མཁོ་གཏོང་བ་རྨོག་རུ་བསྟན་པ།
ཕྱི་ཚེས་༤ ཉིན་རྒྱ་གར་ལྷོ་ཕྱོགས་གྱི་གྲོང་ཁྱེར་བྷེང་ལོར་ཨན་རྡི་ན་གྷར་ས་གནས་སུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཟས་རིགས་འགྲེམས་སྟོན་ཞིག་གོ་སྒྲིག་གནང་ཡོད་པ་དང་། ཟས་རིགས་འགྲེམས་སྟོན་གྱི་མཛད་སྒོར་བོད་པ་དང་། རྒྱ་གར་སོགས་ཀྱི་སྐུ་མགྲོན་ཉིས་བརྒྱ་ལྷག་ཅིག་མཉམ་ཞུགས་གནང་ཡོད་པ་རེད། ཟས་རིགས་འགྲེམས་སྟོན་དེ་ནི་ས་གནས་བྷེང་ལོར་གྲོང་ཁྱེར་ནང་ཡོད་པའི་བོད་བསམ་ཚོགས་པའི་རམ་འདེགས་བརྒྱུད་ཨ་མདོ་ཚེ་རིང་མི་སྒེར་ནས་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཟས་སྣ་བཞི་བཅུ་ལྷག་ཅིག་བཟོ་སྦྱོར་བྱས་ཡོད་པ་རེད། འདིའི་ཐད་སྐུ་ཞབས་ཚེ་རིང་ནས་འགྲེལ་བརྗོད་གནང་དོན། བོད་ནི་རྒྱ་ནག་དང་ཐ་དད་ཡིན་པ་གོམས་གཤིས། སྐད་ཡིག་སོགས་ཀྱི་སྒོ་ནས་མཚོན་པ་ནང་བཞིན་ཟས་རིགས་ཀྱི་སྒོ་ནས་ཀྱང་མཚོན་ནུས་པ་ཞིག་ཡིན། བོད་པ་རང་ཉིད་ལ་ཐུན་མོང་མ་ཡིན་པའི་རོ་བཅུད་ལྡན་པའི་ཟ་མ་བཟོ་སྟངས་ཤིག་ཡོད་པ་རེད། ཡིན་ནའང་དེང་སང་མང་པོ་ཞིག་གིས་བོད་ཀྱི་ཟ་མ་བཟོ་བའི་རིག་པ་དེ་རྒྱ་མིའི་རིག་གཞུང་ཅིག་ཏུ་ངོས་འཛིན་བྱེད་ཀྱིན་འདུག་ དེ་ནི་ནོར་འཁྲུལ་ཞིག་ཏུ་མཐོང་གིན་འདུག
གཉིས་པ་དེ། བོད་པའི་ཟས་རིགས་ལའང་མེས་པོ་དམ་པ་ནས་བརྒྱུད་པའི་བོད་ཀྱི་རིག་གཞུང་གི་ཁྱད་ཆོས་ཡོད་པ་རེད། དེ་དག་མ་ཉམས་རྒྱུན་འཛིན་ཆེད་གཞོན་སྐྱེས་ཚོས་ཤེས་དགོས་པ་གལ་ཆེན་པོ་རེད། གསུམ་པ་དེ། བོད་ཀྱི་ཟས་རིགས་ལ་བརྟེན་ནས་རྒྱ་གར་ཡུལ་མིའི་སྤྱི་ཚོགས་ནང་བོད་པ་ཁྱབ་བསྒྲགས་ཐུབ་ཀྱིན་འདུག་ རྒྱ་གར་ཡུལ་མི་མང་པོ་ཞིག་གིས་བོད་ཀྱི་ཟ་མར་དགའ་བོ་བྱེད་པ་མ་ཟད་གསར་འགོད་བརྒྱུད་ལམ་ཁག་ཏུའང་བོད་ཀྱི་ཟ་མའི་ཁྱད་ཆོས་མང་པོ་བརྗོད་ཀྱིན་འདུག་ བོད་ཀྱི་ཟས་རིགས་འགྲེམས་སྟོན་འདི་ཡང་བོད་དོན་ཁྱབ་བསྒྲགས་དང་འབྲེལ་བ་ཆགས་ཀྱིན་འདུག མུ་མཐུད་རྒྱ་གར་གྱི་གྲོང་ཁྱེར་གཞན་དུའང་ཟས་རིགས་འགྲེམས་སྟོན་གྱི་ལས་འགུལ་སྤེལ་རྩིས་ཡོད་ཞེས་དང་། གཞན་ཡང་བོད་ཀྱི་ཟས་རིགས་ངོ་སྤྲོད་ཀྱི་དེབ་ཅིག་ཀྱང་བཟོ་འཆར་ཡོད་ཅེས་སྐུ་ཞབས་ཚེ་རིང་ལགས་ནས་འགྲེལ་བརྗོད་གནང་སོང་།
སྐུ་ཞབས་ལགས། ཧ་ཅང་བྲེལ་བ་ཆེན་པོའི་ངང་བྲིས་པ་ཡིན། གསར་འགྱུར་འདིར་ཚིག་བརྗོད་ཐད་བཟོ་བཅོས་གནང་རོགས།