(༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཛམ་གླིང་ཞི་བདེའི་གཟིངས་རྟགས་ཀྱི་ཉིན་མོ་ཕུལ་བ་ལེགས།།)
ཇིང་སྲས་མིག་གསུམ་པ
རྩ་གསུམ་ལྷ་ཡི་ཐུགས་སྲས་ཡིད་བཞིན་ནོར་བུ།།
མ་གྱུུར་འགྲོ་བའི་སྐྱབས་མགོན་ཡིད་བཞིན་ནོར་བུ།།
བུ་ངའི་སྙིང་གི་བླ་མ་ཡིད་བཞིན་ནོར་བུ།།
ཞི་བདེའི་དེད་དཔོན་ཆེན་པོ་ཡིད་བཞིན་ནོར་བུ།།
འཛམ་གླིང་གཙུག་གི་ཉི་མ་ཡིད་བཞིན་ནོར་བུ།།
གོ་ལའི་སྒང་གི་ཟླ་བ་ཡིད་བཞིན་ནོར་བུ།།
གངས་ཅན་འགྲོ་བའི་མགོན་པོ་ཡིད་བཞིན་ནོར་བུ།།
ཞི་བདེའི་དེད་དཔོན་ཆེན་པོ་ཡིད་བཞིན་ནོར་བུ།།
བརྩེ་བའི་བདག་ཉིད་ཆེན་པོ་ཡིད་བཞིན་ནོར་བུ།།
སྙིང་རྗེ་ས་བོན་བསྐྲུན་པའི་ཡིད་བཞིན་ནོར་བུ།།
མཛད་འཕྲིན་གླིང་འདིར་རྒྱས་མཛད་ཡིད་བཞིན་ནོར་བུ།།
ཞི་བདེའི་དེེད་དཔོན་ཆེན་པོ་ཡིད་བཞིན་ནོར་བུ།།
བྱམས་དང་སྙིང་རྗེའི་བདག་ཉིད་ཡིད་བཞིན་ནོར་བུ།།
བསླུ་མེད་སེམས་དཔའ་ཆེན་པོ་ཡིད་བཞིན་ནོར་བུ།
བྱིན་རླབས་གྲུ་ཆར་འཇོ་བའི་ཡིད་བཞིན་ནོར་བུ།།
ཞི་བདེའི་དེད་དཔོན་ཆེན་པོ་ཡིད་བཞིན་ནོར་བུ།།
གདུལ་བྱའི་ས་སྟེང་ཁྱབ་པའི་ཡིད་བཞིན་ནོར་བུ།།
འཚེ་མེད་ཞི་བའི་ཐབས་སྟོན་ཡིད་བཞིན་ནོར་བུ།།
སྐུ་ཚེ་ཁྲི་ལོར་བརྟན་པའི་ཡིད་བཞིན་ནོར་བུ།།
ཞི་བདེའི་དེད་དཔོན་ཆེན་པོ་ཡིད་བཞིན་ནོར་བུ།།
ཇིང་སྲས་མིག་གསུམ་པར་འབོད་པའི་ཧོ་ལན་ཌིའི་རྒྱལ་ས་ཨམ་སུར་ཌམ་ནས་བྲིས།
༢༠༡༠ – ༡༢ – ༡༠ ཉིན་བྲིས་དགེའོ།
༸སྐྱབས་མགོན་ཏྰ་ལའི་བླ་མ་མཁྱེན་ནོ། །
༸སྐུ་མདུན་ཡིད་བཞིན་ནོར་བུ་མཁྱེན་ནོ། །
༸རྒྱལ་བ་ཡིད་བཞིན་ནོར་བུ་མཁྱེན་ནོ། །
༸གོང་ས་ཡིད་བཞིན་ནོར་བུ་མཁྱེན་ནོ། །
གཞིས་བྱེས་བོད་མི་ཡོངས་ལ་མཁྱེན་ནོ། །
ཤར་ནུབ་མི་འབོར་ཡོངས་ལ་གཟིགས་རོགས། །
དུད་འགྲོ་སྣོད་བཅུད་ཡོངས་རྫོགས་སྐྱོབས་རོགས། །
ཁམས་གསུམ་འཁོར་བ་པ་རྣམས་སྒྲོལ་རོགས། །
༸གོང་ས་མཆོག་རང་༸སྐུ་ཚེ་བརྟན་རོགས། །
ཨེ་མ་ཧོ། །
དཀོན་མཆོག་ཀུན་འདུས་ཏྰ་ལའི་བླ་མ་མཁྱེན། །
སྙིགས་ལྔའི་ལོག་སྤྱོད་བསམ་སྦྱོར་རྒྱུན་བཅད་ནས། །
ཞི་བདེ་བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །
འགྲོ་བ་ཀུན་ལ་སྐྱེ་བར་བྱིན་གྱིས་རློབས། །
དམ་ཆོས་ཚུལ་བཞིན་ནུས་པར་ཐུགས་རྗེས་བཟུང་། །
ཨོཾ་ཨྰཿ་ཧྰུྃ་ཧྲྰིཿབྷྲྰུྃ།།
ཤྲྰིས་སོ། །
http://www.tibetcy.com/showart.asp?art_id=689
འཛམ་གླིང་སྐྱེ་དགུ་ཡོངས་ཀྱི་དཔྲལ་བའི་མིག།
གངས་ཅན་འགྲོ་བ་ཡོངས་ཀྱི་འདི་ཕྱིའི་སྐྱབས།།
ཆོས་སྲིད་ཁང་བཟང་འདེགས་པའི་མི་རྗེ་མཆོག།
ང་ཡི་བླ་མ་བསྟན་འཛིན་རྒྱ་མཚོ་ཡིན།།
ང་ཡི་བླ་མ་བསྟན་འཛིན་རྒྱ་མཚོ་ནི།།
ས་ཡི་ཁྱོད་ན་དབེན་པའི་སྐྱེས་མཆོག་ཡིན།།
དེ་ཡི་སྐྱབས་འོག་ཚུད་པའི་ལས་ཅན་ང་།།
གཞན་མེད་བདེ་སྐྱིད་ཁོ་ནས་འཚོ་ཞིང་སྐྱིད།།
གླིང་ལྔ་མཚོ་བཞིས་བསྐོར་བའི་ས་གཞི་འདིར།།
ཞི་བདེ་མཛའ་མཐུན་བདེ་བ་འབྱུང་བའི་གནས།།
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།།
ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།
འཛམ་གླིང་ཞི་བདེའི་དེད་དཔོན་།།
གོང་༧ས་ཡིད་བཞིན་ནོར་པུ་།།
གངས་ཅན་བོད་ཀྱི་མགོན་སྐྱབས་།།
རྒྱལ་དབང་དོན་གྱི་བདག་པོ་།།
མི་རང་གངས་རིའི་ལྗོངས་ལ་།།
ཞབས་སོར་འཁོད་པའི་རྟེན་འབྲེལ་།།
ས་ཆེན་གོ་ལའི་སྒང་གི་ཡིད་བཞིན་ནོར་བུ།།
ས་ཡ་ཁྲི་ཕྲག་འགྲོ་བའི་ཡིད་བཞིན་ནོར་བུ།།
ས་གསུམ་སྡུག་བསྔལ་ལས་སྐྱོབ་ཡིད་བཞིན་ནོར་བུ།།
ས་ཡ་དྲུག་གི་རེ་ལྟོས་ཡིད་བཞིན་ནོར་བུ།།
པོ་པོ་མོ་མོ་སྙིང་གི་ཡིད་བཞིན་ནོར་བུ།།
ཨ་ཕ་ཨ་མའི་སེམས་ཀྱི་ཡིད་བཞིན་ནོར་བུ།།
བུ་དང་བུ་མོའི་མིག་གི་ཡིད་བཞིན་ནོར་བུ།།
མདོར་ན་སུ་དང་གང་གི་ཡིད་བཞིན་ནོར་བུ།།
གངས་རིའི་ཞིང་གི་གཟི་བརྗིད་ཡིད་བཞིན་ནོར་བུ།།
གངས་ལྗོངས་སྣོད་བཅུད་མགོན་དཔུང་ཡིད་བཞིན་ནོར་བུ།།
གངས་ཅན་གཞིས་བྱེས་སེམས་ནང་ཡིད་བཞིན་ནོར་བུ།།
གངས་ཅན་མགོན་པོའི་སྐུ་ཚེ་བརྟན་པར་སྨོན་ནོ།།