ཟླ་རྗེས་མ་ལ་ཉི་འཛིན་དང་ཟླ་འཛིན་འདུག་པས་དགེ་བསྐུལ་ཞིག་ཞུས་ན་བསམ་བྱུང་། །
དད་དང་བརྩེ་ལྡན་གྱི་སྤུན་ཟླ་རྣམ་པ་དང་། རྒྱལ་ཕྱི་ནང་གི་དཔྱོད་ལྡན་རྣམ་པ་ལགས། ཕྱི་ལོའི་དབང་དུ་སྟངས་ན་ལོ་གཅིག་ཕལ་ཆེ་རྫོགས་འགྲོ་བཞིན་ཡོད་པ་རེད། ལོ་སར་ཟེར་བ་དེ་ཡང་ཉེ་བ་རེད་ཀྱང་། ད་ལོའི་ལོ་འདིའི་ནང་ལ་ཉི་ཟླ་འཛིན་པ་དང་ས་ཆུ་མེ་རླུང་འབྱུང་བཞིའི་གནོད་པ་དག་ལོ་རྒྱུས་ལ་བྱུང་མ་མྱོང་ཡང་བྱུང་ཡོད་པ་རེད། དུས་དང་རྟེན་འབྲེལ་འཁྱུག་པའི་སྐྱོན་ཞིག་རེད་སྙམ་ཡོད། གང་ལྟར་གཟིགས་དང་ཉི་འཛིན་ཟླ་འཛིན་བྱུང་བ་འདི་དག་ལོ་རྒྱུས་དང་སྦྱར་ན་བལྟས་ངན་དང་དུས་གཉེན་གཉིས་ཀ་རེད། གང་ལྟར་ཞུ་དགོས་པ་དངོས་དེ་དེ་རིང་གནམ་གང་རེད། སང་ཉིན་ནས་མགོ་ཟླ་བའི་ཚེས་གཅིག་རེད། མགོ་ཟླའི་ཚེས་བཅོ་ལྔ་ལ་ཉི་ལྡོག་དང་ཟླ་འཛིན་དང་གནམ་གང་ལ་ཉི་འཛིན་ཀྱང་འདུག་པས་དེ་ལུགས་ཀྱིས་རབ་ན་ཟླ་བ་གཅིག་ལ་དགེ་སྒྲུབ་སྡིག་སྤང་། དེ་མ་བྱུང་ན་ཡང་ཚེས་བཅོ་ལྔ་དང་སུམ་ཅུ་ལ་ཤ་མི་ཟ་བ་དང་ཆང་མི་འཐུང་བ་སོགས་གསོ་སྦྱོང་ལ་གནས་པ་དག་ཤིན་ཏུ་གལ་རེད། ང་ཚོ་རང་དྲིན་རང་ལ་ཆེ་བ་རེད་བསམ་ནས་ཞུས་པ་ཡིན། མ་ཚད་ཟླ་འདི་ལ་སྐྱེས་ཆེན་དམ་པ་༧གོང་ས་མཆོག་གི་ཞི་བདེའི་གཟེངས་རྟགས་་བཞེས་པ་དང་ཆོས་རྗེ་དམ་པའི་དུས་མཆོད་སོགས་དམ་པ་དུ་མ་ཞིག་འདས་འཁྲུངས་ཀྱི་དུས་ཆེན་དང་མདོ་རྒྱུད་འགས་ལོ་མགོ་ཡང་འདོད་ཀྱིན་ཡོད་པ་རེད། །དུས་ཡང་གལ་ཆེན་ཞིག་རེད་འདུག དེ་ལ་དུས་ཚོད་བཟང་པོ་དང་ངན་པ་དག་ནི་ཕྱིའི་རྟེན་འབྲེལ་དང་ནང་གི་་བཀྲ་ཤིས་བདེ་ལེགས་བསམ་པ་དེ་རེད། །དེས་ན་རང་རེ་ཚང་མ་བདེ་བ་འདོད་ལ་སྡུག་མི་འདོད་པའི་འགྲོ་བ་སེམས་ཅན་ཀུན་དང་། ཁྱད་པར་སྨྲ་ཤེས་དོན་གོ་བའི་མི་ཞིག་ཡིན་ནས་བཟུང་བཟང་ངན་འབྱུང་འགྱུར་དུས་ལ་ཡང་བསམ་བློ་གཏོང་གི་རེད། དེ་གཙོ་བོ་གང་ཟག་སྒེར་མི་ཚོའི་ཆོས་དང་འཇིག་རྟེན་གྱི་འཚོ་བ་དང་། ཁྱིམ་ཚང་། རང་གི་རྒྱལ་ཁབ་དང་རྒྱལ་ཡོངས་ལ་ཕན་ཐབས་བདེ་བསམ་པ་དེ་རེད། དེ་ནས་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཀུན་ལ་ཕན་བདེའི་བསམ་པ་བྱ་བ་དེ་རེད། བྱམས་བརྩེ་དང་ཕན་བདེའི་རྩ་བ་རྒྱལ་བསྟན་རིན་པོ་ཆེ་འདི་ལ་ཐུག་ཡོད་པ་རེད་། དེ་ཡང་རྒྱལ་བའི་བསྟན་པ་ཞེས་ཕྱི་རོལ་དཔལ་འབྱོར་དང་འཛུགས་བསྐྲུན་ཞིག་ལ་གོ་རྒྱུ་མ་རེད། ནང་སེམས་ཀྱི་བདེ་བ་དང་ཞི་བ་སྐྱིད་པ་ཞིག་ལ་གོ་དགོས་རེད། དེ་ཡིན་དུས་ནམ་རྒྱུན་བསམ་པ་ཀུན་སློང་བཟང་པོ་བཅོས་རྒྱུ་དེ་རེད། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་ཟེར་རྒྱུ་བོ་རེད། །བསམ་པ་བཟང་པོ་དེ་ཡོད་ན་ཡར་དཀོན་མཆོག་ལ་དད་འདུན་གྱི་རེ་བ་བཅའ་ཤེས་ཀྱི་རེད། མར་སེམས་ཅན་ལ་བྱམས་པ་དང་སྙིང་རྗེ་སྐྱེ་ཤེས་རྒྱུ་རེད། སངས་རྒྱས་ལ་དད་པ་དང་སེམས་ཅན་ལ་སྙིང་རྗེ་ཡོད་ནས་བཟུང་དེ་ནང་པ་སངས་རྒྱས་པ་རེད། དེ་ནས་རིམ་པ་བཞིན་དུ་ །གང་ཟག་གང་ཞིག་བློ་རིམ་པ་བཞིན་དང་ཐེག་པའི་གོ་རིམ་དག་རང་རྒྱུད་ལ་འབྱོར་ཡོང་གི་རེད། དེས་ན་དགེ་བསྐུལ་འདི་ཞུས་པ་ཡིན། ང་ཚོའི་ཡིད་ཀྱིས་བསམ་པ་བཟང་པོ་དང་བསྐྱེད་རྫོགས། ངག་གིས་མ་ཎི་སིདྡྷི་འདོན་པ་དང་བསྔོ་སྨོན། ལུས་ཀྱིས་ཕྱག་དང་བསྐོར་བ་དང་སོར་བྱང་སྔགས་ཀྱི་སྡོམ་པ་ལ་གནས་པ་དེ་རེད། དེ་འདྲ་ཞིག་ཡོང་བ་ལ་གསོལ་འདེབས་སྨོན་དམ་བཅའ་བྱས་ པས་རྒྱལ་བ་སྲས་དང་བཅས་པས་མཐུན་འགྱུར་གནང་བར་གསོལ་བར་འདེབས་སོ། །
རང་གཞན་སེམས་སེམས་ཅན་ཀུན་པོ་གཏན་བདེ་བླ་ན་མེད་པའི་ཞིང་མཆོག་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་རུ་གྱུར་ཅིག །
ཨེ་མ་ཧོ། །
རྙེད་དཀའི་མི་ལུས་སྙིང་པོ་ལོན་གྱུར་ཅིག །
ཉོན་མོངས་གཡུལ་རྒྱལ་དགྲ་བཅོམ་ཐོབ་གྱུར་ཅིག །
བྱང་ཆུབ་སེམས་མཆོག་རྒྱུད་ལ་སྐྱེ་གྱུར་ཅིག །
ཡང་གསང་རྫོགས་ཆེན་དེ་ཉིད་རྟོགས་གྱུར་ཅིག །
མ་གྱུར་ནམ་མཁའི་མཐའ་མཉམ་འགྲོ་བ་ཀུན། །
དཀོན་མཆོག་རིན་ཆེན་གསུམ་དང་མི་འབྲལ་ཞིང་། །
སྒྲིབ་བྱང་ཚོགས་རྫོགས་བྱང་ཆུབ་ཐོབ་གྱུར་ནས། །
འཁོར་འདས་ཀུན་བཟང་བདེ་ཆེན་མྱུར་ཐོབ་ཤོག
ཅེས་ཤྲྰིས་སྨོན་པ་དགེའོ། །དགེའོ།།དགེའོ།’ཤྲྰི་སརྦ་ལོ་ཀ་མངྒ་ལཾ་བི་ཛ་ཡནྟུ།།།།
བླ་མ་མཁྱེན། །
དགེ་ལེགས་ཡོན་ཏན་འབྱུང་ཕྱིར་དགེ་བསྐུལ་ཅིག །
ཉི་མ་ལྡོག་འགྱུར་ཉི་འཛིན་དུས་ཆར་དང་། །
ཟླ་བ་ཡར་ངོར་སྒྲ་གཅན་གྱིས་སྒྲིབ་ཚེ། །
ཆོས་རྗེ་ཡིད་བཞིན་ནོར་བུ་སྙིང་ནས་དྲན། །
ཤྲྰིས་སོ། །
ལགས་རེད།
ཚོགས་གསོག་དགེ་བསྐུལ་གྱི་བྱ་བ་གང་འདྲ་ཞིག་ཡིན་ན་ཡང་ཡི་རངས་བའི་གནས་སུ་ལགས་མོད། འོན་ཀྱང་། ཉི་འཛིན་ཟླ་འཛིན་ཟེར་བ་ནི་དེ་འདྲའི་དུས་ཆེན་གལ་ཆེན་གང་ཡིན་ས་མ་རེད།
གང་ལགས་ཟེར་ན། ཟླ་བ་སའི་གོ་ལར་བསྐོར་བ་རྒྱག་སྐབས་ཉི་མའི་དྲང་ཐད་དུ་འཁེལ་བ་ཙམ་རེད།
ཚོགས་དང་དགེ་བ་དག་ནི་ཚོུད་སྐར་མ་གཅིག་ལའང་བྱ་ཐུབ་ན་ཡག་ཤོས་རེད།
ཚོགས་བསོག་དགེ་བསྐུལ་གནང་བར་སྙིང་ནས་ཡི་རངས་ཞུ།
གླིང་བཞི་གསལ་བར་བྱེད་པའི་ཉི་ཟླ་གཟའ་ཡིས་ཟིན་པ་དང་ཐར་པའི་ལམ་སྣ་འདྲེན་པའི་རྩ་བའི་བླ་མའི་འདས་འཁྲུངས་དང་དྲིན་ཅན་གྱི་ཕ་མ་ལས་སོགས་དུས་པོ་ཆེ་ཡི་གནས་སྐབས་སུ་མཚན་བཅས་མཚན་མེད་ཀྱི་དགེ་བའི་ཚོགས་གསོག་ལ་འབུངས་ན་ཤིན་ཏུ་ནས་དགེ་འགྱུར་ཆེ་བར་ལུང་ནས་བཤད་ཅིང་དེ་དག་ལ་ཡིད་ཆེས་ཀྱང་བྱེད་དགོས།
ཉི་ཟླ་གཟའ་ཡིས་ཟིན་པ་སོགས་ཚན་རིག་གིས་མི་འདོད་རུང།
དེ་དག་ནི་འཇིག་རྟེན་འཁོར་བའི་སེམས་ཅན་རྣམས་ལ་དགེ་སྡིག་སྒྲུབ་པའི་རྟགས་སུ་བཤད་ཅིད་ལྷག་པར་དུ་སྣོད་བཅུད་འཇིག་རྟེན་འདི་དག་ཐམས་ཅད་སྲ་ཞིང་བརྟན་པ་འདི་ཀྱང་འགྱུར་ལྡོག་གི་རང་བཞིན་ཅན་དུ་ཡིན་དུས་སྐྱེ་འགྲོ་སྲོག་དབུགས་ཀྱིས་བསྡུས་པའི་སེམས་ཅན་རྣམས་ནི་རྩ་འགོའི་ཟིལ་པ་དང་འདྲ་བར་འཇིགས་སླ་བར་ཤེས་པའི་ཆེད་དུ་འདི་དག་གི་ལྟས་སྟོན་པ་ཡིན་པས་དེས་ན་དུས་དེ་དག་གི་སྐབས་སུ་ཆགས་སྡང་གཏི་མུག་གིས་གཙོས་པའི་ཉོན་ཤེས་ཀྱི་སྒྲིབ་པ་རྣམས་ཞི་ཕྱིར་ནང་གི་སེམས་ཞི་ཞིང་དུལ་བ་དང་ཀུན་ལ་ཕན་པའི་བྱང་སེམས་དང་སྐྱབས་འགྲོའི་སེམས་སྒོམ་པ་དང་
རབ་འབྲིང་ཐ་གསུམ་གྱི་ལྟ་བ་རྣམས་ཡིད་ལ་བྱེད་ཚེ་ཉི་ཟླ་གཟའ་ཡིས་ཟིན་རུང་ས་ཡིས་གོ་ལས་སྒྲིབ་རུང་རང་ལ་དགོས་པའི་དགེ་མཚན་བླ་ན་མེད་པ་ཞིག་ཐོབ་ཀྱིན་ཡོད་དོ།
གོང་དུ་དགེ་བསྐུལ་གནང་བའི་གང་ཟག་དག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རེད་ཡ། ཚེས་པ་བཅུ་ནི་གུ་རུ་རིན་པོ་ཆེས་བྱིན་གྱིས་རླབས་པའི་དུས་ཆེན་དང་། ཚེས་པ་བཅོ་ལྔ་ནི་སྟོན་པ་ཐུབ་པའི་དབང་པོས་བྱིན་གྱིས་རླབས་པའི་དུས་ཆེན་ཁྱད་པར་ཅན་ཞིག་ཡིན་དུས་དེ་རྣམས་ལ་ཚོགས་བསགས་བྱས་ན་དགེ་བ་རླབས་པོ་ཆེ་ཐུབ་པར་གསུངས་ཡོད། དེ་བཞིན་དུ་ཉི་འཛིན་དང་ཟླ་འཛིན་ལ་ཁེལ་བའི་དུས་ལ་དགེ་བ་བསགས་ན་འབུམ་འགྱུར་ཡིན་པར་སྔོན་གྱི་བླ་མ་རྣམས་ཀྱི་གསུངས་སྲོལ་ཡོད། དེ་ཚོ་ཡང་ང་ཚོ་བོད་པའི་ཐུན་མིན་གྱི་རིག་གཞུང་དང་ཁྱད་ཆོས་སུ་བཞག་ན་མ་འགྲིག་པ་ཡོད་རྒྱུ་མ་རེད་དྲན།
ང་ཚོའི་ནམ་རྒྱུན་བོད་པའི་རིག་གཞུང་ཉམ་འགྲོ་གི་འདུག་ཅེས་བཤད་ཀྱི་ཡོད། འོན་ཀྱང་རིག་གཞུང་ག་འདྲ་བྱེད་ནས་ཉམ་གྱི་ཡོད་མེད་བསམ་རྣོ་མང་པོ་གཏོང་གི་མེད། ག་འདྲ་བྱེད་ནས་ཉམ་གྱི་ཡོད་ཟེར་ན། རང་མིའི་རང་གི་རིག་གཞུང་ལ་སྨད་པ་དང་། རང་གི་ཁྱད་ནོར་དེ་ཚོ་ཧ་མ་གོ་བ་དང་། ཧ་གོ་ནའང་བདག་པོ་བྱེད་མ་ཤེས་ནས་རིག་གཞུང་ཉམ་གྱི་ཡོད་པར་འདོད།
ཟླ་འཛིན་དང་ཉི་འཛིན་ལ་དགེ་བ་འབུམ་འགྱུར་ཡོད་ན་དེ་ཡག་པོ་ཅིག་རེད་མ་གཏོགས་སྡུག་པོ་ཅི་མ་རེད། ང་ཚོ་བོད་པ་ལ་དགེ་བ་འབུམ་འགྱུར་བྱེད་པའི་ཉི་མ་ཞིག་ཡོད་པ་དེའང་གཞན་ལ་མེད་པའི་ཐུན་མིན་གྱི་ཁྱད་ཆོས་ལགས་སོ།
རེད། རེད།
ཉི་མ་དང་ཟླ་བ་གཟའ་ཡིས་བཟའ་དུས་ང་ཚོས་མ་ཎི་བཏོན། ཀི་བཏབ། ཤུགས་ཆེན་པོས་སྐད་རྒྱབ་ན་གཟའ་ཡིས་ཉི་མ་མགྱོགས་པོ་གློད་བཞག་གི་རེད། སོང་ཙང་། དགེ་བ་ལེ་ཡོད།
དེ་བཞིན་དུ་མན་ཌལ་སོགས་ཕུལ་བ་ལ་ཡང་དགེ་བ་ཡོད་པ་རེད། གང་ཟེར་ན། རི་ཡི་རྒྱལ་པོའི་མཐའ་ལ་གླིང་བཞི་གླིང་ཕྲན་སོགས་རིམ་གྱིས་གནས་ཡོད་པ་སོགས་ཡིད་ལ་སྒོམས་པས་རེད།
དེ་ཚོ་ནི་དངོས་ཡོད་ལ་སོང་ཙང་དགེ་བ་རླབས་པོ་ཆེ་ཡོད་རེད།
སྔ་མོའི་མིས་གང་བྱས་པ་དེ་ཚོ་ང་ཚོས་ངེས་པར་དུ་བྱེད་དགོས་གི་རེད།
ཡ་མཚན་ཅན་ལ་ཡ་མཚན་གི་ཡ། མངོན་སུམ་ཚན་རིག་པ་ལ་རྒོལ་ནས་དགེ་བ་སྒྲུབ་ན་འགལ་འདུའི་ཕུང་པོ་ཞིག་རེད། རྟོག་བཏགས་རང་རེད།
ཉིན་ཟླ་གཟའ་འཛིན་ཚན་རིག་མཐུན་པ་ཨེ་མ་མཚར། །
མཎཌལ་ཕུལ་དུས་རི་རབ་གླིང་གཞིའི་འདྲ་མཚུངས་ཙམ། །
ཚེ་བཟང་དུས་བཟང་ལྡབ་འགྱུར་ཕན་ཡོན་རྒྱུ་མཚན་ཡོད། །
རྟེན་འབྲེལ་རྟེན་འབྱུང་བསླུ་མེད་བསམས་ནས་དགེ་འབུངས་མཛོད། །
མདོ་ལྷ་ཁམས་པ་དང་ལ་སྟོད་བུ་སོགས་ཚན་རིག་མི་ཤེས་མཁན་ཚོས་ཚན་རིག་བཤད་མི་ཤེས་ནའང་ཚན་རིག་བཤད་ནས་བོད་ཀྱི་རིགས་གནས་མི་ཤེས་རུང་དགག་གི་ཡིན་ཟེར་བ་ནི་ཡོད་སྐྱོ་བ་ཞིག་མ་རེད་དམ། གཟའ་ཟེར་བ་ནི་ཉི་མ་ཟླ་བ་མིག་དམར་སོགས་གོ་ལ་ཚང་མའི་མིང་རེད། དེ་ནི་བྱིས་པ་ལོ་བཞི་ཡན་གྱི་ཤེས་གི་རེད། ཉི་ཟླ་སྒྲ་གཅན་གྱིས་བཟུང་བ་འམ་སྒྲིབ་པ་རེད། སྒྲ་གཅན་ནི་སེར་ལམ་དང་དཀར་ལམ་གྱི་མིང་ཡིན། བོད་ཀྱི་ཚན་རིག་པ་ཚོས་སེར་ལམ་དཀར་ལམ་གཉིས་ཀྱི་འཕྲད་མཚམས་གཉིས་ལ་སྒྲ་གཅན་གྱི་གདོང་དང་མཇུག་མ་ཟེར། རྒྱ་གར་བས་ར་ཧུ་ལའི་གདོང་དང་མཇུག་མ་ཟེར། ཁ་ཆེ་དང་གྷ་རི་སིའི་ཚན་རིག་པས་འབྲུག་གི་མགོ་དང་མཇུག་མ་ཟེར། གཟའ་འཛིན་བྱུང་ས་འཕྲད་མཚམས་དེ་གཉིས་ནས་བྱུང་གི་ཡོད་པ་རེད། འདི་ནི་ཚན་རིག་ཡང་དག་ཅིག་རེད། བོད་པའི་ཚན་རིག་པ་ཚོས་གཟའ་འཛིན་སྐབས་ཆོས་སྒྲུབ་ན་དགེ་བ་ཡོད་པར་བཤད་པ་ནི་ཕྱིའི་འཇིག་རྟེན་དང་ནང་གི་འཇིག་རྟེན་བར་གྱི་ཆོས་ཉིད་ཀྱི་འབྲེལ་བ་ཞིག་བཤད་གི་ཡོད་པ་རེད། མདོར་ན་གོ་ལའི་འགྱུར་འགྲོས་དང་ནང་གི་རྩ་ཁམས་ཀྱི་འབྲེལ་བ་ཞིག་བཤད་གི་འདུག དེང་སྐབས་ཚན་རིག་པས་ཉི་མའི་ནང་གི་ཚ་རླབས་ཀྱི་ཟེགས་མ་རེ་རེ་དང་ང་ཚོའི་ལུས་ཕུང་གི་ཚ་དྲོད་རེ་རེ་ལ་ཡང་འབྲེལ་ཡོད་པར་བཤད་གི་འདུག་ག
བོད་པ་ལགས། ཐུགས་རྗེ་ཆེ།
ཉི་འཛིན་དང་ཟླ་འཛིན་ཟེར་བ་འདི་ཚོ་དོན་དངོས་ཉི་ཟླ་དང་ས་གཞི་རིལ་མོའི་དབར་ལ་དངོས་པོ་གཞན་ཞིག་རྒྱུག་ནས་དེའི་སྒྲིབ་ནག་དེའི་དུས་ཚོད་རིང་ཉི་འཛིན་སོགས་ཟེར།
སྔོན་མ་མིག་མཐོང་ཚན་རིག་གི་འཕྲུལ་ཆས་མེད་པའི་སྐབས། ཆོས་པ་ཚོས། དེ་ནི་ཟླ་བ་འམ་ཉི་མ་བདུད་ཀྱིས་འཛིན་པ་རེད་ཅེས་འགྲེལ་བཤད་བརྒྱབ། སྒྲིབ་མའི་དུས་ཡུན་རིང་དགེ་བ་སྒྲུབ་ན་ཕན་པ་ཆེ་སོགས་བཤད། ད་ཆ་ཚན་རིག་དར་སྐབས་དེ་ཡང་བདེན་པ་མེད་པ་ཚང་མར་གསལ་བར་བསྒྲགས།
གལ་ཏེ་དགེ་སྐུལ་རྣལ་མ་གཅིག་བྱེད་འདོད་ན། ཟླ་བ་མི་རེའི་ཚེས་ག་གེ་མོ་ཞིག་ལ་གནམ་འོག་གི་བོད་པ་ཐམས་བཅད་ཀྱིས། མི་རིགས་སླར་གསོའི་ཉིན་མོ་ཞིག་གཏན་འཁེལ་བྱས་ནས་ཉིན་དེར་བོད་སྐད་རྒྱག་པ་དང་བོད་ཀྱི་ལོ་རྒྱུས་སོགས་སྦྱང་ན་ཕན་པ་ཆེ།
ཉི་འཛིན་སྐོར་ཤེས་འདོད་ན། གཤམ་གྱི་དྲ་ཐག་ཐོག་ཕེབས། དེ་ནི་ཨ་རིའི་གནམ་དཔྱད་ལས་ཁུངས་ཀྱིས་བཟོས་འདུག རྒྱ་གར་གྱི་ཆོས་པ་ཚོའི་འགྲེལ་བཤད་ལས་ཏོག་ཙམ་བདེན་པ་ཆེ་བར་སྣང་།
http://eclipse.gsfc.nasa.gov/eclipse.html
ཉི་འཛིན་ཟླ་འཛིན་ཇི་ལྟར་ཟེར་ནས།
བོད་པ་བརྒྱ་ལ་སྐད་ཆ་དྲིས་ན།
གཅིག་གི་ལན་ལ་འགྲིགས་རྟགས་ཐོབ་ན།
གཅིག་པོ་དེ་ནི་བོད་པ་མིན་ནམ།
ཧཧཧ།
ཉི་ཟླ་ནོར་བུ་ཞེས་པ་དེ་ལ་ཕྱི་ནང་གསང་བ་གསུམ་ལ་གོ་རྒྱུ་ཡོད། དེས་ན་དགེ་བསྐུལ་ཡང་དག་ཅིག་ཡིན་ནོ། ཡིན་ན་ཡང་འགའ་རེས་རྩེད་མོ་འདྲ་དང་སྒྲོ་བཀུར་གྱི་གནས་སུ་མཐོང་གི་འདུག་ན་ཡང། གང་ལྟར་ལོ་རྒྱུས་དང་ཚན་རིག་འདི་དག་འཇིག་རྟེན་ཐུན་མོང་ལྟར་སྦྱར་ནས་བཤད་དགོས་པ་རེད། འཇིག་རྟེན་པས་ས་ལ་རི་མོ་བྲིས་ནས་གནམ་གྱི་ཆགས་ཚད་ཤེས་ཞེས་པ་ལྟར། རྒྱུ་སྐར་དང་གོ་ལ་ཁྱིམ་གྱི་བགྲོད་པ་དང་རྩིས་དཀར་ནག་དག་ལ་བྱང་བ་ཞིག་ཡིན་རྩོད་ཉོག་འདི་དག་འབྱུང་གི་མ་རེད། ཚན་རིག་དང་སྦྱར་ན་རྩིས་ཚུལ་ཕུལ་བྱུང་གི་གོ་བ་རེ་བཤད་རྒྱུ་ཡོད་ཀྱང་དྲ་སྟེང་འདི་ཚོ་ལ་བཀོད་ན་གནས་སྐབས་སུ་དགོས་པ་ཡང་ཆེར་མ་མཐོང་བ་དང་དགེ་བསྐུ་རང་གིས་བཟོས་དགེ་བ་རང་གིས་མ་སྒྲུབ་ན་འགྲིག་གི་མི་འདུག་པས་དུས་ཚོད་ཡང་མེད་པས་དེ་ཙམ་མོ། ཁྱེད་ཚོས་ཉི་ཟླ་འཛིན་པའི་དུས་ཚོད་དེ་ནམ་ཡིན་མ་ཤེས་པ་ཡིན་ན་ཟླ་བ་ཧྲིལ་འཛིན་དེ་རང་ཡུལ་དང་རྒྱ་གར་ཕྱོགས་ནས་ཉིན་དཀར་ལ་ཁེལ་བས་མི་མཐོང་རུང་དགེ་སྡིག་འགྱུར་ལ་ཁྱད་པར་མེད་པས་དགེ་སྦྱོར་ལ་འབད་པར་འཚལ།། ཉི་འཛིན་དེ་རྒྱ་གར་ཆུ་ཚོད་༡༣ དང་སྐར་མ་༢ ལ་ཐོག་ཉི་མ་འཛིན་འགོ་བརྩམ་ཡང་འཛིན་ཆ་ཆུང་ལ་འཛིན་ཡུན་ཐུང་བས་མཐོང་བར་བཀའ་ཡང་ཤིན་ཏུ་ལས་འབྲས་ལ་བསླུ་བ་མེད་པར་མངོན་ནོ།
དབྱིན་ཡིག་ཅིག་ཏུ་བྲིས་པ་ཡང་འདི་ལྟར། །
Solsstice 23:38GMT
The shortest day in the northern hemisphere.
The longest day in the southern hemisphere,
Total Luner Eclipse’ The entere event is visible from N,America and western S. America. For Europe and Africa the moon sets during the …eclipse. Partial eclipse is from 06:32 to 10:01GMT.Totality is from 07:40 to 08:53GMT.Greatest eclipse takes place at 08:17GMT.
New moon
Partial Solar Eclipse’
The eclipse starts at 06:60 and ends at 11:40 ands at 11:00 greatest eclipse is at 08:51 with magnitude of 0.858. it willbe visible from Europe, northern Africa and central Asia.
སླར་སྨྲས་པ། །
ཕྱི་ཡུལ་སྣང་མཚན་ཉི་ཟླའི་དཀྱིལ་འཁོར་ལ། །
དག་པ་སྒྲ་གཅན་ལྷུམས་སུ་ཞུགས་པའི་གཏམ། །
ནང་རྩ་རོ་རྐྱང་ལས་རུང་རྟེན་འབྲེལ་ངང་། །
གསང་ཆེན་བདེ་སྟོང་ཟུང་འཇུག་དབུ་མ་ཆེ། །
མཁྱེན་རབ་དབང་ཕྱུག་རིག་པའི་ཡེ་ཤེས་ལགས། །
ཤྲྰིས་སོ། །
ཉི་ཟླ་ནོར་བུ་ཞེས་པ་དེ་ལ་ཕྱི་ནང་གསང་བ་གསུམ་ལ་གོ་རྒྱུ་ཡོད། དེས་ན་དགེ་བསྐུལ་ཡང་དག་ཅིག་ཡིན་ནོ་སྙམ། ཡིན་ན་ཡང་འགའ་རེས་རྩེད་མོ་འདྲ་དང་སྒྲོ་བཀུར་གྱི་གནས་སུ་མཐོང་གི་འདུག་ན་ཡང། གང་ལྟར་ལོ་རྒྱུས་དང་ཚན་རིག་འདི་དག་འཇིག་རྟེན་ཐུན་མོང་ལྟར་སྦྱར་ནས་བཤད་དགོས་པ་རེད། འཇིག་རྟེན་པས་ས་ལ་རི་མོ་བྲིས་ནས་གནམ་གྱི་ཆགས་ཚད་ཤེས་ཞེས་པ་ལྟར། རྒྱུ་སྐར་དང་གོ་ལ་ཁྱིམ་གྱི་བགྲོད་པ་དང་རྩིས་དཀར་ནག་དག་ལ་བྱང་ཆ་ཐོབ་པ་ཞིག་ཡིན་ན་རྩོད་ཉོག་འདི་དག་འབྱུང་གི་མ་རེད། ཚན་རིག་དང་རྩིས་རིག་སྦྱར་ནས་རྩིས་ཚུལ་ཕུལ་བྱུང་གི་གོ་བ་རེ་བཤད་རྒྱུ་ཡོད་ཀྱང་དྲ་སྟེང་འདི་ཚོ་ལ་བཀོད་ན་གནས་སྐབས་སུ་དགོས་པ་ཡང་ཆེར་མ་མཐོང་བ་དང་དགེ་བསྐུལ་རང་གིས་བཟོས་དགེ་བ་རང་གིས་མ་བསྒྲུབ་ན་འགྲིག་གི་མི་འདུག་པས་དུས་ཚོད་ཡང་མེད་པས་དེ་ཙམ་མོ། ཁྱེད་ཚོས་ཉི་ཟླ་འཛིན་པའི་དུས་ཚོད་དེ་ནམ་ཡིན་མ་ཤེས་པ་ཡིན་ན་ཟླ་བ་ཧྲིལ་འཛིན་དེ་རང་ཡུལ་དང་རྒྱ་གར་ཕྱོགས་ནས་ཉིན་དཀར་ལ་ཁེལ་བས་མི་མཐོང་རུང་དགེ་སྡིག་འགྱུར་ལ་ཁྱད་པར་མེད་པས་དགེ་སྦྱོར་ལ་འབད་པར་འཚལ།། ཉི་འཛིན་དེ་རྒྱ་གར་ཆུ་ཚོད་༡༣ དང་སྐར་མ་༢ ལ་ཐོག་ཉི་མ་འཛིན་འགོ་བརྩམ་ཡང་འཛིན་ཆ་ཆུང་ལ་འཛིན་ཡུན་ཐུང་བས་མཐོང་བར་བཀའ་ཡང་ཤིན་ཏུ་ལྐོག་གྱུར་ལས་འབྲས་ལ་བསླུ་བ་མེད་པར་མངོན་ནོ།
དབྱིན་ཡིག་ཅིག་ཏུ་བྲིས་པ་ཡང་འདི་ལྟར། །
Solsstice 23:38GMT
The shortest day in the northern hemisphere.
The longest day in the southern hemisphere,
Total Luner Eclipse’ The entere event is visible from N,America and western S. America. For Europe and Africa the moon sets during the …eclipse. Partial eclipse is from 06:32 to 10:01GMT.Totality is from 07:40 to 08:53GMT.Greatest eclipse takes place at 08:17GMT.
New moon
Partial Solar Eclipse’
The eclipse starts at 06:60 and ends at 11:40 ands at 11:00 greatest eclipse is at 08:51 with magnitude of 0.858. it willbe visible from Europe, northern Africa and central Asia.
སླར་སྨྲས་པ། །
ཕྱི་ཡུལ་སྣང་མཚན་ཉི་ཟླའི་དཀྱིལ་འཁོར་ལ། །
དག་པ་སྒྲ་གཅན་ལྷུམས་སུ་ཞུགས་པའི་གཏམ། །
ནང་རྩ་རོ་རྐྱང་ལས་རུང་རྟེན་འབྲེལ་ངང་། །
གསང་ཆེན་བདེ་སྟོང་ཟུང་འཇུག་དབུ་མ་ཆེ། །
མཁྱེན་རབ་དབང་ཕྱུག་རིག་པའི་ཡེ་ཤེས་ལགས། །
ཤྲྰིས་སོ། །
ན་མོ་གུ་རུར།
ཕྱི་རུ་སྣང་བ་ཉི་ཟླ་ཚ་བསིལ་གཉིས། །
ནང་དུ་སྣང་མེད་རོ་རྐྱང་རྩ་གནད་གཉིས། །
གསང་བ་བྱང་སེམས་རཀྟར་འབྲེལ་བ་གཉིས། །
ཕྱི་ནང་གསང་གསུམ་རྟེན་འབྲེལ་ཐབས་ཤེས་གཉིས། །
ཐབས་ཤེས་ཡ་བྲལ་ཉན་རང་ཆོས་ལ་དད། །
ཐབས་ཤེས་ཟུང་འབྲེལ་ཐེག་ཆེན་ཆོས་ལ་འབད། །
ཐབས་ཤེས་ཟུང་འཇུག་གསང་སྔགས་ཆོས་ལ་འབུངས། །
ཐབས་ཤེས་སྟོན་མཛད་མཁན་བླར་གསོལ་འདེབས་གྱིས། །
ཚེས་གཅིག་ཚེས་བརྒྱད་ཚེས་བཅུ་ཚེས་བཅོ་ལྔ། །
ཉེར་ལྔ་ཉེར་དགུ་སུམ་ཅུའི་གནམ་གང་ལ། །
ཚེས་བཟང་དུས་བཟང་བརྩི་བ་བོད་ལུགས་ཆོས། །
བོད་རིགས་རྒན་གཞོན་དར་མ་ཚང་མས་གཟོབ། །
ཀ་རམ་པས།
ཀྱེེ།
ཉི་མ་ཟླ་བ་མིག་དམར་ལྷག་པ་དང་། །
ཕུར་བུ་པ་སངས་སྤེན་པ་གཙོ་བཅས་པའི། །
གཤིན་རྒྱལ་གནམ་རྒྱལ་མཚོ་རྒྱལ་ལ་སོགས་པ། །
སྟོང་ཁམས་གསུམ་པའི་མ་བུ་དགུ་ཚོགས་ཡིན། །
ས་ཡ་བྱེ་བ་ཕྲག་བརྒྱར་གཡོས་པ་ལས། །
བྱུང་བའི་ལས་ཀྱི་འབྱུང་བཞིའི་འཇིག་རྟེན་རྣམས། །
བུ་ཡི་ཚོགས་ཀྱིས་མ་ལ་བསྐོར་བ་བཞིན། །
ཉི་མའི་གཟའ་ཁྱིམ་གང་བོ་འདི་ན་བཞུགས། །
མིག་དམར་ལ་སོགས་རྒྱུ་སྐར་བུ་ཆུང་རྣམས། །
ཉིན་མཚན་དུས་དྲུག་བར་མེད་ངང་གིས་ནི། །
ཡུམ་ཆེན་ཉི་མར་སྦྲང་མའི་སྦྲང་རྩི་བཞིན། །
ལྡིང་བསྐོར་འཚང་འཚང་བྱེད་པ་ཨེ་མ་མཚར། །
འོན་ཏང་འདི་ན་དངོས་པོའི་གཤིས་ལུགས་ལ། །
བལྟ་བའི་མིག་ནི་ལུང་ཏོག་གིས་བསྒྲིབ་པའི། །
སྐྱེས་བུའི་ཚོགས་འགའ་རྨོངས་པའི་རྨག་རུམ་ན། །
ཚོམ་མེད་བསྐྱོད་པ་ཨེ་མ་ཤིན་ཏུ་བླུན། །
ཉི་འཛིན་ཟླ་འཛིན་ཇི་ལྟར་ཟེར་ནས།
བོད་པ་བརྒྱ་ལ་སྐད་ཆ་དྲིས་ན།
གཅིག་གི་ལན་ལ་འགྲིགས་རྟགས་ཐོབ་ན།
གཅིག་པོ་དེ་ནི་བོད་པ་མིན་ནམ། ཧཧཧ།
ཟེར་བའི་ལན།
དངོས་པོའི་གནས་ལུགས་དཔྱད་པ་ལ་མང་གཙོས་ཐགས་གཅོད་བྱེད་རྒྱུ་ཞིག་ཡོད་པ་མ་རེད། དཔེར་ན་གཟའ་མིག་དམར་ནང་ན་ཆུ་ཡོད་མེད་ཚན་རིག་པས་བརྟག་དཔྱད་བྱེད་དགོས་པ་ལས་མི་མང་ལ་སྐད་ཆ་དྲིས་ནས་ཐགས་གཅོད་དགོས་པ་ཞིག་ཡོད་པ་མ་རེད། ཁམས་པ་ཁྱེད་ངོ་མ་བླུན་པོ་ཟེར་བ་རེད་ཡ།
ཚངས་དབྱངས་ལགས། ཁྱེད་ཀྱིས་བཤད་པའི་སྐད་ཆ་འདི་དག་བོད་ཀྱི་དཔེ་ཆ་གང་གི་ནང་ན་འདུག། ཤོག་ངོས་གང་ན་འདུག གསལ་བོར་གསུངས་རོགས་ཞུ།
ཉི་འཛིན་དང་ཟླ་འཛིན་ཟེར་བ་འདི་ཚོ་དོན་དངོས་ཉི་ཟླ་དང་ས་གཞི་རིལ་མོའི་དབར་ལ་དངོས་པོ་གཞན་ཞིག་རྒྱུག་ནས་དེའི་སྒྲིབ་ནག་དེའི་དུས་ཚོད་རིང་ཉི་འཛིན་སོགས་ཟེར།
སྔོན་མ་མིག་མཐོང་ཚན་རིག་གི་འཕྲུལ་ཆས་མེད་པའི་སྐབས། ཆོས་པ་ཚོས། དེ་ནི་ཟླ་བ་འམ་ཉི་མ་བདུད་ཀྱིས་འཛིན་པ་རེད་ཅེས་འགྲེལ་བཤད་བརྒྱབ། སྒྲིབ་མའི་དུས་ཡུན་རིང་དགེ་བ་སྒྲུབ་ན་ཕན་པ་ཆེ་སོགས་བཤད།
ཚངས་དབྱངས་ལགས། ཁྱོད་ཀྱི་གོང་གི་མཆན་དུ་འདི་ལྟར་བྲིས་འདུག ༼སྔོན་མ་མིག་མཐོང་ཚན་རིག་གི་འཕྲུལ་ཆས་མེད་པའི་སྐབས། ཆོས་པ་ཚོས། དེ་ནི་ཟླ་བ་འམ་ཉི་མ་བདུད་ཀྱིས་འཛིན་པ་རེད་ཅེས་འགྲེལ་བཤད་བརྒྱབ། སྒྲིབ་མའི་དུས་ཡུན་རིང་དགེ་བ་སྒྲུབ་ན་ཕན་པ་ཆེ་སོགས་བཤད། ད་ཆ་ཚན་རིག་དར་སྐབས་དེ་ཡང་བདེན་པ་མེད་པ་ཚང་མར་གསལ་བར་བསྒྲགས། ༽ འདི་ཆོས་ལུགས་གང་ཞིག་ན་གསུང་ཡོད་པ་དང་། ཆོས་ལུགས་ཀྱི་དེབ་གང་ཞིག་ན་གསུང་ཡོད་པ་གསལ་ཁ་གནང་རོགས་མཁྱེན།
ཨ་རོ། ཨ་རོ། བོད་པ་ཟེར་ཡ།
ཁམས་པ་ལ་བླུན་པོ་མ་ཟེར་མ་གཏོགས། ཁམས་པ་ཚོ་བླུན་པོ་ཡིན་ན་ཡང་བློ་ཁོག་ཆེན་པོ་ཡོད་རེད་དྭ།
གལ་ཏེ་ཧ་གོ་ཚེ། ཁྱོད་མི་སྐྲག་ག ྄ ཨ་ལེ་རྩེད་མོ་ཡིན་དྭ།
མིང་མཐའ་ན་ཁམས་ཡོད་ན་ཁམས་པ་ཡིན་་་ཨེ་དགོས། མཁས་པས་ཐུགས་མཉམ་མ་བཞག་དབང་བཏང་ནས་གུ་ཡང་བཏང་ཡིན་དྭ།
ཁམས་པ་ཡིན་ན་མདོ་དབུས་ཁམས་གསུམ་གྱི་ཁམས་པ་ཡིན་དགོས་པ་རེད་དམ། མ་གཞི་ཁམས་པ་ཁྱེད་ཟེར་བའི་ཁྱེད་ནི་མི་གཅིག་ལ་གོ་དགོས་པ་ཤེས་དགོས་པ་རེད་ལོ།
ངས་ཟེར་བ་ནི་མདོ་ལྷ་ཁམས་པ་བླུན་པོ་ཁྱེད་ལ་ཟེར་ཡིན།
བོད་པ་དང་གཞོན་ནུ་ཟླ་མེད་ལག།ས
ཁྱེད་རྣམས་ལ་ལན་བསྟེར་བར་བྱའོ། གསན་པར་ཞུ། ཆོས་ལུགས་དེ་ཧིན་རྡུའི་ཆོས་ལུགས་ནང་ནས་ཐོག་མ་བྱུང་། ཕྱིས་སུ་བོད་པའི་ཆོས་པ་རྣམས་ཀྱིས་རྗེས་བྲངས་བྱེད་བཞིན་འདུག
དང་པོ། ཉི་ཟླ་བདུད་སྒྲ་ཅན་འཛིན་གྱི་བཟོས་པའི་སྐོར་ལ་ཧིན་འདུའི་ཡིག་ཆ་མང་པོའི་ནང་ལ་འདུག གོང་ལ་མི་ཁ་བདེ་པོ་ཞིག་གིས་སྒྲ་ཅན་འཛིན་ཟེར་བ་འདི་བདུད་མིན་པའི་བསེལ་གྲོལ་བྱས་རུང་དེ་བླུ་བྲིད་ཀྱི་གཏམ་རེད། སྒྲ་ཅན་འཛིན་ཟེར་ན་ཧིན་རྡུའི་སྐད་ནང་ལ་rahuཟེར་བ་འདི་རེད། ཁྱེད་ཚོའི་ལན་ལ་ཆོས་དེ་ཧིན་རྡུའི་ཆོས་ལུགས་ནང་ལ་འདུག དེ་བོད་སྔ་མ་རྣམས་ཀྱིས་ལད་མོ་བྱས་ནས་ཉི་ཟླ་འཛིན་གྱི་སྐོར་ལ་དགེ་བ་སྒྲུབ་དགོས་པ་ཤོད་ཀྱི་འདུག ལན་དང་པོ་དེ་དྲ་ཐག་དང་ནང་དོན་གཤམ་ལ་ཡོད།
འདིར་གཟིགས་དང་།
http://www.sanskrit.org/www/Astronomy/Rahu.html
Astronomy
Rahu and Ketu–The Invisible Planets
Why do Hindus believe that the mythological demons Rahu and Ketu cause solar eclipses?
In Hindu mythology there is a wonderful story that describes how the gods and the demons once formed an alliance to produce a nectar that could give them immortality. This is the story of the churning of the milk-ocean and the descent of Lord Visnu as the Kurma avatara, the divine tortoise. When the nectar that was churned from this ocean was being served to the gods, a demon, disguised as a god, sat between the Sun and the Moon in an attempt to procure the nectar. When he was detected by the Sun and the Moon, Lord Visnu immediately severed his head from his body. Unfortunately, it was not fast enough, for the demon had already tasted a small quantity of the nectar and had become immortal. Ever since, this demon is said to wreak vengeance on the Sun and Moon whenever they come near. The head of this great demon is known as Rahu and his tail is known as Ketu.
In Hindu astrology Rahu and Ketu are known as two invisible planets. They are enemies of the Sun and the Moon, who at certain times of the year (during conjunction or opposition) swallow the Sun or the Moon causing either a solar or a lunar eclipse. In Sanskrit this is known as grahanam or seizing.
What perhaps sounds like a childish story is a powerful metaphor for what actually happens when an eclipse takes place. Rahu and Ketu are the astronomical points in the sky respectively called the north and south lunar nodes.
To the observer on earth, the paths of the sun and the moon appear to be two great circles projected on the celestial sphere (see the diagram). The sun’s path, the solar ecliptic, makes a complete revolution in one year. At the same time, the moon’s circular path is completed in about one month. Every month the moon will overtake the sun which moves more slowly. This is called new moon or in Sanskrit, amavasya. Usually the moon’s path passes above or below the sun’s path and no eclipse occurs. But, periodically the moon overtakes the sun at the place where their paths intersect. This causes the sun or the moon to be hidden from the earth’s view and is thus called a solar or lunar eclipse. These places of intersection are the north and south lunar nodes, or as they are referred to in Hindu mythology, Rahu and Ketu. Therefore, in the symbolic language of mythology, Rahu and Ketu are said to “swallow up” the Sun and the Moon. The ancient Hindu observers of the sky were aware of the cause of the solar and lunar eclipses and so described the process in the language of metaphor.
ལན་གཉིས་ལ་ཚན་རིག་གི་ཐོག་ནས་ཉི་ཟླ་འཛིན་གྱི་སྐོར་ལ་གསལ་བཤད་ལེགས་ཤོས་གཤམ་གྱི་དྲ་ཐག་ལ་གཟིགས་དང་།
http://www.paulnoll.com/China/Eclipse/explanation-scene-01.html
Solar Eclipse Explanation – Page 1
If you are in the path of totality the eclipse begins with a partial phase in which the Moon gradually covers more and more of the Sun. This typically lasts for about an hour until the Moon completely covers the Sun and the total eclipse begins. The duration of totality can be as short as a fraction of a second, or as long as about 7.5 minutes. The longest total eclipse in the 21st century is 6 minutes, 39 seconds. You will have to wait until the year 2150 to experience a total eclipse of more than 7 minutes.
ཚངས་དབྱངས་ལགས། བོད་ཀྱིས་ཉི་སྒྲིབ་ཟླ་སྒྲིབ་ཀྱི་རྩིས་རིག་དེ་ཧིན་རྡུའི་ཆོས་ལུགས་ཀྱི་རྗེས་སུ་འབྲང་བ་མ་རེད་ལ། ནང་པའི་ཆོས་ལུགས་ཀྱི་རྗེས་སུ་འབྲང་ནས་གཏན་ལ་ཕབ་པ་ཡང་མ་རེད། དེ་ནི་ནག་རྩིས་སམ་རྒྱ་རྩིས་རྗེས་སུ་འབྲང་ནས་གཏན་ལ་ཕབས་པ་ཞིག་རེད། བོད་ཀྱི་ལོ་ཐོ་གང་ཞིག་གཏན་ལ་འབེབས་པའི་སྐབས་སུ་ཧིན་རྡིའི་ཆོས་གཞུང་ལ་བརྟེན་ནས་གཏན་ལ་ཕབ་ཡོད་པ་མ་རེད་ལ། ནང་པའི་ཆོས་གཞུང་གང་ཞིག་ལ་བརྟེན་ནས་གཏན་ལ་ཕབས་ཡོད་པ་མ་རེད། མ་ཤེས་ན་ཧམ་བཤད་བྱས་ནས་སྨན་རྩིས་ཁང་དང་། དེ་བཞིན་དུ་ལོ་ཐོ་འདོན་པའི་རྩིས་རིག་གང་ཞིག་ལ་གླེང་མ་འགེལ། ད་དུང་དེ་བདུད་ཡིན་པར་ཁྱོད་ཀྱིས་ཐོག་མར་བཤད་པའི་བོད་ཀྱི་ལུགས་དང་། ཡང་ཧིན་རྡིའི་ལུགས་སྲོལ་སྦྱར་ནས་བཤད་པ་འདི་ཧམ་བཤད་བླ་ན་མེད་པ་ཞིག་རེད། བོད་པ་སུ་ཞིག་ཧིན་རྡུའི་རྗེས་སུ་འབྲང་ནས་ཉི་སྒྲིལ་ཟླ་སྒྲིལ་གཏན་འབེབས་བྱས་འདུག ཤོད་དང་།
འོན་ཀྱང་ཉི་སྒྲིབ་ཟླ་སྒྲིབ་ཀྱི་སྐབས་སུ་དགེ་བ་བསགས་ན་ཡར་འཕེལ་ཡིན་པར་ཡིད་ཆེས་པ་དེ་ནི་ནང་ཆོས་ཀྱི་རྗེས་སུ་འབྲངས་པ་འདྲ་འདུག དེ་མིན་ཚང་མ་གཞི་གཅིག་ཏུ་བཟོས་པ་དེ་ཧམ་བཤད་རེད། མ་ཤེས་པ་ཡིན་ནམ། བསམ་བཞིན་གླེང་འགེལ་བ་ཆ་མ་འཚལ།
བོད་པ་རྗེས་སུ་འབྲངས་སའི་ཆོས་དཔེ་གང་ཞིག་ཏུ་ཡོད་མེད་འདྲི་སྐབས་སུ། ཧིན་རྡུའི་རིག་བྱེད་གཏམ་རྒྱུད་ཞིག་དྲ་ལམ་ནས་དྲིད་ཡོང་ནས་བཀོད་པ་ནི། ཡ་མཚན་ཞིག་མ་རེད་དམ། བོད་པ་རྗེས་སུ་འབྲངས་ནས་གཏན་ལ་ཕབ་པའི་རྩིས་རིག་དང་། ལོ་ཐོ་སྟེང་གི་ཉི་སྒྲིབ་ཟླ་སྒྲིབ་སོགས་རིག་བྱེད་གཏམ་རྒྱུད་དེའི་རྗེས་སུ་འབྲངས་པ་འེ་རེད།
བརྗོད་གཞི་རྒྱ་ཆེ། དཔྱད་པ་བྱེད་མཁན་བློ་དམན་ནས་གོ་ཐུབ་ས་མ་རེད། ཚངས་དབྱངས་ཟེར་བ་འདིས་སྤྱི་བཤད་ཉ་ཉོག་ཙམ་བཤད་པ་ལས་བོད་ཀྱི་དཔེ་གཞུང་གང་ན་འདུག ཁྱེར་ཤོག་ཟེར་ན་། རྒྱ་གར་གྱི་གཏམ་རྒྱུད་ཙམ་ལས་སྟོན་ཡ་ཅང་མི་འདུག ཡང་བསྐྱར་གསལ་བཤད་ཞིག་བྱེད། བརྗོད་གཞི་གཅིག་ལ་མིང་མི་འདྲ་བ་བྱུང་བ་རེད། དོན་ལ་སེར་ལམ་དཀར་ལམ་གྱི་ལྷོ་བྱང་གཉིས་ཀྱི་འཕྲད་མཚམས་དབྱིན་ཡིག་གི་
Ascending node དང་Descending nodeཟེར་བ་ལ་བོད་ཀྱིས་སྒྲ་གཅན་གྱི་གདོང་མཇུག་ཟེར། རྒྱ་གར་གྱིས་ར་ཧུ་དང་ཀེ་ཏི་ཟེར། ཨུ་རོབ་དང་གྷི་རི་སིས་འབྲུག་གི་མགོ་དང་རྔ་མ་ཟེར། བོད་ཀྱི་ཚན་རིག་པ་ཕུག་པ་ལྷུན་འགྲུབ་རྒྱ་མཚོས་པད་དཀར་ཞལ་ལུང་ནང་སྒྲ་གཅན་གྱི་དཀྱིལ་ཞག་དང་ལོངས་སྤྱོད་ཆ་ཚང་བྲིས་འདུག དེས་ཉི་འཛིན་དང་ཟླ་འཛིན་སྒྲུབ་པ་དེང་དུས་ཚན་རིག་དང་གཅིག་པ་རེད། སྒྲ་གཅན་ནམ་སྐྱེས་བའི་དུས་ཉི་ཟླའི་སྐྱེས་དུས་དང་གཅིག་པ་རེད། བོད་ཀྱིས་བཤད་པའི་སྒྲ་གཅན་་ཉི་ཟླ་སྐྱེས་དུས་དང་དེང་དུས་ཚན་རིག་གིས་བཤད་པའི་ཉི་ཟླ་སྐྱེས་དུས་གཉིས་ལ་བར་ཁྱད་ལོ་དུང་ཕྱིར་འགའ་ཤས་ཙམ་ཡོད་ནའང། དེང་དུས་ཚན་རིག་པས་ཡང་ཚོད་དཔག་བྱས་བ་ཙམ་ལས་ཡིད་ཆོས་བྱས་ཆོག་པའི་སྒྲུབ་བྱེད་གང་ཡང་མི་འདུག
གཞོན་ནུ་ཟླ་མེད་ལགས།
དང་པོ། ངས་ཐོག་མ་ཆོས་པ་ཟེར་བ་ལས་བོད་པའི་ཆོས་པ་ཅེས་བཤད་མེད། དེས་ན། ཆོས་པ་ཟེར་ན་བོད་པའི་ཆོས་པ་ཡིན་པས་ཨེ་ཁྱབ། རྒན་ཁྱེད་ཀྱིས་ཧམ་བཤད་ཟེར་བའི་ཚིག་གཅིག་སྤྱད་འདུག་པ་འདི། འདི་ལ་བསམ་བློ་ཐོངས། སྐུ་མཁྱེན། ཁྱེད་གདན་སར་དཔེ་ཆ་ལྟ་མྱོང་མཁན་ཞིག་གིས་འདི་ལྟར་ཐལ་རྒྱུག་གློད་ན་ངོ་མི་ཚའམ།
གཉིས་པ། ཉི་ཟླ་གཟའ་འཛིན་གྱི་ཤེས་བྱ་ཡིན་ན་བོད་པའི་རྒྱ་དཀར་ནག་གི་ལུགས་འདྲེས་མའི་རྩིས་གཞུང་ཡིན་པས་ཨེ་ཁྱབ། བོན་པོའི་དོད་མའི་གཟའ་འཛིན་གྱི་ཤེས་བྱ་ཆོས་ཅན། རྒྱ་དཀར་ནག་འདྲེས་མའི་གི་ཤེས་བྱ་ཡིན་པར་ཐལ། གཟའ་འཛིན་གྱི་ཤེས་བྱ་ཡིན་པས་ཕྱིར།
གསུམ་པ། སྒྲ་ཅན་འཛིན་ནི་བདུད་སྒྲ་ཅན་འཛིན་ལ་གོ་བའི་ཕྱིར། རྒྱ་གར་གྱི་ཧིན་རྡུའི་གཞུང་རྣམས་ནས་དེ་ལྟར་གྲུབ་བོ། རྟགས་མ་གྲུབ་ན། གོང་གི་དྲ་ཐག་ལ་སླར་གཟིགས་པར་འཚལ།
བཞི་པ། བློ་ཟུར་ལ་གནས་ནས་ཀློག་པ་དང་འབྲི་རོགས།
གཞོན་ནུ་ཟླ་མེད་གསུང་པ་ཤིན་ཏུ་བདེན། ། རྟགས་གཏན་ཚིགས་དེ་འདྲ་བཀོད་དགོས་ཡ། བོན་གདོད་མའི་རྩིས་རིག་མ་ཤེས་ནས་གསར་ངེས་ཞེན་ཅན་ལོ་རྒྱུས་དབྱུག་པ་ཕྲད་བཟུང་ཚོ་ལ་བཤད་ན་ཧ་གོ་ནི་མ་རེད་ཡ།
ཨ་ཧ་བོ་ཡིན་ན། མི་ཁ་ཤས་ཤིག་ལ་ངོ་སྤགས་ཟེར་བ་དེ་གཏན་ནས་མི་འདུག ད་དུང་ངོ་ཚ་རྒྱུ་མེད་པར་མཁས་པ་མང་པོའི་མིག་མདུན་ནས་རྩོད་པ་འདྲ་ཞིག་བྱེད་ཁུལ་དང་། ཆེན་པོ་ཚོན་པོ་འདྲ་ཞིག་བཤད་ཁུལ་བྱེད་ལུགས་ལ་ལྟོས་དང་། xxxxxxxxxx
༢༤༽ གཞོན་ནུ་ཟླ་མེད་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༧ གི་ཆུ་ཚོད་ ༡༧ སྐར་མ་ ༢༡
བོད་པ་རྗེས་སུ་འབྲངས་༼འབྲང་༽སའི་ཆོས་དཔེ་གང་ཞིག་ཏུ་ཡོད་མེད་འདྲི་སྐབས་སུ། ཧིན་རྡུའི་རིག་བྱེད་གཏམ་རྒྱུད་ཞིག་དྲ་ལམ་ནས་དྲིད་༼དྲུད༽ཡོང་ནས་བཀོད་པ་ནི། ཡ་མཚན་ཞིག་མ་རེད་དམ། བོད་པ་རྗེས་སུ་འབྲངས་༼འབྲང་༽ནས་གཏན་ལ་ཕབ་པའི་རྩིས་རིག་དང་། ལོ་ཐོ་༼ ཐོའི་༽སྟེང་གི་ཉི་སྒྲིབ་ཟླ་སྒྲིབ་སོགས་རིག་བྱེད་གཏམ་རྒྱུད་དེའི་རྗེས་སུ་འབྲངས་པ་འེ་༼ ཨེ ༽རེད།
༢༦༽ ཚངས་དབྱངས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༧ གི་ཆུ་ཚོད་ ༡༩ སྐར་མ་ ༡༥
གཞོན་ནུ་ཟླ་མེད་ལགས།
དང་པོ། ངས་ཐོག་མ་༼མར་༽ཆོས་པ་ཟེར་བ་ལས་བོད་པའི་ཆོས་པ་ཅེས་༼ ཞེས༽བཤད་མེད། དེས་ན། ཆོས་པ་ཟེར་ན་བོད་པའི་ཆོས་པ་ཡིན་པས་ཨེ་ཁྱབ། རྒན་ཁྱེད་ཀྱིས་ཧམ་བཤད་ཟེར་བའི་ཚིག་གཅིག་སྤྱད་འདུག་པ་འདི། འདི་ལ་བསམ་བློ་ཐོངས། སྐུ་མཁྱེན། ཁྱེད་གདན་སར་དཔེ་ཆ་༼ཆར་༽ལྟ་༼བལྟ༽མྱོང་མཁན་ཞིག་གིས་འདི་ལྟར་ཐལ་རྒྱུག་གློད་ན་ངོ་མི་ཚའམ། གཉིས་པ། ཉི་ཟླ་གཟའ་འཛིན་གྱི་ཤེས་བྱ་ཡིན་ན་བོད་པའི་རྒྱ་དཀར་ནག་གི་ལུགས་འདྲེས་མའི་རྩིས་གཞུང་ཡིན་པས་༼པའི ༽ཨེ་ཁྱབ། བོན་པོའི་དོད་༼གདོད་༽མའི་གཟའ་འཛིན་གྱི་ཤེས་བྱ་ཆོས་ཅན། རྒྱ་དཀར་ནག་འདྲེས་མའི་གི་༼མའི ༽ཤེས་བྱ་ཡིན་པར་ཐལ། གཟའ་འཛིན་གྱི་ཤེས་བྱ་ཡིན་པས་ཕྱིར། གསུམ་པ། སྒྲ་ཅན་༼གཅན་༽འཛིན་ནི་བདུད་སྒྲ་ཅན་༼གཅན༽འཛིན་ལ་གོ་བའི་ཕྱིར། རྒྱ་གར་གྱི་ཧིན་རྡུའི་གཞུང་རྣམས་ནས་དེ་ལྟར་གྲུབ་བོ། རྟགས་མ་གྲུབ་ན། གོང་གི་དྲ་ཐག་ལ་སླར་གཟིགས་པར་འཚལ།
བཞི་པ། བློ་ཟུར་༼གཟུར༽ལ་གནས་ནས་ཀློག་པ་དང་འབྲི་རོགས།
གནས་ལུགས་དང་། རྒྱུ་མཚན་ཤོད་མཁན་ལ་ཡི་རངས་ཡོད། དེ་མིན། ཁྱོད་ཁམས་པ། ཁྱོད་བླུན་པོ། སོགས་ཚིག་མཚོན་གྱི་མེ་སྟག་རྩུབ་མོ་མེ་ཏོག་གི་སྤངས་ལྗོངས་ལ་འཕེན་མཁན་རྣམས་ནི་རང་གི་ནང་ཆ་ཕྱིར་མངོན་པ་མ་ཟད།ཁ་བརྡ་ཚང་གི་སྒྲིག་ཁྲིམས་དང་འགལ་བ་རེད། མ་མཐར་ཡང་དོན་དེ་ཡིད་ལ་ངེས་དགོས་གི་རེད།
xxxxxxxxxxxxxxxxxxxxx།
མ་གཞི་མདོ་ལྷ་ཁམས་པ་ཁྱེད་ནས་གཟའ་འཛིན་ཚན་རིག་ཡིན་མིན་བཤད་མ་ཐུབ་པར་དོན་མེད་པ་ཞིག་བཤད་ཀིན་འདུག ག
བོད་པ་ཁྱོད་ལ་གོ་བ་ཡོད་ན་མཆན་ཨང་བཅོ་ལྔ་བ་ཀློགས་དང་། དེ་ན་གཟའ་འཛིན་མ་ཚད་སྟོང་གསུམ་གྱི་གཟའ་སྐར་ཡོད་དོ་ཅོག་གི་འབྱུང་ལུགས་སྤྱི་ཙམ་པ་བཤད་ཡོད་ཡ།
ཚིག་རྐང་རེ་རེའི་ཚེག་དབར་སྔ་ཕྱིར་གོ་ནོར་མ་ཐེབས་པ་གྱིས།
ཚངས་དབྱངས་ལགས་ལ། ཁྱོད་ཀྱིས་ད་ཐེངས་རྩོད་པ་འདི་ལ་བརྟག་པར་བྱ།
དང་པོ ༼ངས་ཐོག་མ་ཆོས་པ་ཟེར་བ་ལས་བོད་པའི་ཆོས་པ་ཅེས་བཤད་མེད། དེས་ན། ཆོས་པ་ཟེར་ན་བོད་པའི་ཆོས་པ་ཡིན་པས་ཨེ་ཁྱབ། ༽ ཁྱོད་ཀྱི་ཁྱབ་མ་ཁྱབ་ཀྱི་དྲི་བ་འདི་ལ་ངས་ལན་འདེབས་མ་དགོས་པར་ཁྱེད་རང་གིས་ལན་བཏབ་པ་ནི་འདི་ལྟར ༼ཕྱིས་སུ་བོད་པའི་ཆོས་པ་རྣམས་ཀྱིས་རྗེས་བྲངས་བྱེད་བཞིན་འདུག༽ ད་ཆོས་པ་ཙམ་ལས་བོད་པའི་ཆོས་པ་ཟེར་མེད་ཟེར་བ་དེ་ར་རྫ་བཏགས་རྫ་ཞབས་ཀྱུ་རྫུ་ན་བཞག་རྫུན་ཡིན་པ་ར་འཕྲོད་སོང་ངམ།
གཉིས་པ་འདི་ལྟར་བཀོད་འདུག ༼ཉི་ཟླ་གཟའ་འཛིན་གྱི་ཤེས་བྱ་ཡིན་ན་བོད་པའི་རྒྱ་དཀར་ནག་གི་ལུགས་འདྲེས་མའི་རྩིས་གཞུང་ཡིན་པས་ཨེ་ཁྱབ། བོན་པོའི་དོད་མའི་གཟའ་འཛིན་གྱི་ཤེས་བྱ་ཆོས་ཅན། རྒྱ་དཀར་ནག་འདྲེས་མའི་གི་ཤེས་བྱ་ཡིན་པར་ཐལ། གཟའ་འཛིན་གྱི་ཤེས་བྱ་ཡིན་པས་ཕྱིར། ༽ འོ་བོན་པོའི་གདོད་མའི་ཉི་འཛིན་ཟླ་འཛིན་སྐོར་ལ་བསམ་བློ་མ་བཏང་། གང་ཡིན་ཟེར་ན་ངས་བསམ་པ་ལ་ཧིན་རྡིའི་རིག་བྱེད་གཏམ་རྒྱུད་ཀྱི་རྗེས་སུ་འབྲང་མཁན་གྱི་བོད་ཀྱི་ཆོས་པ་ཟེར་དུས། བོན་པོ་ལ་དོགས་པ་ཟ་མ་སོང་། ད་ཁྱོད་ལྟར་བྱས་ནས་ཧིན་རྡིའི་རིག་བྱེད་གཏམ་རྒྱུད་ཀྱི་རྗེས་སུ་འབྲང་མཁན་དེ་བོན་པོ་འེ་རེད། དེ་མིན་ན་རྩོད་པ་དེ་འདི་ལ་འབྲེལ་མེད་ཀ
གསུམ་པ། ༼སྒྲ་ཅན་འཛིན་ནི་བདུད་སྒྲ་ཅན་འཛིན་ལ་གོ་བའི་ཕྱིར། རྒྱ་གར་གྱི་ཧིན་རྡུའི་གཞུང་རྣམས་ནས་དེ་ལྟར་གྲུབ་བོ། རྟགས་མ་གྲུབ་ན། གོང་གི་དྲ་ཐག་ལ་སླར་གཟིགས་པར་འཚལ།༽ སྒྲ་གཅན་གྱི་མིང་འདིའི་འབྱུང་ཁུངས་ཁྱོད་ཀྱིས་བཤད་པ་ལྟར་རིག་བྱེད་ཀྱི་གཏམ་རྒྱུད་ལས་བྱུང་བ་ཡིན་སྲིད། འོན་ཀྱང་བོད་ཀྱི་རྩིས་རིག་ནས་གཏན་ལ་ཕབ་བཞིན་པ་དང་རིག་བྱེད་ཀྱི་གཏམ་རྒྱུད་དེ་གཉིས་གཏན་ནས་མི་འདྲ་གི ལར་ཁྱོད་རང་གི་བཤད་པ་འདི་ཧིན་རྡིའི་ཆོས་ལུགས་ཞིག་འེ་ཡིན་ན། འོ་ཁྱོད་རང་གི་བཤད་བཞིན་པ་ཁྱབ་འཇུག་དང་ཀེ་ཏུའི་སྒྲུང་དེ་ཧིན་རྡུའི་ཆོས་ལུགས་ཞིག་འེ་ཡིན་ན། རིག་བྱེད་གཏམ་རྒྱུད་ཟེར་བ་དེ་མ་རེད་དམ། གོང་གི་དྲ་ལམ་ན་ཡང་ཆོས་ལུགས་མ་ལབ་པར་སྒྲུང་༼wonderful story ༽ལབ་འདུག་ཀ
ད་བཟའ་ཡི་སྐོར་འདི་བོད་ཚིག་ལ་བདུད་ལྟ་བུ་ཞིག་ལ་གོ་མི་དགོས། ཉི་ཟླ་དམར་ལྷག་ཕུར་སངས་སྤེན།། བཟའ་བདུན་ཟེར་བ་དང་། རྩིས་རིག་ལས་འབྱུང་བ་ལྟར་ན། གོང་གི་ཉི་ཟླ་སོགས་སྒྲིབ་བྱ་སྒྲིབ་བྱེད་གཉིས་ལས་སྒྲིབ་བྱའི་བཟའ་རེད། སྒྲིབ་བྱེད་ཀྱི་བཟའ་ནི་ཁྱབ་འཇུག་ཟེར་བ་དེ་རེད། སྒྲིབ་སྟངས་ལ་རྩ་མཇུག་གདོང་གསུམ་གྱི་སྒྲིབ་པ་ཡོད་ན་ཡང་། རྩ་སྒྲིབ་ནི་ང་ཚོས་མི་མཐོང་། རྒྱུ་མཚན་རྩ་བའམ་ལུས་དེ་ཤེལ་གྱི་རང་བཞིན་ལྟར་དྭངས་གསལ་ཅན་ཡིན་པས་སྒྲིབ་ན་ཡང་མི་མཐོང་། འོན་ཀྱང་གདོང་མཇུག་གང་རུང་གིས་སྒྲིབ་པ་དེ་ང་ཚོས་མཐོང་གི་ཡོད། འདི་བོད་པ་རྩིས་རིག་ལས་གཏན་ལ་འབེབས་པའི་བཤད་སྲོལ་ངོ་ནས་དེ་རེད། ད་སྒྲིབ་བྱེད་གཟའ་ཟེར་བ་དེ་གང་ཞིག་ཡིན་མིན་ཐད་ལ་རྩིས་རིག་གི་གཞུང་ན་གསལ་ཁ་མེད་དུས། ཁྱོད་རང་གིས་བསམ་ན་དེ་རིག་བྱེད་གཏམ་རྒྱུད་ལ་བྱུང་བ་དེ་རེད་ཟེར་ནས་འུ་ཚུགས་རྒྱབ། ང་ཚོས་བསམ་ན་དེ་ཡིན་ས་མ་རེད་ཟེར་བཞིན་ཡོད་པ་རེད། གོང་དུ་བོད་པ་ཟེར་བ་ཞིག་གིས་དེའི་སྐོར་གསལ་བོར་བཤད་འདུག དེ་ནི་བོད་པའི་རྩིས་རིག་ནས་གཏན་ལ་ཕབ་པའི་བཤད་སྟངས་རང་རེད། འོ་་་་བོན་པོའི་རྩིས་རིག་ནས་གཏན་ལ་འབེབས་ཚུད་ནང་དུ་ཚུད་མེད། དེ་ང་ལ་ནི་སྦྱང་བ་མེད་པས་བཤད་ནུས་བྲལ། རང་གི་མི་ཤེས་པ་དེ་མི་ཤེས་ཟེར་བ་ལ་ཚོད་ཚོད་ཞིག་བཤད་བསྡད་ན་མི་ནག་མདའ་འཕེན་རང་ཆགས་སྲིད།
དེ་ནས་གོང་གི་ངའི་མཆན་ནང་དུ་ཧམ་པ་ཟེར་བའི་ཚིག་ཅིག་ཤོར་འདུག དེ་སྐུ་ཉིད་ལ་ཕོག་ཡོད་ན་དགོངས་དག དེ་མིན་རྩེ་མོ་ནི་རྩེ་མོ་ཡིན། བདེན་པ་ནི་བདེན་པ་ཡིན། སྐྱ་བོ་ཞིག་འགྲོ་སོང་སྤྱང་ཀི་ཏན་ཏན་རེད་ཟེར་ན། དེ་འགྲོ་ས་མེད་དོ། ཧཧ
༼བོད་ནང་གི་བོད་མི་ཚོས་མ་བསྐུལ་དང་བླངས་ཀྱི་ཐོག་ནས་རྗེའུ་མི་རིགས་ཀྱི་འཆར་གཞི་འདི་ལག་ལེན་ཐུབ་ན་ཡག་པོ་རེད། བོད་མི་འབུམ་མང་པོ་དམར་གསོད་གཏོང་མཁན་གྱི་རྒྱ་མི་རབ་འབྲིང་ཐ་གསུམ་གང་འདྲ་ཞིག་ཡིན་ཡང་སྣེ་ལེན་བྱེད་རྒྱུ་མེད་པ་དེ་རེད།༽
ཁ་སང་ཕྱི་ཚེས་ ༧ ཉིན་ཨི་ཛི་རེལ་ནང་གི་རྗེའུ་མི་རིགས་ཡིན་པའི་ཁྲིམས་ལུགས་མཁས་པ་ ༥༠ ཡིས་བསྒྲགས་གཏམ་ཡིག་ཆ་ཞིག་ལ་མིང་རྟགས་བཀོད་དེ་ཡོངས་ཁྱབ་གསལ་བསྒྲགས་བྱས་ཡོད་འདུག་ལ། ཡིག་ཆ་དེར་རྗེའུ་མི་སུ་ཞིག་ཡིན་རུང་རྗེའུ་མི་རིགས་མ་ཡིན་པ་ཞིག་ལ་ཁང་པ་གཡར་གཏོང་བྱེད་པ་དང་བཙོང་པའི་རིགས་བྱས་ཚེ། མི་དེ་རྗེའུ་མི་རིགས་ཀྱི་ཁོངས་ནས་ཕྱིར་འཕུད་གཏོང་རྒྱུ་ཡིན། ཞེས་བཀོད་ཡོད་འདུག་ཀྱང་། གཞུང་ཕྱོགས་ནས་དེ་ལ་ངོས་ལེན་མེད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་ཀྱང་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག
ཐེངས་འདིར་རྗེའུ་ཁྲིམས་ལུགས་པ་དེ་དག་གིས་བསྒྲགས་གཏམ་དེ་འདྲ་ཞིག་སྤེལ་དོན། རྗེའུ་སྔ་འགྱུར་རྙིང་མའི་བསྟན་བཅོས་ལྔའི་ནང་། ཨི་ཛི་རེལ་ས་ཆར་མི་རིགས་གཞན་སྡོད་པ་དང་ཁོ་ཚོར་སྡོད་ཁང་བཙོང་བ་བཅས་ནི་རྗེའུ་རིགས་ཀྱི་དགག་བྱ་ཡིན་པར་བསྟན་ཡོད་འདུག དེ་བཞིན། ཐེངས་འདིར་གསར་དུ་བཟོས་པའི་བསྒྲགས་གཏམ་དེའི་ནང་དུ་ཡང་། རྗེའུ་རིགས་གཏན་སྡོད་བྱེད་སའི་ཉེ་འཁོར་ནང་། རྗེའུ་མ་ཡིན་པ་ཚོར་ཁང་གླ་གཏོང་བ་དང་ས་ཆ་བཙོང་པའི་རིགས་བྱས་ན། ཉེ་འཁོར་གྱི་ཁྱིམ་མཚེས་དག་ལ་གནོན་འཚེ་ཆེན་པོ་ཐེབས་ཏེ། རྗེའུ་མི་རིགས་ཀྱི་རིན་ཐང་ཉམ་དམས་སུ་གཏོང་གི་ཡོད་སྟབས་ཉེས་པ་ཚབས་ཆེན་ཡོད་སྐོར་བཀོད་འདུག
ཨི་ཛི་རེལ་རྒྱལ་ཡོངས་འགྲོ་བ་མིའི་རང་དབང་ཐོབ་ཐང་ཚོགས་པས་ཨི་ཛི་རེལ་སྲིད་བློན་བྷན་ཇ་མེན་ Benjamin Netanyahu ལགས་སུ། ཐེངས་འདིར་གཞུང་ཞབས་ཁྲིམས་ལུགས་པ་དེ་ཚོས་མིང་རྟགས་བཀོད་པའི་བསྒྲགས་གཏམ་དེ་ལ། གཞུང་ངོས་ནས་སྒྲིག་གཞི་གཏན་འབེབ་བྱས་ཏེ་བཀག་སྡོམ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག་ལ། སྲིད་བློན་གྱིས་ཀྱང་ལམ་ལུགས་མཁྲེགས་པོ་དེ་འདྲ་ལག་བསྟར་བྱས་ན། དེང་གི་དུས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྡབ་གསིག་ཆེན་པོ་བཏང་བ་རེད། སྐད་ཆ་འདིའི་རིགས་རྗེའུ་མི་རིགས་ཀྱི་སྤྱི་ཚོགས་དང་། ལྷག་པར་དུ་དམངས་གཙོའི་རྒྱལ་ཁབ་ནང་ཁྱབ་བརྡལ་དུ་མ་སོང་བ་བྱ་དགོས། ཞེས་སྐྱོན་བརྗོད་བྱས་འདུག
གཞོན་ནུ་ཟླ་མེད་ལགས། ད་ཐེངས་ཁྱོད་ཀྱི་མཆན་ཐུང་ཐུང་འདིའི་ནང་ཡིག་ནོར་སུམ་ཅུ་མ་གཏོགས་རག་མ་སོང་། ཤར་བལྟས་ཤིག་ལས་བྱེད་ཁོམ་མ་བྱུང་བས་ཡིན་ན་ཡང་ཐང་། གང་ལྟར་ཡར་རྒྱས་ཡོད་ནི་འདྲ་ཞིག་རེད། བུ་རབ་པོ། བོད་ཡག་པོ་སྦྱོངས།
༣༣༽ གཞོན་ནུ་ཟླ་མེད་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༨ གི་ཆུ་ཚོད་ ༧ སྐར་མ་ ༥༦
ཚངས་དབྱངས་ལགས་ལ། ཁྱོད་ཀྱིས་ད་ཐེངས་རྩོད་པ་འདི་ལ་བརྟག་པར་བྱ།
དང་པོ༼ པོ། ༽ཁྱོད་ཀྱི་ཁྱབ་མ་ཁྱབ་ཀྱི་དྲི་བ་འདི་ལ་ངས་ལན་འདེབས་༼འདེབ༽མ་དགོས་པར་ཁྱེད་རང་གིས་ལན་བཏབ་པ་ནི་འདི་ལྟར་༼ལྟར།༽ད་ཆོས་པ་ཙམ་ལས་བོད་པའི་ཆོས་པ་ཟེར་མེད་ཟེར་བ་དེ་ར་རྫ་བཏགས་རྫ་ཞབས་ཀྱུ་རྫུ་ན་བཞག་རྫུན་ཡིན་པ་ར་འཕྲོད་སོང་ངམ།
གཉིས་པ་འདི་ལྟར་བཀོད་འདུག འོ་བོན་པོའི་གདོད་མའི་ཉི་འཛིན་ཟླ་འཛིན་སྐོར་ལ་བསམ་བློ་མ་བཏང་། གང་ཡིན་ཟེར་ན་ངས་བསམ་༼བསམས༽པ་ལ་ཧིན་རྡིའི་༼རྡུའི་༽རིག་བྱེད་གཏམ་རྒྱུད་ཀྱི་རྗེས་སུ་འབྲང་མཁན་གྱི་བོད་ཀྱི་ཆོས་པ་ཟེར་དུས། བོན་པོ་ལ་དོགས་པ་ཟ་མ་སོང་། ད་ཁྱོད་ལྟར་བྱས་ནས་ཧིན་རྡིའི་༼རྡུའི་༽རིག་བྱེད་གཏམ་རྒྱུད་ཀྱི་རྗེས་སུ་འབྲང་མཁན་དེ་བོན་པོ་འེ་༼ ཨེ་༽རེད། དེ་མིན་ན་རྩོད་པ་དེ་འདི་ལ་འབྲེལ་མེད་ཀ
གསུམ་པ། སྒྲ་གཅན་གྱི་མིང་འདིའི་འབྱུང་ཁུངས་ཁྱོད་ཀྱིས་བཤད་པ་ལྟར་རིག་བྱེད་ཀྱི་གཏམ་རྒྱུད་ལས་བྱུང་བ་ཡིན་སྲིད། འོན་ཀྱང་བོད་ཀྱི་རྩིས་རིག་ནས་གཏན་ལ་ཕབ་བཞིན་པ་དང་རིག་བྱེད་ཀྱི་གཏམ་རྒྱུད་དེ་གཉིས་གཏན་ནས་མི་འདྲ་གི ལར་ཁྱོད་རང་གི་བཤད་པ་འདི་ཧིན་རྡིའི་༼རྡུའི་༽ཆོས་ལུགས་ཞིག་འེ་༼ ཨེ་༽ཡིན་ན། འོ་ཁྱོད་རང་གི་༼ གིས་༽བཤད་བཞིན་པ་ཁྱབ་འཇུག་དང་ཀེ་ཏུའི་སྒྲུང་དེ་ཧིན་རྡུའི་ཆོས་ལུགས་ཞིག་འེ་༼ ཨེ ༽ཡིན་ན། རིག་བྱེད་གཏམ་རྒྱུད་ཟེར་བ་དེ་མ་རེད་དམ། གོང་གི་དྲ་ལམ་ན་ཡང་ཆོས་ལུགས་མ་ལབ་པར་སྒྲུང་wonderful story ལབ་འདུག་ཀ
ད་༼བཟའ་༽ཡི་སྐོར་འདི་བོད་ཚིག་ལ་བདུད་ལྟ་བུ་ཞིག་ལ་གོ་མི་དགོས། ཉི་ཟླ་དམར་ལྷག་ཕུར་སངས་སྤེན།། བཟའ་༼གཟའ༽བདུན་ཟེར་བ་དང་། རྩིས་རིག་ལས་འབྱུང་༼བྱུང་༽བ་ལྟར་ན། གོང་གི་ཉི་ཟླ་སོགས་སྒྲིབ་བྱ་སྒྲིབ་བྱེད་གཉིས་ལས་སྒྲིབ་བྱའི་བཟའ་༼གཟའ༽རེད། སྒྲིབ་བྱེད་ཀྱི་བཟའ་ནི་ཁྱབ་འཇུག་ཟེར་བ་དེ་རེད། སྒྲིབ་སྟངས་ལ་རྩ་མཇུག་གདོང་གསུམ་གྱི་སྒྲིབ་པ་ཡོད་ན་ཡང་། རྩ་སྒྲིབ་ནི་ང་ཚོས་མི་མཐོང་། རྒྱུ་མཚན་རྩ་བའམ་ལུས་དེ་ཤེལ་གྱི་རང་བཞིན་ལྟར་དྭངས་གསལ་ཅན་ཡིན་པས་སྒྲིབ་ན་ཡང་མི་མཐོང་། འོན་ཀྱང་གདོང་མཇུག་གང་རུང་གིས་སྒྲིབ་པ་དེ་ང་ཚོས་མཐོང་གི་ཡོད། འདི་བོད་པ་༼པའི་༽རྩིས་རིག་ལས་གཏན་ལ་འབེབས་༼ཕབ་༽པའི་བཤད་སྲོལ་ངོ་༼དངོས་༽ནས་དེ་རེད། ད་སྒྲིབ་བྱེད་གཟའ་ཟེར་བ་དེ་གང་ཞིག་ཡིན་མིན་ཐད་ལ་རྩིས་རིག་གི་གཞུང་ན་གསལ་ཁ་མེད་དུས། ཁྱོད་རང་གིས་བསམ་༼བསམས༽ན་དེ་རིག་བྱེད་གཏམ་རྒྱུད་ལ་༼ལས་༽བྱུང་བ་དེ་རེད་ཟེར་ནས་འུ་༼ཨུ་༽ཚུགས་༼ཚུག་༽རྒྱབ།༼བརྒྱབ།༽
ང་ཚོས་བསམ་༼བསམས༽ན་དེ་ཡིན་ས་མ་རེད་ཟེར་བཞིན་ཡོད་པ་རེད། གོང་དུ་བོད་པ་ཟེར་བ་ཞིག་གིས་དེའི་སྐོར་གསལ་བོར་བཤད་འདུག དེ་ནི་བོད་པའི་རྩིས་རིག་ནས་གཏན་ལ་ཕབ་པའི་བཤད་སྟངས་རང་རེད། འོ་་་་བོན་པོའི་རྩིས་རིག་ནས་གཏན་ལ་འབེབས་ཚུད་༼ཚུལ་༽ནང་དུ་ཚུད་མེད། དེ་ང་ལ་ནི་སྦྱང་བ་མེད་པས་བཤད་ནུས་བྲལ། རང་གི་མི་ཤེས་པ་དེ་མི་ཤེས་ཟེར་བ་ལ་༼ལས་༽ཚོད་ཚོད་ཞིག་བཤད་བསྡད་ན་མི་༼མུན་༽ནག་མདའ་འཕེན་རང་ཆགས་སྲིད།
དེ་ནས་གོང་གི་ངའི་མཆན་ནང་དུ་ཧམ་པ་ཟེར་བའི་ཚིག་ཅིག་ཤོར་འདུག དེ་སྐུ་ཉིད་ལ་ཕོག་ཡོད་ན་དགོངས་དག དེ་མིན་རྩེ་༼རྩེད་༽མོ་ནི་རྩེ་༼རྩེད་༽མོ་ཡིན། བདེན་པ་ནི་བདེན་པ་ཡིན། སྐྱ་བོ་ཞིག་འགྲོ་སོང་སྤྱང་ཀི་ཏན་ཏན་རེད་ཟེར་ན། དེ་འགྲོ་ས་མེད་དོ། ཧཧ༼ཧ།༽
གཞོན་ནུ་ཟླ་མེད་ལགས། ད་ཐེངས་ཁྱོད་ཀྱི་མཆན་ཐུང་ཐུང་འདིའི་ནང་ཡིག་ནོར་སུམ་ཅུ་མ་གཏོགས་རག་མ་སོང་། ཤར་བལྟས་ཤིག་ལས་བྱེད་ཁོམ་མ་བྱུང་བས་ཡིན་ན་ཡང་ཐང་། གང་ལྟར་ཡར་རྒྱས་ཡོད་ནི་འདྲ་ཞིག་རེད། བུ་རབ་པོ། བོད་ཡིག་ཡག་པོ་སྦྱོངས།
༣༣༽ གཞོན་ནུ་ཟླ་མེད་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༨ གི་ཆུ་ཚོད་ ༧ སྐར་མ་ ༥༦
ཚངས་དབྱངས་ལགས་ལ། ཁྱོད་ཀྱིས་ད་ཐེངས་རྩོད་པ་འདི་ལ་བརྟག་པར་བྱ།
དང་པོ༼ པོ། ༽ཁྱོད་ཀྱི་ཁྱབ་མ་ཁྱབ་ཀྱི་དྲི་བ་འདི་ལ་ངས་ལན་འདེབས་༼འདེབ༽མ་དགོས་པར་ཁྱེད་རང་གིས་ལན་བཏབ་པ་ནི་འདི་ལྟར་༼ལྟར།༽ད་ཆོས་པ་ཙམ་ལས་བོད་པའི་ཆོས་པ་ཟེར་མེད་ཟེར་བ་དེ་ར་རྫ་བཏགས་རྫ་ཞབས་ཀྱུ་རྫུ་ན་བཞག་རྫུན་ཡིན་པ་ར་འཕྲོད་སོང་ངམ།
གཉིས་པ་འདི་ལྟར་བཀོད་འདུག འོ་བོན་པོའི་གདོད་མའི་ཉི་འཛིན་ཟླ་འཛིན་སྐོར་ལ་བསམ་བློ་མ་བཏང་། གང་ཡིན་ཟེར་ན་ངས་བསམ་༼བསམས༽པ་ལ་ཧིན་རྡིའི་༼རྡུའི་༽རིག་བྱེད་གཏམ་རྒྱུད་ཀྱི་རྗེས་སུ་འབྲང་མཁན་གྱི་བོད་ཀྱི་ཆོས་པ་ཟེར་དུས། བོན་པོ་ལ་དོགས་པ་ཟ་མ་སོང་། ད་ཁྱོད་ལྟར་བྱས་ནས་ཧིན་རྡིའི་༼རྡུའི་༽རིག་བྱེད་གཏམ་རྒྱུད་ཀྱི་རྗེས་སུ་འབྲང་མཁན་དེ་བོན་པོ་འེ་༼ ཨེ་༽རེད། དེ་མིན་ན་རྩོད་པ་དེ་འདི་ལ་འབྲེལ་མེད་ཀ
གསུམ་པ། སྒྲ་གཅན་གྱི་མིང་འདིའི་འབྱུང་ཁུངས་ཁྱོད་ཀྱིས་བཤད་པ་ལྟར་རིག་བྱེད་ཀྱི་གཏམ་རྒྱུད་ལས་བྱུང་བ་ཡིན་སྲིད། འོན་ཀྱང་བོད་ཀྱི་རྩིས་རིག་ནས་གཏན་ལ་ཕབ་བཞིན་པ་དང་རིག་བྱེད་ཀྱི་གཏམ་རྒྱུད་དེ་གཉིས་གཏན་ནས་མི་འདྲ་གི ལར་ཁྱོད་རང་གི་བཤད་པ་འདི་ཧིན་རྡིའི་༼རྡུའི་༽ཆོས་ལུགས་ཞིག་འེ་༼ ཨེ་༽ཡིན་ན། འོ་ཁྱོད་རང་གི་༼ གིས་༽བཤད་བཞིན་པ་ཁྱབ་འཇུག་དང་ཀེ་ཏུའི་སྒྲུང་དེ་ཧིན་རྡུའི་ཆོས་ལུགས་ཞིག་འེ་༼ ཨེ ༽ཡིན་ན། རིག་བྱེད་གཏམ་རྒྱུད་ཟེར་བ་དེ་མ་རེད་དམ། གོང་གི་དྲ་ལམ་ན་ཡང་ཆོས་ལུགས་མ་ལབ་པར་སྒྲུང་wonderful story ལབ་འདུག་ཀ
ད་༼བཟའ་༽ཡི་སྐོར་འདི་བོད་ཚིག་ལ་བདུད་ལྟ་བུ་ཞིག་ལ་གོ་མི་དགོས། ཉི་ཟླ་དམར་ལྷག་ཕུར་སངས་སྤེན།། བཟའ་༼གཟའ༽བདུན་ཟེར་བ་དང་། རྩིས་རིག་ལས་འབྱུང་༼བྱུང་༽བ་ལྟར་ན། གོང་གི་ཉི་ཟླ་སོགས་སྒྲིབ་བྱ་སྒྲིབ་བྱེད་གཉིས་ལས་སྒྲིབ་བྱའི་བཟའ་༼གཟའ༽རེད། སྒྲིབ་བྱེད་ཀྱི་བཟའ་ནི་ཁྱབ་འཇུག་ཟེར་བ་དེ་རེད། སྒྲིབ་སྟངས་ལ་རྩ་མཇུག་གདོང་གསུམ་གྱི་སྒྲིབ་པ་ཡོད་ན་ཡང་། རྩ་སྒྲིབ་ནི་ང་ཚོས་མི་མཐོང་། རྒྱུ་མཚན་རྩ་བའམ་ལུས་དེ་ཤེལ་གྱི་རང་བཞིན་ལྟར་དྭངས་གསལ་ཅན་ཡིན་པས་སྒྲིབ་ན་ཡང་མི་མཐོང་། འོན་ཀྱང་གདོང་མཇུག་གང་རུང་གིས་སྒྲིབ་པ་དེ་ང་ཚོས་མཐོང་གི་ཡོད། འདི་བོད་པ་༼པའི་༽རྩིས་རིག་ལས་གཏན་ལ་འབེབས་༼ཕབ་༽པའི་བཤད་སྲོལ་ངོ་༼དངོས་༽ནས་དེ་རེད། ད་སྒྲིབ་བྱེད་གཟའ་ཟེར་བ་དེ་གང་ཞིག་ཡིན་མིན་ཐད་ལ་རྩིས་རིག་གི་གཞུང་ན་གསལ་ཁ་མེད་དུས། ཁྱོད་རང་གིས་བསམ་༼བསམས༽ན་དེ་རིག་བྱེད་གཏམ་རྒྱུད་ལ་༼ལས་༽བྱུང་བ་དེ་རེད་ཟེར་ནས་འུ་༼ཨུ་༽ཚུགས་༼ཚུག་༽རྒྱབ།༼བརྒྱབ།༽
ང་ཚོས་བསམ་༼བསམས༽ན་དེ་ཡིན་ས་མ་རེད་ཟེར་བཞིན་ཡོད་པ་རེད། གོང་དུ་བོད་པ་ཟེར་བ་ཞིག་གིས་དེའི་སྐོར་གསལ་བོར་བཤད་འདུག དེ་ནི་བོད་པའི་རྩིས་རིག་ནས་གཏན་ལ་ཕབ་པའི་བཤད་སྟངས་རང་རེད། འོ་་་་བོན་པོའི་རྩིས་རིག་ནས་གཏན་ལ་འབེབས་ཚུད་༼ཚུལ་༽ནང་དུ་ཚུད་མེད། དེ་ང་ལ་ནི་སྦྱང་བ་མེད་པས་བཤད་ནུས་བྲལ། རང་གི་མི་ཤེས་པ་དེ་མི་ཤེས་ཟེར་བ་ལ་༼ལས་༽ཚོད་ཚོད་ཞིག་བཤད་བསྡད་ན་མི་༼མུན་༽ནག་མདའ་འཕེན་རང་ཆགས་སྲིད།
དེ་ནས་གོང་གི་ངའི་མཆན་ནང་དུ་ཧམ་པ་ཟེར་བའི་ཚིག་ཅིག་ཤོར་འདུག དེ་སྐུ་ཉིད་ལ་ཕོག་ཡོད་ན་དགོངས་དག དེ་མིན་རྩེ་༼རྩེད་༽མོ་ནི་རྩེ་༼རྩེད་༽མོ་ཡིན། བདེན་པ་ནི་བདེན་པ་ཡིན། སྐྱ་བོ་ཞིག་འགྲོ་སོང་སྤྱང་ཀི་ཏན་ཏན་རེད་ཟེར་ན། དེ་འགྲོ་ས་མེད་དོ། ཧཧ༼ཧ།༽
གྲྭ་གྲོགས་རྣམ་པ་ཁ་བྲོ། ད་དུང་བསམ་ཆ་ཡང་ཡང་གསུང་བ་དང་ཚིག་དོན་ལ་བགྲོ་གླེང་གིས་བཅོས་བསྒྱུར་རེ་བྱས་ན་འགྲིགས་ཀྱང་། དགེ་བསྐུལ་ཅིག་རེད་པས། དགེ་ལྡན་ལྔ་མཆོད་ནང་བཞིན་དུ་ཡང་སྐྱར་དུ་དྲ་སྒོ་རྒྱབ་ན་མི་ལེགས་པས་ཐུགས་རྗེས་གཟིགས་པར་མཁྱེན། བན་བོན་བོད་ཅེས་སྤྱི་ཁྱབ་ཀྱི་སྐྱོན་ཞིག་མིན་པར་ངོ་གདོང་མེད་པའི་སྒེར་མི་རེ་རེ་གཉིས་གཉིས་ཀྱིས་ཕོངས་པ་རྣམས་བསྟན་པ་སྤྱི་ལ་མ་བརྗོད་ན་མཛེས་སོ་སྙམ་མོ། ། ཤྲྰིས་སོ།
ཡ་རྒན་གཞོན་ནུ་ཟླ་མེད།
ཁྱོད་དང་ག་དུས་བརྩོད་པ་ཤོར་ཡང་། ཚིག་རྩུབ་དང་སྨད་ར་ཞིག་མ་བྲིས་ན་བརྩོད་པ་ལ་འགྲོ་གི་མིན་འདུག དང་པོ་དཔང་རྟགས་བསྟན་དུས་ཁྱེད་ཀྱིས་ང་ལ་ཧམ་པ་མ་ཤོད་ཅེས་ངར་ཡོང་གི་འདུག ད་རྒྱུ་མཚན་དང་རིག་པ་བཏང་དུས། བརྫུན་མ་ཤོད་ཟེར། ད་ངས་ཡིག་ཆ་ཚང་མ་བསྒྲིལ་ནས་ཁྱེད་ཀྱི་མཐའ་གཉིས་ལ་ཤོར་བའི་སྐད་ཆར་སྤྱི་བསྡོམས་བརྒྱབ་ན་ཁྱེད་ཀྱིས་ཡང་ཚིག་རྩུབ་ཅི་བེད་སྤྱོད་གཏོང་ངམ་སྙམ་པའི་འཚོར་བ་ཡ་མཚན་འདི་འདྲ་ཤར་གྱི་འདུག
ད་རྡོག་རྡོག་འདི་ཡིན། ཁྱོད་ཁས་ལེན་ནམ་མ་ལེན་ང་ལ་འབྲེལ་བ་མེད།
དང་པོ། ཉི་ཟླ་གཟའ་འཛིན་དང་དེ་ལས་བྱུང་བའི་ཆོས་ཀྱི་ཆོ་ག་དེ་དག་ནི་ཧིན་རྡུའི་ཆོས་ཀྱི་ནང་ལ་དར་ཁྱབ་ཆེ་བ་དང་། ཕྱིས་སུ་བོད་ལ་ཡང་དེའི་སྲོལ་རྒྱུན་དར་འདུག ཧིན་རྡུས་བཤད་པ་བཞིན། བོད་པའི་སྲོལ་རྒྱུན་གྱི་བཤད་སྲོལ་ནང་ལ། ཉི་འཛིན་ནམ་ཟླ་འཛིན་གྱི་སྐབས་ལ། བདུད་སྒྲ་ཅན་འཛིན་གྱིས་ཉི་མ་བཟའ་བར་བྱེད་ཟེར་ནས། སྒྲིབ་ཡུན་སྐབས་ལ་མཆོད་པ་རྒྱ་ཆེན་པོ་འབུལ་སྲོལ་འདུག ད་དུང་། སྔོན་མ་ལྷ་ས་ལ། ཉི་འཛིན་སྐབས་ལ། ཁང་པའི་ཐོག་ལ་ཕྱིན་ནས། ཅ་དངོས་དང་ཐབ་ཆས་སོགས་བརྡུང་ནས་སྒྲ་ཅན་འཛིན་དཀྲོག་པའི་རྣམ་པ་ཡ་མཚན་འདི་འདྲ་དར་འདུག
གཉིས་པ། ཚན་རིག་པས་དེང་དུས་ཀྱི་ལག་རྩལ་དང་འཕྲུལ་ཆས་བེད་སྤྱད་ནས་ཉི་འཛིན་དང་ཟླ་འཛིན་ལ་དཔྱད་སྐབས། ཉི་ཟླ་འཛིན་མཁན་ནི་གཞན་མིན་པར། ཉི་མ་དང་གོ་ལའི་དབར་ལ་དངོས་པོ་གཞན་ཞིག་གིས་སྒྲིབ་ནས་དེའི་འོད་གདངས་གོ་ལར་མཐོང་མི་ཐུབ་པ་ཡིན།
དེའི་སྐབས་ལ་མཆོད་པ་འབུལ་རུང་མིན་རུང་ཁྱད་པར་ཡོད་པའི་དཔང་རྟགས་སུ་ལ་ཡང་བསྟན་རྒྱུ་མིན་འདུག
གོང་གི་བརྗོད་པ་གཉིས་ཀར་དཔང་རྟགས་སུ། དྲ་ཐག་འདྲེན་ནས་འགྲེལ་བཤད་བརྒྱབ་ཡོད། ད་ཤོད་རྒྱུ་གཞན་མེད།
འདི་དགེ་བསྐུལ་མི་ཤེས་ཀྱང་། རྙོག་དྲའི་རྩོད་སྐུལ་ཅིག་རེད་འདུག སྟག་སྨྱོན་ཡང་འདི་ན་མགོ་འཁོར་འདུག་གྰ།
གཞན་དུ་ཡོན་ཏན་པ་ཁ་ཤས་ནི་ལོ་རྒྱུས་རྫུན་བཟོ་བྱེད་པར་བྲེལ་ཞིང༌། ཁ་ཤས་ནི་སྲིདའཛིན་གྲལ་ཐོབ་བསྙེག་པར་རྒྱུག ཡང་ཁ་ཤས་ནི་རྒྱལ་བསྔགས་ཏང་བསྟོད་འབུལ་བར་དད་ཅིང༌། སྐབས་འཚོལ་ལྐོག་ཚོང་ལ་དགའ་བ་མང་ཤོས་རེད་ཅེས་ཀྱང་ཐོས། ལུག་སྤང་འདོད་པ་སྤང་དང་ར་བྲག་འདོད་པ་བྲག་ལྟར་སོ་སོ་གང་ལ་མོས་པར་དགག་བྱ་མེད་ནའང་། འུ་ཚོའི་སྤྱི་ཚོགས་ཀྱི་སྒལ་ཚིགས་ཡིན་འོས་པའི་མཁས་པ་དང་ཡོན་ཏན་པ་རྣམས་ཀྱང་བསམ་སྤྱོད་བླུན་པོ་ལས་ལྷག་པ་མེད་ན། འུ་ཚོའི་རེ་བ་གང་དུ་ཡོད་ཅེས་དྲི་བ་ཆུང་ངུ་ཞིག་འདོན་འདོད་ཅིང༌། ཕྱི་གསལ་ནང་གསལ་གྱི་དུས་རབས་འདི་ལྟ་བུ་ལ་སླེབས་ཀྱང་མཁས་པ་ཚོ་ད་དུང་ལམ་ནོར་ལྡོག་ཤེས་མེད་པ་འདི་ཡ་མཚན་པོར་སེམས་སོ། །
ངས་ཀྱང་དགེ་བསྐུལ་ཞིག་ཞུས་ཆོག་པ་ཅིག ཉི་མ་ནམ་མཁར་ཡོད་དུས་ནི་འདས་པའི་སྐྱེས་བུ་དམ་པ་ཕེལ་ཆེར་གྱིས་མཛད་པ་ཆེན་པོ་གནང་བའི་དུས་ཉིད་ཡིན་པར་མ་ཟད། བསྟན་དང་འགྲོ་བའི་བདུད་ནག་རྣམས་ཀྱིས་བྱེད་ངན་བྱས་པའི་དུས་ཚིགས་ཉིད་དུ་ཡོད་པས། དུས་གཉེན་ཤིན་ཏུ་ཁྱད་པར་ཅན་གཅིག་ལགས། དེས་ན་ནམ་མཁར་ཉི་མ་ཡོད་དུས། དགེ་ལས་སྡིག་ལས་གང་བྱས་འབུམ་འགྱུར་བྱེ་འགྱུར་ཡིན་པས། རང་གི་སྤྱོད་པ་དང་བྱས་པ་ཚང་མར་ཅི་ནས་ཟབ་པར་རྩལ།
སེམས་ཁོངས་ནས་བརྡོལ་བའི་ཚིག་འགའ།
གངས་རིའི་ལྗོངས་ཀྱི་སྤུན་ཟླ་ཀུན་རིགས་དང་རུས་པ་འདྲེས་ཤིང་མཛའ་མཐུན་གྱི་སྒོ་ མོ་ཀུན་ནས་འབྱེད་ཅིང་རྒན་ལ་གུས་བཀུར་དང་གཞོན་ལ་གཅེས་སྐྱོང་གི་རྣམ་པར་ཀུན་ ནས་བཞད་ཅིང་ལོ་དང་ཟླ་དང་ཞག་དང་ཟ་མ་བར་དུ་འབྲལ་མེད་དུ་གནས་ཏེ་རང་རང་གི་འདོད་ བློ་དང་མཚམས་པའི་མདུན་ལམ་རེ་བསྙེགས་པའི་བསལ་བློ་ཀུན་ནས་སློང་ཏེ་འཛམ་གླིང་ལ་ ཁ་ཕྱོགས་ཤིང་གོ་ལ་ཅན་ལ་འཁོར་བའི་དུས་རབས་འདི་རུ་འཛམ་གླིང་གི་དུས་རབས་ཀྱི་ རྗེས་སུ་བཞུགས་པ་བྱས་ཏེ་ང་ཚོ་མ་འོངས་པའི་གདོང་དམར་བོད་པའི་གཞོན་སྐྱེས་དག་ལ་ ངོ་ནོངས་མི་དགོས་པའི་ལས་ཀ་རེ་བྱེད་རྒྱུ་དེ་ང་ཚོའི་ཕྲག་ཏུ་འབབས་པའི་ལས་འགན་ གཙོ་བོ་ཤིག་རེད་ལ་དེ་ནི་སྙིང་སྟོབས་བསྐྱེད་དགོས་པའི་གནས་ཚུལ་འགངས་ཆེན་ཤིག་ ཏུ་རེད་དོ།
གང་ལྟར་ཀྱང་རང་མི་རིགས་ཀྱི་རིག་གནས་ཏེ་ཆོས་ལུགས་ཀྱི་རིག་གནས་དམངས་སྲོལ་རིག་ གནས་དེང་རབས་རིག་གནས་སོགས་རྒྱུན་འཛིན་བྱས་ཏེ་འཛམ་གླིང་སྟེང་ལ་རང་མི་རིགས་ འདི་ཉིད་གང་འདྲ་ཡིན་མིན་ངོ་སྤྲོད་དང་བརྒྱུད་བསྒྲོགས་བྱེད་རྒྱུ་དེ་ད་ལྟ་ང་ ཚོའི་ཁ་ཚ་དགོས་གཏུགས་ཀྱི་གནས་ཚུལ་ཞིག་ཏུ་ངོས་འཛིན་བྱེད་ན་འགྲིག་སྙམ་ལགས།
དེ་མིན་ཁ་ཕོ་ཙམ་གྱིས་ང་ཚོ་བོད་ཀྱི་རིག་གནས་ནི་འཛམ་གླིང་ལས་ཆེས་ཡ་མཚན་ཅན་དང་ དགེ་མཚན་གང་གིས་ཆ་ནས་ཀྱང་འགྲན་དུ་མེད་པ་དང་དོ་ཟླ་བྲལ་བའི་རིག་གནས་ཤིག་ཡིན་ པར་རློམ་ནས་ནུས་པ་གང་ཡང་ཐོན་མི་སྲིད་པས་དུས་རབས་ཉེར་གཅིག་པའམ་གོ་ལ་ཅན་གྱི་ དུས་སྐབས་འདི་རུ་སྐྱེས་བུ་སུ་དང་སུ་ཡིན་ནམ་འང་འདྲ་ཚང་མས་མིག་མཐོང་ལག་ཟིན་ ནམ་བདེན་དཔང་མངོན་སུམ་ཞིག་མེད་ན་རིག་གནས་དང་བྱ་བ་དངོས་པོ་སོགས་གང་ཡིན་ཀྱང་ ཁས་ལེན་ནམ་ཡིད་ཆེས་སོགས་གཏན་ནས་བྱེད་མི་སྲིད་པས་ད་སྐབས་ང་ཚོས་འཛམ་གླིང་ལ་ཁ་ ཕྱོགས་ཏེ་ཆ་འཕྲིན་ལག་རྩལ་དུས་རབས་ཀྱི་རྗེས་སུ་བསྙེགས་པ་དང༌། ང་ཚོ་ལ་ཡིད་ཆེས་བྱེད་འོས་པ་བདེན་དཔང་ཡོད་པ་ཞིག་དང༌། དེ་བཞིན་གངས་ཅན་བོད་པའི་བསྟན་པའམ་ཆོས་ལུགས་ཕན་ཚུན་ཁག་ཚང་མ་མཐུན་སྒྲིལ་གྱི་ སྒོ་ཀུན་ནས་འབྱེད་ཅིང་གངས་རིའི་རིང་ལུགས་ཀྱི་ཆོས་ལུགས་ཁག་ཚང་མས་དམིགས་པ་ གཅིག་ཏེ་གནས་སྐབས་ཐར་པ་མཐར་ཐུག་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་སྒྲུབ་པ་ དང་ལྟ་བ་བླ་ན་མེད་པ་རྫོགས་པ་ཆེན་པོའི་ལྟ་བ་སྤྱོད་པ་འཚེ་མེད་འདུལ་བའི་སྤྱོད་ པ་སྒོམ་པ་དྲི་མེད་མཁའ་ལྟར་དག་པའི་དམིགས་པ་མེད་པ་འབྲས་བུ་བླ་མེད་བྱང་ཆུབ་ རིན་པོ་ཆེ་བཅས་ལ་དམིགས་ཡུལ་དུ་བྱས་ནས་རང་སོ་སོའི་བསྟན་པའི་ལྟ་བ་གཙོ་བོར་ བཟུང་སྟེ་རིས་མེད་བསྟན་ལ་དག་སྣང་ཀུན་ནས་སློང་པ། ཡུལ་དཀོན་མཆོག་གནས་བཞིའམ་རིན་ཆེན་རྣམ་གསུམ་གྲགས་པའི་དབྱངས་སྙན་པོ་སྲིད་པ་ གསུམ་ན་ཕེབས་དཀའ་བ་དེ་ལས་གདུལ་བྱའི་མཐུན་མོངས་སྣང་ངོར་སོ་སོའི་ཐ་དད་དུ་ གྱུར་མོད་ལྟ་སྒོམ་སྤྱོད་འབྲས་སོགས་ཀྱི་ཆ་ནས་ཐམས་ཅད་ལམ་གཅིག་རོལ་གཅིག་ཤར་ནས་ སྤྱིར་སེམས་ཅན་ཐམས་ཅད་དང་སྒོས་སུ་རང་མི་རིགས་ཀྱི་བདེ་སྡུག་སེལ་བའི་ཕྱིར་དང་ ཡང་སྒོས་ཚེ་འདིར་ལྷ་སྐལ་བབས་པའི་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འདི་ ཉིད་ཕྱོགས་བཅུ་ཀུན་ཏུ་དར་སྤེལ་དང་བརྒྱུད་བསྒྲོགས་འཛམ་གླིང་ལ་རང་ཉིད་ངོ་ ནོངས་མི་དགོས་པའི་བྱ་བ་གལ་ཆེན་ནམ་དོན་པོ་ཆེ་ཞིག་སྒྲུབ་རྒྱུ་དེ་མ་བགོས་སྤྱི་ ལ་བཞག་པའི་རང་ཉིད་ཀྱི་འོས་འགན་དང་མི་སོ་སོའི་ཕྲག་ཏུ་བབས་པའི་བྱ་བ་ཞིག་རེད།
དེ་མིན་རང་མི་རིགས་ཀྱི་རིག་གནས་དང་དམངས་སྲོལ་གོམས་གཤིས་སོགས་ཀྱི་གནས་ལ་ཟུར་ ཙམ་ཕྱོགས་ཙམ་ཡང་མ་ཤེས་ན་རྗེས་ཕྱོགས་ཏེ་མ་འོངས་པའི་མདུན་ལམ་རིང་མོ་སྟེ་རང་ ཉིད་ཀྱིས་རང་ཉིད་ཀྱི་ལམ་དེ་སྒོ་དགག་པ་ཞིག་ལས་གང་མ་མཆིས།
ད་རང་ཉིད་ཀྱི་བསམ་བློ་ནི་རང་ཉིད་ཀྱིས་བསྒྱུར་བཅོས་བྱེད་དགོས་པ་ལས་གཞན་གང་ གིས་ཀྱང་བསྒྱུར་བཅོས་དང་བཀོད་སྒྲིག་མི་ཡོང་བ་ཀུན་གྱིས་མཁྱེན་གསལ་ལྟར་རེད་ དོ། །