ཁང་གསར་རྡོ་རྗེའི་ངོ་དེབ་ནས་བླངས།
དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་ཉེ་ལམ་གྲོས་ཚོགས་ཀྱི་ཚོགས་གཙོ་གནང་སྐབས་དང། སྤྱི་འཐུས་གནང་སྐབས་དབུ་མའི་ལམ་ལ་བསྐྱར་ཞིབ་ཀྱི་རྙོག་དྲ་དང་གཅིག ༸གོང་ས་མཆོག་ཉི་ཧོང་དུ་མི་དཀྱུས་མའི་གནས་བབ་ཐོག་ཕེབས་ཀྱི་ཡོད་པའི་འཆལ་གཏམ་དང་གཉིས། ནོར་རྒྱས་གླིང་གཞིས་ཆགས་སུ་ཆང་འཐུང་ར་རོས་གཞུང་དོན་རས་བོར་བྱས་སྟབས་ཉེས་རྡུང་གཟེད་པ་དང་གསུམ། ཆང་འཐུང་བག་མེད་ཀྱིས་གནམ་ཐང་དུ་ལུས་ནས་གལ་ཆེའི་ཚོགས་འདུར་བཅར་མ་ཐུབ་པའི་བྱ་ངན་དང་བཞི། གྲོས་ཚོགས་ནང་དཔུང་སྒྲིག་གིས་ཚོགས་གཙོའི་རྐུབ་སྟེགས་ལ་ཧབ་ཐོབ་བརྒྱབ་པ་དང་ལྔ། མ་འོངས་ཚོགས་གཙོ་ཐོབ་རེ་དང་རང་གི་ཁ་གཏད་ཚོགས་གཙོ་སྤེན་པ་ཚེ་རིང་ཕམ་ཉེས་སུ་གཏོང་ཐུབ་རེས་གྲོས་ཚོགས་ནང་དཔུང་བསྒྲིགས་འར་བཤད་ཀྱིས་གྲོས་ཚོགས་འཐོར་བཅུག་པ་དང་དྲུག་སོགས་ཀྱི་རྐྱེན་ལས། དབུས་གཙང་མི་དམངས་ཁོ་པར་ཞེ་གཏིང་ནས་ལོག་སྟེ། ཐེངས་འདིའི་སྔོན་འགྲོའི་འོས་བསྡུའི་ནང་ཁོ་པར་འོས་འཕངས་མེད་ཀྱང། ཁམས་ཕྱོགས་ཀྱི་སྲིད་དོན་པ་འགས་དེ་ནི་ཁོ་པས་ཁམས་ཞེན་བྱས་སྟབས་དབུས་གཙང་གིས་ངན་བྱས་པར་བསམས་ཏེ། གདན་ས་ཁག་ཏུ་ས་འོག་དར་འཐག་གི་འབྲེལ་བ་བརྒྱུད་དེ་ངན་སྐུལ་བྱས་འབྲས་སུ། སྔོན་འགྲོའི་འོས་བསྡུའི་ནང་ཁོ་པ་དགེ་ལུགས་སྤྱི་འཐུས་ཨང་བཞི་པ་དང་། བཀའ་བརྒྱུད་སྤྱི་འཐུས་ཨང་གཉིས་པར་སླེབས་ཡོད། ཁོ་པས་དེ་གཉིས་ལས་བཀའ་བརྒྱུད་སྤྱི་འཐུས་ལ་རེ་བ་ཡོད་པ་མཐོང་སྟེ་ཕྱི་མ་བདམས་ཡོད།
ཡ་མཚན་པ་ཞིག་ནི། དེ་རིང་དཔལ་རྒྱལ་བ་ཀརྨ་པ་དུས་གསུམ་མཁྱེན་པ་འཁྲུངས་ཏེ་ལོ་ ༩༠༠ འཁོར་བའི་དུས་དྲན་མཛད་སྒོའི་ཉིན། བཀའ་རྒྱུད་ཀྱི་ཆོས་བརྒྱུད་ཀྱི་ངོས་ནས་ཀརྨ་ཆོས་འཕེལ་སྐུ་མགྲོན་གྱི་གྲས་སུ་གདན་ཞུ་བྱས་འདུག དུས་དྲན་མཛད་སྒོ་དེར། ཆོས་བརྒྱུད་སྤྱི་འཐུས་ལས་ཐོག་ཁག་དང་སྤྱི་འཐུས་ཚོགས་གཙོ་གདན་ཞུ་བྱས་ཡོད་ཀྱང། ཆོལ་ཁའི་སྤྱི་འཐུས་ཀྱི་ཁོངས་ནས་ངས་དྲྭ་ལམ་ནས་མཐོང་བ་ལྟར་ན་ཀརྨ་ཆོས་འཕེལ་མ་གཏོགས་གཞན་དག་གདན་ཞུ་བྱས་མི་འདུག གནད་འགག་ཀྱི་ཆ་ནས་བཤད་ན། ད་ལྟ་ཀརྨ་ཆོས་འཕེལ་དབུས་གཙང་སྤྱི་འཐུས་ལས་ཐོག་ཡིན་པ་ལས་བཀའ་བརྒྱུད་སྤྱི་འཐུས་མ་རེད།
ལོ་རྒྱུས་ཐོག དགའ་ལྡན་ཕོ་བྲང་གི་གཞུང་དང་བཀའ་བརྒྱུད་པའི་བར་རྙོག་དྲ་མང་བོ་ཞིག་བྱུང་མྱོང་ཡོད་པ་རེད། ངས་བལྟས་ན། སྐྱེ་ཁོངས་ཁམས་ནས་ཡིན་པའི་བཀའ་བརྒྱུད་པ་ཚོས། བཀའ་བརྒྱུད་ཀྱི་བསྟན་དོན་དང་ཆོལ་ཁའི་ན་ཚ་མཉམ་དུ་བསྲེས་ཏེ་ཀརྨ་ཆོས་འཕེལ་བེད་སྤྱོད་བྱེད་པ་འདིས། ཀརྨ་པའི་ཆོས་དང་སྲིད་ལ་ཞབས་འདེགས་ཞུ་བ་ལས་ལྡོག་སྟེ་ཞབས་འདྲེན་ཞུ་ངེས་རེད།
གནད་ལུགས་འདི་དུས་ཚོད་ཀྱིས་ཁ་གྲགས་ཡོང་གི་རེད། ང་ཚོས་རིམ་གྱིས་བལྟ།།
ཁང་གསར་རྡོ་རྗེའི་ངོ་དེབ་ནས་བླངས་པའི་དཔྱོད་གཏམ་དེ་མཐོང་སོང་དེར་དཀྲོག་གཏམ་དང་དཀྲུག་ཤིང་གི་རྣམ་པར་གསལ་པོ་འདུག། མ་གཞི་ཁང་གསར་གྱིས་དཔྱོད་གཏམ་མང་པོ་ནང་ཤོག་ཞེན་གྱི་བསམ་ཚུལ་མང་། ཀརྨ་ཆོས་འཕེལ་གྱི་བྱས་ཉེས་ཁག་དྲུག་གི་དབུས་གཙང་ཆོལ་ཁའི་མི་དམངས་ཀྱིས་སྐབས་འདིར་འོས་འདེམས་མ་བྱས་པའི་གནས་ཚུལ་དེར་བདེན་ཁ་མི་འདུག་ལ་གོང་དུ་ཁྱོད་ཀྱིས་ཀརྨ་ཆོས་འཕེལ་གྱིས་བྱས་ཉེས་སུ་དྲངས་པའི་དབུ་མའི་ལམ་ལ་
བསྐྱར་ཞིབ་ཟེར་བ་དེ་ཅིག་རེད་དབུ་མའི་ལམ་ལ་སྐྱར་ཞིབ་དགོས་སྐོར་གསུང་པ་དེར་ག་རེ་བྱས་ནས་བྱས་ཉེས་སུ་ངེས་འཛིན་གྱི་ཡོད། ལམ་ཁ་དེར་སྤྱོད་ནས་མི་ལོ་སུམ་ཅུ་ལྷག་ཙམ་ཕྱིན་པ་རེད་འབྲས་བུ་ག་རེ་་ཐོབ་ཡོད་མེད་ཕྱིར་ནང་
ཀུན་གསལ་རེད། མི་ཚེ་གཅིག་ལ་ལྟོས་ན་དེ་དུས་ཡུན་ཐུངཐུང་ཞིག་རྩ་བ་ནས་མ་རེད། བྱ་བ་ག་རེ་ཡིན་ཡང་ལོ་ཅིག་སོང་གཉིས་སོང་གྱི་ཕྱོགས་སྡོམས་དང་སྐྱར་ཞིབ་གནང་བ་ནི་བྱ་བ་དེར་མཁས་པའི་རང་རྟགས་རེད། བྱ་དངོས་ཡོངས་རྫོགས་ཉིན་རེ་བཞིན་འགྱུར་ལྡོག་འགྲོ་བཞིན་པ་ལས་རྟག་གཏན་མཐར་གནས་ཀྱི་བྱ་དངོས་མེད། བྱ་བ་གང་ཞིག་ལོ་ཟླ་ཇི་ཙམ་སོང་ཡང་འབྲས་བུར་སྐྱར་ཞིབ་མེད་པར་ཤི་འགྱུར་རོ་འཐམ་གྱི་རང་ཕྱོགས་འཛིན་པ་ནི་ཀླད་མེད་ཁྲེལ་བཟུང་ལས་མ་འདས། དེས་ན་དབུ་མའི་ལམ་ལ་སྐྱར་ཞིབ་བྱས་ཉེས་སུ་མཐོང་བ་ནི་དོན་དངོས་སུ་བོད་མི་རིགས་ཀྱི་དཀའ་སྡུག་ལ་སེམས་འཁུར་མེད་པའམ་བོད་ཀྱི་ལོ་རྒྱུས་དང་མི་རིགས་ལ་ཁ་ཕྱོགས་མེད་པའི་ལྟ་ཚུལ་ཉིད་ཡིན། ད་དུང་ནོར་རྒྱས་གླིང་གཞི་ཆགས་སུ་ཆང་འཐུང་ར་རོས་གཞུང་དོན་རས་བོར་བྱས་སྟབས་ཉེས་རྡུང་གཟེད་པ་དང་ཞེས་པ་དེར་གོ་རྒྱུ་མེད་པས་ཡིག་ནོར་མང་ལ་པོ་པོ་དང་མོ་མོས་སྲང་ལམ་བར་གྱི་འཆར་གཏམ་དེ་ཚོས་ཁྱོད་ལ་བདེན་ཁ་མི་ཐོབ་བོ། ང་དང་་ཀརྨ་ཆོས་འཕེལ་བར་འབྲེལ་གྲོགས་མེད་ལ་ངས་མཐོང་མྱོང་ཡང་མེད་འོན་ཀྱང་ཁོང་ནི་མི་ལོ་སུམ་ཅུ་ལྷག་ཙམ་བོད་མིའི་དོན་དུ་འགོ་ཚོགས་གཙོ་བར་དུ་ཕྱག་ལས་གནང་ནས་ཡོང་མཁན་ཞིག་རེད། ངེད་གཉིས་ལྟར་བུ་གར་ཡོད་མི་ཚོ་བའི་རང་གཏམ་ཁ་གང་དེ་རང་བཤད་ནས་སྡོད་མཁན་ཞིག་མ་རེད་འདོད།
གལ་སྲིད་མི་བུ་ཁྱོད་མི་རིགས་འདིར་ལ་རྒྱ་དང་ཕུག་བསམ་ཞིག་ཡོད་ན་ཆོལ་ཁ་དང་ཆོས་ལུགས་བར་དཀྲོག་གཏམ་དང་དཀྲུག་ཤིང་འདི་རིགས་མ་སྤེལ་རོགས།
ཁང་གསར་རྡོ་རྗེས་ཉམ་ཞིབ་འདི་བདེན་པ་ཡིན་ན། ང་ཀརྨ་རྡོ་རྗེས་རྙོག་དྲ་འགོ་འཛུགས་རྩོམ་བྲིས་ལ་དགའ་བསུ་ཡོད།
ཀརྨ་པས་ཀྱང་མ་མཐོང་མདོག་མདོག་དང་། ཡང་ན་དེ་འདྲ་བྱེད་དགོས་པ་རེད་མདོག་བྱེད་ཀྱི་འདུག་གམ། ད་ལམ་གྱི་གནས་ཚུལ་འདིའི་ཐོག་ནས་ཀརྨ་པའི་ཡང་ལྕི་མཐོང་གི་རེད། དུས་རྒྱུན་ཉེ་རིང་མེད་མདོག་དང་བླ་མ་ཡིན་མདོག་གནང་བཞིན་པ་རྫུན་ཡིན་མིན་ཡང་ཡིག་ཚད་བཏང་བ་རེད། ད་ལམ་གྱི་གནས་ཚུལ་འདིའི་ཐོག་ནས་ཚེ་འདིར་ཀརྨ་པས་བོད་པའི་སྤྱི་ཚོགས་ནང་བྱ་བ་ཡག་ཉེས་གང་འདྲ་ཞིག་བསྒྲུབ་རྒྱའི་འཆར་གཞི་ཡོད་པའང་གསལ་བོ་ཆགས་ཀི་རེད། ད་ཐེངས་རྒྱལ་བ་ཀརྨ་པ་ཡིན་དང་རྒྱ་བ་ཀར་དམའ་པ་གང་ཡིན་གསལ་བོ་མཐོང་ས་རེད།
ཡ་ཡ་ད་རྙོག་དྲ་ཚ་བོ་རྣམས་ལ་ཚོགས་གཏམ་ཞིག་གཏོང་རྒྱུ་ཡིན།
http://www.rangwang.biz/index.php?essayId=1067
གཞོན་ནུ་ཟླ་མེད་ཀྱིས་བཞག་པའི་དྲ་འབྲེལ་དེའི་ནང་གི་ཚོགས་གཏམ།
ཡིག་ནོར་ལྔ་བཅུ་ང་གཉིས་ཅན་གྱི་ཚོགས་གཏམ་རང་གི་རིག་གཞུང་ལ་ཤ་ཚ་བའི་དཔང་རྟགས་གསོན་པོ་མ་འདིར་བཞུགས་སོ།། ༼ མིང་འདི་ང་བློ་གྲོས་མཐའ་ཡས་ཀྱིས་ཕུལ་བ་ཡིན། ༽
ཡར་འཇོག་མཁན། : གཞོན་ནུ་ཟླ་མེད།
རྩོམ་པ་པོ། : གཞོན་ནུ་ཟླ་མེད།
ཡོང་ཁུངས། : ཁ་བརྡ་དྲ་བ།
སྤེལ་དུས : ༢༠༡༠/༡༢/༠༣
འོ་ཡ་གཞོན་ནུ་ཟླ་མེད་དགེ་བསྐོས་༼སྐོེས་༽ལ་བརྐོས་༼བསྐོས་༽པའི་ཇ་ཐུན་དང་པའོ་༼ པོའི་༽ཚོགས་གཏམ། ཀ་བ་ལ་ཁྲིམས་རྒྱུགས་༼རྒྱུག་༽ཀྱིས་ལན་གསུམ་རྡུང་༼བརྡུངས༽ནས། འོ་ཡ། ད་ཕྱོགས་གང་སང་༼སར་༽བཞུགས་པའི་ར་ལང་ཆ་ལང་གི་བོད་འབངས་རྣམས་ལ་ཚོགས་གཏམ་འབུལ་བའི་རིམ་པ་ནི། དང་བོ་༼པོ་༽བླ་མ་དཔོན་པོ་རྣམས་ལ་ཚོགས་གཏམ་གཏོང་བའི་རིམ་པ་དང་། གཉིས་པ་གསར་བུ་འགོ་༼མགོ་༽སྟོང་རྣམས་ལ་ཚོགས་གཏམ་འབུལ་བའི་རིམ།༼པ་༽ གསུམ་པ་དྲ་ལམ་འབག་ཙོགས་༼བརྩོག་༽པ་རྣམས་ལ་ཚོགས་གཏམ་གཏོང་བའི་རིམ་པ་འོ།༼པའོ།། ༽ ༼།།༽
དང་པོ་བླ་མ་དཔོན་པོ་རྣམས་ལ་ཚོགས་གཏམ་ཕུལ་༼འབུལ་༽བའི་རིམ་པ་ནི། དཔོན་པོ་ཉམས་མྱོང་ཅན་ཚོས་བཀྲིས་དབང་འདུས་གཞུང་དོན་ལ་གཡོལ་ཐབས་བྱེད་ཆོག་མི་ཡོང་ངོ་། ༼ངོ་།།༽ དེ་དང་ཕྱོགས་མཚུངས་དབང་ཤེད་ཅན་ཚོས་གཞུང་ནོར་རྐུ་༼རྐུན་༽མ་རྒྱག་ཆོག་མོ་༼ མི་༽ཡོང་ངོ་། ༼ངོ་།།༽ དེ་དང་ཕྱོགས་མཚུངས་སྲིད་དོན་གཡོ་འཁྲམ་༼འཁྲུབ་༽ཅན་གྱིས་རྩ་ཁྲིམས་ལ་བསྒྱུར་༼སྒྱུར་༽བཅོས་བྱེད་ཆོག་མི་ཡོང་ངོ་།༼ངོ་།།༽ དེ་དང་ཕྱོགས་མཚུངས་བླ་མ་ལས་སྣེ་ཁ་ཤས་སྤྱན་རས་གཟིགས་ལ་ངོ་ལྐོག་་བྱས་ཆོག་མི་ཡོང་ངོ་།༼ངོ་།།༽ དེ་དང་ཕྱོགས་མཚུངས་མཁས་པ་སྐད་གྲགས་ཅན་ཚོས་ཆོས་དང་ཆོལ་ཁའི་བར་དུ་དཀྲུགས་ཤིང་བྱས་ཆོག་མི་ཡོང་ངོ་། ༼ ངོ་།།༽ དེ་དང་ཕྱོགས་མཚུངས་གཞུང་བསྟེན་དགྲ་ལྷ་རྣམས་ཀྱིས་ལུང་བསྟན་རྫུན་མ་བཤད་ཆོག་མི་ཡོང་ངོ་། ༼ ངོ་།།༽ དེ་དང་ཕྱོགས་མཚུངས་སྐུ་ངོ་དོན་སྤྱོད་༼གཅོད་༽རྣམས་ཀྱིས་མི་མང་གི་བདེ་སྡུག་ལ་མིག་གིས་ཡོ་གཟིར་༼བཟུར་༽བྱས་ཆོག་མི་ཡོང་ངོ་། ༼ ངོ་།།༽ དེ་དང་ཕྱོགས་མཚུངས་སྐུ་ངོ་དྲུང་ཡིག་རྣམས་ཀྱིས་ཡོད་ཚད་དབང་གཅོད་བྱས་ཆོག་མི་ཡོང་ངོ་། ༼ ངོ་།།༽ ལྷག་པར་དུ་ཆོས་བརྒྱུད་ཚང་མའི་བླ་མ་ཆེ་ཆེ་དྲག་དྲག་རྣམས་ལ་བོད་གཞུང་གི་འོག་ཏུ་བྱ་སྤུ་མནོན་༼ ནོན་༽གྱི་ཚུལ་དུ་འདུ་དགོས་པ་ལས་བོད་གཞུང་གི་སྟེང་དུ་ང་ཆེ་ང་དྲག་ཕག་པའི་ཟེ་བ་ལྟར་བྱས་ནས་བཞུགས་ཆོག་མི་ཡོང་ངོ་། ༼ ངོ་།།༽ དེའི་རྗེས་འཇུག་སློབ་མ་རྣམས་ཀྱང་བོད་གཞུང་གི་བཀའ་ལ་ཉན་ནས་དཔུང་པས་དབུ་འདེགས་བྱེད་པ་ལས་ཤོག་སྦུབ་རླུང་འཚང་གིས་ཆོལ་ཁ་དང་ཆོས་ལུགས་ཀྱི་རྙོག་གཞི་བསླངས་༼བསླང་༽ཆོག་མི་ཡོང་ངོ་། དེ་དང་ཕྱོགས་མཚུངས་ཐབ་ཚང་ཇ་མ་རྣམས་ཀྱིས་སུར་པན་དང་སྒོག་པ་རྐུ་༼རྐུན་༽མ་རྒྱབ་༼རྒྱག་༽ཆོག་མི་ཡོང་ངོ་། ༼ ངོ་།།༽
དེ་ནས་གཉིས་པ་གསར་བུ་མགོ་སྟོང་རྣམས་ལ་ཚོགས་གཏམ་ཕུལ་༼འབུལ་༽བའི་རིམ་པ་ནི། བསླབ་པ་དང་ལས་ཀའི་གོ་རིམ་རིམ་གྱིས་བགྲོད་པ་ལས་ཐོད་རྒལ་གྱིས་སངས་རྒྱས་བྱས་ཆོག་མི་ཡོང་ངོ་། ༼ ངོ་།།༽ འུར་གཏམ་དང་སྟོང་གཏམ་ཁོ་ནས་ཤོག་བུའི་སྟག་བཟོས་ནས་བྱིས་པ་རྣམས་ལ་འདྲོགས་༼འདྲོག་༽བསླང་ཆོག་མི་ཡོང་ངོ་། ༼ ངོ་།།༽ ཤེས་ཡོན་དང་འཇོན་ཐང་ཉམས་མྱོང་སོགས་རིམ་གྱིས་བརྒྱུད་དགོས་པ་ལས་རྐང་པ་གང་མགྱོགས་དང་ཧམ་པ་སུ་ཆེས་ཀྱིས་༼ཆེས་༽ཚོགས་རྗས་༼རྫས་ ༽ལ་འཕྲོག་རེས་བྱེད་པ་ལྟར་བྱེད་ཆོག་མི་ཡོང་ངོ་། ༼ ངོ་།།༽ ལག་ཁྱེར་རྫུན་མ་དང་ཉམས་མྱོང་རྫུན་མ་ཤེས་ཡོན་རྫུན་མ་སོགས་ཁྱབ་བསྒྲགས་གིས་༼ ཀྱིས་༽རྟ་ལམ་བོང་བུས་བཀག་ཆོག་མི་ཡོང་ངོ་། ༼ ངོ་།།༽
གསུམ་པ་ཤེས་ཡོན་པ་རྣམ་༼རྣམས་༽ལ་ཚོགས་གཏམ་ཕུལ་༼འབུལ་༽བའི་རིམ་པ་ལ། ཡར་མར་གང་སར་གཞི་མེད་སྐྱོན་འཛུགས་་ཀྱིས་བོད་དོན་ཕྱག་ལས་བྱེད་མཁན་རྣམས་ཀྱི་སེམས་ཤུགས་བཅགས་༼གཅོག་༽ཆོག་མི་ཡོང་ངོ་། ༼ ངོ་།།༽ ཆོས་ལ་སྐྱོན་བརྗོད་བྱེད་ཁུལ་གྱིས་བོད་སྤྱི་ཚོགས་ནུས་མེད་དུ་བཟོ་ཆོག་མི་ཡོང་ངོ་། ༼ ངོ་།།༽ ཆོས་བྱེད་པ་རྣམས་ནས་ཀྱང་ཆོས་མེད་ཀླ་ཀློའི་རྗེས་འབྲངས་༼འབྲང་༽ཅེས་རང་རིགས་རྗེས་རབས་པ་ཁ་ཤས་སྤྱི་ཚོགས་ལས་ཟུར་དུ་ཕུད་ཆོག་མི་ཡོང་ངོ་། ༼ ངོ་།།༽ མདོར་ན་ཞུ་བ་པོས་ཞུ་མ་ཤེས་ཀྱང་གསན་པ་པོས་གསན་ཤེས་པའི་སྒོ་ནས་རང་དོན་རང་གཅེས་ཀྱིས་བོད་དོན་སྤྱི་དང་བྱེ་བྲག་ཆོས་དང་རིགས་༼ རིག་༽གཞུང་རྣམས་ཉམས་པ་སླར་གསོ་དང་གསར་བྱུང་གསབ་འཇུག མ་ཉམས་གོང་སྤེལ་བཅས་བྱས་ནས་རང་རིགས་ཁ་བ་རི་བ་རྣམས་ཀྱི་ཆབ་དཔལ་རིག་གསུམ་དབྱར་གྱི་ཆུ་གཏེར་ཆེན་པོའི་དཔལ་ལ་འགྲན་པ་བཞིན་གོང་ནས་གོང་དུ་འཕེལ་བའི་རམ་འདེགས་སུ་བསྒྲོན་ནས་མེ་ཏོག་གངས་༼གང་༽ལ་ཕོག་པའི་ལྷ་བསྐལ་༼སྐལ་༽གངས་ཅན་མགོན་པོ་མཆོག་གི་ཐུགས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྲོ་བ་ཞིག་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན་ཞུ།།
ཀརྨ་ཆོས་འཕེལ་དགའ་ན་ཉིན་དཀར་ལྷ་མོའི་ལྷ་ལས་རོགས་རེད། མ་དགའ་ན་དགོང་མོ་འདྲེ་མོའི་ཐག་འཐག་རོགས་རེད། དབུས་གཙང་རྒྱུན་ལས་ཀྱིས་གནས་དབྱུང་བཏང་ཞིང་མངའ་རིས་མི་མང་གིས་བདག་པོ་མ་རྒྱབ་པའི་མི་ཞིག བཀའ་བརྒྱུད་དང་དགེ་ལུགས་པས་བདག་པོ་རྒྱབ་པ་ཡིན་ན། སེར་མོ་བ་ཚོས་སྲིད་དོན་འཁྲབ་ཀྱི་འདུག་ཟེར་ནས་མིང་ངན་ཡོང་གི་རེད་ད།
ཁོང་མི་ཤེས་འཇོན་ཅན་ཞིག་རེད། ལྷག་བསམ་ཅན་ཞིག་རེད་ཟེར་མི་ཐུབ། ཤེས་འཇོན་དེ་ལེགས་ཕྱོགས་སུ་བེད་སྤྱོད་བཏང་ན་ལེགས་པོ་རེད། སྡུག་ཕྱོགས་སུ་བེད་སྤྱོད་བཏང་ན་སྡུག་ག་རེད། གླང་ཆེན་སྨྱོན་པའི་སྣ་ལ་རལ་གྲི་བཏགས་ནས་གློད་ཤེས་ན་གཞན་དཔུང་རློག་པར་བྱེད། གློད་མ་ཤེས་ན་རང་དཔུང་གཞོམ་པར་བྱེད།
ད་ཁོ་པ་གཞི་བདག་གཉན་པོ་ཚོ་བཞིན་གསོལ་ཤེས་དགོས་པ་རེད་མ་གཏོགས། བོད་གཞུང་དམངས་གཉིས་རྡུལ་འཁོར་འཁོར། ཐལ་བ་འཚུབ་འཚུབ་བཟོ་གི་རེད་ད།
ཀརྨ་ཆོས་འཕེལ་ལ་དེ་སྔོན་ཡིད་སྔོན་བྱ་གི་ཡོད་ཀྱང་། ཉེ་འཆར་གནས་ཚུལ་མང་པོ་ཞིག་ཐོག་ནས་ཤེས་ཡོན་དེ་རང་གི་ཁེ་ཕན་ཁོ་ན་ཐོབ་ཐབས་སུ་བེད་སྤྱོད་བྱ་གི་འདུར་པར། དཀྲུག་ཤིང་གི་འགོ་དཔོན་དེ་འདྲ་འུ་ཅག་བོད་པའི་སྤྱི་ཚོགས་ལ་དགོས་པ་མེད།
ཁང་གསར་གྱི་བཀའ་སློབ་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན། འདི་ནི་དྲང་པོ་དྲང་རྐྱང་ངམ་དོན་ངོ་མ་རེད། ཤ་ཚ་བའི་གཏམ་རེད།
ཀརྨ་ཆོས་འཕེལ་རྐུན་པོ་ཞིག་རེད། ད་ལྟར་ངས་སློབ་གྲ་དེ་དྲན་གསོས་ཀྱི་མི་འདུག་སྟེ། སློབ་གྲ་ཞིག་གིདངུལ་མང་པོ་ཞིག་རྐུ་མ་རྒྱབ་པའི་གནས་ཚུལ་གསལ་བོ་ཡོད།
ཚ་ཕྲུག་རྒྱལ་ཟེར་མཁན་འདི་བླུན་པོ་ལུག་དང་འདྲ་སེ་འདུག ཀརྨ་ཆོས་འཕེལ་རྐུན་པོ་དེ་ལ་རྒྱབ་སྐྱོར་བྱེད་མཁན་རེད
ཁང་རྡོར་ལགས།སྐད་ཆ་བདེན་པ་རེད།ཀརྨ་ཆོས་འཕེལ་འདི་སློབ་སྦྱོང་གང་འཚམ་ཡོད་མཁན་ཞིག་རེད།ཡིན་ནའང་འཇོན་ཐང་དང་ལྷག་བསམ་ཟེར་བ་རྩ་བ་ནས་མེད།ག་དུས་ཡིན་ནའང་སྣ་ཐག་གཞན་ལག་ཏུ་ཤོར་ཤོར་རེད།མ་འོངས་པར་ཁོས་གྲོས་ཚོགས་ནས་ཚོགས་གཙོ་རྩོད་ལེན་བྱེད་རྒྱུ་རེད་ལ།ཁོ་ལ་ཆོལ་ལོག་གསེར་རྟ་ཚུལ་ཁྲིམས་སོགས་སྔོན་མར་གྲོས་ཚོགས་གཏོར་མཁན་ཁག་ཅིག་ཡང་སྐྱར་གྲོས་ཚོགས་སུ་ཡོང་རྒྱུ་རེད་ལ།ཁོང་ཚོས་རྒྱབ་སྐྱོར་ཡོད་ཡོད་པ་རེད།ཡང་སྐྱར་ཚོགས་གཙོའི་ཐད་ནས་སྤེན་པ་ཚེ་རིང་དང་གདོང་ཐུག་བརྒྱག་ངེས་རེད།
རྐམ་ཆོས་འཕེལ་ནི་སུ་ལ་ཡང་མི་མཁོ་བའི་གད་སྙིགས་ཞིག་ཡིན་པས་དེ་སུས་བདག་པོ་རྒྱག་ན་དེ་ནག་རིལ་ནག་རིལ་ཞིག་ཆགས་འགྲོ བཀའ་རྒྱུད་པ་རྣམས་ཀྱིས་རྐམ་པ་ནག་རིག་ནག་རིག་ཅན་ཞིག་བཟོ་འདོད་ན་དེ་བདག་པོ་རྒྱོག་དང་ཟླ་བ་ཁ་ཤས་མ་འགོར་བར་ནག་རིལ་རིལ་ཞིག་ཆགས་འགྲོ
མང་པོ་ཞིག་གིས་ཀརྨ་ཆོས་འཕེལ་ལ་སྐྱོན་བརྗོད་བྱེད་པ་དང་མི་སྡུག་ཅག་ཡིན་རབས་གླེང་བ་ལས། མི་སྡུག་ཅག་དེར་སྡུག་སྐྱག་འཁྲབ་སའི་སྡིང་ཆ་དང་གོ་སྐབས་བསྐྲུན་མཁན་སུ་ཡིན་གླེང་གི་མི་འདུག མི་སྡུག་ཅག་གིས་ག་དུས་ཡིན་ན་སྡུག་ཅག་འཁྲབ་ས་བཙལ་ནས་འགྲོ་བ་ལུགས་སྲོལ་རེད། ཀརྨ་ཆོས་འཕེལ་གྱིས་དང་པོ་དབུ་གཙང་ཆོལ་ཁ་བེད་སྤྱོད་བཏང་ནས་ལོ་མང་ལྟོ་ཟོས། ད་བར་དུ་ཁོས་ཉེས་པ་ག་རེ་བསགས་ཡོད་པ་དབུ་གཙང་གི་ཉེས་པ་རེད། ད་ནས་ཀརྨ་པ་དང་ཁོའི་ཆོས་ཚོགས་བེད་སྤྱོད་བཏང་ནས་ཆབ་སྲིད་འཁྲབ་རྩིས་རེད། ཀརྨ་པ་ཡང་གར་རྨ་པ་བཟོས་ནས་བོད་མའི་སྤྱི་ཚོགས་ཀྱི་ག་ས་གར་ལ་རྨ་ཆེན་པོ་བཟོ་རྒྱུའི་འཆར་གཞི་རེད། བྱས་ཙང་ད་ལམ་ཁོང་བཀའ་རྒྱུད་སྤྱི་འཐུས་ཆགས་ན་ཀརྨ་ཆོས་འཕེལ་གྱི་ནག་ཉེས་མ་ཡིན་པར་ཀརྨ་པ་དང་ཀརྨ་པའི་འཁོར་རྣམས་ཀྱི་ནག་ཉེས་རེད། ཀརྨ་པ་ཡང་ཕྱོགས་ཞེན་ཆུང་ཆུང་ཞིག་གི་རྒྱ་ལས་ཀྱང་མ་གྲོལ་བའི་གར་རྨ་པ་ཞིག་ཡིན་པ་མཚོན་པ་རེད། ཀརྨ་པ་བོད་པའི་སྤྱི་ཚོགས་ལ་བློ་དྲང་པོ་མེད་པ་མཚོན་པ་རེད། ཡིན་ཡང་ད་དུང་ཐག་ཆོད་ཡོད་མ་རེད། ལྟ་རྒྱུ་རེད།
ཁང་གསར་རྡོ་རྗེ་ཁྱིད་ཀྱི་དཔེ་ཡག་པོ་བྲིས་འདུག་ཏ།
སྤྱི་འཐུས་ཀརྨ་ཆོས་འཕེལ་མཁྱེན་རྒྱ་ཡངས་ཀྱང་།་་་་་བླུན་པོ་ཆུ་སྣ་གར་འཁྲིད་ལྟར།་་་རང་ཚུགས་མ་ཟིན་མཁན་སྨྱོ་ཆུའི་ལངས་ཤོར་ཅན་ཡིན་པ་དངོས་འབྲེལ་ཡིན།་དྲ་གྲོགས་རྣམས་ཀྱི་ཤེས་རྟོགས་ཀྱི་ཚུལ་དུ་འདིར་དཔེ་མཚོན་ཞིག་བཀོད་ན།་་་་་དེ་སྔ་འབྲས་བློ་གླིང་འདུ་ཁང་གསར་བཞེངས་དབུ་འབྱེད་མཛད་སྒོའི་སྐབས་ཁོ་པ་སྤྱི་འཐུས་ཚོགས་གཙོའི་མཚན་ཐོག་སྐུ་མགྲོན་གྱི་ངོ་བོར་གཅར་ཡང་།་་་་་མཛད་སྒོའི་དངོས་གཞི་དབུ་འབྱེད་སྐབས་ཁོ་པ་སྨྱོ་ཆུ་ཚོད་མེད་འཐུངས་ཏེ་དེའི་མཚན་མོར་འདུ་ཁང་སྐེད་འཛེགས་ཐོག་འཛེགས་སྐབས་སུག་ལག་བཞི་པོར་སར་བཙུག་སྟེ་དངོས་སུ་འགྲོ་བཞིན་པར་མི་མང་པོ་ཞིག་གི་མིག་ལམ་དུ་འགྱུར་ཡོད།་་་་་་་ྲྲྲ་
སྟག་སྨྱོན་ལགས། ཀརྨ་ཆོས་འཕེལ་བཀའ་རྒྱུད་པའི་སྤྱི་འཐུས་སུ་སླེབས་པ་དེ་རྒྱལ་བ་ཀརྨ་པ་དངའབྲེལ་བ་གཏན་ནས་མེད་པས་ཁྱེད་ཆོས་ལུགས་ཀྱི་བླ་ཆེན་ཞིག་གི་མཚན་ཞབས་འཐེན་ནས་མ་བྱེད་ན་མི་ལེགས་སམ། བྱས་ན་ཁྱེད་ཀྱིས་ཀརྨ་ཆོས་འཕེལ་དགེ་ལུགས་སྤྱི་འཐུས་སུ་སླེབས་པ་དེ་ལ་༧རྒྱལ་བ་རིན་པོ་ཆེའམ་དགའ་ལྡན་ཁྲི་པ་ལ་ནག་ཉེས་ཡོད་རེད་ཟེར་ཐུབ་བམ། སེམས་ཀྱི་རྣམ་རྟོག་ལ་ཤར་ཚད་གང་པོ་མཆན་འདེབས་ན་ཡག་པོ་མེད། གཅིག་བྱས་ན་ཁྱོད་ཀྱི་ཀུན་སློང་ཤོར་ཡོད་ས་རེད།
ཀརྨ་ཆོས་འཕེལ་ཆོལ་ཁ་ཆོས་བརྒུད་གང་གི་ཁོངས་སུ་སླེབས་ན་ཡང་ཆོལ་ཁ་ཆོས་བརྒྱུད་དེ་དང་དེའི་དམངས་ཀྱི་མངོན་འདོད་ཡིན་པས་དེ་ལ་བརྩི་བཀུར་ཞུ་དགོས་པ་ཡིན།
ངས་བལྟས་ནས་སྐབས་རྗེས་མའི་སྤྱི་འཐུས་འདེམས་མ་དགོས་པའི་ཐོག་ནས། ཁ་བརྡ་དྲ་ཚང་གི་དྲ་བ་ཚང་མ་སོང་ནས་སྤྱི་འཐུས་ཚོགས་ཁང་ནང་བཞག་པ་ཡིན་ན། འོ་ད་ལྟད་མོ་ཆེན་པོ་ཡོད་ས་རེད། ཁ་བརྡ་དྲ་ཚང་གི་དྲ་བ་ཚང་མ་ཆོལ་ཁའི་འཐུས་མི་དང་། ཆོས་ལུགས་ཀྱི་འཐུས་མི། ད་དུང་ཆོས་མེད་ཀྱི་འཐུས་མི་ཚང་མ་འཛོམས་བསྡད་ཡོད་པ། གཅིག་བཤད་ན་འཚམ་འཇོག་མི་ཐུབ་པ། འཛམ་བུ་གླིང་གི་ཤེས་བྱ་ཡོངས་སུ་རྫོགས་པ་མི་ཤེས་པ་གཅིག་ཀྱང་མེད་པ། ད་དུང་གླ་ཕོག་མི་དགོས་པ། ཁྱད་ཆོས་ཤིན་ཏུ་མང་གི ད་དུང་ཚོགས་གཙོ་དེང་སང་གི་ཚོགས་གཙོ་དེ་ཡག་པོ་འདུག འུར་ལངས་ནས་ངོ་གདོང་དམར་པོ་ཆགས་པའི་སྐབས་སུ་ལམ་སེང་ཁ་ལ་ཀོ་རུ་ཁ་བརྒྱབ་འཇོག་པ་དེ་འདྲ་ཞིག འདི་བོད་འབངས་ཡོངས་ཀྱིས་ཐུགས་བསམ་བཞེས་ནས་རོགས།
བ་མོའི་ཉལ་སྟངས་ལ་བལྟས་ན། བ་ཕྲུག་ཤི་པོ་ཡིན་པ་ཤེས་སོང་། ཀརྨ་པ་བཙན་བྱོལ་ལ་བཅར་མ་ཐག ཚང་མས་ཧ་ལས་ཧང་སངས་བྱས་སོང་། རྟེན་འབྲེལ་ཤིས་བརྗོད་མང་པོ་བྱས་སོང་། དེ་ཡང་རེ་བ་ཆེན་པོ་ཞིག་བྱས་པས་རེད། ཡིན་ན་ཡང་། ད་ཆ་འདི་ལྟར་བལྟས་སོང་ན། ཀརྨ་པ་ཡང་བསྐྱར་བོད་མི་མང་གི་ཁ་གཏད་ཆགས་ཉེན་འདུག འདི་གཙོ་བོ་ཁོར་ཡུག་ཡག་པོ་ཞིག་མེད་པས་ལན་པ་རེད། ཁམས་པ་མི་མང་གིས་ཆབ་སྲིད་པ་མགོ་བདེ་ཁ་ཤས་ཤིག་གི་གཡོ་བྱུས་འོག་ནས་བསམ་བློའི་གཡོག་པོ་ཆགས་བཞག འདི་ཡང་བོད་ཀྱི་རྩ་དོན་གྱི་གྱོང་གུད་རེད།
གོ་ཐོས་ལ་ཀརྨ་ཆོས་འཕེལ་དང་སྐུ་སྒེར་ཡིག་ཚང་གི་བཀྲ་ཤིས་གཉིས་སྤུན་ཇག་རེད་ཟེར། ས་འོག་དར་འཐག་གི་ལས་ཀ་ཡོང་ས་གཙོ་བོ་ཞིག་ཕལ་ཆེར་དེ་ཡིན་རྒྱུ་རེད། དེ་ཡང་གནད་འགག་ཆགས་ཡོད་རེད། ད་གང་དྲགས། བྱས་ཉེས་ཤོར་ཉེན་འདུག་ག བྱས་ཉེན་ཆེན་པོ་ཤོར་ས་རེད།
གོང་དུ་མཆན་འབྲི་གནང་མཁན་རྣམས་པ་ཚོ་ལ་ཞུ་རྒྱུ་ནི། ཀརྨ་ཆོས་འཕེལ་ནོར་འཕྲུལ་ཡོད་མེད་དེ་ངས་གསལ་བཤད་ཞུ་མ་དགོས་པ་བོད་མི་མང་རྣམས་ཐུགས་བསམ་བཞེས་རྒྱུ་རེད། འོན་ཀྱང་བཀའ་བརྒྱུད་སྤྱི་མཐུས་སྔོན་འགྲོའི་འོས་བསྡུའི་ནང་ཁོ་པ་ཨང་གཉིས་པར་སླེབས་ཡོད་པ་དེ། དཔལ་རྒྱལ་དབང་ཀརྨ་མཆོག་ལ་དམིགས་གསལ་འབྲེལ་བ་ཡོད་པ་ངས་མཐོང་གི་མེད་གང་ཡིན་ཟེར་ན་ཁོ་པ་བཀའ་བརྒྱུད་ནང་ནས་རྟག་ལུང་བཀའ་བརྒྱུད་ཆོས་བརྒྱུད་ཡིན་པའི་ཆ་ནས་རེད་བསམ་གི་ཡོད་དེ་ལུགས་དྲ་གྲོགས་ཚོ་ཐུགས་བསམ་བཞེས་དགོས་རྒྱུ་དེ་གལ་ཆེན་པོ་མཐོང་།
ཧུན། བོད་པའི་སྤྱི་ཚོགས་རྙོག་དྲ་དེ་ལ་ཀརྨ་ཆོས་འཕེལ་མཁྱེན། ཀརྨ་པ་མཁྱེན། །ཟེར་རྒྱུ་ལས་ཅི་ཡང་མི་འདུག
ཀརྨ་ཆོས་འཕེལ་ནི་མི་རྙོག་དྲ་ཚ་བོ་ཞིག་ཡིན་པ་བོད་ཕྱི་ནང་གཉིས་ཀའི་མཐོང་ཡོད་པ་ཤེས་གསལ་རེད། ཁོ་བོས་རྐུབ་སྟེགས་རེག་ཐབས་ཀྱི་བྱེད་སྟངས་འདིས་བོད་མི་ཡོངས་སུ་རྫོགས་པ་ཐང་ཆད་དགོས་པ་བཟོས་ཡོད་ཀྱང་། བོད་སྤྱིའི་བདེ་སྡུག་ལ་བསམ་བློ་རྟུལ་འབྲུ་ཙམ་ཡང་མི་བཏང་མཁན་ཁག་གཅིག་གིས་ད་དུང་མུ་མཐུད་དུ་ཁོ་བོས་འཁྲབ་ཟིན་པའི་ཟློས་གར་ལ་བསྐྱར་བལྟ་ཞིག་བྱེད་རྒྱུ་ཡིན་པ་ཐག་གིས་ཆོད། དེ་དག་ནི་བོད་པ་སྤྱིའི་གྱོང་རེད་ཡ།
ཁང་རྡོར་ལགས་ཀྱིས་གནད་ལ་ཁེལ་བ་ཞིག་བྲིས་འདུག།
ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་་གུང་གྲངས་དོན་ལྔར་ཕེབས་ཟིན་པ་དང༌། རང་རེའི་ཕ་ཡུལ་བོད་གྱི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར། བཙན་བྱོལ་སྤྱི་ཚོགས་ཀྱི་ནང་དུ་ང་ཚོར་སྐབས་བབས་ཀྱི་འགན་ཁུར་གལ་ཆེན་པོ་ཞིག་ཆགས་ཡོད། སྤྱིར་བཏང་གི་ཆ་ནས་བཤད་ན་མང་གཙོའི་གཞུང་ཡིན་ན་བསམ་ཚུལ་བཤད་ཡ་དང་། སྐྱོན་བརྗོད་སོགས་གང་བྱེད་ཀྱང་རང་དབང་ཡིན་མོད། གང་ཟག་རེ་ཟུང་ནས། ཆོལ་ཁ་དང་། ཆོས་ལུགས་ཀྱིས་འཐེན་ཁྱེར་ཁོང་དུ་ཉར་ནས་ལྷག་བསམ་ཡོད་མདོག་གིས། སྤྱི་འཐུས་ཚོགས་ཟུར་ཀརྨ་ཆོས་འཕེལ་མཆོག་ལ་སྐྱོན་བརྗོད་དང་། ཟུར་ཟ། སྨ་འབེབས་སོགས་བྱེད་སྟངས་འདི་ལ་བལྟས་ན་བོད་ཀྱི་བསྟན་པ་ཆབ་སྲིད་ལ་འགལ་རྐྱེན་དཀྲུགས་ཤིང་བཟོ་མཁན་རྒྱ་མིའི་ཉུལ་མ་འདྲ་ཡིན་ན་མ་གཏོགས། བཙན་བྱོལ་སྤྱི་ཚོགས་ལ་ལོ་མང་རིང་ཞབས་ཞུ་ཧུར་ཐག་གནང་ཞིང་ཤེས་འཇོན་གཉིས་ལྡན་ཁོང་ལྟ་བུ་ལ་དེ་ལྟར་བྱེད་པ་ནི་ཆེས་མི་འོས་པར་བསམ། ཁོང་བཀའ་བརྒྱུད་སྤྱི་འཐུས་སུ་འོས་ཤོག་བླུགས་པ་དེ་ཡང་ཐོབ་ཐང་མེད་བཞིན་དུ་ཁ་ཤས་ཀྱིས་འཐེན་འཁྱེར་དང་། ཁོ་རང་ནས་མགོ་བདེ་དྲན་འཕྲུལ་གྱིས་འཚང་ཀ་བརྒྱབ་པ་ལྟ་བུ་མ་ཡིན་ཏེ། དཔལ་སྟག་ལུང་བཀའ་བརྒྱུད་པའི་ཆོས་རིགས་སུ་གཏོགས་ཤིང་ལྷག་བསམ་དང་། ཤེས་འཇོན་རྨ་མེད་ཡོད་པར་གཟིགས་ནས་རྒྱ་ཆེའི་མང་ཚོགས་ནས་འོས་འདེམས་ཀྱིས་སྔོན་འགྲོའི་སྐབས་ཨང་གཉིས་པར་སོན་པ་ལགས་ན་ཕྱོགས་ལྷུང་དང་ཕྲག་དོགས་ལ་བརྟེན་ནས་ཕྱིན་ཆད་དེ་ལྟར་མི་མཛད་པར་ཞུའོ།།