འདི་ནི་བོད་ནང་གི་སློབ་གླིང་ཁག་མི་འདྲ་བ་གསུམ་གྱི་སློབ་མ་འདུས་པའི་སློབ་ཆེན་སློབ་མ་སྐོར་ཞིག་གིས་བཙན་བྱོལ་གཞུང་མང་ཡོངས་སུ་བཀའ་ཁྲིའི་འོས་འདེམས་སྐོར་ལ་ཕུལ་བའི་སྙན་ཞུ་ཞིག་དང་། བོད་ནང་གི་སློབ་ཆེན་པ་སྐོར་ཞིག་གི་བཀའ་ཁྲིའི་སྐོར་ལ་བཅངས་བའི་རེ་བ་དང་བསམ་ཚུལ་གཤའ་མ་དེ་ཡིན།སྤྱིར་སྙན་ཞུ་འདི་ལ་ས་ཡིག་རྒྱག་མཁན་སློབ་ཆེན་སློབ་མ་ལྔ་བཅུ་ལྷག་འདུས་ཡོད་ཟེར་ཀྱང་། པར་གྱི་ནང་དུ་ས་ཡིག་ཉུང་ཙམ་ལས་ཐོན་མི་འདུག
གོང་གསལ་བོད་ནས་བསྐུར་བའི་ཞུ་ཡིག་དེ་མཐོང་རྗེས་དགའ་སྣང་ཡང་བྱུང་ལ་དངངས་སྐྲག་ཀྱང་བྱུང་། དགའ་སྣང་ཡོང་དོན་ནི། ང་ཚོའི་མི་རབས་གསར་པའི་ནང་དུ་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་གི་གཅེས་སྲོག་རིན་ཐང་ཆུང་ཆུང་ཞིག་ཏུ་རྩིས་གནང་མཁན་མཐོང་རྒྱུ་ཡོད་པ་ནས། ཉིན་རེ་བཞིན་ཇེ་མང་དང་ཇེ་མང་དུ་འགྲོ་བཞིན་པ་འདི་ཡིན། གཟིགས་དང་། ཁོང་ཚོའི་ཞུ་ཡིག་གི་ནང་དོན་ཟབ་ཅིང་གནད་དུ་འཁེལ་བ་ཞིག་འདུག་ལ། ཞུ་ཡིག་གི་གཤམ་དུ་སོ་སོའི་མིང་དང་མཚན་རྟགས་སོགས་གསལ་པོ་བཀོད་འདུག་པས། འདི་ནི་སྤྱང་ཀྱི་མེད་སར་ལུ་གུ་འཕག་འཚག་བྱེད་པ་དང་གཏན་ནས་མི་འདྲ་བར། རང་གི་ཚེ་སྲོག་གི་ཁྲག་རྒྱུན་གྱིས་མཚན་རྟགས་བཀོད་པ་ཞིག་རེད།
དོན་དངོས་ཡིན་མིན་ཁ་ཚོན་བཅད་མི་ཐུབ་རུང་། ཡོངས་གྲགས་སུ་སྔོན་མ་བོད་པའི་དཔོན་པོ་ཚོས་རྒྱ་ནག་ཏུ་དོན་ཚན་བཅུ་བདུན་ཅན་གྱི་ཆིངས་ཡིག་ལ་མིང་རྟགས་བཀོད་པ་དེ། རྒྱ་མིས་བཙན་དབང་གིས་མེ་མདའི་འོག་ཏུ་བཞག་དགོས་བྱུང་བ་རེད་ཅེས་བརྗོད་ཀྱིན་ཡོད་པ་རེད། སྐབས་དེ་དུས་ཀྱི་ང་ཚོའི་བོད་མི་རིགས་ཀྱི་དཔོན་རིགས་དེ་ཚོས་ཀྱང་རང་ཉིད་སྒེར་གྱི་ཚེ་སྲོག་གི་ཆེད་དུ་རྒྱལ་ཁབ་བློས་བཏང་བ་རེད། ད་དུང་འདི་ངོ་སོ་ཁུར་ནས་འཇོན་རབས་བཤད་མཁན་ཡང་མེད་པ་མ་རེད། དེང་སྐབས་མི་དམངས་བཅོས་མའི་ནང་ནས་ཀྱང་རྒྱལ་ཁབ་ཀྱི་དོན་དུ་གཅེས་སྲོག་འདོར་བར་ཕོད་པའི་བློ་སྟོབས་ཅན་ག་ཚོད་མངོན་ཡོང་གི་འདུག འགག་རྩ་འདི་ངོ་མ་དགའ་འོས་པའི་གནད་དོན་ཞིག་རེད་སྙམ།
དངངས་སྐྲག་ཡོང་དོན་ནི། ད་ལྟའི་གཞོན་སྐྱེས་ཀྱི་ཁྲོད་ནས་རྒན་རབས་ཚོས་རེ་བ་ལས་བརྒལ་བའི་མི་སྣ་དབྱར་གྱི་སྤང་ལ་ཤ་མོ་བརྡོལ་བ་ཇི་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པས། ཁོང་ཚོས་མ་འོངས་པར་བོད་མི་རིགས་ཀྱི་གནད་དོན་ཐད་དུ་དགྲ་སྡུག་གཉེན་དགའི་ཐག་གཅོད་བྱེད་ཐུབ་རྒྱུའི་རེ་བ་ཆེན་པོ་ཡོད་མོད་ཀྱང་། ཁོང་ཚོས་དེ་ལྟར་བྱ་རྒྱུའི་ལམ་འགག་གམ་གོ་སྐབས་དེ་ད་ལྟའི་དབང་འཛིན་པ་ཚོས་མེད་པ་བཟོ་རྒྱུའི་ཉེན་ཁ་ཆེན་པོ་འདུག་པས། གནད་དོན་འདི་ལས་དངངས་སྐྲག་ཆེ་བ་ཞིག་གང་ན་ཡོད། འགག་རྩ་འདི་རིགས་ང་ཚོས་ངེས་པར་དུ་བསམ་བློ་འཁོར་ཐུབ་པར་གནང་རྒྱུ་ཤིན་ཏུ་གལ་ཆེ་བར་སྣང་།
བོད་ནས་སེམས་ཤུགས་ཀྱིས་དོ་སྣང་དང་རྒྱབ་སྐྱོར། རེ་སྐུལ་དང་དགོངས་ཚུལ་གསུངས་བ་ནི་སྙིང་ཐག་པ་ནས་བཀའ་དྲིན་ཡོད་ལ། དེ་ནི་མི་རིགས་འདི་སྔོན་དང་མི་འདྲ་བ་གོ་རྟོགས་སེལ་པའི་དན་རྟགས་ཤིག་ཏུ་འཁུམས་པས་དགའ་བ་འཕེལ།
བོད་ནས་འབྱོར་བའི་གནས་འཕྲིན་ཞུ་ཡིག་འདི་བཞིན་ཇི་ལྟར་འབྱོར་བ་སོགས་ཀྱི་གནས་ཚུལགསལ་ཁ་་ངོ་མ་མི་ཤེས་ཀྱང་། མཇལ་བ་དང་ཧ་ཅང་དགའ་སྤོབས་ཀྱི་ཚོར་བ་ཞིག་ངང་གིས་སྟེར། འོ༌༌༌༌༌༌༌༌༌སྔ་མོ་བོད་ཀྱི་གནད་ཡོད་མི་སྣས་རང་སྲོག་ཤོར་ཡང་། དོན་ཚན་བཅུ་བདུན་ལ་མཚན་རྟགས་བྱས་མེད་ན། ད་གཟོད་བོད་ཀྱི་གནས་སྟངས་འདི་ལས་མ་འདྲ་བ་ཞིག་ཡོད་ངེས་རེད་ལ༌༌༌༌༌༌༌༌༌༌༌༌