ཇོ་བོ་རྗེ་དཔལ་ལྡན་མར་མེ་མཛད་ཀྱི་གདན་ས་བིཀཱ་རམ་ཤཱི་ལའི་གཙུག་ལག་སློབ་གཉེར་ཁང༌།
སྐྱེས་སར་ཀླུ་སྒྲུབ།
རྩོམ་ཡིག་གི་རིམ་པ་རྣམས་གཤམ་གྱི་འབྲེལ་ཐག་ནས་གཟིགས་རོགས།
ཇོ་བོ་རྗེ་དཔལ་ལྡན་མར་མེ་མཛད་ཀྱི་གདན་ས་བིཀཱ་རམ་ཤཱི་ལའི་གཙུག་ལག་སློབ་གཉེར་ཁང༌།
སྐྱེས་སར་ཀླུ་སྒྲུབ།
རྩོམ་ཡིག་གི་རིམ་པ་རྣམས་གཤམ་གྱི་འབྲེལ་ཐག་ནས་གཟིགས་རོགས།
ཨ་ཨ། ཡང་མི་འདི་ཐོན་སོང༌། ཁོའི་མིང་མཐོང་བ་ཙམ་གྱི་ང་ནི་བསུན་བར་བྱེད། ཁོ་རེ། ཁྱོད་འདོན་པ་ཤེས་ན་དེས་ཚིམ་པར་བྱས་ན་མི་ལེགས་སམ། བེད་མེད་ཅན་གྱི་མི་རང་རེད།
སྐྱེས་སར་ཀླུ་སྒྲུབ། ཁོ་རེ། ཁྱོད་འདོན་པ་ཤེས་ན་དེས་ཚིམ་པར་བྱས་ན་མི་ལེགས་སམ། བེད་མེད་ཅན་གྱི་མི་རང་རེད།
སྔོན་མ་ང་རང་ལོ་ཆུང་ཡིན་དུས་ང་ཚོའི་སྡེ་བའི་བཞི་བའི་སྨྱུང་གནས་ཀྱི་སྒྲུབ་མཆོད་འཚོགས་སར་སོང་དུས་སྡེ་བའི་གྲྭ་ལོག་ཚོས་ཐུགས་རྗེ་ཆེན་པོའི་ཆོ་ག་ཉིན་གང་རེར་འདོན་པའི་སར་སྡོད་མྱོང་ལ། དེ་དུས་ཁོང་ཚོས་སྨྱུང་གནས་ཀྱི་ཆོ་གའི་མཇུག་ཏུ་འབྲོམ་གྱིས་མཛད་པའི་ཇོ་བོ་བསྟོད་པ་ཕུན་སུམ་ཚོགས་པ་བྷང་ག་ལ་ཡི་ཡུལ། །ཞེས་པ་དེ་ཧ་ཅང་གདངས་སྙན་མོའི་སྒོ་ནས་གཏོང་བ་དེས་སེམས་ནང་ཚོར་བ་དམིགས་བསལ་ཞིག་ཡོང་གིན་ཡོད་ལ། ལྷག་པར་དུ་ཇོ་བསྟོད་ཀྱི་མཇུག་གི སྐྱེ་བ་ཀུན་ཏུ་ཇོ་བོ་ཡབ་སྲས་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་དེ་རྣ་ལམ་དུ་ལྷུང་ཐེངས་རེར་མིག་ནས་མཆི་མ་འཁྲུགས་པའི་དད་པ་ཞིག་སྐྱེས་ཡོང་གིན་འདུག ད་ལྟ་བསམས་ན་ཇོ་བོ་ཡབ་སྲས་ཀྱི་ཞབས་འོག་ནས་ཤི་བའི་འབའ་འབུ་གྲོག་མ་ལྟ་བུའམ། ཡང་ན་ཇོ་བོ་ཡབ་སྲས་ཀྱི་སྐུ་མཇལ་གསུང་ཐོས་ཀྱི་ཁྱི་དང་ཞི་མི། རྟ་ནོར་ལུག་གསུམ་ལྟ་བུ་རེར་སྐྱེས་མྱོང་བ་ཡིན་ནམ་བསམས། གང་ལྟར་དེ་དུས་ཇོ་བོ་ཡབ་སྲས་ཟེར་བ་དེ་སུ་ཡིན་མི་ཤེས་ན་ཡང་ཇོ་བསྟོད་ཐོས་ན་སེམས་ནང་ཚོར་བ་དམིགས་བསལ་བ་རེ་ཡོང་གིན་འདུག དེའི་རྗེས་ནས་གྲྭ་པ་བྱས་རྗེས་སུ་ཡང་རྒྱུན་རིང་ཞིག་ལ་ལྷ་སའི་ཇོ་བོ་དང་མཉམ་མེད་ཇོ་བོ་ཆེན་པོ་ཞེས་པ་གཉིས་མི་གཅིག་ལྟ་བུར་གོ་གིན་ཡོད་ལ། རྗེས་མ་ཞིག་ཏུ་བླ་མ་རྡོ་རྗེ་འཆང་གིས་དེ་གཉིས་ཁ་ཁ་ཡིན་ལུགས་ཤིག་གསུངས་པས་དེ་ནས་བཟུང་སྔར་གྱི་གོ་ལུགས་དེ་རང་སར་སངས་སོ།།
གང་ལྟར་ཇོ་བོ་མར་མེ་མཛད་འདིས་ཁོང་རྒྱལ་སྲིད་དུ་བཞུགས་དུས་དང་དེ་ནས་རབ་ཏུ་བྱུང་ཚུལ། དེ་རྗེས་གྲུ་གཟིངས་ལ་བཞུགས་ཏེ་གསེར་གླིང་ཡུལ་དུ་ཕེབས་ཚུལ། དེ་ནས་བོད་ལ་ཕེབས་པའི་དུས་ཀྱི་གཟིགས་ཚུལ་སོགས་ཀྱི་སྐུ་ཚེའི་ལོ་རྒྱུས་ཤིག་བརྩམས་གནང་ཡོད་ན་ད་ལྟ་ངོ་མ་རིན་ཐང་ཆེན་པོ་ཞིག་ཡོད་པ་གདོན་མི་ཟ་ནའང་། བཀའ་གདམས་ཕ་ཆོས་ལྟ་བུ་ཆོས་ལུགས་ཀྱི་བརྗོད་བྱ་གཙོ་ཆེ་བར་བཟུང་བའི་རྟོགས་བརྗོད་མ་གཏོགས་མཇལ་དུ་མེད་པ་ནི་ཇི་འདྲའི་ཕངས་པ་ལ། གཅིག་བྱས་ན་སྔོན་གྱི་བཀའ་གདམས་པའི་དགེ་བཤེས་ཚོའི་ཁྲོད་དུ་ཇོ་བོའི་རྣམ་ཐར་རྒྱས་པ་བྲིས་ཡོད་མཁན་མེད་མི་སྲིད་ན་ཡང་། བཀའ་གདམས་པའི་བསྟན་པ་དེ་བཀའ་གདམས་པའི་གླེགས་བམ་དག་དང་མཉམ་དུ་ཉམས་རྒུད་དུ་ཕྱིན་པས་ད་ལྟ་མཇལ་དཀོན་ཚོད་རེད། དེང་དུས་ཀྱི་མཁས་པ་གཟན་དཀར་སྤྲུལ་སྐུ་ཐུབ་བསྟན་ཉི་མ་མཆོག་ནས་ཚོགས་པ་ཆེད་འཛུགས་ཀྱིས་འབྲས་སྤུངས་སོགས་སུ་ཡོད་པའི་དཔེ་མཛོད་རྙིང་བ་ཁག་ཏུ་བཞུགས་པའི་བཀའ་གདམས་པའི་གསུང་རབ་འཚོལ་བསྡུ་དང་པར་སྐྲུན་གནང་དང་གནང་བཞིན་པ་ནི་ངེས་པ་དོན་གྱི་བསྟན་ལ་བྱ་བ་བྱས་པ་ཞིག་ཡིན་པས། ལག་གཉིས་ཐལ་མོ་སྦྱར་ནས་བཀའ་དྲིན་ཆེ་ཞུ་འདོད་བྱུང་།
སྤྱིར་རྒྱ་གར་བའི་སློབ་དཔོན་ཚོས་རང་རང་ཕེབས་སའི་ཡུལ་གྱི་སྣོད་བཅུད་ཀྱི་བཀོད་པའི་སྐོར་བྲིས་པ་ཧ་ཅང་དཀོན་པོ་ཞིག་འདུག་ལ། རྒྱ་ནག་པ་ཚོ་ནི་དེ་ལས་ལྡོག་སྟེ་ཐང་སིན་དང་ཧྥ་ཤིན་ལྟ་བུས་རང་རང་གི་མཐོང་ཐོས་ཡི་གེར་བཀོད་ཡོད་པ་དེ་ཧ་ཅང་ལེགས་པོ་འདུག་བསམས།