༡
ཚོགས་གི་འཁོར་ལོ་ཆེན་པོ་ལ་ཡུམ་གསུམ་ཡོད་རེད།
བུ་རྣལ་འབྱོར་པ་གཉིས་དང་ཕ་རྣལ་འབྱོར་པ་གཉིས་འདུག
རྣལ་འབྱོར་པ་སོ་སོར་ཡུམ་ཡོད་རེད།
འདི་ག་རེ་རེད།
༢
བཟོ་མཁན་ལ་འདོད་པ་ཡོད་མ་རེད།
ཉོ་མཁན་ལ་དགོས་པ་ཡོད་མ་རེད།
དགོས་མཁན་གྱིས་ཧ་གོ་གི་ཡོད་མ་རེད།
འདི་ག་རེ་རེད།
༣
རི་ཡོད་ན་ཡང་རྡོ་ཡོད་མ་རེད།
རྒྱ་མཚོ་ཡོད་ན་ཡང་ཆུ་ཡོད་མ་རེད།
ས་ཡོད་ན་ཡང་ཤིང་ཡོད་མ་རེད།
འདི་ག་རེ་རེད།
༤
ཞོགས་ཀར་རྐང་པ་བཞི་ཡོད་རེད།
ཉིན་གུང་སྐབས་རྐང་པ་གཉིས་ཡོད་རེད།
དགུང་མོར་རྐང་པ་གསུམ་ཡོད་རེད།
རྐང་པ་གཉིས་ཡོད་སྐབས་དེར་ཧ་ཅང་ཤུགས་ཆེན་པོ་ཡོད་རེད།
འདི་ག་རེ་རེད།
༢ གཉིས་པ་དེ་རྒྱ་མིའི་ཅ་ལག་དང་།
༤ བཞི་པ་དེ་བོད་པའི་མི་རེད།
རྒྱོ་རྒྱག་སྟངས་ཏག་ཏག་རེད་འདོད། ལྷག་པར་དུ་བཞི་པ་དེ། ཞོགས་པར་རང་རང་ས་རུ་ཉལ་བསྡད་ཡོད་པས་རྐང་པ་བཞི་ཡོད། ཉིན་གུང་སྐྱེས་སྨན་པང་དུ་བླངས་ནས་རྒྱོ་གིན་ཡོད་པས་ཁོའི་རྐང་པ་གཉིས་མ་གཏོགས་སར་ཐུག་ག་མ་རེད། དགོང་མོར་སྐྱེས་སྨན་གྱི་རྐང་པ་གཅིག་ཕྲག་པར་ཁུར་ནས་རྒྱོ་གིན་ཡོད་པས་རྐང་པ་གསུམ་སར་ཐུག་ཡོད་པ་རེད། རྐང་པ་གཉིས་ཡོད་དུས་ནི་སྐྱེས་སྨན་ཉལ་ཁྲིའི་སྟེང་ཀན་རྐྱལ་དུ་བཞག་སྟེ་མདོ་ནས་རྒྱོ་ལུགས་དེ་ཡིན་ཞིང་དེ་དུས་ཁོས་ཤུགས་ཆེ་ཙམ་རྒྱག་ཐུབ་ཀྱི་ཡོད་རེད། ཁེད་བཤད་ནས་ཤོར་སོང་ན་ཨ་ཁུ་དོན་འགྲུབ་ཚང་གི་ལྷ་མོ་མཚོ། ཨ་ཆེ་ལྷ་སྦ་ཚང་གི་ཚེ་རིང་སྐྱིད། ཨ་ཁུ་ཐུང་ཐུང་ཚང་གི་འཕྲིན་ལས་ཆོས་སྒྲོན། ཨ་ཞང་མགོ་སྟིག་ཚང་གི་གཅོད་པ་མཚོ་བཞི་ཁྱོད་ལ་བྱིན་པ་ཡིན།
ཁེད་བཤད་ན་ཁེད་བཤད། དགོངས་ཨ་སྔོན་ཁྱི་ནག་ཤ་ར་ར།། ས་དོག་མོ་རྟ་མཆོག་ཅོ་རོ་རོ་།། ཅི་ཁེད
གོང་གི་ཁེད་དེ་ཚོ་གཅིག་མ་ཁེད་ཐ། སྟེར་རྒྱུ་ཅི་ཡང་མེད་། ངས་དུད་ཁུག་མཁོ་ན་སྟེར་ར།
ངས་གཅིག་བཤད་། གད་ཐོག་ན་ལུག་ཆུང་ཀྱི་ལི་ལི་། གད་འོག་ན་ཁངས་སྐྱ་ཐུ་ལུ་ལུ། ཅི་ཁེད་།
ཡ་ད་ངས་བཤད།
ལྕགས་ཀྱི་ལུང་པར་མེ་ཤོར་ན།། ཨོ་རྒྱན་པདྨའི་རྟ་འདྲོགས་ག། ཅི་ཁེད།
སྨན་པ་ནང་དུ་འཛུལ། སྨན་ཁུག་སྒོ་ལ་ལྷགས། ཅི་ཁེད། ཀླུ་སྨྱོན་ལ་ཕུལ།
འདི་ན་ལྡེའུ་བཤད་ཀྱི་ཡོད་ས་རེད།
༡་་་་་མི་བརྒྱ་ལ་རྒྱུ་མ་གཅིག
༢་་་རྡོ་ཨ་དར་གཅིག་ལ། མིག་གུ་བདུན་དར?
༣་་བསྣན་ན་ཐེབ་གང། བཏང་ན་རི་གང?
གབ་ཚིག་ ༤ བའི་ལན། བྱིས་པའི་དུས་སུ་ ཞོགས་པ་རྐང་པ་བཞི་ཅན་རེད་། གཞོན་དར་དུས་སུ་ ཉིན་གོང་རྐང་པ་གཉིས་ཅན་རེད་། རྒན་འཁོགས་འཁར་བར་རྟེན་དུས་ དགོང་མོའི་དུས་སུ་རྐང་པ་གསུམ་པའོ་། ངའི་གབ་ལན་འདི་ཡིན་དང་ན་། ཨ་ཁུ་ཀླུ་སང་གི་ཅིག་བྱིན་ནོ་ཚང་མ་ང་ལ་དགོས་།
ཤ་ཡི་མེ་མདའ། སྤགས་ཀྱི་་ལྡེའུ ཅི་ཁེད།
འགུགས་དུས་དཀའ་ལས་ཁག་པོ། བཀུག་ཚར་ན་སྙོག་གྲ་ཚ་པོ་། ཅི་ཁེད
བཞི་བ་དེ་གནའ་བོའི་རྒུ་རིག་གི་སྒྲུང་གཏམ་ཞིག་ལས་འཕྲོས་པའི་གབ་ཚིག་ཅིག་ཡིན་ས་ཡོད། སྒྲུང་གསལ་བོ་ཞིག་དྲན་གྱི་མི་འདུག ཡིན་རྒྱུ་ནི་མི་རེད། བྱིས་པ་སྨྲ་འབྱར་སྐབས་མཛོ་གོག་བྱས་ནས་འགྲོས་བས་རྐང་ལག་གཉིས་ཀ་བརྩིས་པས་བཞི་རེད། དར་མའི་སྐབས་རྐང་པ་གཉིས་ལ་བརྟེན་ནས་འགྲོ་བས་གཉིས་རེད། རྒས་པོའི་དུས་གཡུག་རྟེན་ལ་བརྟེན་ནས་འགྲོ་བས་རྐང་པ་གསུམ་རེད།
ཨོ། ངའི་གབ་ལན་དང་མེ་ཆ་ལགས་ཀྱི་གབ་ལན་གཅིག་ཏུ་སོང་འདུག ཀླུ་སྨྱོན་གྱི་བོད་མོ་རྣམས་ཁོང་ལ་སྤྲོད་རོགས།
མེ་ཆས་བཞི་པོ་བསྟེན་ན་ཁོའི་འདོད་སེམས་ཀྱིས་ལྕོགས་ཀྱང་། ལུས་ཟུངས་ཀྱིས་ལྡང་ཐབས་མེད་པས། རྔ་བ་རྒྱལ་ཁམས་པ་ལ་གཉིས་སྤྲད་དང་ན་འགྲིག་གི ཡིན་ཡང་། ཀླུ་སྨྱོན་དེ་རིང་ནས་སྟོང་པ་སྟོང་རྐྱང་ཆགས་པ་ཡིན་པས། དེ་ལ་ཡང་བསམ་བློ་ཞིག་གཏོང་ན་ལུགས་དང་མཐུན་གི་འདོད།
༡ གསུམ་པ་དེ ས་བཀྲ་ཡིན་པ་འདྲ།
༢ ལོ་ལོན་གྱི། གད་ཐོག་ན་ལུག་ཆུང་ཀྱི་ལི་ལི་། གད་འོག་ན་ཁངས་སྐྱ་ཐུ་ལུ་ལུ། ཟེར་བ་དེ། ནས་འཐག་པ་རེད།
༣ མི་ནག་གི ལྕགས་ཀྱི་ལུང་པར་མེ་ཤོར་ན།། ཨོ་རྒྱན་པདྨའི་རྟ་འདྲོགས་ཟེར་བ་དེ། མེ་ལ་ཕུ་བརྒྱབ་པ་ཡིན་ནམ།
༤ ལ་སྟོད་ཀྱི། མི་བརྒྱ་ལ་རྒྱུ་མ་གཅིག་ཟེར་བ་དེ། ཕྲེང་བ་རེད།
༥ མནན་ན་མཐེབ་གང་བཏང་ན་རི་གང་ཟེར་བ་དེ། མིག་རེད།
༦ དར་ཀན་གྱི། སྨན་པ་ནང་དུ་འཛུལ། སྨན་ཁུག་སྒོ་ལ་ལྷགས། དེ་ད་ངོ་མ་རྒྱོ་རྒྱག་པ་ཡིན་ས་རེད།
༧ Bonpo ཡི། ཤ་ཡི་མེ་མདའ། སྤགས་ཀྱི་་ལྡེའུ་ཟེར་བ་དེ། ཕོ་མཚན་ཡིན་ས་རེད།
༨ མི་ཡི། དགོངས་ཨ་སྔོན་ཁྱི་ནག་ཤ་ར་ར།། ས་དོག་མོ་རྟ་མཆོག་ཅོ་རོ་རོ་།། འདི་ཨ་ཡེ་མེར་མིན་ན་མི་ཤེས།
༩ ལ་སྟོད་བུའི། རྡོ་ཨ་དར་གཅིག་ལ། མིག་གུ་བདུན་དར? འདི་ཁེད་མ་སོང་།
༡༠ Bonpo ཡི། འགུགས་དུས་དཀའ་ལས་ཁག་པོ། བཀུག་ཚར་ན་སྙོག་གྲ་ཚ་པོ་། འབྲི་མགོ་ལག་བཀུག་ནས་འཁྱོས་མ་བྱེད་བཅུག་པ་ཡིན་རྒྱུ་མ་རེད།
ད་ཁེད་ཚར་བ་ཚོར་རུ་བྱིན།
ཨ་ལེ། མ་རེད་མ་རེད། མི་ནག་གི ལྕགས་ཀྱི་ལུང་པར་མེ་ཤོར་ན། ཨོ་རྒྱན་པདྨའི་རྟ་འགྲོགས་ཟེར་བ་དེ། ལྕགས་སླང་ནང་ལ་ནས་བརྔོས་པ་ཡིན་ས་རེད།
མཁས་དབང་མདའ་ཚན་པ་ལ་འཚམས་འད྄ྲི་བཀ྄ྲ་ཤིས་བདེ་ལེགས།
རྡོ་ཨ་དར་གཅིག་ལ། མིག་གུ་བདུན་དར།
ཟེར་བ་ནི་གདོང་པ་རེད།
ཨ་རོགས། འདའ་ཚན་པ་།
ཁྱོད་ཀྱི་མང་ཆེ་བ་ཁེད་འདུག། འོན་ཀྱང་ལྕགས་ཀྱི་ལུང་པ་མེ་ཤོར་། ཨོ་རྒྱན་པདྨའི་རྟ་འགྲོགས་། འདི་གོང་ནས་ཁྱོད་ཀྱི་བཤད་པ་དེ་རེད་བསམ་གི། མེ་འདའ་རྒྱབ་པ། ལྕགས་སླང་ནང་ལ་ནས་བརྔོས་པ་ལ་། ལྕགས་ཀྱི་ལུང་པར་མེ་ཤོར་། འ་ཡེ་སེལ་ལེ་མའི་རྟ་འགྲོགས་། སེམས་ཅན་ཐམས་ཅད་དེ་དགད་། ཟེར་ར་ཡ།
ལ་སྟོད་བུའི་། རྡོ་ཨ་དར་གཅིག་ལ་། མིག་གུ་བདུན་དར་། འདི་མིའི་མགོ་རེད།
ཡ་། ད་ངས་བཤད་རེས་རེད་ལ།
མི་ཐུག་མི་ཐུག་ཟེར་དུས་ཐུག་ག། ཐུག་ག་ཐུག་ག་ཟེར་དུད་མི་ཐུག། ཅི་ཁེད་།
དེ་ཁ་རེད། ཁྱེད་ཚོར་ཁེད་སོང་ན་རུ་སྟེར་རྒྱུ་མེད་ག
ཡ་ད་ངས་རྒྱལ་རབས་ཆོས་འབྱུང་ནང་བཀོད་ཡོད་པའི་ཡོངས་གྲགས་ཀྱི་ཁེད་ཅིག་བཤད། དཔེ་ཀློག་སུ་ཆེ་དང་དྲན་པ་སུ་བཟང་ལྟ་གི་ཡིན། གཤམ་གསལ་གྱི་ཁེད་འདི་གཉིས་གསུང་མཁན་སྲོང་བཙན་སྒམ་པོ་རེད། ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་གྲུབ་པ་དང་། ཀ་བ་རྣམས་ཀྱི་སྟེང་རང་གང་འདོད་པའི་རི་མོ་འདྲ་མིན་སྣ་ཚོགས་བྲིས་ཤིང་བཀོད་པ་ལས། ་་ཕྱི་རབས་རིགས་པའི་ཆོས་གོ་བར་བྱ་བའི་ཕྱིར་གློ་འབུར་ནུབ་བྱང་མཚམས་སུ་ལྡེའུ་བྲིས་སོ། དེ་ནས་བོད་ཀྱི་རྒྱལ་པོས་བོད་ཀྱི་སྐྱེ་བོ་རྣམས་རིག་པའི་ཆོས་ལ་བློ་འཇུག་པའི་ཕྱིརགྲོང་ཁྱེར་པ་རྣམས་བསགས་ནསཁྱོད་རྣམས་ཀྱིས་ངའི་འདི་ལ་ཅི་ཟེར་རྟོགས་པར་བགྱིས་ཤིག་གསུངས། ཐེམ་ཉེར་ཉེར་སྤ་བ་ཕྱིས་ཞ་སེ། དེ་ལ་ཅི་ཟེར་བ་ཡིན་གསུངས།་་ དེ་ཅི་ཁེད།
་་ཚུལ་དེ་ལྟ་བུ་མང་དུ་གསུངས་པས་མི་རྣམས་རྣ་བ་ན་ལྐོག་གཏམ་ཤུབ་པའི་དུས་སུ། དམར་མོ་སྤུ་མེད་བཅུག་ཅིང་ཕྱུང་། ནག་པོ་ཁ་གདངས་གདངས་ཡིན་ཚུམ། ཡོར་ཐོ་མགོ་ཆེ་བསྐྱེད་ཀྱིན་རྒྱབ། དེ་ཅི་ཡིན་གསུངས། ཅི་ཁེད།
སྲོང་བཙན་སྒམ་པོའི་ཁེད་འདི་གཉིས་ཁྱེད་ཚོ་དཔེ་ཆ་བ་ཚོས་དེ་སྔོན་ཏན་ཏན་ཀློག་མྱོང་ཡོད་རྒྱུ་རེད། ད་ཨེ་ཁེད་གི།
ལོ་ལོན་ལགས་དེ་ནི་ཡ་མཆུ་དང་མ་མཆུ་གཉིས་ཚིག་དེ་བར྄ྗོད་དུས་དེ་འད྄ྲ་ཡོང་གི་རེད།
མི་ཐུག་མི་ཐུག་ཟེར་དུས་ཐུག་ག། ཐུག་ག་ཐུག་ག་ཟེར་དུད་མི་ཐུག། ཅི་ཁེད་།
ཚུལ་དེ་ལྟ་བུ་མང་དུ་གསུངས་པས་མི་རྣམས་རྣ་བ་ན་ལྐོག་གཏམ་ཤུབ་པའི་དུས་སུ། དམར་མོ་སྤུ་མེད་བཅུག་ཅིང་ཕྱུང་། ནག་པོ་ཁ་གདངས་གདངས་ཡིན་ཚུམ། ཡོར་ཐོ་མགོ་ཆེ་བསྐྱེད་ཀྱིན་རྒྱབ། དེ་ཅི་ཡིན་གསུངས། ཅི་ཁེད།
མདའ་ཚན་པ་ལགས་དེ་ནི་ར྄ྒ྄ྱ་ན་རོ་ཅན་ག྄ྱི་བ྄ྱ་བར་བཞུགས་པའི་ས྄ྐད་ཆ་ཡིན་ས་རེད།
ལ་སྟོད་ཀྱི་བུ་ལགས།
སྔོན་སྲོང་བཙན་སྒམ་པོ་ལའང་ཁེད་ལན་དེ་ག་རང་བྱུང་བ་རེད། མི་ཚོས་དེ་ནི་ཕོ་མོའི་འདུ་འཕྲོད་ལ་དགོངས་སོ་བྱས་པ་རེད། ངའི་སེམས་ལའང་དང་པོ་དེ་ག་རང་ཤར་བྱུང་། དོན་དངོས་སུ་དེ་མ་རེད། ད་རུང་བསམ་བློ་ཐོངས།
ཨ་ཁུ་མདའ་ཚན་པ་སང་། དམར་མོ་སྤུ་མེད་བཅུག་ཅིང་ཕྱུང་། ལྕགས་མགར་བའི་ཁོལ་ཁུང་ནང་བཅུག་པ་རེད་། ནག་པོ་ཁ་གདངས་གདངས་ཡིན་ཚུམ། ཡར་ཐོ་མགོ་ཆེ་བསྐྱེད་ཀྱིན་རྒྱབ། རྐམ་པ་ཁ་བར་ལ་ལྕགས་བཟུང་སྟེ་ཐོ་བས་བསྐྱེད་ཀྱིན་རྒྱབ་པ་རེད་། མིན་དང་ན་སྤོ་ཞིག་ལང་མི་ཉན་ཡ་། ང་མྱི་སློབ་སྦྱོང་ཅནཞིག་མིན་ཡ།
ཨོ་ཡ། ཁེད་མང་གི ཁེད་གསུམ་པ་དང་བཞི་པ་ཁེད་ཟིན་འདུག ཁེད་གཉིས་པ་དེ་རོ་སྒམ་རེད་ཟེར། ཁེད་དང་པོ་ནི་ཁྱིམ་གཅིག་ལ་མ་གཉིས་དང་བུ་གཉིས་ཡོད་པ་ལ་གོ་བ་རེད་ཟེར།
སྲོང་བཙན་གྱི་ཁེད་དེ་ཚོའི་གཅིག་དེ་དུང་དཀར་སྙན་ངག་ན་འདུག དེའི་ལན་ལ་ནི་མགར་བ་ཞིག་གིས་ལྕགས་དམར་མོ་སྐམ་པས་བཟུང་སྟེ་ཐབ་ཀྱི་ནང་ནས་འདོན་བཞིན་པ་ཞིག་རི་མོར་བྲིས་ཡོད་པ་རེད་ཟེར།
རེད་ཡ། མེ་ཆ་དང་དགེ་འདུན་རབ་གསལ་གཉིས་ཀྱིས་ཁེད་འདུག ད་ངས་ཁྱེད་གཉིས་ལ་སུ་ཚང་སྟེར་དགོས་རེད་གོ དགེ་འདུན་རབ་གསལ་ལ་ཐེའུ་རང་ངམ་བཀྲ་ཤིས་རབ་བརྟན་ཚང་སྟེར། མེ་ཆ་ལ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཚང་སྟེར་གི་ཡིན།
ཁེད་དང་པོ་དེ་སུས་ཁེད་མ་སོང་ང་།
འོ་ན། མ་ལྕེབས་དང་ཐ། བུ་ལྡོམ་དང་ཐ། ཅི་ཁེད་།
ཁེད་སོང་ན་། རུ་གཉིས་སྟེར་ར། འབའ་རྡེའུ་ཚང་དང་ནག་སྟུག་ཚང་གཉིས་ཀ་སྟེར་ར།
ཨ་ཁུ་མདའ་ཚན་པ་སང་གི་རི་གནང་བ་ཐུགས་རྗེ་ཆེ་། ངོམས་སོ་བསྟོད་དགའ་གུས་ཡི་རང་ཡོད་། ཁེད་དང་པོ་དེ་། ཐེམ་ཉེར་ཉེར་སྤ་བ་ཕྱིས་ཞ་སེ། འདི་ཆར་བ་བབས་པའི་རྗེས་སུ། འཇའ་ཚོན་ཤར་བ་རེད་། དེ་མིན་ན་ཤེས་ཀྱིན་མི་འདུག །
ལོ་ལོན་གི་དེ་ངས་ཁེད་གི
སྒོ་ཟྭ་བརྒྱབ་ནས་ལྡེ་མིག་འཁྱེར་ཕྱིན་པ་དེ་རེད། སྒོ་ཟྭ་དེ་མ་རེད།
ལྡེ་མིག་དེ་བུ་རེད། གོང་གི་རུ་དེ་གཉིས་མི་དགོ་ གཞན་པ་ལག་ཡོང་ཡོད་ནི་ཞིག་བྱིན།
མི་བཞི་འདམ་ལ་བ྄ྱིངས་ནས། མི་གཅིག་ཨོ་ཡོ་འདེབས། ཅི་ཁེད
ཨོ་ཡོ་འདེབས་ཞེས་པ་ནི་རང་ཉིད་ཀ྄ྱི་མི་དགའ་སའི་མི་ཞིག་ལ་ར྄ྐ྄ྱེན་ཆག་ས྄ྒོ་བ྄ྱུང་ཚེ་དེར་དགའ་བསུའི་ཐལ་ས྄ྒ྄ྲ་ས྄ྒ྄ྲོགས་པའམ་མཐེ་བོང་ཀེརབཀེར་བ྄ྱེད་ནས་དམར་པོ་དང་ཕན་པོ་བ྄ྱུང་བའི་ར྄ྣམ་འག྄ྱུར་ཅིག