བོད ལྷ་ཀླུ་གཉན་གསུམ།
ཕྱི་ནས་བལྟས་དུས་མི་ཞིག་ཡིན་པ་འདྲ།།
ནང་ ལ་འཛུལ་ནས་ཞིབ་དུ་བལྟས་དུས་སུ།།
མི་ཡི་ནང་ནས་འདྲེ་ཡི་སེམས་ཞུགས་པའི།།
ངོ་ ལྐོག་སྣ་དགུ་བྱང་བའི་ང་ཞིག་རེད།།
དེ་ལ་འཐམ་ནས་མི་ཚེ་བསྐྱེལ་ལུགས་དེས།།
རྒྱང་ རིང་ཡུལ་ན་རེ་བའི་མི་ཞིག་འདུག།
དེ་ཡི་ཚོགས་ནི་ཤ་དང་རུས་པའི་འབྲེལ།།
ཟབ་ མོ་ཡོད་ཀྱང་དེ་ཆེད་འཇོན་མི་འདུག།
དྲ་ངོས་མང་བོ་འགྲིམ་ནས་དུས་ཚོད་བསྐྱལ།།
གཞན་ མིས་ལས་གཡོག་བྱས་ནས་མི་ཚེ་གཟད།།
ཁོག་ལ་ཆགས་པའི་དཀྲུས་པའི་ནད་ཚ་ལྕི།།
སྐྱི་ མོ་ལས་གཞན་རེ་བ་བྱེད་ས་བྲལ།།
བུད་མེད་གཅེར་བུའི་གཟུགས་ལ་དགའ་དྲགས་ ཤིང་།།
རིག་ཚད་རྒྱོ་འདོད་སེམས་པ་སྨྱོས་པའི་འཁྲུལ།།
བརྙན་གཟུགས་ལམ་དུ་ སྟོན་རྒྱུ་བྱུང་གྱུར་ཚེ།།
བསྐལ་བའི་མཐར་ཡང་སྡིག་སྒྲིབ་དག་མི་སྲིད།།
ཁ་ལ་བྱང་བ་གཞན་དོན་ལྷག་བསམ་ཡིན།།
རུམ་ ལ་གཉར་བ་སྒེར་གྱི་ལས་དོན་ཡིན།།
ཁྲོམ་དུ་འགྲོ་དུས་རིག་རིག་ཐུག་ཚད་ལ།།
རང་ ཉིད་བོད་པ་ཡིན་པ་མ་བརྗེད་ཟེར།།
ཕྲན་ནས་བོད་ནང་གི་མཁས་དབང་མཁྱེན་རབ་དབང་ཕྱུག་མཆོག་གི་གསུང་བཤད་འདི་སྒྲ་འཛིན་འཁོར་ཐག་ནས་སྒྲ་སྐད་ཡིག་ཐོག་ཏུ་ཕབ་པ་ཞིག་ཡིན་པས་ངས་མཆན་གྱི་ཚུལ་དུ་དུམ་བུ་བཞི་པ་འདི་འདོན་སྤེལ་ཞུ་རྒྱུ་ཡིན་ན་དྲ་གྲོགས་རྣམ་པས་ལྗགས་ཀློག་གནང་བ་ཞུ། ཐུགས་ཕན་གསོ་བའི་རེ་བ་ཡོད། བཀྲིས་བདེ་ལེགས།
མཁས་དབང་མཆོག་གི་གསུང་བཤད་དབུ་འཛུགས་ཞུ་རྒྱུ།
དེ་རིང་སང་ཉིན་ང་རང་ཚོ་དང༌། རྣམ་པ་ལྷན་རྒྱས་ཚང་མས་མ་མཁྱེན་པ་ཡོད་མ་རེད། རྗེས་ལུས་ཟེར་ཡག་དང༌། སྔོན་ཐོན་ཟེར་ཡག་གི་སྐད་ཆ་གཅིག་ཡོད་རེད། དེ་ཡང་ང་ཚོ་ཆུང་ཆུང་ཡིན་དུས་སྐད་ཆ་དེ་ངས་ཐོས་མ་མྱོང༌། རྗེས་ལུས་ཟེར་ཡག་དང༌། སྔོན་ཐོན་ཟེར་ཡག་དེ་ཐོས་མ་མྱོང༌། རྒྱུག་འདྲ་ཕྱིན་ན་ནི་སྔོན་ལ་འགྲོ་མཁན་དང་རྗེས་སུ་ལུས་མཁན་ཡོད་རེད་མ་གཏོགས་གཞན་རྗེས་ལུས་དང༌། སྔོན་ཐོན་ཟེར་ཡག་གོ་མ་མྱོང༌། ཡིན་ནའང་ད་ཆ་འཛམ་གླིང་ཡོངས་ཁྱབ་ཀྱི་རྗེས་ལུས་ཀྱི་མི་རིགས་ཟེར་ཡག་གཅིག་དང༌། སྔོན་ཐོན་གྱི་མི་རིགས་ཟེར་ཡག་གཅིག་གི་དབྱེ་བ་ཡོད་རེད། དེ་ཚང་མས་མཁྱེན་གྱི་རེད། ང་རང་ཚོ་བོད་ཀྱི་མི་རིགས་འདི། ས་གཞི་ཆེན་པོ་གཅིག་གི་སྒང་དུ་གྲངས་ཁ་ཧ་ཅང་གི་ཉུང་ཉུང་གཅིག་གི་མི་རིགས་ཤིག་ད་ལྟ་གནས་སྡོད་ཡོད་རེད། ད་དུང་ཡང་གནས་སྡོད་ཡོད་རེད། མི་རིགས་འདི་རྗེས་ལུས་གྱི་མི་རིགས་ཤིག་རེད། སྔོན་ཐོན་གྱི་མི་རིགས་ཤིག་རེད། དེ་ང་ཚོས་ཐོག་མར་བསམ་བློ་གཅིག་གཏོང༌། རྗེས་ལུས་དང་སྔོན་ཐོན་ཟེར་ཡག་དེ་ལ་ཡང་ཁོ་རང་ལྟ་སྟངས་མང་པོ་ཞིག་ཡོད་རེད། གང་གི་ཐད་ནས་རྗེས་ལུས། གང་གི་ཐད་ནས་སྔོན་ཐོན། དེ་རིང་སང་ཉིན་འཛམ་གླིང་གི་སྔོན་ཐོན་ཟེར་ཡག་དང༌། འཛམ་གླིང་གི་རྗེས་ལུས་ཟེར་ཡག་དེ་གཅིག་མ་གཏོགས། རྒྱལ་ཁབ་རེ་ལ་རྗེས་ལུས་མི་འདྲ་བ་རེ་དང༌། རྒྱལ་ཁབ་རེ་ལ་སྔོན་ཐོན་མི་འདྲ་བ་རེ་ཡོད་མ་རེད། ཚང་མ་གཅིག་རེད། ག་འདྲ་ཞིག་ལ་སྔོན་ཐོན་ཟེར་གྱི་ཡོད་རེད་ཟེར་ན། དེང་སང་མི་རིགས་རང་ཉིད་ཀྱིས་རིག་གནས་དང༌། དེང་དུས་ཀྱི་ཚན་རིག་གཉིས་ཀ་ཟུང་འབྲེལ་བྱས་ནས། སྤྱི་ཚོགས་ཕྲན་བུ་ཡར་རྒྱས་ཕྱིན་པ་དེ་ལ་སྔོན་ཐོན་གྱི་མི་རིགས་ཀྱང་ཟེར་གྱི་རེད་ལ། སྔོན་ཐོན་གྱི་སྤྱི་ཚོགས་ཀྱང་ཟེར་གྱི་རེད།
ང་ཚོ་སྔོན་ཆད་ལོ་སྟོང་ཕྲག་གི་གོང་ལ་གང་མི་ཚད་ཀྱི་གཞི་པོ་འགའ་བཅོ་བརྒྱད་ཡོད་རེད་ཟེར། དེ་ཡིས་སྤོབས་པ་བྱས་ནས་བསྡད་པ་ཙམ་གྱིས་སྔོན་ཐོན་གྱི་གྲས་སུ་སླེབས་ཐབས་མེད་པ་ཞིག་ཆགས་བསྡད་ཡོད་རེད། དེ་འདྲ་ཡིན་ཙང༌། ང་རང་ཚོ་ཚང་མས་དུས་དང༌། རྣམ་པ་ཀུན་ཏུ་ང་རང་ཚོའི་མི་རིགས་འདི་རྗེས་ལུས་ཀྱི་མི་རིགས་ཤིག་ཡིན་པ་དེ་ཏན་ཏན་ཧ་གོ་དགོས་ཀྱི་རེད། མ་གཞི་ནས་མི་རིགས་འདི་ཁྱོད་རང་ཚོ་ང་རང་ཚོ་རྗེས་ལུས་རེད་ཟེར་ཡོང་དུས་སྐྱིད་པོ་མི་འདུག །ཨ། སྙན་པོ་ཏ་མི་འདུག །ཨ། ང་ཚོར་རྗེས་ལུས་རེད་ཟེར་གྱིས། ད་གང་དྲགས། བསམ་བསམ་འདྲ་གཅིག །རྗེས་ལུས་ད་མིན་པ་ཨ། ཨའུ་ཙེ་ཡོད་ད། ང་ཚོ་ཡང༌། བསམ་བསམ་འདྲ་པོ་གཅིག །མི་ཞིག་ཡིན་ནས་བཟུང་སྟེ་སུ་ལ་ཡིན་ནའང་ཡོང་གི་རེད། ཡིན་ནའང་གང་བྱེད་ཀྱི་མ་རེད། རྗེས་ལུས་ཡིན་པ་ལ་ང་ཚོ་རྒྱུན་ནས་སྐྲག་དགོས་ཀྱི་མ་རེད། འཛམ་གླིང་འདི་ཡོངས་སུ་རྫོགས་པ་རྗེས་ལུས་ནས་ཡར་ཐོན་བྱུང་བ་རེད་མ་གཏོགས་ཐོག་མ་ཉིད་ནས་ཡར་ཐོན་ཡིན་པ་གཅིག་ཀྱང་ཡོད་མ་རེད། རྗེས་ལུས་ཀྱི་རང་བཞིན་ནས་ཡར་ཐོན་བྱུང་བ་ཤ་སྟག་རེད། དེ་འདྲ་ཡིན་ཙང་ང་རང་ཚོ་རྗེས་ལུས་ཡིན་པ་ལ་སྐྲག་དགོས་ཀྱི་མ་རེད། ངོ་ཚ་དགོས་ཀྱི་མ་རེད། སེམས་སྡུག་དགོས་ཀྱི་མ་རེད། ཡིན་ནའང་རྗེས་ལུས་ཡིན་པ་ངོ་མ་ཤེས་པའམ་རྗེས་ལུས་ཡིན་པ་ངོས་འཛིན་བྱེད་འདོད་མེད་པ་ཡིན་ན། དེ་ནི་ཤིན་ཏུ་ངོ་ཚ་དགོས་པ་དང༌། ཤིན་ཏུ་སྐྲག་དགོས་པ། ཤིན་ཏུ་ཉེན་ཁ་ཆེན་པོའི་རང་བཞིན་གཅིག་རེད།