ཀླུ་སྨྱོན།
—གྲོགས་པོ་ཞིག་གི་ཆུང་མར་མངལ་སྦྲུམ་པའི་སྣང་ཚུལ་མཐོང་རྗེས།
སྙིང་སྡུག་མ།
བརྩེ་བ་ཟེར་བའི་ནེམ་ཤ་ཅན་དེའི་ཆེད་དུ།
ང་རང་ཉིད་ཀྱི་ཡོད་ཚད་ཁྱེད་ལ་ཕུལ་ཚར།
ངའི་ཤ་ཁྲག་དང་ངའི་རུས་རྐང་།
ངའི་ལུས་ཟུངས་དང་རྣམ་ཤེས་ཡོད་ཚད་ཁྱེད་ལ་བསྟིམས་ཟིན།
མདང་དགོང་།
ཟླ་འོད་དཀར་ཞིང་རླུང་བུ་ལྡང་བའི་མདང་དགོང་།
ཁྱེད་ཀྱི་བ་སོའི་ཀ་བ་གཤིབས་འདྲའི་བརླ་ཤ་འཇམ་པོ་གཉིས་ཀྱི་བར་དུ།
ངས་རང་ཉིད་ཀྱི་ལུས་ཤུགས་ཡོད་ཚད་བཀོལ་ཏེ།
བརྩེ་དུང་གི་ས་བོན་ཆུང་ཆུང་ཞིག་བཏབ་ཡོད།
གཞུང་ལུགས་ལས་གསུངས་པ་ལྟར་ན།
ཁྱེད་ཀྱི་ཞིང་སར་བཏབ་པའི་ས་བོན་ནེམ་ཤ་ཅན་དེ་ནི།
དཀར་ལ་དམར་མདངས་ཆགས་ཤིང་།
ཕྲ་ལ་འོད་དུ་འབར་བ་ཞིག་ཡིན་སྐད།
བརྩེ་བ་ཞེས་པའི་འཇིག་རྟེན་སྣང་བ་འདི་དང་།
གཉེན་སྒྲིག་ཅེས་པའི་སྲིད་པའི་འགྲོ་ལུགས་འདིའི་ཀློང་ན།
ཁྱེད་ཀྱི་བརླ་བར་དུ་བཏབ་པའི་ས་བོན་རྡོག་པོ་དེ་དང་།
ཁྱེད་ཀྱི་ཚང་མལ་དུ་བསྙལ་བའི་རྣམ་ཤེས་འཁྱམ་པོ་དེ་ལས།
གཞན་གཅེས་འོས་པའི་དངོས་པོ་ཅི་ཞིག་ཡོད་ཨང་།
ང་ནམ་རྒྱུན་ཁྱེད་ཀྱི་བརླ་སྒང་དུ་འཛེགས་ཐེངས་རེ་རེར།
ངས་རི་རབ་དང་རྒྱ་མཚོའི་ཆགས་རིམ་དང་།
རྩྭ་ཐང་དང་ནམ་མཁའི་རྒྱ་ཁྱོན་ཡང་མཐོང་ཐུབ་ལ།
ངས་ནམ་རྒྱུན་ཁྱེད་ཀྱི་མྱོས་བུམ་ཟུང་འཕུར་ཐེངས་རེ་རེར།
ངས་འཁོར་བ་དང་བརྩེ་དུང་གི་བྲོ་བ་མྱོང་ཐུབ་ལ།
ངས་སྡུག་བསྔལ་དང་ལས་ཉོན་གྱི་འབྱུང་རྩ་ཡང་རྟོགས་ཐུབ།
ལག་པ་བྲང་ཁར་བཞག་ནས་ཞིབ་ཏུ་བསམ་བློ་རེ་གཏོང་དུས།
ཁྱེད་ཀྱིས་ངའི་མཛུབ་མགོར་བསྐོན་པའི་གསེར་གྱི་སོར་གདུབ་འདི་ཁོ་ནས།
ང་རང་ནམ་ཡང་ཐར་དུས་མེད་པའི་བརྩེ་དུང་གི་བཙོན་ཁང་ཞིག་ཏུ་བཅུག་འདུག་ལ།
ཁྱེད་ཀྱི་ཚ་དྲོད་འབར་བའི་བརླ་བར་གྱི་ས་ཚིགས་དེ་གཅིག་བུས།
ང་རང་ནམ་ཡང་ཕྱིར་མི་ལོག་པའི་འཇིག་རྟེན་གཞན་པ་ཞིག་ལ་ཁྲིད་ཚར་འདུག
ཨ་རོགས། ཡང་མྱི་ལྡང་དེས་གཅིག་བཞག་ཡོད་ནི་རི།
ཁོ་མོའི་མྱོས་བུམ་དེ་འང་འཁོར་བའི་འདུས་བྱས་སྤྱི་མཚུངས་ལྟར།
བདེ་བ་དང་སྡུག་བསྔལ་གྱི་རེག་བྱ་ཟུང་འཇུག་མ།
བརླ་དབར་གྱི་ཚོར་རླབས་དེའང་ཟི་ཁྲོན་གྱི་ཝོ་ཀོ་འཁོལ་བ་ལྟར།
སི་པན་དང་། སྒོག་པ།། ཁ་བ་དང་སྐ་བ། ཚ་བ་དང་ལན་ཚྭ་བའི་རང་བཞིན་ཅན།
ཁོ་རང་ཧ་ཅང་ལྟོགས་པའི་དུས་སུ་ཚ་དམྱལ་དུ་ལྷུང་བ་ལྟར།
མོ་རང་ཡང་དེ་ཡི་རང་བཞིན་ཅན།
འོན་ཀྱང་། ཚོར་རླབས་དེ་འཇགས་པའི་སྐད་ཅིག་མར།
བརྒྱལ་སངས་པ་བཞིན། ཁྲག་གི་བཞུར་རྒྱུན་འགྲིག་ལ། སྙིང་གི་འཕར་ལྡིང་ཆ་སྙོམས།
གང་ལྟར་བརླ་བར་གྱི་གསང་ཁམས་བསམ་གྱི་མི་ཁྱབ་ཞིང་།
བྲང་གཞོང་གི་རོ་དྲུག་འང་སྨྲ་བསམ་བརྗོད་པའི་ཕ་རོལ་ཏུ་ཕྱིན་པ་ཉག་ཅིག
ཨ་ཁུ་ཀླུ་སང་ཁྱེད་ཀྱི་གྲོགས་པོ་རྒྱ་སུག་དེའི་རྒན་མོ་ཡིན་ན་། བཀྲ་ཤིས་བདེ་ཡོད་ཡུམ་ངར་བ་ཞིག་མ་རེད་ན་།
སྐད་ཅིག་ཁོག་འདར་ཤ་འདར་རྒྱག་པའི།།
བརླ་ཤའི་བར་གྱི་ཁུན་སྒྲ་ཐུང་ངུས།།
གཟུགས་ཀྱིས་བོར་བའི་རྣམ་ཤེས་ཤིག་ལ།།
སླར་ཡང་མི་ལུས་རིན་ཆེན་བསྩལ་ཡོད།།
ཙོང་སྐམ་འདྲ་བའི་བརླ་གཉིས་བར་ལ།།
ལ་སེར་འདྲ་བའི་མཇེ་ཡིས་དཀྲུགས་རྗེས།།
ཁྲོ་ཟངས་ལྟ་བའི་རྙ་མའི་ནང་ནས།།
བིམ་པ་ལྟ་བུའི་མི་ཞིག་ལྷུང་ཡོང་།།
དགོངས་འཆར་མུ་མཐུད་དུ་སྤེལ་རོགས།
གཉེན་རྟགས་བརྒྱབས་ནས་མི་ཚད་གཉེན་ཆང་ཡང་འཐུང་དང་ཟིག་མོ། དེ་མིན་ན་སོར་གདུབ་གོན་ཏེ་སྙན་ངག་འདི་འདྲ་འབྲི་དོན་མེད་པ། ངས་ཁ་ཞིག་གླས་བསམས་ཀྱང་ཐོག་ལ་མི་འབབ་ན་ཐང་། དེ་བས་ཅང་བཤད་རྒྱུ་མེད།
ད་དུང་ཅུང་དམར་རྗེན་དུ་བྱས་ན་ངའི་འདོད་ཐོག་ཏུ་ཡོང་ས་རེད།
མི་གཅིག་གིས་བོད་པ་མང་དུ་འགྱུར་བའི་ལྟས་བཟང་རེད། བཀྲིས་བདེ་ལེགས་ཡོད།