་སྤྱི་འཐུས་ནང་སྤྱི་ཚོགས་སུ་ཇག་པ་དང་། ཁྲམ་པའི་མིང་ངན་ཐ་ཆད་མེད་པ་ཞིག་དགོས་གལ་མི་ཆེ་འང་། གྲོགས་པོ་ལགས། དེའི་འཐད་ལ་བསམ་ཚུལ་གང་འདྲ་ཡོད།
དྲ་གྲོགས་མིག་ལགས་ཀྱི་གསལ་བཤད་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་དོན་གྱི་གནས་ཚུལ་ལ་ཁ་གསལ་གནང་མི་འདུག དེའི ཁར་རང་ལ་འདོད་ལ་ཡོད་ན་སྤྱང་གི་ཡིན་ཡང་བླུག་ཆོག་གི་རེད། འདི་འདྲའི་ཐལ་ཆ་ཅན་གསུངས་དགོས་ཨེ་ཡོད་ན། ད་དུང་བོད་མི་དམངས་སྤྱི་ནང་དུ་སྤྱི་ཚོགས་ནང་དུ་ཇག་པ་དང་ཁྲམ་པའི་མིང་ཅན་གྱི་འཐུས་མི་འདུག་མདོག་མདགོ་བཤད་པ་ནི་དེ་བས་གོ་ཚོར་མ་བྱུང་བའི་སྐད་ཆ་རེད། དེའི་སྐོར་ནས་ཀྱང་ང་མ་ཤེས་མ་གོ་བ་རྐྱང་ཡིན་ན། གསལ་བཤད་འདྲ་གནང་རྒྱུ་ཡོད་དམ། རྒལ་ལ་ཡོད་ན་ཁ་གསལ་གྱིས་མཛུབ་མི་བཙུག་ཏེ་སླད་ནས་དེ་འདྲའི་མི་སྤྱི་སྒེར་གང་གི་འཐུས་ཚབ་མཚོན་པའི་མི་སྣའི་གྲས་སུ་མི་འཇོག་རྒྱུར་འབད་དགོས་སྙམ། སྤྱི་སྐད་ཆ་ཅི་བཤད་ཀྱང་ཚིག་རྩུབ་སྤོངས་ལ་འབད་དགོས་གལ་ཧ་ཅང་ཆེ་སྙམ།
ང་རང་མངའ་རིས་པ་ཞིག་ཡིན། དབུས་གཙང་གི་གྲས་སུ་འགྲོ་འདོད་མེད། འོན་ཀྱང་ཆོལ་ཁ་གསུམ་ལས་ཁམས་པ་དེ་གུ་ཡངས་ཆེ་ཤོས་ཤིག་ཏུ་མཐོང་གིན་འདུག ལྷག་པར་ཆོས་བརྒྱུད་ཆུང་གྲས་ལ་བལྟ་སྟངས་ཡག་ཤོས་ཤིག་རེད། སྔོན་མ་བོན་པོའི་སྤྱི་འཐུས་དགོས་ཟེར་མཁན་ཡང་ཐོག་མར་ཁམས་པའི་སྤྱི་འཐུས་ཤིག་རེད་ལ། ད་ལྟ་བོན་པོར་སྣང་ཆུང་མི་བརྩི་བའང་ཁམས་པ་ཁོ་ན་ཡིན་པས་མ་ཚད། ཁམས་ཀྱི་ཆོལ་ཁའི་སྤྱི་འཐུས་ནང་བོན་པོ་མང་ཙམ་སླེབས་འདུག་པ་དེས་ར་སྤྲོད་ཆེན་པོ་བྱས་སོང་། ཁ་སང་དྲ་བ་ཁག་ན་བོད་དུ་ཁམས་པའི་དྲ་བ་ཟེར་བ་ཞིག་ཐོན་འདུག་མདོག་མདོག དེ་མི་རུང་བ་བཤད་སོང་། ད་ལྟ་ངས་བལྟས་དུས་ཁམས་པའི་དྲ་བ་དེ་ཡང་ཁམས་པའི་ཡིན་པ་ལྟ་བུར་གུ་ཡངས་ཆེན་པོ་ཞིག་འདུག དེའི་ནང་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་དང་། བོན་པོའི་སྐོར་རྣམས་མང་ཙམ་མཐོང་བྱུང་། མདོ་སྨད་བོན་གྱི་མཁས་པས་བྲིས་པའི་རྩོམ་ཡང་བཀོད་འདུག དེ་ཚོ་ལ་བལྟས་ན་མཚོ་སྔོན་པོའི་དྲ་བ་ཟེར་བ་དེ་ཚོ་ཕྱོགས་རིས་ཀྱི་ཁེངས་བསྡད་པ་ལྟ་བུར་མཐོང་སོང་། དྲ་འབྲེལ་ནང་དུ་བོན་གྱི་དྲ་བ་གྲགས་ཅན་ཧི་མ་ལ་ཡའི་བོན་དྲ་བའི་དྲ་བྱང་ཡང་བཀོད་འདུག དེ་ཚོ་མདོ་སྨད་ཀྱི་དྲ་བ་དྲ་བ་དེ་ཚའི་ནང་ཅུང་དཀོན་པོ་རེད། ལྷག་པར་དུས་བབ་དང་ཁ་བརྡ་དེ་ཚོར་བལྟས་ན་དྲ་བདག་ཨ་མདོ་ཡིན་ཚེ་མི་སྒེར་དང་ཐ་ན་རྩམ་པ་ཚོང་མཁན་གྱི་དྲ་བ་ཡན་ཆན་དྲ་འབྲེལ་དུ་བཀོད་ནས་སྤྱི་ཁྱབ་ཀྱི་དྲ་བ་དེ་དག་སྣང་ཆུང་དུ་བཏང་ཡོད། དེས་ན་ད་ལྟ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལ་ཁམས་པ་རྣམས་ཀྱིས་འོས་འདེམས་ཨང་དྲུག་པར་བསྐྱལ་བ་དེར་མ་འདོད་པ་མངོན་གསལ་དོད་པོར་བྱེད་མཁན་ཕལ་ཆེ་བ་ཨ་མདོ་དེ་ཚོ་རེད་འདུག ཁམས་པའི་དཔའ་བོ་ཚོས་ད་དུང་ཡང་འོས་མང་ཙམ་བླུགས་ནས་ཨང་ཀི་གཉིས་པ་དང་གསུམ་པའི་གྲས་སུ་བསྐྱལ་རོགས། རྒྱ་རི་སྒྲོལ་མས་ལྷོ་ཕྱོགས་སུ་གཡུང་དྲུང་རྒྱལ་མཚན་ལ་འོས་མ་བླུགས་ལབ་པའི་ནུས་པ་དེ་ཐོན་མི་འདུག མི་ལ་གནག་པོ་བྱས་པའི་ལན་དུ་རང་ཉིད་ཀྱི་གོ་སྐབས་ཀྱང་ཤོར་འདུག ཧ་ཧ་དགའ་བོ་བྱུང་།
ཧོར་བུ་ཡེ་ཤེས་ལགས། ཁྱེད་ལྟར་ན་བློ་སེང་ཁོང་དབུ་མའི་ལམ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ས་རེད། དེ་ཡིན་ན་ཡག་གི འོན་ཀྱང་ཁོང་དོ་ངོ་མར་ལམ་དབུུ་མར་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ན་རྒྱུ་མཚན་ཅིའི་ཕྱིར་ཁ་མ་གསང་བ་ཡིན་ནམ། ཕལ་ཆེར་གལ་སྲིད་ཁོང་གིས་དེ་ལྟར་གསང་ཚེ་འོས་ཤོག་མང་པོ་ཞིག་ཤོར་འགྲོ་ཉེན་ལ་འཇིགས་པ་ཨེ་ཡིན། འདི་ནི་ངའི་རྣམ་རྟོག་ལ་ཤར་བ་རང་ཡིན།
མིག་ལགས། གསལ་བཤད་གནང་བ་ལེགས་བྱུང། ཆོལ་གསུམ་གང་གིས་ལས་འགུལ་ཇི་ལྟར་ཞིག་སྤེལ་ཀྱང་། སེར་མོ་བས་ཀྱང་དེ་བཞིན་ཆ་ཤས་དེ་བླངས་ནས་ལས་འགུལ་སྤེལ་བཞིན་ཡོད་པས་ཡིན། ཁྱེད་ཀྱི་རྒྱུ་མཚན་དེ་ལ་ལྗིད་ཁོག་ཨེ་འདུག ཁྱོད་རང་རང་གིས་བསམ་བློ་ཁ་ནང་དུ་ཕྱོགས་ནས་གཏང་རོགས། ང་ཚོ་བོད་གཞུང་དེ་ཆོས་སྲིད་ཟུང་འབྲེལ་ཡིན་པ་ནི་གོང་ས་ལྔ་པ་ཆེན་པོའི་སྐབས་ནས་དེ་ལྟར་ཡིན། ཆོས་སྲིད་ཟུང་འབྲེལ་ཟེར་བ་ནི་གཞུང་གི་ཆབ་སྲིད་སྐྱོང་སྐབས་ཆོས་དང་མཐུན་པ། གཙོ་བོ་ལས་རྒྱུ་འབྲས་དང་མཐུན་པ་ཞིག་གི་སྒོ་ནས་བསྐྱངས་དགོས་པ་ཞིག་བསྟན་པ་ཡིན་གྱི རྒྱུ་མཚན་འདི་སེར་མོ་བ་ལ་འོས་ཐོབ་ཐང་ལྷག་པོ་ཡོད་དགོས་པའི་སྒྲུབ་བྱེད་ཅིག་ཏུ་མ་མཐོང། སེར་མོ་བ་ལ་འོས་ཐོབ་ཐང་གཉིས་ཡོད་ཆོག་ན་བོད་གཞུང་གི་གཞུང་ཞབས་ལ་ཡང་འོས་ཐོབ་ཐང་གཉིས་མི་ཆོག་པ་ཅི་ཡིན།
བོན་ཞེན་ལགས། ཁྱེད་ཀྱི་བསམ་ཚུལ་བཀོད་པ་དེ་ལེགས་བྱུང། འོན་ཀྱང་བསམ་ཚུལ་འགོད་སྟངས་ཐད་སློབ་གསོ་དགོས་ས་རེད། སེམས་ལ་དྲན་ཚད་དང་འཛུབ་མོ་ལ་གང་སླེབས་ཚད་མ་བྲིས་ན་མི་ལེགས་སམ། སྤྱིར་ཁོ་བོས་ཁྱོད་ཀྱི་ནང་དོན་ལ་དགག་པ་མེད། འོན་ཀྱང་རྩོམ་འབྲི་སྐབས་འགན་སྤྱི་ཚོགས་ཀྱི་འགན་ཁུར་ཆེན་པོ་ཁུར་དགོས་ཀྱི་ཡོད། ཐོབ་ཐང་དང་མཉམ་དུ་འོས་འགན་ཡང་ཡོད་པ་ཁྱེད་ཀྱིས་མཁྱེན་གིན་ཡོད་ཤགས་ཡིན།
༡། དེ་རིང་ཏོག་ཙམ་འབྲི་འདོད་བྱུང་། བློ་བཟང་སེང་གེར་འོས་བླུག་མཁན་ནང་ཁོང་ལ་རེ་བ་མཐོང་ནས་འོས་བླུག་མཁན་མང་པོ་ཡོད་པ་དང་མཉམ་དུ་། ཡང་ཕྱོགས་ཞེན་གྱི་དབང་གིས་ཡག་ཉེས་རྩད་གཅོད་མི་བྱེད་པར་མིག་བཙུམ་ནས་ཁོང་ལ་འོས་བླུག་མཁན་ཡང་མི་ཉུང་བ་ཞིག་མཐོང་སོང་། གང་ལྟར་དགའ་འོས་པ་ཞིག་ལ་ཕྱོགས་ཞེན་གྱི་མིག་ཆུང་ཆུང་གཅིག་ལས་མེད་པའི་རིགས་ཀྱིས་བོད་མིའི་བརྒྱ་ཆ་མང་པོ་ཟིན་མེད་པ་འོས་བསྡུས་འདིས་གསལ་བོ་བཟོས་འདུག ད་རེས་ཀྱི་འོས་བསྡུའི་གྲུབ་འབྲས་ཀྱིས་”ཨ་མའི་བུ་ལ་འཇོན་ཐང་ཡོད་ན་ཆོལ་ཁ་གསུམ་ལ་ཕྱོགས་རེས་མེད”ལབ་འདུག
༢། དུས་རྒྱུན་ཆོལ་ཁའི་ཕྱོགས་ཞེན་ཤ་སྟག་བཤད་ཁུལ་གྱིས་རང་ཉིད་ལ་ཆབ་སྲིད་པའི་མིང་དང་། སྤྱི་འཐུས་ཐོབ་ཐབས་བྱེད་བཞིན་པ་གཡུང་དྲུང་རྒྱལ་མཚན་སོགས་བོད་རིགས་ནང་ཁུལ་ཁ་བྲལ་གཏོང་མཁན་གྱི་ཁ་བྲལ་རིང་ལུགས་པ་ཚོའི་བྱ་སྤྱོད་ངན་པ་དང་སྐྱག་རྫུན་རྣམས་མདོ་སྟོད་མི་མང་ལ་ཡག་པོ་མཐོང་བཅུག་པ་རེད། སྐད་ཆ་ཚིག་འབྲུ་རེ་རེ་ལ་ནང་དཀྲུགས་ཀྱི་ཁྲག་དྲི་ལྷོག་ལྷོག་ཏུ་འཆིལ་བའི་མི་ངན་གཡུང་དྲུང་རྒྱལ་མཚན་གཙོའི་བཙན་བྱོལ་སྤྱི་ཚོགས་ནང་གི་ཁ་བྲལ་རིང་ལུགས་པ་ཉུང་ཤས་ཀྱིས། བོད་གཞུང་དང་བཙན་བྱོལ་སྤྱི་ཚོགས་མདོ་སྟོད་མི་མང་གི་ཐོག་ལ་དྲང་པོ་མེད་ལུགས་ཀྱི་ངན་བསྐུལ་དང་ནང་དཀྲུགས་རྒྱུན་མ་ཆད་པར་བྱས་པ་རེད། མི་ངན་འདི་ཚོས་ནང་དཀྲུགས་ཀྱི་གཡོ་ཐབས་འདི་ཁོ་ནར་བསྟེན་ནས་ཆབ་སྲིད་པའི་མིང་དང་སྤྱི་འཐུས་ཐོབ་ཐབས་བྱེད་བཞིན་པ་ལས། བོད་གཞུང་དང་བོད་མིའི་སྤྱི་ཚོགས་དུས་རྟག་ཏུ་མདོ་སྟོད་མི་མང་ལ་བློ་དཀར་དང་ཡིད་ཆེས་སླད་མེད་ཡོད་པ་ཁ་གསལ་གཏིང་གསལ་ཆགས་པ་རེད། ད་ནས་ཁ་བྲལ་རིང་ལུགས་པ་གཡུང་རྒྱལ་སོགས་ཀྱིས་མགོ་སྐོར་དང་ངན་བསྐུལ་འོག་ཚུད་པའི་མདོ་སྟོད་མི་མང་ཁག་ཅིག་གིས་རྙོག་དྲ་མ་བཟོས་ན། བོད་མིའི་སྤྱི་ཚོགས་ནང་ཆོལ་ཁའི་རྙོག་དྲ་ཡོང་རྒྱུའི་ཉེན་ཁ་མེད་པ་གསལ་བོ་རེད་འདུག ཆོལ་ཁའི་ལ་རྒྱ་ཆེ་མདོག་སྟོན་པ་ནི་གཡུང་དྲུང་རྒྱལ་མཚན་ལ་མཚོན་ན་མི་ཚེ་འདིའི་ལྟོ་གོས་འཚོལ་བྱེད་ཀྱི་ལག་ཆ་ཡིན་པ་རེད།
༣། ང་ཚོས་ད་དུང་་བློ་བདེ་བྱེད་ཁག་པོ་རེད། བཙན་བྱོལ་སྤྱི་ཚོགས་ནང་ཁ་བྲལ་རིང་ལུགས་པ་མི་ཉུང་བ་ཞིག་ད་དུང་འདུར་རྒྱུགས་བྱེད་ཀྱི་ཡོད་པ་རེད། ཁོ་ཚོས་བོད་ཀྱི་ཆོས་རྒྱུད་བཞི་ཁ་བྲལ་གཏོང་འདོད་ཡོད་པ་མ་ཟད། ཆོལ་ཁ་གསུམ་ཡང་ཁ་བྲལ་གཏོང་ཨེ་ཐུབ་ལྟ་གི་འདུག གང་ལྟར་མང་མོས་འོས་བསྡུ་རེ་རེ་སླེབས་པ་དང་གཡུང་རྒྱལ་སོགས་ཁ་བྲལ་རིང་ལུགས་པ་ཚོའི་རྫུན་རྐུབ་ལ་ཉི་མ་ཤར་བ་རེད། དུས་རྒྱུན་ཁོང་ཚོས་གླེང་བཞིན་པའི་ཆོལ་ཁའི་ལ་རྒྱ་དང་ཆོལ་ཁའི་རྙོག་དྲ་དེ་ཚོ་དགོས་མཁོ་མེད་པ་དང་བདེན་པ་མ་ཡིན་པ་འོས་བསྡུ་འདིས་མིག་མཐོང་ལག་ཟིན་གྱིས་གསལ་བཤད་བྱས་པ་རེད། མ་འོངས་པར་ཁོང་ཚོས་མུ་མཐུད་བོད་གཞུང་དང་བོད་མིའི་སྤྱི་ཚོགས་འདི་བཞིན་མདོ་སྟོད་མི་མང་གི་ཐོག་ལ་དྲང་པོ་མེད་ལུགས་བཤད་རྒྱུར་ངོ་ཚ་དགོས་པ་དང་། དེ་འདྲ་བཤད་པ་ཡིན་ནའང་མདོ་སྟོད་མི་མང་ཡིད་ཆེས་བྱེད་མི་ཤེས་པ་ཆགས་ཡོད་རེད། བཀའ་ཁྲི་མདོ་སྟོད་རེད། གྲོས་ཚོགས་ཀྱི་ཕྱེད་ཀ་ལྷག་མདོ་སྟོད་རེད། སྐུ་སྒེར་དྲུང་ཆེ་མདོ་སྟོད་རེད། དམིགས་བསལ་སྐུ་ཚབ་མདོ་སྟོད་རེད། དོན་གཅོད་ཁག་མང་པོ་མདོ་སྟོད་རེད། ད་དུང་བོད་གཞུང་དྲང་པོ་མེད་རབས་དང་ཡག་པོ་མིན་རབས་བཤད་ནས་མདོ་སྟོད་མི་མང་ལ་མགོ་སྐོར་གཏོང་མི་ཐུབ་པ་ཆགས་ཡོད་རེད། བོད་གཞུང་ཞེས་མདོ་སྟོད་མི་མང་མ་ཚུད་པའི་ཕ་རོལ་བོ་ཞིག་ལ་ཉེས་པ་དང་མཛུབ་མོ་འཛུགས་ས་མེད་པ་ཤེས་ངེས་རེད།
༤། གལ་སྲིད་མི་སོ་སོར་འཇོན་ཐང་ཡོད་ན་བོད་མི་ཚོས་ཆོལ་ཁ་གང་ཡིན་ལ་མི་ལྟ་བར་རྒྱབ་སྐྱོར་ཡོད་པ་གསལ་བོ་རེད། དཔེར་ན་བློ་བཟང་སེང་གེའི་ཤེས་ཡོན་ལྟ་བུ་ཞིག་ཁ་བྲལ་རིང་ལུགས་པ་གཡུང་རྒྱལ་ལ་ཡོད་པའི་དབང་དུ་བཏང་ན། བོད་མི་ཚོས་ཁོ་ལ་རྒྱབ་སྐྱོར་བྱེད་རྒྱུར་དོགས་པ་བྱེད་དགོས་མི་འདུག འོན་ཀྱང་མི་ངན་འདི་འདྲར་དེ་འདྲ་ཆ་རྐྱེན་མེད་པ་དང་། རང་ཉིད་ལ་རིན་ཐང་མེད་པ་ངོས་མ་ཟིན་པར་ད་དུང་ཕར་ཕྱོགས་ནས་ཕྱོགས་རེས་བྱེད་ཀྱི་འདུག་ཅེས་འཁྲུགས་པ་བརྒྱག་གི་འདུག
༥། བཀའ་ཁྲིའི་འོས་བསྡུ་འདིས་ང་ཚོར་བཀའ་ཁྲི་གསར་བ་ཞིག་ཐོབ་པའི་རྒྱལ་ཁ་ཙམ་མ་ཡིན་པར། བོད་མི་ནང་ཁུལ་གཏོར་མཁན་གྱི་ཁ་བྲལ་རིང་ལུགས་པ་ཚོའི་མགོ་ལ་ཡང་དྲང་བདེན་གྱི་སྟ་རེ་རྣོ་བོ་ཞིག་ཕོག་པ་རེད། སླར་ཡང་། ཨ་མའི་བུ་ལ་འཇོན་ཐང་ཡོད་ན་ཆོལ་ཁ་གསུམ་ལ་ཕྱོགས་རེས་མེད།
དྲ་གྲོགས་ཚོ། གསན་དགོས་པའི་གནས་ཚུལ་དང་དོ་སྣང་སྤྲོད་དགོས་པའི་ཡུལ་འདི་ལ་གཟིགས་ཏེ། ད་དུང་བསྐྱར་ཞིབ་ལེགས་པར་ཞིག་བྱེད་རོགས་གནོངས་དང་། མདོ་སྟོད་ཀྱི་ཆོལ་ཁའི་འོས་མི་ནང་དུ། ཨང་རིམ་ ༤༩ པ་དཀོན་མཆོག་ནོར་བུ་ཞེས་པ་འདིའི་གནས་ལུགས་ཅུང་ཟད་ཅིག་ཞུས་ན། ༡༽ ཁོང་ནི་ཤེས་ཡོན་མེད་པར་དུད་འགྲོ་གླང་རྒན་ཞིག་དང་འདྲ་བ་སྟེ། དེང་དུས་ཀྱི་སྐད་ཡིག་ཕར་ཞོག་རང་མིང་གཙང་མ་ཞིག་བོད་ཡིག་ཐོག་འབྲི་མི་ཤེས་པར་སྔོན་ཁོས་ས་རྟགས་ཀྱི་ཚབ་ཏུ་རང་མིང་ཞིག་བྲིས་ཡོད་པ་དེ་ལ་གཟིགས་ནས་༧གོང་ས་མཆོག་གིས་བཞད་མོ་དང་བཅས་མང་ཚོགས་དུ་མར་འདུས་སའི་དབུས་སུ་འདི་ཁྱེད་ཀྱི་མིང་ཡིན་ན་འབྲི་ཚུལ་འདི་ལྟར་ མ་དག་པ་རེད་འདུག་ཅེས་ཁ་སྐྱེངས་ངོ་གནོང་ བྱུང་ནས་མདོ་སྟོད་ཆོལ་ཁའི་རྐང་པ་མར་འཐེན་པའི་དུས་ཚོད་དེ་མི་དྲན།
༢༽ ཁོང་ལ་བོད་དོན་གྱི་སེམས་ཤུགས་དང་ལྷག་བསམ་གྱི་དབེན་པ་ཙམ་མ་ཚད་རྒྱ་མིའི་ཉུལ་མ་ཞིག་ཡིན་པ་ཀུན་ལ་ངོ་འཕྲོད་ཐོག་ངོས་བཟུང་གི་ཡོད་པ་སྟེ། རྒྱ་དམར་གཞུང་དང་ངན་པ་ལག་འབྲེལ་ཡོད་པ་ཁོས་རྡི་ལི་རྒྱ་མའི་གཞུང་ཚབ་ཏུ་རང་ཁྱིམ་ནང་འཛུལ་འཛུལ་བྱེད་ནས་འགྲོ་ཆོག་པ་མ་ཚད་རྒྱ་གཞུང་གིས་བོད་མི་དགྲ་ལྟར་བལྟ་བའི་དུས་འདིར་ཁོས་བོད་ལ་འགྲོ་རྒྱུའི་ཆེད་རྒྱ་མའི་གཞུང་ཚབ་ཏུ་མིང་ཐོ་བཙུག་ཐེངས་རེར་ཟླ་བ་རེར་ཙམ་ལས་མ་འགོར་བར་ཉེ་འབྲེལ་ཐུག་འཕྲད་ཀྱི་ལག་ཁྱེར་ལེན་གྱི་ཡོད་དང་།
༣༽ ཁོང་གིས་དངུལ་གྱི་ཆེད་དུ་གང་ཡང་བློས་གཏོང་ནས་ངོ་ཚ་དང་ཁྲེལ་མེད་ཀྱིས་འཇིག་རྟེན་མི་ལུགས་ལས་འདས་པའི་བྱ་སྤྱོད་བྱེད་མཁན་ཞིག་ཡིན་ཏེ། སྔ་ལོར་ཆུ་སྒང་རྙིང་པའི་ཚོགས་གཙོ་བྱས་ནས་མ་དངུལ་ཟོས་པས་རྩིས་མ་འཕྲོད་པའི་རྙོག་གླེང་ཧ་ཅང་རིང་པོ་ཡོད་པ་བཅས་ལོ་རྒྱུས་ཆེས་མང་པོ་ཡོད།
༤༽ ཕྱོགས་གཞན་ཞིག་གི་ངོས་ནས་བལྟས་ན་དེ་སྔོན་ཕན་ཆོད་ཁོས་བོད་ཀྱི་སྤྱི་ཚོགས་ལ་ཕན་པའི་ལས་ཀ་གང་ཞིག་བྱེད་མྱོང་ཡོད་པའི་ལོ་རྒྱུས་བཟང་པོ་ཏིལ་འབྲུ་ཙམ་ཞིག་མེད་པ་དང་། མ་འོངས་པར་ཡང་བྱེད་པར་འགྱུར་བའི་རེ་བ་རྟ་རྔ་ཙམ་ཡང་མེད་བཞིན་དུ་འོས་ཤོག་བླུགས་པ་འདི་ནི་ཞ་འོ་དང་ལོང་བ་ལྐུགས་པ་གྱུར་པའམ་ཡང་ན་ནར་མ་སོན་པའི་བྱིས་པ་ཞིག་ཡིན་ན་མ་གཏོགས་བོད་མི་རྣལ་མ་ཞིག་ཡིན་ན་ནི་འོས་བླུགས་མི་འོས་པ་ཞིག་ཡིན་པ་ཤེས་དགོས་ལ་གོ་དགོས་སོ།
གུས་པ་རང་གི་ངོས་ནས་ཁོང་ལ་མི་དགའ་བ་དང་འདི་འདོད་པ་གང་ཡང་མེད་ཀྱང་རང་ཉིད་བོད་མི་རྩམ་གཟན་ཡིན་པ་དང་མདོ་སྟོད་པ་ཞིག་ཡིན་པའི་ཆ་ནས་དྲང་བདེན་ནམ་དངོས་ཡོད་ཀྱི་སྐྱོན་ཆ་མ་གླེང་མཐུ་མེད་བྱུང་བས་འདིས་གང་ཟག་འགའ་ཞིག་ལ་གནོད་པའམ་རྣ་བ་གཟན་པའི་ཉེས་པ་དང་སྡིག་པ་ཐམས་ཅད་རང་ཉིད་ཀྱི་ཁུར་རྒྱུ་ཡིན། གལ་ཏེ་འདིས་བོད་ཀྱི་གྲོས་ཚོགས་དང་སྤྱི་ཚོགས་ལ་ཅུང་ཟད་ཕན་ན་འདིས་ནི་བོད་ཀྱི་བདེན་མཐའ་གསལ་བའི་རྒྱུ་རུ་འགྱུར་བ་ཤོག་ཅིག
རྒྱ་མིའི་ཉུལ་མས་ལྷོ་རླུང་སྡང་བའི་ཁྲོད།།
བོད་དོན་པད་དཀར་འདབ་མ་ཕྱོགས་མེད་དུ།།
གཏོར་བ་མཐོང་ཚེ་བདག་བློ་སྔོ་བསངས་མས།།
བཟོད་པ་མ་ནུས་གཏམ་གྱི་ཆར་འདི་ཐལ།།
སྤྱིར་བཏང་བཤད་ན་ཁམས་པ་འདི་ཚོ་ཁ་ལས་ལག་པའི་མགྱོགས་པས་ཤེས་བྱ་མེད་པ་ཁག་ཅིག་རེད་ཅེས་བརྗོད་ཀྱང་ཆོག
ཡིན་ནའང་ང་ཚོའི་སྤྱི་འཐུས་འོས་གཞི་ནང་གི་ཁམས་པ་ཁ་ཤས་དེ་ལས་གཞན་དབུས་གཙང་དང་། མདོ་སྨད་གཉིས་ཀྱི་འོས་གཞི་ཐམས་ཅད་ཕུན་སུམ་ཚོགས་པ་ཞིག་རེད་དམ། ཞེ་ན། རྩ་བ་ནས་མ་རེད། དེ་ཚོའི་ཐོག་ལའང་བགྲོ་གླེང་རེ་བྱེད་ན་རན་སྙམ།
ཁ་སྔོན་མངའ་རིས་སྤྱི་མཐུན་ཚོགས་པས་ཀརྨ་ཆོས་འཕེལ་སྤྱི་འཐུས་ཀྱི་འོས་གཞི་ནང་བཞག་འདུག དེ་ནོར་འ༷ཁྲུལ་ཞིག་རེད། རབ་བྱུང་ན་མངའ་རིས་དབུས་གཙང་གི་འོག་ཏུ་ཡོད་པར་ཤེས་པར་བྱེད་རོགས་ཞུ།
༄། ཐོག་མར་དེ་ལ་བཙན་བྱོལ་གཞུང་གི་བཀའ་སྤྱི་གཉིས་ཀྱི་འོས་མར་ཕེབས་མཁན་གྱི་རྒྱལ་སྐྱེད་ལྷག་བསམས་ཅན་གྱི་སེར་སྐྱ་ཕོ་མོ་ལྷན་རྒྱས་ལ་བཀྲིས་བདེ་ལེགས་ཀྱི་བསུ་བ་བྱེད་སྟེ་ཚིག་ཁ་ཤས་བཤད་ན་སྙམ།
སྤྱི་འཐུས་ཀྱི་སྐོར་ལ་བཤད་ན་ དབུས་གཙང་གི་སྤྱི་འཐུས་ལ་འགྱུར་བ་རྩ་བ་ནས་འགྲོ་རྒྱུ་མེད་པ་འདི་ཇི་འདྲ་ཡིན་ནམ་མི་ཚེ་སྤྱི་འཐུས་གནང་རྒྱུ་ཡིན་ནམ། མདོ་སྟོད་སྤྱི་འཐུས་འགྱུར་བ་ཆེན་པོ་ཕྱིན་འདུག་དེ་ཡག་པོ་རེད་སྙམ། མདོ་སྨད་ཀྱི་སྤྱི་འཐུས་ནང་དུ་འགྱུར་བ་འདུག་དེ་ཡག་པོ་རེད་ཤེས་ཡོན་ཅན་དང་ལས་ཀ་བྱེད་ཐུབ་མཁན་ཞིག་སླེབས་ཅི་ནི་ང་ཚོའི་དགོས་མཁོ་ཉ་གཅིག་ཡིན།་ བཀའ་ཁྲིར་གྱི་སྐོར་ལ་དངོས་གནས་ཀྱི་མི་བུ་ཞིག་འདེབས་འདུག་ཧ་ཅང་གི་དགའ་པོ་བྱུང་། བོད་པ་འདི་དངོས་གནས་གོ་རྟོག་ཕྲན་བུ་ཡོད་པ་མཐོང་གི་ཡ། མཁས་དབང་བློ་བཟང་སེངྒེ་ལགས་ལ་འོས་ཧ་ཅང་མང་པོ་ཐོབ་པ་འདི་ཡི་ང་ཚོའི་བོད་མི་རིགས་འདི་ལ་སྙིང་སྟོབས་གསར་བ་ཞིག་སྦྱིན་པ་རེད་སྙམ། མང་གཙོ་ཟེར་བ་འདི་ལ་སོ་སོའི་ཕྱོགས་རྟོག་གཅིག་ཐོབ་བའི་ངེས་པ་མེད། འོས་སུ་མང་ཤོས་ཡིན་ན་དེ་ལ་རྒྱབ་བསྐྱོར་བྱེད་རྒྱུ་ནི་མང་ཚོའི་འགྲོ་སྟངས་ཤིག་ཡིན་པ་འདྲ། གོང་དུ་དྲ་གྲོགས་མང་པོ་ཞིག་གི་བསྐྱོན་བྱེད་སྟངས་འདི་ལ་ལྟས་སྐབས་ཕྱོགས་གཞན་གྱི་གནས་སུ་ལྷུང་བ་ཞིག་མཐོང་སོང་། སྤྱི་བཏང་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་དུ་མི་སྣ་ཁག་གཅིག་འདུག། དེ་ཚོའི་ལས་ཀ་གཙོ་བོ་དེ་བཙན་བྱོལ་ནང་ཁུར་ཁ་བྲལ་གཏོང་ཐབས་ཀྱི་དངོས་ཤུག་རྒྱུས་གསུམ་ནས་ལས་ཀ་བྱེད་དང་བྱེད་བཞིན་པ་རེད་འདུག་་ དེ་རྒྱུ་མཚན་གསལ་བོ་མི་མང་གི་ཤེས་ཀྱི་མེད་པ་འདྲ། དེ་ནང་ནས་མི་གཅིག་དེ་སྐྱེ་སར་ཀླུ་གྲུབ་ཞེས་པའི་རྟག་པར་ཆོལ་ཁ་དང་ཆུས་ལུགས་ཀྱི་སྐོར་ལ་འབྲི་མཁན་དེ་རེད། སྐྱེ་སར་གྱི་ལོ་རྒྱུས་ལ་གཟིགས་གནང་ན་དངོས་གནས་སྐྱུག་དྲོ་བོ་ཞིག་ཡོད་རེད། ཀི་རྟི་གྲྭ་ཚང་དང་དཔེ་མཛོད་ཁང་སོགས་ནས་བུད་ཚར་བ་རེད་དེ་བཞིན་ཕྱི་རྒྱལ་དུ་འགྲོ་རྩིས་ཀྱི་ཝི་ས་རྫུན་བཟོ་སོགས་བྱེད་དང་བྱེད་བཞིན་པ་རེད་ མི་འདི་རིགས་ང་ཚོ་སྤྱི་ཚོགས་ལ་ཕན་ཐོག་གི་མ་རེད།
བྱམས་པ་ལགས།བློ་སེང་གིས་ཁ་སངས་ནས་ཐམས་ཅད་གསུངས་ཚར་བ་རེད།ད་དུང་ཁོང་གིས་མ་འོངས་པར་ང་རྒྱ་ནག་གི་སྲིད་འཛིན་བྱ་རྒྱུ་ཡིན་ཟེར་ནས་ཀུ་རེ་དང་བཅས་གསུངས་པ་དེ་ཚོ་གཉིས་ཕན་དབུ་མའི་ལམ་གྱི་སྲིས་བྱོས་མ་རེད་དམ།
སྐྱག་དྲི་བྲོ་བའི་གཏམ་ཛ་ཛོར་དེ་གཟི་བརྗིད་ལྡན་པའི་སྐབས་༣་པའི་བཀའ་ཁྲི་དང་༡༣་པའི་སྤྱི་འཐུས་རྣམས་པའི་མིག་ལམ་དུ་མ་འདྲེན་བསམ་པ་གཅིག་པོ་ལས་ཆི་གང་མེད། སླྱི་འཐུས་ཡག་མོ་སྐྲག་མོ་དགའ་ཤས་༢༠༡༡་་ལོའི་འདུག་ཁྲི་ཁེངས་གྲབ་ཡིན།
ད་ལམ་སྐུ་ངོ་ཀརྨ་ཆོས་འཕེལ་མཆོག་ལ་བཀའ་བརྒྱུད་སྤྱི་འཐུས་སུ་ཕེབས་ཐུབ་པར་དགའ་བསུ་ཞུ།
ཀརྨ་ཆོས་འཕེལ་སྐོར་ལ་མང་པོ་གསུངས་སོང། ཕལ་ཆེར་དེ་ཙམ་བཞག་ན་འགྲིག་སྙམ། གང་ལྟར་ང་ཚོས་སྐྱོན་བརྗོད་ཀྱི་རྩོམ་ཇི་ཙམ་སྤེལ་རུང། ཁོང་གི་ཆབ་སྲིད་ཀྱི་ལམ་བུ་དེ་ལ་ང་ཚོས་འགོག་མི་ཐུབ།
ད་ནི་ཁོ་བོས་དགེ་ལུགས་སྤྱི་འཐུས་ཀྱི་གྲས་སུ་ཨང་བཞི་པ་གྲས་སུ་སླེབས་པའི་དགེ་བཤེས་བློ་བཟང་ཟེར་བ་དེ་ཡིན། ཕལ་ཆེར་ཁྱོད་ཚོས་ཁོང་གི་མིང་གོ་ཐོས་བྱུང་མྱོང་ཡོད་ཀྱི་མ་རེད། ཁོང་ནི་ཤེས་འཇོན་ལྷག་བསམ་གང་ཡང་མེད་མཁན་ཞིག་ཡིན། ཐ་ན་རང་གི་མིང་བྲིས་ཤེས་ཀྱི་ཡོད་མེད་ལྟ་རྒྱུ་རེད། དེ་འདྲ་ཞིག་དགེ་ལུགས་སྤྱི་འཐུས་ཀྱི་འོས་སུ་བླུགས་པ་ནི་དགེ་ལུགས་པའི་འིས་མི་ཕོངས་པ་ཡིན་ནམ། ཡང་ན་དེ་ལས་དྲག་པ་ཞིག་རྙེད་རྒྱུ་མེད་པ་རེད་དམ། ཡང་ན་འོས་གྲངས་༥༠༠ལྷག་ཙམ་དེ་ཚོགས་པ་ཆེན་པོ་གཅིག་ནས་ཁ་གཅིག་གྲགས་ཀྱིས་བླུགས་པ་རེད་དམ། དེ་ནི་ཤེས་ཚད་མེད་པའི་བྱ་སྤྱོད་གཅིག་ཡིན། སྤྱི་འཐུས་འོས་མི་ལ་ཁྱད་ཆོས་དགོས་རབ་བཤད་པ་བཞིན་དུ་འོས་བླུགས་མཁན་རྣམས་ལ་ཁྱད་ཆོས་ཚང་དགོས་པ་ཡོད་པ་དེ་ཤེས་དགོས། མི་དེ་འདྲ་བ་ཞིག་གྲོས་ཚོགས་ནང་ལ་སྐྱེལ་ནས་དགེ་ལུགས་པའི་ཞབས་འདེྲན་ཞུ་བཅུག་རྒྱུ་ཡིན་ནམ།
གཅན་བཟོད་རྒྱམ་ཟེར་བ་དེར་ཚིག་གཅིག་བཤད་འདོད་བྱུང། ཁོས་ཀརྨ་ཆོས་འཕེལ་བཀའ་བརྒྱུད་པའི་སྤྱི་འཐུས་འོས་མིའི་ཁོངས་སླེབས་པ་དང་། མི་སྐྱ་ཡང་ཆོས་བརྒྱུད་སྤྱི་འཐུས་ཁོངས་ཞུགས་ཆོག་གི་ཡོད་པའི་ཚོར་སྣང་ཤུགས་ཆེ་བྱུང་སྐད་བཤད་འདུག ད་ལྟ་བར་དུ་གང་ལ་འགོ་འཐོམ་པ་ཡིན་ནམ། པདྨ་འབྱུང་གནས་ཟེར་བ་དེ་ད་བར་ཆོས་བརྒྱུད་གང་གི་ཁོངས་བསྡད་པ་རེད། དེ་རིང་གར་འགྲོ་རྩིས་འདུག བརྟག་དགོས། འདས་པའི་ནང་བཀའ་བརྒྱུད་སྤྱི་འཐུས་ཀུན་དགའ་ཚེ་རིང་དང་། བློ་གྲོས་མཐར་ཕྱིན། ཀརྨ་ཤེས་རབ་མཐར་ཕྱིན། ས་སྐྱའི་སྤྱི་འཐུས་པདྨ་འབྱུང་གནས། བོན་པོའི་སྤྱི་འཐུས་བྱ་དུར་བཟང་པོ་དང་། སྨན་པ་ཐོགས་མེད། མི་ལོ་བཅོ་ལྔ་རིང་རྐུབ་སྟེགས་ཐོག་ལྕགས་འཛེར་བརྡབ་པ་ནང་བཞིན་བསྡད་དེ་མ་ཎི་ཡིག་དྲུག་གི་གོ་དོན་ཙམ་ཡང་མི་ཤེས་ཤིང་ཚིག་བདུན་གསོལ་འདེབས་འདོན་མི་ཤེས་མཁན་རྙིང་འཐུས་རྒྱ་རི་བུ་ཕྲུག་སོགས་མི་སྐྱ་མིན་ན་ག་རེ་ཡིན་འགྲོ། ཁྱོད་རང་་ཆོས་རིག་ལས་ཁུངས་སུ་བསྡད་ནས་དེ་ཙམ་ཡང་མ་ཤེས་ན་ཡ་མཚན།
ཝ་ཡེ་སྐྱེ་སར་ཀླུ་སྒྲུབ་ལགས། ཁྱེད་རྣ་བ་བླགས་ཏེ་ཉོན་ཞིག
དྲི་བ་འདི་དག་ལ་ལན་གསར་པོ་ཞིག་སྤྲོད་དགོས།
༡༽ བཀའ་བློན་འོས་གཞི་མཐོ་ཤོས་མཁས་དབང་བློ་སེང་དང་དེ་ལ་འོས་འཕང་མཁན་གྱི་བོད་མི་མང་ཕལ་ཆེར་བརྒྱ་ཆ་ལྔ་བཅུ་ཡན་ཙམ་ཟིན་པ་འདི་དག་མགོ་སྟོང་ཡིན་ན་དེ་ལས་གཞན་མགོ་སྟོང་མིན་པའི་བོད་མི་ཁྱེད་ཙམ་གཅིག་པུ་ཡིན་ནམ།
༢༽ ཧ་ཝ་ཌི་གཙུག་ལག་སློབ་གཉེར་ཁང་ནས་མཁས་དབང་གི་ལག་ཁྱེར་ཐོབ་པའི་འཛམ་གླིང་རྒྱལ་སྤྱིའི་སྟེང་མཁས་དབང་གི་མིང་དང་ཐོབ་ཡོད་པའི་བོད་མི་གཞོན་སྐྱེས་གཅིག་ཡོད་པ་དེ་ལ་ཁྱོད་ཀྱིས་བླུན་པོ་ཞེས་བརྗོད་པ་འདིས་ནི་རང་ཉིད་ཕྱོགས་རིས་དང་ཕྲག་དོག་གི་གདོན་གྱི་ཡོངས་སུ་གཟིར་ཟིན་པ་ཙམ་མ་ཚད་དྲན་མེད་དུ་འཐོར་ཟིན་པ་ཞིག་མིན་ནམ།
༣༽ ང་ཚོའི་བསམ་བློའི་གོ་རྟོགས་དང་། ཤེས་ཡོན་གྱི་ཆུ་ཚད་མཐོར་འདེགས་གཏོང་ཐུབ་མཁན་ཞིག་དགོས་པ་བདེན་ནའང་དེ་ཉིད་ཁོང་གིས་ནུས་ཤུགས་ཡོད་ཚད་བཏོན་ནས་བཙན་བྱོལ་གཞུང་གི་འགྲོ་སོང་ཕལ་ཆེར་ཤེས་ཡོན་གྱི་ཆེད་དུ་གཏོང་ནས་མ་འོངས་པར་ཆེད་ལས་པ་མ་དག་གཅིག་བསྐྲུན་ཐུབ་པ་ཞིག་བྱེད་དགོས་གལ་ཆེ་བའི་བཀའ་སློབ་དག་མ་ཐོས་པར་ཧོབ་བཤད་བྱེད་ལུགས་ལ་བལྟས་ན་ཧ་ཅང་ཐལ་བ་མ་ཡིན་ནམ།
བགྲོ་གླེང་ཡག་པོ་བྱུང་འདུག
ད་དུང་ལྐོག་ཟ་རུལ་སུངས་པ་དཀོན་ནོར་དང་། རྒྱུ་དངོས་ཀྱིས་འོས་ཤོག་ཉོ་མཁན་རྒྱ་རི་བུ་ཕྲུག་སོགས་ད་རུང་གླེང་ཐུབ་ན་ཡག་པོ་འདུག ད་རུང་འདི་དག་སྤྱི་མཐུས་ཀྱི་སྡིངས་ཆའི་ཐོག་སུས་བསྐྱལ་འདུག དེ་དག་ལ་དཔྱད་དགོས་པ་ཡིན
སྐྱེས་སར་ཀླུ་སྒྲུབ་ཟེར་མཁན་འདི་ནི། ག་དུས་ཡིན་ནའང་འགྲིག་གི་མི་འདུག་ཟེར་ནས་མུག་ཤི་བགྲངས་བསྡད་མཁན་ཞིག་རེད།
ཁོས་ན་ནིང་རྒྱ་གར་ནང་བའི་གནས་ཡིག་ཟེར་བའི་དེབ་ཞིག་བཏོན་ཡོད། དེའི་ནང་ཁོའི་སྡང་ཞེན་དང་། ཕྱོགས་རིས་ཀྱི་ན་ཟུག་དེ་སློང་ལ་བོད་ཡོད། དེའི་ནང་དུ། སློབ་དཔོན་པདྨའི་འཁྲུངས་ཡུལ་གནས་མཆོག་མཚོ་པདྨ་ལ། ས་འདི་ནི། རྡ་རམ་ས་ལའི་ཉེ་འགྲམ་གྱི་ཡུལ་སྐོར་སྤྲོ་འཁྱམ་པ་འགྲོ་ས་ཙམ་རེད། ཟེར་བཤད་ཡོད་པ་ལས། གུ་རུའི་འཁྲུངས་ཡུལ་ཞིག་ཡིན་པ་གཏན་ནས་མ་བཤད་པའི་ཁར། ཁོས་གུ་རུའི་གནས་ཀྱི་སྐོར་ནས་གཏན་བྲིས་མེད།
ཁོ་ནི་རྡ་ས་ཀི་རྟི་གྲྭ་ཚང་ནས། གློག་ཀླད་རྐུ་མ་བརྒྱབ་རྐྱེན་ཕྱིར་འབུད་གཏོང་བའི་གྲྭ་ལོག་ཞིག་རེད་ལ། ཁོས་ཉི་མ་དེ་ནས། ཀི་རྟི་རིན་པོས་གཙོས་པའི་བོད་ཀྱི་སྤྲུལ་སྐུའི་སྐོར་ལ་ག་དུས་དགག་པ་རྒྱག་བཞིན་ཡོད། དེའི་དམིགས་ཡུལ་ནི། ཁོའི་ཁོག་ལ་ཆོས་ལུགས་ཀྱི་གདོན་ཞུགས་ཏེ། རྙིང་མའི་སྤྲུལ་སྐུ་སྤྱི་དང་། དེའི་ནང་གི་སློབ་པདྨ་འབྱུང་ལ་སྡང་པོ་ཡོད་པས་རེད། དེ་ལས་གཞན། ཁོ་རང་ཀི་རྟི་གྲྭ་ཚང་ནས་གནས་དབྱུང་གཏོང་མཁན། ཀི་རྟི་རིན་པོ་ཆེ་ལ་ཙ་ནན་དགག་བྱ་རྒྱུ་དེ་རེད།
བློ་བཟང་སེང་གེ་རྒྱལ་ལོ།
བོད་རང་བཙན།
ང་ཚོ་བཀའ་བརྒྱུད་ཚང་གིས་ཀྱང་བསམ་བློ་གཏོང་དགོས་པའི་དུས་ཚོད་ཅིག་རེད། སྐུ་ངོ་ཀརྨ་ཆོས་འཕེལ་བཀའ་བརྒྱུད་འཐུས་མིར་ཅི་ལྟར་སླེབས་པ་མི་ཤེས་མོད། ང་རང་གི་ལྟ་ལྟངས་བྱས་ན་ཁོང་ང་ཚོའི་ཆོས་བརྒྱུད་སྤྱི་འཐུས་སུ་སླེབས་ན་ཏོག་ཙམ་འགྲིག་གིན་མི་འདུག རྒྱུ་མཚན་ནི། སྤྱི་འཐུས་རྣམ་པར་བོད་མི་སྤྱི་བའི་ལས་འགན་ཆེན་པོ་རེ་ཡོད་ཡོད་པའི་སྒང་ལ། ཐོན་ཁུངས་གང་ནས་ཡིན་པའི་ཁྱབ་ཁོངས་དེའི་ལས་དོན་ལའང་དམིགས་བསལ་འགན་ཞིག་ཡོད། ང་ཚོར་མཚོན་ནའང་གཙུག་གི་ནོར་བུ་དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་རྒྱལ་ཁབ་གཞན་དུ་ཕྱོགས་བསྐྱོད་ཀྱིས་མཚོན་པའི་དམིགས་བསལ་རང་ཕྱོགས་དང་འབྲེལ་བའི་སྤྱི་འཐུས་རྣམ་གཉིས་ལ་ཌྷའགན་འཁུར་ཆེན་པོ་ཡོད།
ང་ཚོའི་སྤྱི་འཐུས་འོས་མིའི་ཁྲོད་ཀྱི་འཚམ་ཤོས་ནི་འབོ་དཀར་ཚང་བླ་མ་འཕྲིན་ལས་དང་།ཨ་ཅུང་ཚང་བསྟན་པ་ཡར་འཕེལ་གཉིས་ཡིན། ཁོང་གཉིས་ལ་བོད་ཀྱི་ནང་བསྟན་གྱི་རིག་གནས་ཀྱི་རྨང་གཞི་ཟབ་པ་མ་ཟད། དགོས་མེད་ཀྱི་ཕྱོགས་རིས་ཀྱི་ན་ཚ་ཆེན་པོ་མེད་པའི་རྒྱུས་ཡོད་ཡིན། འདི་ལྟ་བུ་ཞིག་དགོས་པ་ལས་ཆོལ་ཁའི་བར་གྱི་ནད་རོ་དེ་ང་ཚོས་རྩེད་མོ་རྩེད་སྤྱད་བྱས་ན་སྒྲུབ་བརྒྱུད་བསྟན་པའི་རྗེས་འབྲངས་བའི་ཞབས་འདྲེན་ཡིན་པ་མ་ཟད། གཞན་དང་གཞན་གྱི་སྔོན་ནས་མིང་ཆད་དང་ངོ་ཚའང་ཆེ་བ་ཡིན།
བསྐྱར་དུ་དགོངས་བཞེས་ཡོང་བའི་རེ་་བ་བཅས་ཀརྨ་རིན་ཆེན་བཟང་པོ་ནས།
ངའི་ངོས་ནས་ཁྱེད་རྣམས་པའི་ཕྱག་ལས་ནི་དངོས་གནས་གལ་ཆེན་ཡིན་པ་ཞིག་འཚོར་ཀྱི་འདུག་ལ། ཁྱེད་རྣམས་པས་ཀྱང་དེ་ལྟར་བསམ་བཞིན་ཕྱག་ལས་ཧུར་ཐག་གནང་འདུག་པས་ཐུག་རྗེ་ཆེ་ཞུ།
བཙན་བྱོལ་ནང་གི་ཉོག་དྲ་ལ་རྫོགས་རྒྱུ་ཡོད་པ་མ་རེད། རྒྱུ་མཚན་ཅི་ཡིན་ཟེར་ན་མི་དམངས་མང་ཆེ་བ་ཕག་གི་བརྟུལ་ཞུགས་ཡིན་པས་སོ།།
བྱམས་པ་ལགས། ཁྱོད་རང་གིས་རྫུན་བཤད་ཀྱི་འདུག སྤྱིར་བཏང་བཤད་ན་དོན་གནད་འདི་ངས་གསལ་བོར་བྱེད་དགོས་གང་ཡང་མ་མཆིས་ཀྱང་། ཁྱོད་ནི་སྐྱག་རྫུན་བཤད་ནས་མི་བསད་མཁན་ཞིག་རེད་འདུག་པས་ངས་གསལ་བཤད་ཅིག་བྱེད་འདོད་བྱུང་།
ཁྱོད་རང་གིས་ད་ནི་ཁོ་བོས་དགེ་ལུགས་ སྤྱི་འཐུས་ཀྱི་གྲས་སུ་ཨང་བཞི་པ་སླེབས་པའི་དགེ་བཤེས་བློ་བཟང་ཟེར་བ་ དེ་ཡིན། ཕལ་ཆེར་ཁྱོད་ཚོས་ཁོང་གི་མིང་གོ་ཐོས་བྱུང་མྱོང་ཡོད་ཀྱི་མ་རེད། ཁོང་ནི་ཤེས་འཇོན་ལྷག་བསམ་གང་ཡང་མེད་མཁན་ཞིག་ཡིན། ཐ་ན་རང་གི་མིང་བྲིས་ཤེས་ཀྱི་ཡོད་མེད་ལྟ་རྒྱུ་རེད། དེ་འདྲ་ཞིག་དགེ་ལུགས་སྤྱི་འཐུས་ཀྱི་འོས་སུ་བླུགས་པ་ནི་དགེ་ལུགས་པའི་འིས་མི་ ཕོངས་པ་ཡིན་ནམ། ཡང་ན་དེ་ལས་དྲག་པ་ཞིག་རྙེད་རྒྱུ་མེད་པ་རེད་དམ། ཡང་ན་འོས་གྲངས་༥༠༠ལྷག་ཙམ་དེ་ཚོགས་པ་ཆེན་པོ་གཅིག་ནས་ཁ་གཅིག་གྲགས་ཀྱིས་བླུགས་ པ་རེད་དམ། དེ་ནི་ཤེས་ཚད་མེད་པའི་བྱ་སྤྱོད་གཅིག་ཡིན། ཞེས་བྲིས་འདུག
འདི་ནི་ཁྱོད་གཉིས་དབར་རྩོད་རྙོག་ཅིག་ཡོད་པས་སམ་རྒྱབ་ལྗོངས་ངེས་ཅན་ཞིག་གིས་འོག་བྲིས་པ་ལས་དོན་དངོས་དང་ཡོངས་སུ་འགལ་སོང་།
རྒྱུ་མཚན་ནི་དགེ་བཤེས་བློ་བཟང་ཟེར་འདི་སྔོན་མར་ཝཎཱ་དགེ་ལྡན་སྨོན་ལམ་འཕར་མའི་སྐབས་གུས་པ་སྐྱབས་རྟེན་འབུལ་མཁན་བཅར་དུས་སེར་བྱེས་གྲྭ་ཚང་གི་སྐུ་ཚབ་དང་། གདན་གསུམ་གྱི་ལས་དྲུང་དང་།རྩིས་པ་གཅིག་ལྕོག་གནང་ནས་བཞུགས་འདུག ཁོང་མིང་འབྲི་མི་ཤེས་མཁན་ཞིག་ཡིན་ན་དྲུང་རྩིས་ཇི་ལྟར་བྱས་ནས་ཆགས་པ་རེད། མ་ཟད་ཁོང་གི་ལས་རོགས་འགས་གསུང་ཡ་ལ། ཁོང་གིས་སྔོན་སེར་བྱེས་གྲྭ་ཚང་གི་དངུལ་གཉེར་དང་། ཏྲེ་ཧོར་ཁམས་ཚན་སྤྱི་རྒན་གྱི་ལས་འཁུར་བྱས་མྱོང་ཡོད་ཚུལ་བཤད་བྱུང་ལ།
ཁོང་ནི་མི་སྒམ་པོ་དང་། ཁ་གསང་པོ། སྙིང་སྟོབས་དང་འཇོན་ཐང་ཅན་གྱི་མི་ཡ་རབས་ཤིག་འདུག་པས་ང་ཁོང་དང་ཐུག་ཉིན་ནས་ངོ་ཤེས་ཤིག་ཆགས་སོང་།
དེང་གི་སྐབས་སུ་ཁོང་སེར་བྱེས་འབྲིང་རིམ་སློབ་གྲྭའི༼སློབ་མ་༥༠༠ལྷག་ཡོད་ཚད༽འགན་འཛིན་དང་རྩིས་པ་གཅིག་ལྩོག་ཡིན་འདུག མི་འཇོན་ཐང་མེད་མཁན་ཞིག་ཡིན་ན། སློབ་གྲྭའི་འགན་འཛིན་དང་། ཡི་གེ་མི་ཤེས་མཁན་ཞིག་ཡིན་ན་རྩིས་དྲུང་ཇི་ལྟར་བྱས་ནས་བསྐོས་པ་རེད་དམ།
དྲང་པོ་བཤད་ན་མི་འདི་འཇོན་ཐང་དང་། ཤེས་ཡོན་མི་འདུག་ཅེས་པ་ནི་མི་དགའ་བས་རྒྱུ་མཚན་ལས་མི་འདུག
དགེ་བཤེས་ལགས། སྤྱི་འཐུས་བསྐོས་མ་བསྐོས་དེ་དགེ་ལུགས་པའི་གྲྭ་བཙུན་ཚོའི་ཐོབ་ཐང་ཡིན་པས་ང་དེའི་འཐད་གསལ་བྱེད་བྱ་མི་འདོད།
དྲུང་རྩིས་དང་འགན་འཛིན་གཅིག་ལྕོག་གནང་མཁན་ཚང་མ་ཤེས་འཇོན་ལྷག་བསམ་ལྡན་པ་རྐྱང་རྐྱང་ཡིན་དགོས་པའི་ངེས་པ་མེད་པ་ནི་ཁྱེད་ཀྱིས་མཁྱེན་གིན་ཡོད་ཤགས་ཡིན། ཡིན་ན་ཡང་དེ་ཁྱེད་ཀྱིས་བལྟས་ཚོད་གཅིག་རེད། ཁོ་བོས་འོས་མིར་དཔྱད་པ་བྱེད་པ་ནི་བོད་གཞུང་གི་སྤྱི་འཐུས་གྲོས་ཚོགས་ལ་ལྷག་བསམ་ཆེས་བས་ཡིན་མ་གཏོགས་སྒེར་གྱི་འཁོན་སེམས་བཅང་མ་མྱོང་ལ་བཅང་དགོས་དོན་ཡང་མེད། ད་དེ་ཙམ་འཇོག་རྒྱུ་ཡིན།
དེང་དུས་བཀའ་བློན་ཁྲི་བ་སོགས་ལས་བྱེད་འགས་བོད་ནས་འབྱོར་བའི་སློབ་ཕྲུག་དེ་ཚོ་ལ་དགྲ་བཞིན་ལྟ་བའི་སྲོལ་ངན་ཞིག་ཡོད་པ་དེ་རྒྱ་དགའ་བོད་སྡུག་གི་ལས་དཀའ་ཁོ་ན་སེམས། དེས་ཕྱིར་ན་མ་འོངས་བཀའ་བློན་ཁྲི་བ་དེ་མི་སུ་འདྲ་ཞིག་ཐོབ་ན་ཡང་ཕྱོགས་ཞེན་གྱི་དྲི་མས་མ་གོས་པ་ཞིག་ཕེབས་ཐུབ་པའི་སྨོན་ལམ།
མི་རྒན་ལགས། ལོག་འགྲེལ་མ་གནང་རོགས། བོད་ནས་འབྱོར་བ་དང་གཞིས་ཆགས་གཉིས་ཀྱི་དབར་མི་མཐུན་པ་བཟོ་བའི་སྐད་ཆ་མ་གསུངས་རོགས། དྲིན་ལ་དྲིན་ལན་གྱི་བསམ་བློ་ཡག་པོ་གཏོང་ཤེས་མཁན་ད་ལྟ་བར་དུ་བོད་གཞུང་གིས་གསར་འབྱོར་བ་ལ་འགྲོ་སོང་ཕོན་ཆེར་གཏོང་གིན་ཡོད་པ་དེ་ཕལ་ཆེར་ཁྱེད་ཀྱིིས་མཁྱེན་གིན་ཡོད་ས་མ་རེད། གསར་འབྱོར་བ་སྒེར་རང་ཉིད་ཀྱིས་བྱེད་སྟངས་མ་འགྲིག་པའི་དབང་གིས་ལས་བྱེད་འགས་ལན་རྒྱག་པ་དེ་འདྲ་ཡོང་སྲིད། རང་གིས་བྱེད་སྟངས་མ་འགྲིག་པ་དེ་གསར་འབྱོར་བ་སྤྱི་ཡོངས་ཀྱི་བྱེད་སྟངས་མ་འགྲིག་པ་ཞིག་ཏུ་མ་བཟོ་ན་ལེགས།
བོད་ནས་འབྱོར་བ་གཞི་ཆགས་གཉིས་ཀྱི་བར་ལ་བར་མི་འཐུན་པ་ཞིག་བཟོ་འདོད་རྩ་བ་ནས་མེད། ཡིན་ན་ཡང་ང་སློབ་གླིང་འདི་ནས་སློབ་སྦྱོང་བྱེད་དོན་ནི་མ་འོངས་བོད་ཀྱི་སྤྱི་ཚོགས་ནང་ལ་རང་གཞན་གཉིས་ཕན་གྱི་ལས་དཀའ་རེ་བྱེད་ཐུབ་ན་བསམ་ཁུ་ཡོད། ཡིན་ན་ཡང་བཀའ་ཁྲི་མཆོག་གི་གསུང་ལ་བལྟས་ན་ང་ཚོ་ཕྱིར་རྒྱ་ནག་དམར་པོའི་ཁྲིམས་འོག་ལས་འགྲོ་ས་མེད་པའི་བཀའ་སློབ་ཞིག་གནང་སོང་། གཞན་ཡང་འདི་ལོ་ནང་སློབ་ཕྲུག་ལོ་ཆུང་དེ་ཚོའི་དཀའ་ངལ་གང་འདྲ་འཕྲད་ཡོད་མེད་ཁྱེད་ནས་ལོས་ཤེས། གཞི་ཆགས་ནང་གི་སློབ་ཕྲུག་དེ་ཚོ་ནང་དགའ་རོགས་ཡོད་མེད་ང་ཚོས་ཤེས་ཁུ་ཡོད། དེ་ཚོར་སྣང་མེད་བྱེད་དོན་ཅི་རེད། ཕྱི་རྒྱལ་ཁག་དང་༧གོང་ས་ཡིད་བཞིན་ནོར་བུའི་བཀའ་དྲིན་ལ་ལ་བརྟེན་ནས་གནས་ཡོད་པ་གོང་གི་བཀའ་ཁྲི་དང་འོག་གི་གསར་འབྱོར་གཉིས་ཀ་གཅིག་མཚུངས་མ་རེད་དམ།
རྒྱ་གར་གྱི་ཡུལ་མི་ལ་ལྟོས་ན་ང་ཚོ་བརྩན་བྱོལ་བ་ཚང་མ་གསར་འགྱུར་རེད། དེ་ཡིན་དུས་གསར་འགྱུར་དང་གཞིས་ཆགས་ཀྱི་བར་ཀྱི་འགལ་འདུའམ་ཡང་ན་ཆགས་སྡང་དེ་མ་བྱས་ན་ཡག་པོ་འདུག
ང་ཚོ་ཕྱིས་སུ་འབྱོལ་བའི་གསར་འགྱུར་པ་རྣམས་ལ་དཀའ་ལས་འཕར་མ་ཞིག་ཡོད་པ་མངོན་གསལ་རེད། དེ་ནི་གཞིས་ཆགས་ཀྱི་བཟོས་པར་ངོ་འཛིན་བྱེད་ཀྱི་མེད། སྐད་དང་ས་ཆུ་མི་འཕྲོད་པའི་དཀའ་ངལ་དང་། གཞན་ཡང་ཕ་མ་དང་ཕ་ཡུལ་སོགས་དང་བྲལ་བའི་སྐྱོ་སྡུག་གི་འོག་གཞན་གྱིས་ཚིག་རྩུབ་ཅུང་ཟད་ཅིག་བརྗོད་ནའང་ཁོང་ཁྲོ་ལང་ཆོག་ཡོང་གི་རེད། དེས་དབང་གིས་འཁྲུག་པ་ཡང་སེ་ཤོར་གྱི་ཡོད། དེ་ལ་བརྟེན་ནས་མི་ཁ་ཤས་ཀྱིས་གསར་འགྱུར་ཟེར་དུས་ཅི་གང་མི་ཤེས་མཁན་ལྐུག་པར་མཐོང་གི་ཡོད་པའི་ཚོར་སྣང་ཞིག་བྱུང་། དེ་ལྟར་དངོས་གནས་ཡིན་ན་ནོར་འཁྲུལ་རེད།
གསར་འབྱོར་ནི་བརྩོན་འགྲུས་དང་བློ་སྟོབས་ཆེ་ཞིང་སྤོབས་དང་འཇོན་ཐང་སོགས་གང་ལ་གང་མཚམས་ཡག་པོ་ཡོང་གི་འདུག་པས་གསར་འགྱུར་ཟེར་ནས་བརྙས་བཅོས་བྱེད་མི་རུང་། ང་ཚོ་ཚང་མ་གདོང་དམར་བོད་པ་ཡིན་པས་སོ།
རྒྱ་གར་གྱི་ཡུལ་མི་ལ་ལྟོས་ན་ང་ཚོ་བརྩན་བྱོལ་བ་ཚང་མ་གསར་འགྱུར་རེད། དེ་ཡིན་དུས་གསར་འགྱུར་དང་གཞིས་ཆགས་ཀྱི་བར་ཀྱི་འགལ་འདུའམ་ཡང་ན་ཆགས་སྡང་དེ་མ་བྱས་ན་ཡག་པོ་འདུག
ང་ཚོ་ཕྱིས་སུ་འབྱོལ་བའི་གསར་འགྱུར་པ་རྣམས་ལ་དཀའ་ལས་འཕར་མ་ཞིག་ཡོད་པ་མངོན་གསལ་རེད། དེ་ནི་གཞིས་ཆགས་ཀྱི་བཟོས་པར་ངོ་འཛིན་བྱེད་ཀྱི་མེད། སྐད་དང་ས་ཆུ་མི་འཕྲོད་པའི་དཀའ་ངལ་དང་། གཞན་ཡང་ཕ་མ་དང་ཕ་ཡུལ་སོགས་དང་བྲལ་བའི་སྐྱོ་སྡུག་གི་འོག་གཞན་གྱིས་ཚིག་རྩུབ་ཅུང་ཟད་ཅིག་བརྗོད་ནའང་ཁོང་ཁྲོ་ལང་ཆོག་ཆོག་ཡོང་གི་རེད། དེས་དབང་གིས་འཁྲུག་པ་ཡང་སེ་ཤོར་གྱི་ཡོད། དེ་ལ་བརྟེན་ནས་མི་ཁ་ཤས་ཀྱིས་གསར་འགྱུར་ཟེར་དུས་ཅི་གང་མི་ཤེས་མཁན་ལྐུག་པར་མཐོང་གི་ཡོད་པའི་ཚོར་སྣང་ཞིག་བྱུང་། དེ་ལྟར་དངོས་གནས་ཡིན་ན་ནོར་འཁྲུལ་རེད།
གསར་འབྱོར་ནི་བརྩོན་འགྲུས་དང་བློ་སྟོབས་ཆེ་ཞིང་སྤོབས་དང་འཇོན་ཐང་སོགས་གང་ལ་གང་མཚམས་ཡག་པོ་ཡོང་གི་འདུག་པས་གསར་འགྱུར་ཟེར་ནས་བརྙས་བཅོས་བྱེད་མི་རུང་། ང་ཚོ་ཚང་མ་གདོང་དམར་བོད་པ་ཡིན་པས་སོ།
རྒྱ་གར་གྱི་ཡུལ་མི་ལ་ལྟོས་ན་ང་ཚོ་བརྩན་བྱོལ་བ་ཚང་མ་གསར་འགྱུར་རེད། དེ་ཡིན་དུས་གསར་འགྱུར་དང་གཞིས་ཆགས་ཀྱི་བར་ཀྱི་འགལ་འདུའམ་ཡང་ན་ཆགས་སྡང་དེ་མ་བྱས་ན་ཡག་པོ་འདུག
ང་ཚོ་ཕྱིས་སུ་འབྱོལ་བའི་གསར་འགྱུར་པ་རྣམས་ལ་དཀའ་ལས་འཕར་མ་ཞིག་ཡོད་པ་མངོན་གསལ་རེད། དེ་ནི་གཞིས་ཆགས་ཀྱི་བཟོས་པར་ངོ་འཛིན་བྱེད་ཀྱི་མེད། སྐད་དང་ས་ཆུ་མི་འཕྲོད་པའི་དཀའ་ངལ་དང་། གཞན་ཡང་ཕ་མ་དང་ཕ་ཡུལ་སོགས་དང་བྲལ་བའི་སྐྱོ་སྡུག་གི་འོག་གཞན་གྱིས་ཚིག་རྩུབ་ཅུང་ཟད་ཅིག་བརྗོད་ནའང་ཁོང་ཁྲོ་ལང་ཆོག་ཆོག་ཡོང་གི་འདུག དེས་དབང་གིས་འཁྲུག་པ་ཡང་སེ་ཤོར་གྱི་ཡོད། དེ་ལ་བརྟེན་ནས་མི་ཁ་ཤས་ཀྱིས་གསར་འགྱུར་ཟེར་དུས་ཅི་གང་མི་ཤེས་མཁན་ལྐུག་པར་མཐོང་གི་ཡོད་པའི་ཚོར་སྣང་ཞིག་བྱུང་། དེ་ལྟར་དངོས་གནས་ཡིན་ན་ནོར་འཁྲུལ་རེད།
གསར་འབྱོར་ནི་བརྩོན་འགྲུས་དང་བློ་སྟོབས་ཆེ་ཞིང་སྤོབས་དང་འཇོན་ཐང་སོགས་གང་ལ་གང་མཚམས་ཡག་པོ་ཡོང་གི་འདུག་པས་གསར་འགྱུར་ཟེར་ནས་བརྙས་བཅོས་བྱེད་མི་རུང་། ང་ཚོ་ཚང་མ་གདོང་དམར་བོད་པ་ཡིན་པས་སོ།
རྒྱ་གར་གྱི་ཡུལ་མི་ལ་ལྟོས་ན་ང་ཚོ་བརྩན་བྱོལ་བ་ཚང་མ་གསར་འགྱུར་རེད། དེ་ཡིན་དུས་གསར་འགྱུར་དང་གཞིས་ཆགས་ཀྱི་བར་ཀྱི་འགལ་འདུའམ་ཡང་ན་ཆགས་སྡང་དེ་མ་བྱས་ན་ཡག་པོ་འདུག
ང་ཚོ་ཕྱིས་སུ་འབྱོལ་བའི་གསར་འགྱུར་པ་རྣམས་ལ་དཀའ་ལས་འཕར་མ་ཞིག་ཡོད་པ་མངོན་གསལ་རེད། དེ་ནི་གཞིས་ཆགས་ཀྱི་བཟོས་པར་ངོ་འཛིན་བྱེད་ཀྱི་མེད། སྐད་དང་ས་ཆུ་མི་འཕྲོད་པའི་དཀའ་ངལ་དང་། གཞན་ཡང་ཕ་མ་དང་ཕ་ཡུལ་སོགས་དང་བྲལ་བའི་སྐྱོ་སྡུག་གི་འོག་གཞན་གྱིས་ཚིག་རྩུབ་ཅུང་ཟད་ཅིག་བརྗོད་ནའང་ཁོང་ཁྲོ་ལང་ཆོག་ཆོག་ཡོང་གི་འདུག དེས་དབང་གིས་འཁྲུག་པ་ཡང་སེ་ཤོར་གྱི་ཡོད། དེ་ལ་བརྟེན་ནས་མི་ཁ་ཤས་ཀྱིས་གསར་འགྱུར་ཟེར་དུས་ཅི་གང་མི་ཤེས་མཁན་ལྐུག་པར་མཐོང་གི་ཡོད་པའི་ཚོར་སྣང་ཞིག་བྱུང་། དེ་ལྟར་དངོས་གནས་ཡིན་ན་ནོར་འཁྲུལ་རེད།
གསར་འབྱོར་ནི་བརྩོན་འགྲུས་དང་བློ་སྟོབས་ཆེ་ཞིང་སྤོབས་པ་དང་འཇོན་ཐང་སོགས་གང་ལ་གང་མཚམས་ཡག་པོ་ཡོང་གི་འདུག་པས་གསར་འགྱུར་ཟེར་ནས་བརྙས་བཅོས་བྱེད་མི་རུང་། ང་ཚོ་ཚང་མ་གདོང་དམར་བོད་པ་ཡིན་པས་སོ།
སེམས་ཅན་གྱི་ཁ་སངས་རྒྱས་ཀྱིས་མི་ཆོད་པ་བདེན་མོད། སེམས་ཅན་གྱི་ཁ་ན་ཡེ་ཤེས་ཀྱི་སྤྱན་ཡོད་པས་དེ་ཉིད་འགོག་དགོས་པ་གང་ཡང་མི་འདུག
མཆན་རྣམས་ཀྱི་ཁྲོད་དུ་ཡིག་ནོར་མང་དྲགས་པས་ཡང་སྙིང་ཅི་ཞིག་བཤད་བཞིན་ཡོད་པའང་རྟོགས་དཀའ་ཚོད་རེད། སྐད་ཡིག་མི་རིགས་ཀྱི་སྲོག་རྩ་ཡིན་པས་ཐོག་མར་དེ་ཉིད་གཅེས་སྤྲས་བྱོས། དེ་ཉིད་རྒྱུད་འཛིན་བྱོས། གཞི་ནས་བཀའ་ཁྲི་དང་སྤྱི་འཐུས་ཀྱི་བགྲོ་གླེང་བྱེད།
སྐུ་ཚེ་རིང་རྩམ་ཟན་ཡོངས་རྫོགས་ཀྱིས་བོད་གཞི་བྱེས་གཉིས་ལ་ཕན་པའི་མི་ཞིག་བཀའ་བློན་ལ་འདེམས་རྒྱུ་དེ་ཚངས་མའི་ལས་འགན་ཡིན་པས་གཟབ་དགོས་མ་གཏོག་མི་ངན་འདི་ཚོ་ལྟ་བུ་མཚོན་ག་དུས་ཡིན་ནའང་སྤྱི་ཚོགས་ནང་ལ་དཀྲུགས་བཤིག་བྱས་ཅི་ཐུབ་བྱེད་བཞིན་ཡོད་གཤམ་དུ། ཉེ་ཆར་དཔལ་རྒྱལ་བ་དཀར་མ་པ་ལྷོ་ཕྱོགས་ལ་ཕེབས་མ་ཐུབ་པ་དེ་རང་གཞུང་བཀའ་བློན་ཁྲི་པ་ཟམ་གདོང་བླ་མ་གཙོས་པའི་གཞུང་འབྲེལ་ཐོག་བཀག་སྡོམ་བྱེད་སོང་ཟེར་ནས་མི་ངན་ཁ་ཤས་ཀྱིས་དཀར་མ་པ་དང་བོད་གཞུང་དགའ་ལྡན་ཕོ་བྲང་གཉིས་བར་དབྱེན་དཀྲུགས་ཀྱི་གཏམ་འཆལ་སྣ་ཚོགས་སྒྲོགས་ཀྱང་དོན་ལ་དེ་ཚོ་ཁ་ལ་ཉན་ཚོད་དང་ལག་ལེན་ལ་བསྟར་ཚོད་ཡོད་པ་མ་རེད། དཔེར་ན་མཚོན་ཙམ་ཞུ་ན། དེ་སྔོན་ལོ་རྒྱུས་ལ་ཕྱི་མིག་ཞིག་བལྟོས་དང་། མཇེ་ཆེན་ཐུབ་བསྟན་གྱིས་ཟོམ་གདོང་བླ་མ་ཁ་གཏད་གཅོག་ཕྱིར་ཚོག་ཆུང་ཞིག་བཙུགས་ཏེ་བཀའ་ཟུར་རྣམས་བསྡུ་བཀོང་ཐོག་བསྒྲོ་གླིང་སྣ་ཚོགས་འཚོགས་པ་དང་། ནམ་རྒྱུན་སྤྱི་མཐུས་གྲོས་ཚོག་འཚོགས་སྐབས་རང་གི་བུ་མོ་གཙོས་པའི་མི་ངན་བློ་ཁ་བསྒྱུར་ཆོག་ཆོག་རླུང་གསེབས་ཀྱི་མར་མེ་ལྟ་བུ་ཁ་ཤས་ལ་སློབ་སྟོན་གྱི་འཚོགས་ཆེན་ནམ་ཕྱེད་བར་བཤད་བཞིན་ཡོད། དེ་ཚོ་སྙིང་རེ་ཉིན་གྲོས་ཚོགས་ར་བ་ནང་ལ་དཀའ་ངལ་གཅིག་དང་མཚན་མོ་མཇེ་ཆེན་ཐུབ་བསྟན་གྱི་བཀའ་རྐྱོན་ཉན་དགོས། མ་ཚད་དཀར་མ་པ་སྐུ་གོང་མའི་གདན་ས་རིམ་རྟེགས་དགོན་པ་ལ་དམག་དྲོངས་བ་དང་། མ་ཚད་རྡུ་ལུ་ལ་ཁོང་དང་ ཨོ་རྒྱན་སྐུབ་རྒྱལ་གཉིས་ཀྱིས་སྐུ་གོང་མའི་སྐུའི་ཚ་བུ་ཞ་དམར་རིན་པོ་ཆེས་དེའི་ཡོང་སྤྲུལ་ཨོ་རྒྱན་མཐའ་ཡས་རྡོ་རྗེ་ཁྲི་སྟོན་མཛད་སྒོ་སྐབས་སུ་བློ་ཡུལ་ལས་འདས་པའི་སྤྱོད་ངན་སྐྱུག་བྲོ་བའི་ལས། བླ་སེར་དང་ཇོ་སེར་གཙོས་པའི་སེར་སྐྱ་མི་ཧྲག་མི་ཉུང་བ་ཞིག་གིས་དམག་འདྲེན་པ་དང་། བྱ་སྤྱོད་དེ་ཚོ་ལ་དཔག་ན་དཀར་མ་པ་སྐུ་གོང་མ་དང་། ཀོང་སྤྲུལ་གཉིས་གློ་བུར་དུ་ཞིང་ལ་ཕེབས་ལུག་ལ་གཟིག་ན། དེའི་སྐོར་དེའང་མི་ངན་འདི་རྣམས་དོག་མི་དགོས་པ་ཞིག་གཏན་ནས་མིན། ད་དུང་དཀར་མ་པ་ནི་༧་གོང་ས་མཆོག་ལས་ལྷག་པའི་སྐུའི་ཕྲེང་བ་མང་ལུག་སོགས་བརྗོད་ཡོད། ཁྱེད་དཀར་མ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་གཙོས་བླ་སློབ་རྣམས་ཐུག་གཟབ་མ་མཛད་ན་མི་ངན་འདི་རྣམས་ཀྱིས་༧ གོང་ས་མཆོག་དང་དཀར་མ་པ་བར་ལའང་དབྱེན་དཀྲུག་མགོ་རྩོམ་རན་འདུག དེ་ཚོ་རིག་དེ་ཚོད་ཟིན་ན་མི་ལེགས་སམ་སྙམ་མོ། ཀརྨ་བསམ་གཏན་ནས།
སྐུ་ཚེ་རིང་། མདོ་སྟོད་རྒྱ་ཆེའི་མི་མང་དངོས་གནས་ལྷག་བསམ་དང་སེམས་ཤུགས་ཆེན་པོ་ཡོད་པ་ལྟར་མདོ་སྟོད་སྤྱོི་འཐུས་སུ་འཇུ་ཆེན་དཀོན་མཆོག་དང་། གཡུང་དྲུང་རྒྱལ་མཚན་གཉིས་འོས་ཤོག་མཐོ་པོ་ཕུལ་བ་དང་། བོད་རྒྱ་ཆེའི་མི་མང་གིས་ཀརྨ་ཆོས་འཕེལ་བཀའ་ཁྲིའི་འོས་གཞི་དང་། དགེ་ལུགས་སྤྱི་འཐུས་ཀྱི་འོས་གཞི། བཀའ་རྒྱུད་ཀྱི་སྤྱི་འཐུས་ཀྱི་འོས་གཞི། མངའ་རིས་སྤྱི་འཐུས་ཀྱི་འོས་གཞི་འདོན་གནང་མཛད་འདུག་པ་ཧ་ལས་པའི་གཟི་བརྗིད་རེད། ད་ནི་སྤྱི་ཚོགས་ནང་དཀྲུགགས་ཤིང་ག་ཚད་རྒྱབ་ན་མི་མང་རྨོངས་གཉིད་ལས་སད་འདུག དེ་ནི་བཟང་རྟགས་རང་རེད། འདི་ལོ་འོས་གཞི་ཁག་བཞྀའི་ཧབ་ཐོབ་རྒྱག་ས་ཤེས་འཇོན་དྲང་ཚུགས་ལྡན་པ་ཀརྨ་ཆོས་འཕེལ་གཅིག་པུ་རེ། དེ་ནི་ཆེས་གཟི་བརྗིད་ལྡན་པ་ཞིག་མ་རེད་དམ།
ལེསག་སོ་ཤེས་ཁུ་ཡོད། ༧ཀརྨ་མཆོག་ཕེབས་མི་བདེ་བཟོས་མཁན་ཞྭ་དམར་རིན་པོ་ཆེ་དང་སི་ཏི་རིན་པོ་ཆེ་རྣམ་གཉིས་མ་ཡིན་ནམ། བཟང་ངམ་ཡང་ན་ངན།
དབུས་གཙང་ལ་ཀརྨ་ཆོས་འཕེལ་མ་དགོས་ཀྱང་ཀརྨ་ཆོས་འཕེལ་དགོས་ས་མང་པོ་ཡོད་པ་མ་ཟད་ཧབ་ཐོབ་རྒྱག་ས་ཁག་བཞི་ཙམ་ཡོད་པ་བཙན་བྱོལ་སྤྱི་ཚོགས་ནང་ཁོང་གཅིག་པུ་རེད་འདུག རྒྱ་ཆའི་མི་མང་གིས་བཟང་པོར་བཟང་ལན་དང་། ངན་པར་ངན་ལན་གསལ་པོ་ཞིག་གནང་མི་འདུག་གམ། ད་ནི་ང་ཚོའི་སྤྱི་ཚོགས་འདིར་མི་མང་གིས་ནང་དོན་དངོས་གནས་དེ་གོ་རྟོགས་ཟབ་ཏུ་འགྲོ་བཞིན་འདུག བཀའ་ཁྲིའི་འོས་ཤོག་མཐོ་ཤོས་དེ་བློ་བཟང་སེང་གེར་ཐོབ་པ་དེ་ཀླད་རྙིང་འཁྲེགས་བཟུང་གི་ལྟ་ངན་དེ་མེད་པ་ཆགས་མི་འདུག་གམ
བཀའ་ཁྲིའི་སྔོན་འགྲོ་འོས་གཞིའི་སྐབས་བློ་སེང་ལ་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུ། ད་དུང་མུ་མཐུད་དུ་་་་་་་་་་་་་ཤུགས་རྒྱོབས།
དྲ་གྲོགས་རྣམས་ལ་ཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། མ་མཇལ་ཡུན་རིང་ནང་ཁྱེད་རྣམས་པ་སྔར་ཞིན་ཁྲུག་ཆ་དོད་པའི་དྲ་ངོས་སུ་བཞུག་འདུག་པ་ནི་དགའ་སྤྲོ་ཆེ།
ཨ་ཧོ། བཀའ་ཁྲིའི་སྔོན་འགྲོའི་འོས་འཕན་སྐབས། བློ་བཟང་སེང་གེ་ལགས་སུ་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུ་བ་དང་ཆབ་ཅིག ད་དུང་སྣང་ཆུང་སུ་མ་སོང་བར་མཐའ་མའི་རྒྱལ་ཁ་མ་ཐོབ་བར་དུ་ནུས་ཤུགས་གང་ཡོད་སྟོན་དགོས་སོ།།
འཕན་པོ་བསྟན་དར་ནས།།
གང་ཟག་རེ་གཉིས་ཞིག་གིས་ཆོས་ལུག་སྤྱི་འཐུས་སེར་མོ་བ་འོས་བླུག་དགོས་བཤད་གི་འདུག་ཀྱང་རྒྱུ་མཚན་གང་གིས་ཐོག་ནས་གསུང་གི་ཡོད་ན་འཚོར་སྣང་སྐྱེ་། ་རྒྱུ་མཚན་ནི་བཙན་བྱོལ་གཞུང་གི་བཅའ་ཁྲིམས་དང་རྩ་ཁྲིམས་སྒྲིག་གཞི་ནང་ལ་སྐྱ་བོ་ཡོང་མི་ཆོགས་མ་གསལ་ཀྱང་ཁྲིམས་མཐུན་ཚད་ལྡན་དང་མང་གཙོ་ཁེ་དབང་ལོང་སུ་མཚོན་ཐུབ་པ་རེད་། མི་རེ་གཉིས་གི་ཀརྨ་ཆོས་འཕེལ་མཆོག་ནི་ཆོས་ལུག་ཁོང་རྟོག་་ཧ་མ་གོ་བ་དང་ཕྱོགས་རིས་
མཐན་ཁྱེར་བྱེད་པ་དེ་ཚོ་ལ་མཁྱེན་རྟོག་ཆེད་དུ་གསལ་བཤད་ཞུ་རྒྱུ་ལས་། དཔལ་མཉམས་མེད་འགྲོ་མགོན་བཀའ་བརྒྱུད་པའི་ནང་མཚན་། ཆེ་བཞི་ཆུང་བརྒྱད་གྲགས་པའི་ཡ་རྒྱལ་དཔལ་སྟག་ལུང་ཐང་པ་བཀྲ་ཤེས་དཔལ་གྱིས་༼༡༡༨༠ནས་བཟུང་སྟག་ལུང་བཀའ་བརྒྱུད་བར་མ་ཆད་པ་ལོ་༨༣༠ལྷག་རྩམ་གྱི་ལོོ་རྒྱུས་ལྡན་པའི་ཆོས་ལུག་དང་དེས་ནང་ནས་སྟག་ལུང་བླ་མ་དྲགས་པ་བྱང་ཆུབ་ཞེས་ཡོང་སུ་གྲགས་པའི་གདུང་སྲས་ཡིན་པ་དང་དེས་ཐོག་ལ་ཐུག་ཁུར་མི་གནང་བ་ཞུ་རྒྱུ་ཡིན་།
མཆན་ཨང་ ༩༢་པ་དེ་འགོད་མཁན་དེ་ཤ་ཚ་མདོག་ལ། ཉམ་དམའ་མདོག་ལ། གྲོས་ཚོགས་ནང་གནད་ལ་ཕོགས་པའི་སྐད་ཆ་བཤད་ཐུབ་མཁན་ཀརྨ་ཆོས་འཕེལ་དང་། གཡུང་དྲུང་རྒྱལ་མཚན། ད་དུང་འཇུ་ཆེན་དཀོན་མཆོག་སོགས་མང་པོ་ཞིག་མེ་དཔ་གྱུར་ན་གྲོས་ཚོགས་དེ་ལ་དྲོ་བ་མེད་པ་འདྲ་ཞིག་དང་། སྟོང་ལྷག་ལྷག་ཆགས་རྒྱུ་ཉག་ཅིག་རེད། ཁོ་ཚོ་ཡོད་ན་གྲོས་ཚོགས་དེ་ཚ་སུབ་སུབ་ཚགས་ཀྱི་འདུག རྒྱ་ཆེའི་མི་མང་གིས་ཁོང་ཚོར་རྗེས་སུ་ཤུགས་སྣོན་རྒྱག་དགོས། གང་ཡིན་ཟེར་མི་འདི་ཚོས་ཆབ་སྲིད་དང་། རྣམ་དཔྱོད་ཀྱིས་བདེན་དོན་ངོ་སྤྲོད་དང་། ནོར་འཁྲུལ་ཐེར་འདོན་བྱེད་མཁན་གྱི་སྤྱི་འཐུས་ངོ་མ་ཞིག་རེད། ཁྱེད་རྣམ་པར་བཀྲ་ཤིས་བདེ་ལེགས་ཞུ།
དྲང་པོར་བཤད་ན། ཀརྨ་ཆོས་འཕེལ་སྤྱི་འཐུས་གྲོས་ཚོགས་སུ་སྐྱེལ་བ་དེ་དབུས་གཙང་ཆོལ་ཁ་ལ་རྐྱག་རྐྱག་བྱས་ནས་འོས་བླུགས་པ་ཞིག་རེད་འདུག ང་ལྟ་བུར་མཚོན་ན་ཀརྨ་ཆོས་འཕེལ་ནི་སྤྱི་འཐུས་ཤེས་ཚད་ལྡན་པ་དང་ཉམས་མྱོང་ལྡན་པ་ཞིག་ཏུ་བརྩི་བཞིན་ཡོད། མདོ་སྟོད་རྒྱ་ཆེ་མི་མང་གིས་ཀརྨ་ཆོས་འཕེལ་ལ་བློ་ཡིད་འགུག་པའི་རྒྱུ་མཚན་ནི། ཁོང་གིས་གྲོས་ཚོགས་ནང་ཁོང་གི་བློས་ཐུབ་ཀྱི་གྲོགས་པོ་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ལགས་ལ་ཨོས་ཊི་ལིཡའི་འགྲོ་བསྐྱོད་ཆོག་པའི་བཅད་འཛིན་དངུལ་རག་པ་དེར་རྒྱབ་སྐྱོར་བྱས་པ་མ་ཟད། གྲོས་ཚོགས་ནང་མདོ་སྟོད་མི་མང་ཟེར་ཚིག་དངོས་སུ་སྨོས་ནས་ཕྱིར་འཐེན་བྱེད་མི་རུང་ཟེར་སྨོས་པ་དེའི་རྐེྱན་གྱིས་ཡིན་པ་སྨོས་མེད་རེད། ཕྱོགས་གཞན་ནས། ཁོང་སྟོད་མངའ་རིས་པ་ཞིག་ཡིན་པ་མ་ཟད། ཁོང་གིས་སྟོད་མངའ་རིས་པ་དེ་དབུས་གཙང་ལས་ལོགས་སུ་དོན་དགོས་པའི་གཏམ་བཤད་བྱེད་པ་དེས་རེད་སྙམ། གང་ལྟར་རྒྱུ་མཚན་སྣ་མང་འདུག་ཀྱང་གཙོ་བོ་དེ་གཉིས་རེད་སྙམ། ཁྱེད་ཀྱི་ལྟར་ན་གང་འདྲ་རེད་འདུག ཕྱོགས་གཅིག་ནས་དེ་ཕྱོགས་ལྷུང་གི་གཏམ་བཤད་འདྲ་ཆགས་སོང་མོད། དེ་བདེན་པ་ཡིན།
བྱམས་པ་ལགས་ཀྱིས་གསུང་པ་དེ་ཁྱེད་རང་གཟིགས་ཚུལ་དང་དྲང་བདེན་ཡིན་པ་ཁྱེད་རང་གིས་ཐག་བཅད་གནང་འདུག་པ་དེ་ཁྱེད་རང་གི་ངོས་ནས་དེ་ལྟར་ཡིན་གདོན་མི་ཟ། གང་ལྟར་ཀྲ་ཆོས་ཟེར་བ་དེ་རང་ཕྱོགས་ཀྱི་ཆོལ་ཁའི་ཕྱོགས་ཞེན་ཁོ་ན་མ་ཡིན་པ་དྲང་ཚུགས་ཀྱི་གཏམ་བཤད་བྱེད་ཐུབ་མཁན་ཞིག་དང་། མ་དྲང་པ་ཞིག་ཡོད་ན་རང་གི་ཆོལ་ཁའང་བློ་གཏོང་ཐུབ་མཁན་གྱི་མི་ཞིག་རེད་མི་འདུག་གམ། དེ་མིན་གྲོས་ཚོགས་ནང་གི་མི་དེ་ཚོ་དང་སྤྱི་ཚོགས་འགན་ཁུར་གྱི་མི་སྣ་དེ་ཚོར་ལྟོས་དང་བཙན་བྱོལ་བོད་གཞུང་དང་། ཆེས་མཐོའི་ཁྲིམས་ཁང་སོགས་རྒྱ་གར་ཁྲིམས་ཁང་དུ་བསྐྱལ་ཞིང་རྡ་སའི་མི་མང་རྒྱུ་དངོས་ས་ཁང་སློབ་གྲྭ་དང་བཅས་ཧམ་ཟོས་བྱས་ཀྱང་ཅི་ཡང་མི་སྐྱོན་པ་ཟླ་བ་ཚེ་རིང་ཟེརབ་དེ་འོས་ཤོག་མཐོ་ཤོས་སུ་བླུག་པ་དེ་ཇི་ལྟར་འདུག་གམ། དབུས་གཙང་དབུས་རྒྱུན་ལས་ཀྱིས་འོས་གཞི་ཨང་པོའི་གསལ་འདོན་བྱས་པ་དེ་ཟླ་བ་ཚེ་རིང་གི་བྱས་ཉེས་དེ་དག་མ་ཤེས་པ་ཡིན་ནམ། ཀྱེད་ཀྱི་གསུང་པྱོགས་དེ་ལ་བལྟས་ན་ཁྱེད་ནི་རྡ་སའི་ནད་ངན་ཨེ་ཙིས་ཟིན་པ་ཞིག་མིན་ནམ།་ཟླ་ཚེ་ཡིས་བྱ་སྤྱོད་ངན་པ་དེ་དག་བོད་མི་ཚོས་མ་ཤེས་པ་ཡིན་ནམ། བྱ་སྤྱོད་དེ་དག་གི་སྐོར་དང་འབྲེལ་བའི་འོད་སྡེར་གྲོས་ཚོགས་བརྒྱད་པའི་སྐབས་མཉམ་དུ་ཐོན་མི་འདུག་གམ། ཟླ་ཚེ་ཡིས་དཔུང་པ་འཕུར་དོན་དེ་མ་ཡིན་ནམ། བྱམས་པ་ལགས། ཧཧཧཧཧཧཧཧཧཧཧཧཧཧཧཧ
གཡུང་དྲང་རྒྱལ་མཚན། ཀརྨ་ཆོས་འཕེལ་སོགས་ལ་རྣམ་དཔྱོད་དང་ནུས་པ་ཡོད་ན་སྤྱི་འཐུས་ཟླ་བ་ཚེ་རིང་ལྟ་བུ་ཟ་འདྲེ་དེ་ཚོ་འབུར་འཇོམ་བྱེད་དགོས་པ་ལས། བོད་མི་མང་གི་གྲོས་ཚོགས་ནང་དཀྲུགས་ཤིང་བརྒྱབ་ནས་༧གོང་ས་མཆོག་ལ་སྐུ་ངལ་དང་། བོད་མི་མང་ནང་དཀྲུགས་ཤིང་བརྒྱག་བཞིན་པར་ངོ་རྒོལ་བྱེད་ཀྱི་ཡོད། དེ་མིན་ཟླ་བ་ཚེ་རིང་སྒེར་གྱི་ཉེས་པ་ཐེར་འདོད་བྱེད་ཐུབ་ན་དགའ་བསུ་ཡོད། དེ་འདྲའི་ཐོག་སུ་གཅིག་གིས་ནུས་པ་ཐོན་མི་ཐུབ་པར་སྤྱི་དོན་ལ་དཀྲུགས་ཤིང་བརྒྱག་བཞིན་པ་འཇོན་རྟགས་མ་རེད། ཁོ་ཚོས་ཆོལ་ཁའི་མིང་བཏོན་ནས་དཀྲུགས་ཤིང་བརྒྱག་པ་ལས་ཟླ་བ་ཚེ་རིང་གི་མིང་བཏོན་ནས་ཟླ་བ་ཚེ་རིང་ཁྲིམས་ཁང་ནང་ཁྲིད་འགྲོ་ཐུབ་ན་དགའ་བསུ་ཡོད། དེ་འཇོན་གི་མ་རེད། ཁོ་ཚོས་འཇོན་ས་སྤྱི་དོན་དཀྲུགས་རྒྱུ་དང་ཆོལ་ཁའི་མིང་སྤྱད་ནས་བརྒྱག་རེས་སློང་རྒྱུ་དེ་རེད།
སྟག་སྨྱོན་ལག་ གཡུང་དྲང་རྒྱལ་མཚན་དང་་ཀརྨ་ཆོས་འཕེལ་གཉིས་ནས་ཟླ་བ་ཚེ་རིང་ཁྲིམས་ཁང་ནང་ལ་་ཁ་འཆུ་བརྒྱག་དགོས་པའི་གནད་དོན་སོགས་གང་ཡང་ཡོད་པ་རེད་། དཔེར་ན་ཟ་འདྲེ་ཟླ་བ་ཚེ་རིང་དེ་ཚོ་རིག་་ལ་གཙན་བྱོལ་གཞུང་ནས་ཁྲིམས་གཅོད་ཚ་ནན་དང་དབུས་གཙང་མི་མང་ནས་ཉེས་པ་ཐེར་འདོན་དགོས་རྒྱུ་ལས་། ༧གོང་ས་མཆོག་གི་བཀའ་ལ་འགལ་བ་དང་་བོད་མི་མང་ནང་དཀྲུགས་ཤིང་བརྒྱག་མི་རང་གཞུང་ཁྲིམས་ཁང་ནང་བཅལ་མི་ཟླ་བ་ཚེ་རིང་ལ་དུས་ནམ་ཡང་ངོས་ལན་མེད་པ་དབུས་གཙང་མི་མང་གི་མཁྱེན་དགོས་པ་བཅས་།།
དྲང་པོར་བཤད་ན། ཟླ་བ་ཚེ་རིང་ལ་བྱས་རྗེས་ཡོད་པའི་རྟགས་རེད་མ་གཏོགས། དེ་མིན་བོད་གཞུང་གིས་སྣང་མེད་དུ་ག་བ་སྐྱུར་གིན་རེད། དྲང་པོར་བཤད་ན། བཙན་བྱོལ་བོད་གཞུང་དང་དབུས་གཙང་ཆོལ་ཁའི་ཁ་གཏད་མ་འཁྱོགས་ས་ནི་སྤྱི་འཐུས་ཟླ་བ་ཚེ་རིང་ཡིན། ཁོང་མི་འཇོན་པོ་རེད། སྤྱི་ཚོགས་ནང་བྱས་རྗེས་ཆེན་པོ་འཇོག་མཁན་ཞིག་ཡིན་པ་ལས་ལྷག་བསམ་དང་སྟག་སྨྱོན་དང་ང་ཚོ་གསུམ་ལྟ་བུ་ལས་མེད་པ་སྤྱི་ཚོགས་ནང་ལ་རྙོག་དྲ་འཚོལ་བསྡད་མཁན་དེ་འདྲ་ཞིག་མིན། གང་ལྟར་ང་ཚོས་དྲ་རྒྱའི་ནང་ལ་ཟླ་ཚེ་རིང་ལ་སྐྱོན་ཡོན་ཇི་ལྟར་བྱས་རུང། ཁོང་གིས་བོད་མི་རིགས་ལ་བཅངས་པའི་ལྷག་བསམ་དང་ཞབས་ཞུའི་ཕྱག་ལས་དེ་ལ་ང་ཚོས་འགྲམ་ཆུ་ལྡང་དགོས་དོན་མེད།
ཟླ་བ་ཚེ་རིང་ཟེར་བ་དེར་བོད་གཞུང་གི་ཁྲིམས་ཁང་ནས་ཉེས་ཆད་བཅད་པ་དང་། བཀའ་ཤག་གིས་བཉེས་བཏང་བ། ཤེས་རིག་ལས་ཁང་ནས་ཡོངས་གླིང་སློབ་གྲྭ་བོད་གཞུང་ལ་ཕྱིར་སྤྲོད་དགོས་ཚུལ་ཐེངས་མང་བཤད་ཀྱང་ཉན་འཛོག་བྱ་རྒྱུའི་ཚབ་ཏུ་སྐྱབས་མགོན་རིན་མཚན་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་སིམ་ལ་ཁྲིམས་ཁང་དུ་བསྐྱལ་ཏེ་ལོ་རེ་བཞིན་བོད་གཞུང་གིས་སྒོར་ ༢༤༠༠༠༠༠ཙམ་བཀའ་ཁྲོལ་སྤྲད་དེ་བཙན་བྱོལ་བོད་གཞུང་དང་སྐྱབས་མགོན་རིན་པོ་ཆེར་མཛད་དཀའ་བཟོས་པ་མ་ཤེས་སམ། དེ་ནི་སྤྱི་འཐུས་གྲོས་ཚོགས་ཀྱིས་ལོ་ཆགས་བཀའ་ཁྲོལ་སྤྲད་ཀྱི་ཡོད་པ་དབུས་གཙང་ཆོལ་ཁའི་རྒྱུན་ལས་དང་འོས་བླུག་མཁན་དེ་ཚོས་ཤེས་ཀྱང་མ་ཤེས་པའི་ཚུལ་བྱེད་ཀྱི་ཡོད་རེད་དམ། བཙན་བྱོལ་བོད་གཞུང་དང་། སྐྱབས་མགོན་རིན་པོ་ཆེ་ལས་ལྷག་པའི་སྤྱི་རྒྱུ་སྒེར་བདག་བྱེད་མཁན་གྱི་ཟླ་བ་ཚེ་རིང་གདམ་ག་བྱེད་དོན་རྒྱུ་མཚན་ཇི་ཡིན་གསལ་བཤད་གྱིས་དང་། ཧཧཧཧ། ཁ་ནས་བོད་གཞུང་དང་། གོང་ས་སྐྱབས་མགོན་རིན་པོ་ཆེ། དོན་དུ་སྤྱིརྒྱུ་སྒེར་ཟས་བྱས་པའི་སྣེ་ནས་དྲི་མ་སྣོམ་རྒྱུ་རགས་དུས་ཉེས་ཐ་འཐེན་པ་ལྟ་བུའི་བཟང་ངན་མི་ཤེས་པ་ཁྲེལ་མེད་དེ་འདྲ་ཆགས་དགོས་དོན་གང་ཡིན་ནམ།
གོང་དུ་འཁོད་པའི་བྱམས་པའི་མིང་དོན་དེ་ནི་ཞེ་སྡང་དུ་གྱུར་འདུག་པ་དང་། སྟག་སྨྱོན་ཟེར་བ་དེ་ནི་མིང་དོན་མཚུངས་པའི་སྨྱོན་པའི་སྨྱོ་གཏམ་བཤད་མཁན་ཞིག་ཡིན་པ་གསལ་པོ་འདུག བགྲོ་གླེང་བྱེད་སའི་གདེང་ཆའི་ཐོག་དངོས་དོན་གཙོ་བོར་བཞག་སྟེ་སྤྱི་སྨན་དགོངས་འཆར་དོན་སྨིན་ཞིག་གནང་དགོས་པ་ལས་མ་བདེན་རྫུན་སྒྲིག་དང་། རྫུན་རྒྱབ་རྫུན་ལངས་བྱས་ཚེ་སྤྱི་སྒེར་སུ་ལ་ཡང་ཕན་ཐོག་མེད་པ་མ་ཤེས་སམ།
སེམས་ཀྱི་ཤེས་པ་རིགས་པའི་རྩལ་ལ་ཞོག།
ནང་གི་ཀུན་སློང་དྲི་མེད་ཆུ་ལ་བཅོལ།།
མ་ཤེས་མ་རིག་ཡོད་ན་ཀུན་ལ་དྲིས།།
མཐུན་ལམ་སྐད་ཆ་ཤོད་དང་རིགས་མཐུན་ཚོ།།
ཁ་སིང་ལྷ་སར་བོད་ཀྱི་དར་ལྕོག་བཙུགས་ཀྱི་ཡིན་གསུང་བྱུང་།
དེ་རིང་ཨ་རིར་རྒྱའི་ཨོ་བ་མ་བྱེད་ཀྱི་ཡིན་གསུང་གིས།
རྒྱ་དང་བོད་ཀྱི་བར་ལ། རང་བཙན་ཡོང་བ་མིན་འདུག
འོས་ཤོག་མ་འཕངས་གོང་ལ། བསམ་བློ་ཡང་སྐྱར་བཏང་དགོས།
tashi delek!
ཁང་སྟོང་འདིར
མི་རྐྱང་གཅིག་པོ་བསྡད་འདུག
དྲན་གྱིན་པའི་མི་གཞན་དེ་བསམ་དུས
སྟོང་བར་ཡེ་ནས་མི་སྣང
འོ་དྲ་གྲོགས་གསན་སོང་ངམ།
གནས་ཚུལ་ཐབས་སྐྱོ་ཤོས་ཞིག་ལ་རྒྱལ་དབང་ཀརྨ་པ་རྒྱ་གར་ལྷོ་ཕྱོགས་ལ་ཕེབས་རྒྱུ་དེ་ཡང་རྒྱ་གར་གཞུང་གིས་དགོང་པ་སྤྲད་མི་འདུག་ཟེར་བའི་དེ་ངོ་མ་ཡིན་ས་མ་རེད།
གནས་ཚུལ་དེ་ལ་ཞུབ་འཇུག་ནན་པོ་བྱེད་རྒྱུ་ཡོད་ཏན་ཏན་རེད་འདུག
ཨ་ཙེ་ཐབས་སྐྱོ་བོ་ངོ་མ་རེད་འདུག་ཡ།
དྲ་གྲོགས་རྣམས་ཚོས་ནང་ནས་གསར་འགྱུར་འདྲ་ཡོད་དམ་དེའི་སྐོར་ལ།
ཤིང་ནགས་ར་བས་བསྐོར་བའི་ཞིང་ཁམས་འདིར་། གྱོད་དང་ཁ་མཆི་མ་ལུས་འབྱུང་བའི་གནས་། དབུ་མའི་ལམས་ས་ཟླ་བ་ཚེ་རིང་གི་།
སྤྱི་རྒྱུ་སྒེར་བདག་ཡུལ་རིང་གནས་གྱུར་ཅིག་། ཁྲིམས་ཆད་ནུས་པ་མེད་པའི་ཁྲིམས་དཔོན་ཡང་མི་དགོས་། སྤྱིར་རྒྱུ་སྒེར་བདག་བྱེད་པའི་སྤྱི་འཐུས་ཀྱང་་མི་དགོས་།
བཀའ་སློབ་རྐྱང་པ་གནང་མཁན་བཀའ་བློན་ཡང་མི་དགོས་།
འདི་གསུམ་དགོས་པ་མེད་པའི་གར་སྐུགས་མི་འདུག།
ང་ཚོའི་སྤྱི་ཚོགས་ནང་ལ་བོད་སྤྱི་ལ་ཕན་པའི་ཕྱག་ལས་རིགས་གནང་མཁན་རིགས་ལ་ཞེ་སྡང་དང་ཕྲག་དོག་གི་དབང་གིས་མཚན་སྨད་དང་ནུས་པ་གཅོག་གང་ཐུབ་བྱེད་པ་ནི་གོམས་གཤིས་ཤིག་ཡིན། འདི་ནི་གོམས་གཤིས་ངན་པའི་ནང་ནས་ངན་པ་ཡིན་ ཟླ་བ་ཚེ་རིང་གིས་སྤྱི་ཚོགས་ནང་ལ་ཁོ་རང་སྒེར་གིས་གང་ཐུབ་བྱས་པའི་བྱས་འབྲས་ལ་༧གོང་ས་མཆོག་གིས་ཐད་ཀར་སྤྱི་འཐུས་ལ་བསྐོས་གནང་བ་རེད་ དོན་ན་དེ་ལྟ་བུ་ཞིག་ང་ཚོའི་སྤྱི་ཚོགས་ནང་དུ་དགོས་གིན་ཡོད། མ་གཏོགས་སློབ་སྦྱོང་ཡོད་ན་ཡང་ང་ཚོའི་སྤྱི་ཚོགས་ནང་དུ་ཕན་ཐོགས་མེད་ན་དེ་ཙམ་ཡིན། ཡིན་ན་ཡང་ངོས་ནས་ཟླ་བ་ཚེ་རིང་གིས་སྤྱི་ཚོགས་ནང་དུ་ཞབས་ཞུའི་ལས་ཀ་འདྲ་མིན་གནང་ཡོད་ན་ཡང། སྐྱོན་ཆ་རིགས་ནམ་ཡང་བྱུང་མེད་ཟེར་ནས་ཞུ་གིན་མེད། སྐྱོན་ཆ་གཏན་གཏན་ཡོང་གིན་རེད། ལས་ཀ་ནང་ལ་དངོས་སུ་མ་ཞུགས་བར་དུ་སྐྱོན་ཆ་རིགས་ཡོད་པར་ཤེས་ཀྱིན་མ་རེད།
བཟོད་པ་ལྷ་རྩེ་ལགས་ཀྱིས། བཀའ་ཁྲིའི་འོས་གཞིའི་ནང་འོས་ཤོག་མང་ཐོབ་མཁན་བློ་བཟང་སེང་གེ་ལ་ཚད་ལས་བརྒལ་བའི་སྐྱག་རྫུན་བཤད་ནས་སྐུར་འདེབས་དང་འཁྱོག་བཤད་བྱས་འདུག “བོད་གཞུང་གི་ལྷན་ཁང་ག་ཚོད་ཡོད་ཙམ་ཡང་མི་ཤེས་པའི་མཁས་དབང་། ༼ང་བཀའ་བློན་ཁྲི་བ་འདེམས་ཐོན་བྱུང་བ་ཡིན་བཀའ་ཤག་ལྷན་ཁང་ནང་བཀའ་བློན་རྣམ་པ་ཆོལ་ཁ་གསུམ་གྱི་འཐུས་མི་ཡོད་པ། ཆོས་ལུགས་ལྔའི་འཐུས་མི་ཡོད་པ། གཞོན་ནུའི་འཐུས་མི་ཡོད་པ། བུད་མེད་ཀྱི་འཐུས་མི་ཡོད་པ། བོད་ནས་གསར་དུ་འབྱོར་བའི་འཐུས་མི་ཡོད་པ། བཀའ་བློན་རྙིང་པ་ཞིག་ངེས་པར་ཡོད་དགོས། ༽ ཞེས་སོགས་གསུངས་ཡོད་པས་ཁོང་གི་བཞེད་པ་ལྟར་ན་བཀའ་བློན་བཅུ་གསུམ་མ་འཐར་སླེབས་དགོས་ཀྱང་ད་ལྟ་བཀའ་བློན་ཞབས་སྟེགས་བརྒྱད་ལས་མེད་པས་ཞབས་སྟེགས་ལྔ་གང་ནས་འཚོལ་དགོས་སམ།” ཞེས་བྲིས་འདུག
དོན་དངོས་ཐོག་བགྲོ་གླེང་སྔ་རྗེས་ཀྱི་ནང་དུ་བློ་བཟང་སེང་གེས་ཁྱེད་ཀྱིས་བ ཤད་པ་བཞིན་གཏན་ནས་བཤད་མི་འདུག སྐབས་གཉིས་ཀའི་བརྙན་འཁོར་དེ་ང་ལ་ཡོད། ཞིབ་ལྟ་དང་ཞིབ་ཉན་བྱས་ཡིན། ཁོང་གིས་གཅིག་སྒྲིལ་གྱི་བཀའ་ཤག་ཅིག་འཛུགས་ཀྱི་ཡིན་ཞེས་བཤད་འདུག་ལ། དེ་ཡང་བཀའ་ཤག་རྙིང་པའི་ནང་གི་མི་སྣ་ཡོད་པ། མི་རབས་གསར་པའི་ནང་གི་མི་སྣ་ཡོད་པ། བོད་ནས་གསར་དུ་འབྱོར་བའི་ནང་ནས་ཡོད་པ། ཆོས་བརྒྱུད་ཀྱི་མི་སྣ་ཡོད་པ། ཆོལ་ཁ་གསུམ་ཀྱི་མི་སྣ་ཡོད་པ་ཞེས་པ་བརྗོད་སོང་བ་ལས། མི་༡༣ ༡༤ ཞིག་བསྐོ་རྒྱུ་ཡིན་གཏན་ནས་བཤད་མ་སོང་། འོན་ཀྱང་ཁྱེད་ཀྱིས་དཀྲོག་གཏམ་སྤེལ་བའང་དགོས་པ་དང་རྒྱུ་མཚན་ཞིག་ངེས་པར་དུ་ཡོད་ངེས་པས་ཐུགས་ཁག་མེད།
མང་གཙོའི་སྤྱི་ཚོགས་ནང་མང་གཙོའི་གོམས་གཤིས་ཡོད་དགོས་པ་དེ་གལ་ཆེན་པོ་རེད། རང་ཉིད་ཀྱིས་འདོད་ཀྱང་མ་འདོད་ཀྱང་མང་མོས་ཀྱིས་འོས་འདེམས་བྱུང་བའི་མི་སྣ་སུ་དང་སུ་ཞིག་ཡིན་ཡང་དེ་ལ་གུས་བཀུར་བྱེད་དགོས་པ་ལས། དེ་ལ་མི་འདོད་པ་བྱས་ན་མང་གཙོའི་གོམས་གཤིས་རྩ་བ་ཉིད་ནས་མེད་པའི་རྟགས་རེད། དེར་བརྟེན་མང་མོས་ཀྱི་རྒྱལ་ཁ་སུ་ལ་ཐོབ་ཀྱང་དེ་ལ་གུས་བཀུར་ཞུ་དགོས་པ་རེད་བསམ་པ་དྲན་གྱི་འདུག།
བྱམས་པ་ཟེར་བ་དེས་ཟླ་ཚེ་ཐད་སྐོས་སྤྱི་འཐུས་སུ་སོང་བའི་རྒྱུ་མཚན་བྱས་ཏེ་ཡག་པོ་ཡིན་རབས་བསྒྲུབ་པ་ནི། པྱོགས་ཞེན་ཁོ་ནས་ཟླ་ཚེས་སྤྱི་རྒྱུ་སྒེར་བདག་བྱས་པའི་ཟུར་ནས་ཁེ་ཕན་རགས་མཁན་ཞིག་ཡིན་པ་ཐག་ཆོད་འདུག ཟླ་ཚེ་ཐད་སྐོས་བྱས་ཏེ་བཙན་བྱོལ་གཞུང་ལ་མཛད་དཀའ་བསམ་མི་ཤེ་པ་དེ་འདྲ་བཟོས་པ་མ་ཟད། རྒྱལ་བའི་མཚན་ཡང་སིམ་ལའི་ཁྲིམས་ཁང་དུ་བསྐྱལ་བ་དང་ཆེས་མཐོའི་ཁྲིམས་ཁང་སིམ་ལར་བསྐྱལ་བའི་བྱས་ཉེས་དེ་དག་ལ་ལ་བརྟེན་ནས་སྐྱབས་་མགོན་རིན་པོ་ཆེས་ཐད་བསྐོས་སྤྱི་འཐུས་པྱིར་བསྡུ་བྱ་དགོས་གྱུར་པ་དེ་ཁྱོད་རང་ཞ་ར་ཡིན་ན་མ་གཏོགས་ཡོངས་གྲགས་ཡིན་པ་ཤེས་གསལ་རེད། ཁྱེད་ནི་ཟླ་ཚེའི་ལྐོག་བརྔན་རགས་མཁན་ཞིག་ཡིན་པ་མ་ཟད་ད་དུང་སྤྱི་ཚོགས་ནང་རྫུན་གཏམ་རྐྱང་རྐྱང་གི་བོད་པའི་སྤྱི་ཚོགས་འདི་འཀྲུཁྲགས་ཐབས་བྱེད་བཞིན་འདི་ལ་བལྟས་ན་པྱོགས་གཞན་ཞིག་ནས་ལས་འགན་ཡོད་པ་ཞིག་མིན་ནམ།
དབུ་མའི་ལམ་ཁྱེད་ཀྱིས་ང་ལ་དོན་དག་ཆོ་མེད་ཀྱི་སྐད་ཆ་ཇི་འདྲ་བཤད་མི་རུང་། ངའི་སེམས་ཁྲོས་སུ་འཇུག་མི་ཐུབ། སེམས་ལྷོད་ལ་བབས་ནས་བཤད་རེས་བྱས་ན་ལེགས། ད་ལྟ་བར་དུ་ངོས་ནས་ཟླ་བ་ཚེ་རིང་གིས་བོད་གཞུང་དང་རྒྱལ་བ་རིན་པོ་ཆེ་ཁྲིམས་ཁང་ནང་དུ་བསྐྱལ་བ་རེད་ཟེར་བ་གོ་ཐོས་གཏན་ནས་མ་བྱུང། འདི་ནི་བདེན་པ་མིན། དེ་འདྲ་བྱེད་སྲིད་ཀྱི་མ་རེད། སྐད་ཆ་ཁུངས་ལུངས་མེད་པ་དེ་འདྲ་བཤད་ནས་རང་ཉིད་སླ་པོ་ཆགས་རྒྱུ་མ་གཏོགས་རྒྱུ་མཚན་གཞན་གང་ཡང་མེད། གོ་ཐོས་ལ་ཟླ་བ་ཚེ་རིང་གིས་བོད་གཞུང་གི་ཁྲིམས་ཞིབ་པ་ཞིག་རྒྱ་གར་གཞུང་གི་ཁྲིམས་རར་ཁ་མཆུ་བཙུགས་པ་རེད་ཟེར་བ་གོ་ཐོས་བྱུང། ཁྲིམས་ཁང་བཙུགས་པའི་དགོས་དམིགས་ནི་རང་ཉིད་ལ་དྲང་བདེན་ཡོད་པ་བདེན་དཔང་བྱེད་ས་ཞིག་ཡིན་གྱི་གཞན་གང་ཡང་མིན། ཁྲིམས་ཁང་ནི་ཁ་མཆུ་བཙུགས་ས་དགོས་པ་རེད་མ་གཏོགས་ཁ་མཆུ་བཙུགས་མ་ཆོག་ན་ཁྲིམས་ཁང་བཙུགས་པའི་དགོས་དོན་མ་གྲུབ་པ་རེད། དྲང་པོར་བཤད་ན་ཁྱེད་ཀྱིས་ལྟ་རྒན་མཐོང་རྒྱ་ཆེ་ཙམ་བྱས་ན་མཁྱེན་གིན་རེད། བོད་གཞུང་ལ་ཁྲིམས་ཁང་གི་ཁ་མཆུ་བཙུགས་པ་དེ་སྔ་བྱུང་མྱོང་ཡོད་པ་རེད།
ལོ་རེ་བཞིན་ཟླ་ཚེར་ཁ་གཏད་བཅར་ཆེད་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྒོར་འབུམ་ཕྲག་མང་པོ་བཀའ་ཁྲོལ་ཞུས་ཏེ་སིམ་ལ་ཁྲིམས་ཁང་དུ་འགྲོ་དགོས་པ་དེ་མ་ཤེས་མཐོང་ཟེར་བ་ནི་ཁྱོད་ཟླ་བ་ཚེ་རིང་གི་སྐྱག་པ་ཟ་མཁན་ཡིན་རྟགས་རེད། བཙན་བྱོལ་གཞུང་དང་། རྒྱལ་བའི་མཚན་ཟླ་བ་ཚེ་རིང་གིས་སིམ་ལའི་ཁ་མཆུ་ནང་དུ་བསྐྱལ་བ་དེ་ཤེས་བཞིན་དུ་གོ་མ་མྱོང་བ་དང་མི་སྒེར་གྱི་གནད་དོན་ཡིན་བཤད་པ་ནི་ཁྱོད་རྫུན་རྒན་ཞིག་ཡིན་དང་། བྱམས་པ་ཟེར་བ་དེ་ཞེ་སྡང་དང་ཕྱོགས་ཞེན་ཁོ་ན་བཤད་མཁན་ཞིག་ཡིན་པ་ང་ཚོ་བོད་མི་སྤྱི་བོ་གནམ་ལ་བསྟན་མཁན་ཡོངས་ཀྱིས་ངོ་འཛིན་མ་བྱས་མཐུ་མེད་དུ་གྱུར།
བྱས་ན་དབུ་མའི་ལམ་ཁྱེད་ཀྱིས་ང་ཚོའི་སྤྱི་ཚོགས་ནང་ལ་ལྷག་བསམ་རྣམ་དག་གིས་ཞབས་ཕྱི་ཞུ་མཁན་རྙོགས་གླེང་གང་ཡང་མེད་པ་གཅིག་ཆོས་ཅན་བཙུགས་དང། ངས་བལྟས་ཆོག
ཁྱོད་ཀྱིས་དབུ་མའི་ལམ་ནས་ཞེས་མ་བཀོད་པར། ཞེ་སྡང་ནས་ཞེས་བཀོད་ན། བརྗོད་བྱ་དང་བྱས་ན་ཏོག་ཙམ་འཚམ་པ་འདུག
གང་ཡིན་ཞེ་ན་གོང་ལ་བྲིས་པའི་རྩོམ་ཡིག་གང་ལ་བལྟས་ན། ཡིད་ཆེས་ཆོག་པའི་མི་གཅིག་ཀྱང་མི་འདུག
སྤྱི་མཐུས་དེ་རྣམས་ཀྱི་ནང་ནས་ཡི་གི་བྲིས་ཀློག་མ་ཤེས་མཁན་དང་ བྲིས་ཀློག་ཤེས་ཀྱང་ལས་མགོ་་མ་མཐོན་མཁན་མང་པོ་འདུག ཁོང་ཚོ་ནི་ང་ཚོའི་མཐུས་མི་ཡིན་པས་ དེས་ང་ཚོའི་མི་སྤུད་ཚོན་པ་དང་ ལོ་ངོ་ལྔ་ཅུའི་རིག་གནས་སྦྱངས་འབྲས་མཚོན་པ་
ང་ཚོ་ཕྱི་ལ་ཡོད་པའི་བོད་མི་རྣམས་ཀྱི་བསམ་བློའི་ཆུ་ཚད་མཚོན་པ་ཞིག་མ་རེད་དམ།
བོད་ལ་རང་བཙན་དགོ་ན་ཆོས་ཉམས་ལེན་མ་བྱེད་སྲིད་ཉམས་ལེན་བྱོས། རང་ཉིད་སྐྱིད་པོར་བསམས་ན་དགྱ་ལ་མགོ་ཐོགས།
ཡ། ཁ བརྡའི་ལམ་ནས་ཞུགས་པའི་སྨྱུག་གྲོགས་རྣམ་པ།
ཁྱེད་རྣམ་ལ་ཞུ་རྒྱུ་ལ་ཁ་བརྡའི་དྲ་ལམ་འདི་ནི་ལུགས་གཉིས་གང་གི་ཐད་ནས་ང་ཚོ་ལ་དགོས་པའི་བློ་སྐྱེད་གསར་པ་དང་རིག་ལམ་གསར་པ་སྐྲུན་སའི་ཞི་བདེའི་རྡུམ་ར་ཞིག་ལས། དོན་མེད་དགྲ་དགའ་གཉེན་སྡུག་གི་ཚིག་མཚོན་འཕེན་ཅི་ཐུབ་ཀྱིས་གཡུལ་འཁྲུགས་བྱེད་སའི་སྡེང་ཆ་ཞིག་ཡིན་ཚོད་མིན་ངེས་ལགས་པས་དེ་ལུགས་གང་ཐད་ནས་གཟབ་གཟབ་གནང་རོག
དྲ་རྒྱ་འདིའི་རིགས་རྣམས་ནི་མཐོ་སྐྱབས་མགོན་རིན་པོ་ཆེ་དང་དམའ་ཇ་མ་ཡིག་སྐྱེལ་ཚུན་གྱིས་སྤྱན་སྔར་མི་འགྲོ་བའི་ངེས་པ་མེད་པ་མ་ཟད་གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཀྱང་གོ་སྐབས་རག་ན་འདིའི་རིགས་ལ་དོ་སྣང་ཧ་ཅང་ཆེན་པོ་གནང་འདུག་པས་དེ་ལུགས་གཟབ་གནང་རོག
ངོ་མ་བཀའ་རྒྱུད་ཚང་ལ་མི་བུ་རྫོགས་ས་རེད། རང་གི་སྤྲོ་སྣང་གི་ཆེད་དུ་བོད་མི་རིགས་ཀྱི་ལས་དབང་རྒྱབ་ཏུ་བསྐྱུར་མཁན་ཐུག་པ་ར་བཟི་བ་ཀརྨ་ཆོས་འཕེལ་ལྟ་བུ་ཁོང་ཚང་གི་སྤྱི་འཐུས་ལ་གདམ་རྩིས་འདུག
དཔལ་འགྲོ་མགོན་བཀའ་བརྒྱུད་པའི་ཆོས་བརྒྱུད་འཛིན་པ་འཁྲུལ་མེད་ཚོགས་ཟུར་ཀརྨ་ཆོས་འཕེལ་མཆོག་ཡང་བསྐྱར་སྤྱིས་འཐུས་སུ་སླེབས་ཐུབ་པའི་སྨོན་འདུན་དང་བསྤྲགས། བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ད་ལོ་དཔལ་མཉམ་མེད་རི་བོ་དགེ་ལུགས་པས་ཀྱང་ཁོང་ལ་རྒྱབ་སྐྱོར་ཧ་ཅང་ཡག་པོ་བྱས་འདུག དེས་ནི་ཆོས་དང་སྲིད་གང་ཐད་སྤྱང་གྲུང་ལྡན་རི་བོ་དགེ་ལུགས་ཚང་ནས་ཀྱང་ཀརྨ་ཆོས་འཕེལ་གྱི་རིན་ཐང་ཤེས་ཡོད་པ་གསལ་བོ་རེད།
ད་ལྟའི་ཆར་བཀའ་བརྒྱུད་པ་ལ་ཁོང་ལས་ལྷག་མི་དགོས་པ་ལྟ་བུའི་ཤེས་འཇོན་གཉིས་ལྡན་གྱི་མི་བུ་ཀརྨ་ཆོས་འཕེལ་རེད་ཡ།
ཀརྨ་ཆོས་འཕེལ་ལ་སྐད་གྲགས་ཡོད་ནི་རེད། ཁོང་གིས་དངོས་གནས་འཇོན་ནི་རེད། ཁོང་ཧ་ཅང་འཇོན་ཐང་ཆེ་དྲག་ནས་རྒྱལ་སྤྱིའི་ཚོགས་ཆེན་སྐབས་བོད་པ་ནང་ཁུལ་ནས་ཀརྨ་ཆོས་འཕེལ་ལ་བཀག་འགོག་བྱས་ནི་རེད།
སྤེན་པ་ཚེ་རིང་གི་རིང་ལ་སྤྱི་འཐུས་གཏོར་ནི་རེད། ཞབས་འདྲེན་ཞུས་ནི་རེད། དཀྲུགས་ཤིང་རྒྱབ་ནི་རེད། བཀའ་ཁྲིའི་འོས་གཞིར་ལངས་ཁུལ་བྱས་ནས་མྱི་ཁ་ཁུར་ནི་རེད།
དྲ་གྲོགས་རྣམ་པ་དངོས་གནས་བློ་གཟུ་བོར་གནས་ནས་བསམ་འཆར་གཏོན་གནང་རོག་འདིའི་རིགས་སུ་གྱུར་པ་དེ་མཐོ་དམན་ཚང་མས་གཟིགས་སའི་འཛམ་གླིང་སྐར་ཁུང་ཞིག་རེད་མ་གཏོགས་ཆགས་སྡང་ངན་སྨྲས་ཀྱི་སྣབས་ལུད་གཡུགས་སའི་ཛོར་སྣོད་ཞིག་གཏན་མིན་པས་དེ་ལུགས་ཞུ།།
དྲ་གྲོགས་ལགས་ངོ་མ་ཁྱེད་ཀྱི་བཤད་པ་བདེན་ག་རྒྱལ་སྤྱིའི་བོད་དོན་ཚོགས་འདུའི་སྐབས་སུ་ཚོགས་མི་གཞན་པ་ཚོ་དུས་ཐོག་ལ་ཚོགས་འདུ་བཅར་ཐུབ་ཀྱང་ཐུག་པ་ར་བཟི་ཀརྨ་ཆོས་འཕེལ་ཁོ་ཧ་ཅང་འཇོན་ཐང་ཆེ་དྲག་ནས་ར་བཟི་སྟེ་བོད་དོན་རྒྱལ་སྤྱིའི་ཚོགས་འདུར་འགྲོ་ཐུབ་མེད།
ངོ་མ་མི་དེ་ལ་འཇོན་ཐང་ཧ་ཧ་ཧ་ཧ་ཧ
ད་ཀརྨ་ཆོས་འཕེལ་སྐོར་མང་པོ་ཞིག་མ་བཤད་བཟང་གི་ཡ། ཁོ་རང་གང་འདྲ་ཡིན་མིན་དང་བོད་མི་མང་གི་སྤྱི་འཐུས་ལ་བསྡད་པའི་རིང་ཞབས་འདྲེན་ག་ཚད་བཞག་ཡོད་མེད་ཚང་མས་མཁྱེན་གསལ་རེད། ཆོལ་ཁ་དང་ལུང་ཚན་བར་མི་དགོས་པའི་རྙོག་དྲ་བཟོ་མཁན་ནག་ཅན་གྱི་གདོན་འདྲེ། ལྷག་པར་དུ་ཐེ་ཇུས་མེད་བཞིན་དུ་མདོ་སྟོད་གསར་རྙིང་གཉིས་ཀྱི་བར་དུ་དཀྲུགས་ཤིང་གི་གཏེ་བོ།
དབུས་གཙང་མངའ་རིས་ཀྱི་བར་དུ་ཁྲག་དཀྲུགས་ཀྱི་ཐུར་མ།
ཁོ་ལ་བཤད་ན་ལིངྒ་ལ་བཤད་པ་ནང་བཞིན་མང་པོ་བཤད་རྒྱུ་ཡོད་ཀྱང་སོང་ཟིན་འཁོན་འཛིན་རྣམས་འཚང་འབྲུ་བྱས་ན་ཕན་པ་གང་ཡང་མ་མཐོང་བས་དེ་ལས་ཀྱང་མ་འོང་འབྱུང་འགྱུར་གྱི་ཡོང་རྒྱུའི་བཀའ་སྤྱི་སོགས་ལ་ཡོད་གཟབ་གནང་བ་ཧ་ཅང་ནས་གལ་ཆེ།
དྲ་བདག་ལགས་སྐུ་ཁམས་བཟང་ཁྱེད་ཚོས་༼”ང་རང་མི་གཅིག་ཡིན་པ་ཡིན་ནའང་འདིར་དཔུང་སྒྲིག་པ་སླེབས་པ་ཡིིན”༽མཆན་དེ་སྒོ་རྒྱབ་འདུག་རྒྱུ་མཚན་གང་ཡིན་མིན་གསལ་པོ་ཞིག་གསུང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
རེད་ཡ་ང་རང་ནས་ཀྱང་དེའི་སྐོར་བསམ་ཚུལ་མདོར་བསྡུས་ཞིག་བཀོད་བསམ་ཡང་སྒོ་རྒྱབ་ཚར་འདུག
སྙིང་ཉེ་བའི་ཀློག་པ་པོ་རྣམ་པ་ལགས། སྤྱིར་བཏང་གི་ངས་ཅི་ཡང་མི་ཤེས་པ་དང་ང་ཚོས་ཁོར་ཡུག་གི་རྨོངས་བ་ཧ་ཅང་སྟུག་པ། མི་བུ་མང་མང་གི་བསམ་བློའི་མིག་ཁ་ཕྱེས་མེད་པ་སོགས་གཞི་བྱས་ཐོག སྐད་ཆ་དྲང་མོ་རེ་བཤད་ཀྱང་ནུས་པ་ཆེར་མེད་མོད་ང་ནི་རང་ཉིད་རང་གི་བསམ་བློའི་ཆེད་དུ་གསོན་པ་ཞིག་ཡིན་ཕྱིར་དང་་་་་་།
གོང་ཞུས་རྒན་ལྷ་བཟང་ཚེ་རིང་དང་སྐྱེས་སར་ཀླུ་སྒྲུབ་སོགས་དྲ་གྲོགས་ཁ་ཤས་ཀྱིས་བཤད་པར་གནས་ལུགས་ཧ་ཅང་ཡོད་པར་སྙམ་ལ། འདི་ནི་དོན་དངོས་ཐོག་གཟབ་དགོས་ས་ཞིག་ཀྱང་རེད་འདུག གལ་སྲིལ་མི་རིགས་རང་གི་སྐད་ཡིག་གི་སྟེང་ནས་ཟིན་བྲིས་ཙམ་ཡང་འབྲི་མི་ནུས་པའི་སྐྱེས་བུ་ཞིག་རྒྱལ་ཁབ་ཞིག་གི་བཀའ་ཁྲིར་བསྡད་པ་ཡིན་ན་མི་རིགས་གཞན་དང་རྒྱལ་ཁབ་བཞན་གྱིས་ང་ཚོར་ཅི་ཞིག་ཟེར་རམ། ཐ་ན་རྒྱ་ནག་གཅིག་པུས་ཀྱང་་་་་་།
ད་དུང་ད་ལོའི་ཉིན་ཞིག་ལ། བློ་བཟང་སེང་གེ་མཚན་ཉིན་གྲྭ་ཚང་གིས་གདན་ཞུས་ལྟར་ང་ཚོ་ཕྱི་དྲོའི་ཆུ་ཚོད་ལྔ་པའི་སྟེང་མཚན་ཉིད་ཚོགས་ཁང་དུ་འཛོམས་ཤིང་ཆུ་ཚོད་གསུམ་ཙམ་དུ་གཏམ་བཤད་དང་བགྲོ་གླེང་བྱས། མཐར་གྲྭ་བཙུན་ཞིག་གིས་བཀའ་འདྲི་ཞུ་རྒྱུར་་་ཁྱེདཀྱིས་རྩོམ་ཡིག་མང་པོ་འབྲི་བཞིན་ཡོད་གསུང་པ་དེ་དག་བོད་ཡིག་གི་སྟེང་ནས་འབྲི་བཞིན་ཡོད་དམ་དབྱིན་ཇིའི་སྟེང་ནས་འབྲི་བཞིན་ཡོད། ཡང་རྗེས་སོར་ང་ཚོའི་དུས་དེབ་དང་ཚགས་པར་གང་ཞིག་ལས་མཇལ་ཐུབ་པ་རེད་་་ཅེས་དྲིས་པར་ཁོང་གིས་གསུང་དོན། དུས་བབ་དང་པང་ཆེན་སོགས་ལས་མཐོང་ཐུབ་ཀི་རེད་གསུང་པ་ལས་དྲི་བ་དང་པོ་དེར་ཁྱོན་ནས་ལན་བརྒྱབས་མ་སོང་ལ་དེར་གནད་དོན་ཞིག་ཡོད་པ་ནི་ཁོ་རང་གི་གསང་པ་ཤོར་འགྲོ་བས་ཡིན་པ་ནི་བདེན་པ་དང་དངོས་ཡོད་་ཡིན་པ་དེ་འོ།།
སྙིང་ཉེ་བའི་ཀློག་པ་པོ་རྣམ་པ་ལགས། སྤྱིར་བཏང་གི་ངས་ཅི་ཡང་མི་ཤེས་པ་དང་ང་ཚོས་ཁོར་ཡུག་གི་རྨོངས་བ་ཧ་ཅང་སྟུག་པ། མི་བུ་མང་མང་གི་བསམ་བློའི་མིག་ཁ་ཕྱེས་མེད་པ་སོགས་གཞི་བྱས་ཐོག སྐད་ཆ་དྲང་མོ་རེ་བཤད་ཀྱང་ནུས་པ་ཆེར་མེད་མོད་ང་ནི་རང་ཉིད་རང་གི་བསམ་བློའི་ཆེད་དུ་གསོན་པ་ཞིག་ཡིན་ཕྱིར་དང་་་་་་།
གོང་ཞུས་རྒན་ལྷ་བཟང་ཚེ་རིང་དང་སྐྱེས་སར་ཀླུ་སྒྲུབ་སོགས་དྲ་གྲོགས་ཁ་ཤས་ཀྱིས་བཤད་པར་གནས་ལུགས་ཧ་ཅང་ཡོད་པར་སྙམ་ལ། འདི་ནི་དོན་དངོས་ཐོག་གཟབ་དགོས་ས་ཞིག་ཀྱང་རེད་འདུག གལ་སྲིལ་མི་རིགས་རང་གི་སྐད་ཡིག་གི་སྟེང་ནས་ཟིན་བྲིས་ཙམ་ཡང་འབྲི་མི་ནུས་པའི་སྐྱེས་བུ་ཞིག་རྒྱལ་ཁབ་ཞིག་གི་བཀའ་ཁྲིར་བསྡད་པ་ཡིན་ན་མི་རིགས་གཞན་དང་རྒྱལ་ཁབ་བཞན་གྱིས་ང་ཚོར་ཅི་ཞིག་ཟེར་རམ། ཐ་ན་རྒྱ་ནག་གཅིག་པུས་ཀྱང་་་་་་།
ད་དུང་ད་ལོའི་ཉིན་ཞིག་ལ། བློ་བཟང་སེང་གེ་མཚན་ཉིན་གྲྭ་ཚང་གིས་གདན་ཞུས་ལྟར་ང་ཚོ་ཕྱི་དྲོའི་ཆུ་ཚོད་ལྔ་པའི་སྟེང་མཚན་ཉིད་ཚོགས་ཁང་དུ་འཛོམས་ཤིང་ཆུ་ཚོད་གསུམ་ཙམ་དུ་གཏམ་བཤད་དང་བགྲོ་གླེང་བྱས། མཐར་གྲྭ་བཙུན་ཞིག་གིས་བཀའ་འདྲི་ཞུ་རྒྱུར་་་ཁྱེདཀྱིས་རྩོམ་ཡིག་མང་པོ་འབྲི་བཞིན་ཡོད་གསུང་པ་དེ་དག་བོད་ཡིག་གི་སྟེང་ནས་འབྲི་བཞིན་ཡོད་དམ་དབྱིན་ཇིའི་སྟེང་ནས་འབྲི་བཞིན་ཡོད། ཡང་རྗེས་སོར་ང་ཚོའི་དུས་དེབ་དང་ཚགས་པར་གང་ཞིག་ལས་མཇལ་ཐུབ་པ་རེད་་་ཅེས་དྲིས་པར་ཁོང་གིས་གསུང་དོན། དུས་བབ་དང་པང་ཆེན་སོགས་ལས་མཐོང་ཐུབ་ཀི་རེད་གསུང་པ་ལས་དྲི་བ་དང་པོ་དེར་ཁྱོན་ནས་ལན་བརྒྱབས་མ་སོང་ལ་དེར་གནད་དོན་ཞིག་ཡོད་པ་ནི་ཁོ་རང་གི་གསང་པ་ཤོར་འགྲོ་བས་ཡིན་པ་ནི་བདེན་པ་དང་དངོས་ཡོད་་ཡིན་པ་དེ་འོ།།
ཡ་དེ་རིང་སྐད་ངན་ཞིག་གོ་ཐོས་བྱུང་བ་ནི་བོད་རིགས་ཚང་མས་མཁྱེན་གསལ་བཞིན་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་ཟེར་བ་འདི་ནི་བཙན་འབྱོལ་བོད་རིགས་མང་ཤས་ཀྱིས་ཁོ་རང་གང་འདྲ་ཡིན་མིན་བཤད་མ་དགོས་པར་མཁྱེན་གསལ་རེད། ངོས་རང་ལ་མཚོན་ནའང་བཞུགས་སྒར་རྡ་སའི་སྲིད་དོན་གྱི་ཞབས་སྟེགས་ཐོག་ཏུ་འགྱིངས་པའི་བོད་ཆོལ་ཁ་གསུམ་གྱི་མི་སྣ་གང་འདྲ་ཡོད་མེད་དང་། སུ་བཟང་ངན་གྱི་དབྱེ་འབྱེད་ཤེས་པའི་གང་ཟག་ཞིག་ཡིན། སོང་རྩང་ཀརྨ་ཆོས་འཕེལ་འདི་ནི་ཆོལ་གསུམ་དཀྲུགས་ཤིང་གི་གཏེ་བོ། མདོ་སྟོད་ཆུ་སྒང་གསར་རྙིང་གཉིས་ཀྱི་མཐུན་ལམ་གྱི་འགག་སྒོ་གདམས་པའི་ངོ་དགའ་སྤྲེལ་ལད་མཁན། དབུས་གཙང་དང་མངའ་རིས་བར་དབྱེན་དཀྲུགས་བྱེད་མཁན་ཉེས་ཅན་གྱི་གཙོ་བོ། གང་ལྟར་བཟང་ཕྱོགས་ཀྱི་སྤྱོད་པ་སྣ་གཅིག་ཀྱང་སྟོན་རྒྱུ་མེད་པའི་མི་འདི་འདྲ་བ་ཞིག་གང་འདྲ་བྱས་ནས་བཀའ་བརྒྱུད་པའི་སྤྱི་འཐུས་ཀྱི་ཁོངས་སུ་འཚང་བ་རེད། སུས་འོས་ཤོག་བླུགས་པ་རེད།
མི་འདི་འདྲ་བ་བོད་གཞུང་གི་ལས་ཀྱི་སྣེ་མོ་བ་ཞིག་ཕར་ཞོག་འཛོ་ཕོའི་ཚུགས་ལམ་བཅོ་བརྒྱད་ལ་ཡོད་ཀྱང་ཉེ་སྐྱོན་ལས་རིང་སྐྱོན་མེད་པའི་མི་རེད། སྙིང་རྗེ་ད་ཡིན་ན་བཀའ་བརྒྱུད་པའི་ཟད་ནས་ཁོ་ལ་ཐུག་པ་རེད།
ཡིད་མཆེས་བློས་འགེལ་སྤུ་ཙམ་མི་ཐུབ་སའི་མི་ཙི་ཙི་སྐམ་པོ་ནང་བཞིན་ རང་ལ་མཁེ་ཕན་དེ་ཙི་ཙིའི་ཁོངས་སུ་ཡོད་ན་ཙི་ཙི་ཡིན་མདོག་མདོག་དང་མཁེ་ཕན་དེ་བྱེའུ་ཡི་ཁོངས་ནས་ཐོབ་ཞི་ཡོད་ན་བྱིའུ་ཡིན་མདོག་མདོག་ སྔ་རྗེས་བར་གསུམ་དུ་བོད་མིའི་སྤྱི་ཚོགས་ནང་སློབ་སྤྱི་བྱས་ཀྱང་འདྲ་ སྤྱི་འཐུས་བྱས་ཀྱང་འདྲ་ ཕྱོགས་སྐྱོད་ཕྱིན་ཡང་འདྲ་ལབ་གླེང་ཁོ་ན་བཟོ་ལེ་དང་ཞབས་འདྲེན་ཁོ་ན་ཞུ་བདའ་ལེའི་ཞེད་ལོག་སའི་མི་ཞིག་མཆོལ་ཁ་གཅིག་ནས་གད་ཉིག་བཞིན་དུ་གཡུག་པའི་མི་རུལ་དེ་སླར་ཡང་སྤྱི་འཐུས་ནང་ཕྱིར་ལོག་་བྱེད་པ་དེས་རྗེས་མའི་སྤྱི་འཐུས་སྐབས་གསར་པའི་ནང་བཀྲ་མ་ཤིས་པའི་བལྟས་ངན་ཞིག་ཤར་ལེའི་འཇིགས་ཞི་བདའ་ རྙོག་གླེང་ཁོ་ན་བཟོ་ཞིང་མགོ་གཉིས་ཁོ་ན་འཁྲབ་བསྡད་ཁན་མི་རུལ་འདི་ཚོར་སྤྱི་འཐུས་ཚོགས་ཁང་དེ་མིན་ལེ་ས་སྟེང་འདི་ནང་འགྲོ་ས་བསྡོད་ས་གཞན་མེད་ལེའི་ཀླད་རྙིང་དེ་ཚོ་ཞེ་ཅིག་སྐོར་བ་རང་བསྐོར་བསྡད་ན་ བོད་སྤྱིའི་རྩ་དོན་ལ་ཆི་ཕན་ཐོག་ལེའི་རེ་བ་སྤུ་ཙམ་ཡང་མངོན་ཞི་མི་བདའ་།
དེང་སང་གོ་རྟོགས་མཐོན་པོར་རློམ་མཁན་རྣམས་ཀྱིས། བོད་མི་མང་གི་ཚབ་བཙན་བྱོལ་བོད་ཀྱིས་གདེམས་སྒྲུག་བྱེད་སྐབས། ཚད་བརྒལ་ཀྱི་སྐྱོན་བརྗོད་བྱེད་པས་ནི་རང་གཞན་གང་ལ་མི་ཕན་པའི་ཐོག་གནོད།
བདག་ཉིད་ཆེན་པོ་གྷེ་དྷེ་རྗེ་དེ་ཡང་ཁྲིམས་རྩོད་པ་ཞིག་ཡིན་རབ་རེད། དེང་དུས་ཀྱི་ཨོ་བྷ་མ། ཁྲོ་ནི་བྷི་ལེན་སོགས་སྙན་གྲགས་ཅན་གྱི་སྲི་འཛིན་མང་ཆེ་བ་དེ། གྲགས་ཅན་གྱི་གཙུག་ལག་སློབ་གྲྭ་ལས་སློབ་ཐོན་བྱས་ཤིང་། ཁྲིམས་བརྩོད་པའི་ཕྱགས་ལས་ཡུན་རིང་བསྟར་ནས་མཐར་རིམ་གྱིས་སྲིད་འཛིན་ཐོབ་མཁན་ཞིག་ལས། ཚོགས་སྡེ་ག་གེ་མོ་ཞིག་ལས་ལས་ཀའི་ཉམས་མྱོངས་ཡོད་མཁན་ཞིག་གདེམས་ནས་སྙན་གྲགས་ཅན་གྱི་སྲིད་འཛིན་དུ་ཐོན་པ་རེ་ཟུང་ཙམ་ཡིན།
ཉམས་མྱོང་ནི་ཤེས་ཡོན་དང་འབྲེལ་བ་མ་ཟད། རྣམ་དཔྱོད་དང་འབྲེལ་ནས་སྡད་ཡོད། རྣམ་དཔྱོད་ཅན་གྱིས་ཉིན་གཅིག་གི་ཉམས་མྱོང་དེ། རྣམ་དཔྱོད་མེད་མཁན་དང་། ཀླད་རྙིང་འཁྲེགས་འཛིན་གྱི་ལོ་ནས་ལོ་བསྟུད་བྱས་པའི་ཉམས་མྱོང་ལས་ཀྱང་ལྷག་པར་ཉམས་མྱོང་གིས་གྲུབ།
ཤེས་ཡོན་དང་ཉམས་མྱོང་། གང་ཐད་ནས་བོད་མི་མང་གི་གདེམས་རྒྱུའི་བཀའ་བློན་དེ་ནོར་མི་འདུག་བསམ་གྱི་ཡོད། ཤེས་དགོས་རྒྱུ་གཙོ་བོ་དེ་ནི། བོད་ཀྱི་བཀའ་བློན་གདེམས་རྒྱུ་དེ། བོད་ཡིག་ཐོག་ཏུ་རྩོམ་པ་པོ་ཞིག་གདེམས་ཀྱི་ཡོད་མ་རེད་ལ། བཙན་བྱོལ་བོད་ཀྱི་ལས་ཀ་ལ་ཉམས་མྱོང་ཅན་ཞིག་དེ་ལས་ཀྱང་གདེམས་ཀྱི་ཡོད་མ་རེད། བོད་ཀྱི་བཀའ་བློན་གདེམས་པ་འདི་ནི། གཞིའི་བྱེས་བོད་མིའི་ཚབ་མཚོན་ཐུབ་མཁན་ཞིག་དང་། བོད་ཀྱི་རྩ་བའི་ལང་ཕྱོགས་ཀྱི་གནས་དོན་ཐོག་ལ་ནུས་ཤུགས་ཐོན་མཁན་ཞིག་གདེམས་ཀྱི་ཡོད་རེད།
ཧེ
བཀྲ་ཤི་བདེ་ལེགས