མདའ་ཚན་པ་ལགས།
ཁྱེད་ཀྱི་ནོར་བུ་དེ་ནི་རིག་གནས་གསར་བརྗེའི་སྐབས་ལ་བོད་ཡིག་གསར་བཅོས་ཀྱི་ཡིག་ཆ་མིང་ལ་“བོད་ཡིག་གསར་བཅོས་ཀྱི་རྩ་འཛིན་“ཟེར་བ་ལྟ་བུ་ཞིག་ཐོན་ཡོད་པ་དེ་ཡིན་ནམ། དེ་ཡིན་ན་དེ་ནི་སློབ་དེབ་མ་རེད། རྩ་འཛིན་གྱི་ཡིག་ཆ་ཞིག་རེད། དེའི་ནང་ན་ཁྱེད་ཀྱིས་བཤད་པའི་ཚིག་ཕྲད་དང་བྱ་ཚིག རྐྱེན་གྱི་ཡི་གེ་སྐོར་ཞིག་ཁུ་བསྡུ་བྱས་ཡོད། གཅིག་བྱས་ན་དེ་སློབ་གྲྭ་འགའ་རེ་ནས་སློབ་དེབ་ཏུ་བེད་སྤྱོད་བཏང་ཡོད་ཀྱང་སྲིད། རྩ་འཛིན་ཡིག་ཆ་འདིའི་སྐོར་པད་མ་འབུམ་ལགས་ཀྱིས་དྲན་ཐོ་རྡོ་རིང་མ་ཟེར་བ་དེའི་ནང་ལ་ཅུང་ཙམ་ཞིབ་མོ་ཞིག་བྲིས་འདུག
ཁྱེད་ཀྱིས་བཤད་པ་བདེན་པ་རེད། དེ་ནི་མི་བསམ་བློ་མེད་པ་ཞིག་གིས་བྲིས་པ་ཞིག་མ་རེད། དེ་ནི་ཁྱེད་ཀྱིས་བཤད་པ་ལྟར་སྟབས་ཇེ་བདེར་བཏང་ནས་མི་དམངས་ཀྱིས་ཤེས་བདེ་ཆེད་བྲིས་པ་ཞིག་རེད། དེ་ཟིན་བྲིས་རྒྱག་མཁན་ལས་གཅིག་ད་དུང་པེ་ཅིན་ན་འདུག ལོ་བཅུ་ཙམ་སྔོན་ལ་ངེད་གཉིས་ཐུག་ནས་དེའི་སྐོར་ལ་གླེང་མོལ་ཡང་བྱས་མྱོང་། ཁོང་གིས་གསུང་གསལ་ལ། བོད་ཡིག་ཅུང་ཙམ་སྟབས་ཇེ་བདེར་བཏང་ན་མི་སེར་གྱི་ནང་དུ་བོད་ཡིག་བསྟན་པ་དར་བ་ལ་ཕན་ཐོགས་རེ་ཨེ་ཡོང་སྙམ་པ་ཡིན་ཟེར། ཡང་ཁོང་གིས་སྔོན་མ་བོད་ཡིག་འདི་གཙོ་བོ་དགོན་པའི་ནང་ལ་གནས་བསྡད་ཡོད་ཅིང་། བོད་ཡིག་གནས་པའི་ཁོར་ཡུག་ཆུང་ཆུང་རེད། གནས་སའི་ཁོར་ཡུག་ཆུང་ན་སྐད་ཡིག་གི་ཚེ་སྲོག་ལ་གནོད་གི་རེད། ང་ཚོས་བོད་ཡིག་གི་ཁོར་ཡིག་གི་ཇེ་ཆེར་གཏོང་ཐབས་བྱས་པ་རེད་ཟེར།
ལྷག་བསམ་བཟང་བ་ཐམས་ཅད་ལ་འབྲས་བུ་བཟང་བའི་ངེས་པ་ཡོད་པ་མ་རེད། ཁོང་ཚོས་བོད་ཡིག་གི་ཚིག་ཕྲད་དང་བྱ་ཚིག་ཇེ་ཉུང་ལ་བཏང་བ་ལ་བརྟེན་ནས་བོད་ཡིག་ཤེས་མཁན་ཇེ་མང་ལ་ཡང་སོང་མེད། རིག་གནས་གསར་བརྗེའི་རྗེས་སུ་བོད་ཡིག་ལ་ཤི་སོས་ལྟ་བུ་ཞིག་བྱུང་བ་རེད། དེ་ཡང་བོད་ཡིག་ཤེས་མཁན་གྱི་གྲངས་འབོར་དང་བོད་ཡིག་གི་ཤེས་ཚད་གང་ཐད་ནས་བོད་ཧ་ཅང་ཡག་པོ་བྱུང་བ་རེད། བོད་ཡིག་གི་བསྟན་པ་འདི་འདྲ་ཞིག་བོད་ཀྱི་ལོ་རྒྱུས་ཐོག་ལ་དར་མྱོང་ཡོད་པ་མ་རེད་ཟེར་ན་ཡང་བཤད་ཐལ་དུ་མི་འགྲོ་བ་ལྟ་བུ་ཞིག་རེད། དེ་དུས་ཚང་མས་སྦྱོང་རྒྱུ་ཁྱེད་ཀྱིས་བཤད་པའི་མགོ་རྙོག་ཚ་བོ་དེ་ ཡིན་ན་ཡང་ཚིག་ཕྲད་གཞན་དབང་ཅན་སྦྱོར་སྟངས་མ་ཤེས་པའི་དཀའ་ངལ་འཕྲད་རབས་ཀྱང་ཐོས་རྒྱུ་མ་བྱུང་། ཁྱེད་དང་ང་ཚོ་ཚང་མས་ཚིག་ཕྲད་གཞན་་དབང་ཅན་སྦྱངས་ནས་ཡོང་བ་རེད། ང་ཚོས་བརྡ་སྤྲོད་སྦྱོང་སྐབས་སྲོལ་རྒྱུན་གྱི་བརྡ་སྤྲོད་སྦྱོང་ས་དང་སྦྱོང་དབང་མེད་པའི་དཀའ་ངལ་ཞིག་བྱུང་བ་རེད་མ་གཏོགས་མ་ཤེས་པའི་དཀའ་ངལ་བྱུང་མེད། རྒྱུ་མཚན་ནི་དེ་ཧ་ཅང་ཤེས་སླ་བོ་རེད།
ཁྱེད་ནས་ཕྲད་གཞན་དབང་ཅན་རྣམས་བྱིས་པ་རྣམས་ཀྱིས་ངག་སྐྱོར་བཏང་ནས་བྱིས་པ་སུན་པ་སྐུར་རོགས་རེད་ཟེར། ངག་སྐྱོར་གཏོང་བ་འདི་སྤྱིར་བཏང་བོད་ཀྱི་སློབ་སྦྱོང་བྱེད་སྟངས་ཐུན་མོང་མ་ཡིན་པ་ཞིག་རེད་མ་གཏོགས་ཕྲད་གཞན་དབང་ཅན་མེད་ན་བློར་སྐྱོར་མི་དགོས་པ་ཞིག་ཨེ་ཡིན། སྨན་རྩིས་ཁང་ལ་སོང་ན་རྒྱུད་བཞི་བོ་ངག་སྐྱོར་བཏང་ནས་བསྡད་ཡོད་པ་རེད། དགོན་སྡེ་རྣམས་ལ་སོང་ན་ཡིག་ཆ་དང་ཞལ་འདོན་དེ་འདྲའི་མང་པོ་ཞིག་བློར་སྐྱོད་བསྡད་ཡོད་པ་རེད། དེ་རྣམས་ཕྲད་གཞན་དབང་དང་འབྲེལ་བ་ཅི་ཡང་ཡོད་པ་མ་རེད། ཕྱི་རྒྱལ་བ་བོད་ཡིག་སྦྱོང་མཁན་རྣམས་ཀྱིས་ཐོབ་ཐང་གི་རྩ་ཚིག་བློར་སྐྱོར་མི་དགོས་པར་སྦྱོར་སྟངས་གོམས་འགྲོ་གི་འདུག ང་ཚོ་བོད་པས་ཀྱང་བློར་མ་སྐྱོར་བར་ཤེས་འགྲོ་བ་ལ་ཐེ་ཚོམ་མེད་ཀྱང་། བློར་སྐྱོར་བ་ང་ཚོ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྦྱོང་སྟངས་ཤིག་རེད།
དབྱིན་ཡིག་ལྟ་བུ་ལ་མཚོན་ན། རྗེས་འཇུག་ལ་ལྟོས་པའི་ཕྲད་རང་དབང་དང་གཞན་དབང་ཅན་མེད་པའི་སྟབས་ཀྱིས་བརྡ་སྤྲོད་སྟབས་བདེ་བོ་ཡིན་པའི་ངེས་པ་ཡང་མེད། དཔེར་ན་ཚེ་སྐབས་སྟོན་པ་ལྟ་བུར་མཚོན་ན། ཟླ་བའི་སྔོན་ལ་in སྒྲ་དང་། ཉིན་གྱི་སྔོན་ལ་onསྒྲ། དུས་ཚོད་ཀྱི་སྔོན་ལ་at ཡི་སྒྲ་སྦྱོར་བ་ལྟ་བུ་རེད། འདི་གསུམ་བོད་ཀྱི་ཚེ་སྐབས་དང་འདྲ་ཡང་། དུས་མི་འདྲ་བ་ལ་ཕྲད་མི་འདྲ་བ་རེ་སྦྱོར་བ་ལྟ་བུ་རེད། གལ་སྲིད་འདི་བོད་ཀྱི་བརྡ་སྤྲོད་ཀྱི་ཆ་ཤས་ཤིག་ཡིན་ན། བོད་ཀྱི་མཁས་པ་རྣམས་ཀྱིས་ “ཟླ་བའི་སྔོན་ལ་in སྒྲ་དང་། ཉིན་གྱི་སྔོན་ལ་on སྒྲ་དང་། དུས་ཚོད་སྟོན་པ་atའོ༎”ཟེར་བ་ལྟ་བུ་ཞིག་སྦྱར་ནས་དེང་སང་བློ་ལ་སྐྱོར་བཞིན་ཡོད་ན་ཡང་ཐང་ངོ་།
དབྱིན་ཡིག་ཕྲད་རང་དབང་ཅན་མེད་ལུགས་ལན་ཁ་གསལ་ཞིག་གནང་འདུག ཡང་རྟགས་འཇུག་གི་རྩ་བ་ལས།
དེ་དག་ནང་གསེས་གང་འཇུག་པ། །མཐར་སྦྱར་འོག་མའི་མིང་དོན་ལས། །སྤྱི་ འཇུག་ཡོད་དམ་བྱེད་པ་ཡོད། །དེ་བཞིན་ཆེད་བྱེད་རྟེན་བྱེད་དང་། །ལས་བྱ་བླང་བྱ་བསྒྲུབ་པར་བྱ། །སྔོན་དུ་འོས་པ་གནས་པའམ། །གཞན་ཡང་ ཚིག་དོན་འོག་མ་ལས། །བསྡུ་རྒྱུ་ཡོད་དམ་མེད་པ་དང་། །གོང་མ་ལས་ཀྱང་དེ་བཞིན་ཏེ། །རྣམ་གྲངས་དག་ཀྱང་བཀོད་པ་ལས། །བསྐྱར་བ་ཡོད་ དམ་མེད་པ་དང་། །ཕོ་སྒྲ་དང་ནི་མོ་སྒྲ་དག །མིང་གི་མཐའ་ན་ཡོད་མེད་དང་། །རྒྱན་དུ་གྱུར་པ་རྣམས་ལ་ཡང་། །དོན་ལ་བསྙེགས་པ་ཡོད་མེད་ དང་། །བསྟན་བྱ་ལྷག་མ་ཡོད་མེད་དང་། །ཚིག་དོན་རྫོགས་དང་མ་རྫོགས་ཀྱིས། །དེ་དག་ནང་གསེས་རྣམ་པར་དབྱེ། །ཅི་ཕྱིར་འཇུག་པར་བྱེད་ཅེ་ ན། །ཡི་གེའི་ཁོངས་ནས་མིང་དབྱུང་སྟེ། །མིང་གི་ཁོངས་ནས་ཚིག་ཕྱུང་ནས། །ཚིག་གིས་དོན་རྣམས་སྟོན་པར་བྱེད། །
ཞེས་གསུངས་པ་འདིར་གསལ་བའི་བརྗོད་གཞིའམ་ནང་གསེས་ཀྱི་དབྱེ་བ་གསལ་པོ་ཞིག་ཧ་ལམ་མེད་པ་འདྲ།
ཤེས་ཀྱི་མི་འདུག་དང་ཁག་པོ་འདུག་སོགས་རྒྱུ་མཚན་དུ་བགྲང་ནས་བོད་ཡིག་ཡག་པོ་མི་འདུག་ཟེར་ན་རྩིགས་པའི་ངོས་ཀྱི་རི་མོའང་གད་མོ་ཤོར་ངེས་རེད། མ་ཞིག་སློབ་སྦྱོང་ཟེར་ལས་སླ་ཤོས་ཞིག་ཏུ་སུས་ཀྱང་མི་བརྩི་ལ། ཚང་མས་ཤེས་ཐུབ་པ་ཞིག་དེ་བས་ཀྱང་མ་ཡིན་པ་རེད། དེ་ཕྱིར་འཇིག་རྟེན་དུ་མཁས་མི་མཁས་དང་དཔོན་གཡོག་གི་ཁྱད་པར་བྱུང་བ་རེད། དེ་ཡང་མདོར་དེད་ན་ཤེས་པ་དང་མི་ཤེས་པའི་ཐོག་ནས་བྱུང་བ་རེད།
ཚང་མས་ཤེས་ན་ཚང་མ་གཅིག་པ་ཡོང་དགོས་པས་ལས་ཁུངས་ནང་འགན་འཛིན་ནས་ཇ་མ་བར་གྱི་དབྱེ་བ་ཡོད་མི་སྲིད་པ་རེད། གཅིག་གིས་མི་འཇོན་པ་གཞིན་ཞིག་གིས་འཇོན་པ་དང་། གཅིག་གིས་མི་ཤེས་པ་གཞན་ཞིག་གིས་ཤེས་པ་དང་། གཅིག་ལ་དཀའ་ཤོས་དེ་གཞན་ཞིག་ལ་ལས་སླ་བོ་ཡོད་སྟབས་མི་དྲགས་ཞན་བར་གསུམ་གྱི་དབྱེ་བ་བྱུང་བ་ལོས་ཡིན། ངས་ཤེས་ཀྱི་མི་འདུག་པས་ལས་སླ་རུ་གཏོང་རོགས་ཟེར་ན་འུ་ཐུག་པའི་སྐད་ཆ་ལས་བསམ་ཡོད་ཀྱི་བཤད་སྟངས་ཤིག་མ་ཡིན། ཚང་མར་གཅིག་མཚུངས་ཀྱིས་ལས་སླ་བོ་ཡོད་པའི་ཤེས་བྱ་ཞིག་མེད་ཚོད་རེད།
དེང་སྐབས་མང་པོ་ཞིག་གིས་དུས་བབ་ཚང་གི་གསར་འགོད་པའི་བོད་ཡིག་དང་སུམ་རྟགས་ཤེས་ཚད་ཧ་ཅང་སྐྱོ་བས། གསར་ཤོག་དང་དུས་བབ་དྲ་རྒྱ་ཀློག་སྐབས་གང་བྲིས་པའི་གསར་འགྱུར་ལ་དོ་སྣང་བྱེད་མི་ཐུབ་པར་། དེ་ལས་ལྡོག་དེ་ཡི་གེ་དང་ཕྲད་སྦྱོར་སྟངས་སྐྱོ་བོ་ཡོད་པ་དེས་མགོ་ནད་བཟོ་ཡོང་བས་གསར་འགྱུར་ཞིག་ཀློག་གི་ཡོད་པའི་ཚོར་བ་མི་འདུག་ཟེར་ནས། དུས་བབ་ཚང་ཡི་གེ་ཞེས་པ་དེ་ཁོ་ན་ལས་དུས་བབ་ཚང་གི་གསར་འགྱུར་ཞེས་གླེང་མཁན་མི་འདུག་པས། ལས་བྱེད་ཚང་མ་མིན་ངེས་ཀྱང་རེ་གཉིས་ཀྱིས་སུམ་རྟགས་ཡག་པོ་ཞིག་བསྐྱར་སྦྱོང་གནང་རྒྱུའི་རེ་བ་ཞུ་གི་ཡོད། ཁྱེད་ཚོའི་ཉེ་གནས་རྡ་ས་ཀིརྟི་དགོན་པའི་རྒན་བློ་བཟང་རྒྱ་མཚོ་མཆོག་མུ་དགེ་བསམ་བསམ་གཏན་གྱི་དངོས་སློབ་ཡིན་པ་དང་། ཁོང་ལ་སྙན་རྒྱུད་ཀྱི་མན་ངག་སོགས་ཁྲིད་རྒྱུད་བྱིན་རླབས་ཅན་འདུག་པས་ཁོང་གི་འགྲམ་ནས་ཐེངས་གཅིག་ཁྲིད་ཞུ་ཐབས་ན་ཡག་པོ་ཡོད་པ་རེད། དེ་ལ་ངོ་ཚ་བྱེད་དགོས་དོན་ཡོད་པ་མ་རེད། འདི་ནི་ཕན་སེམས་ཁོ་ན་ཡིན།
ད་རྩོད་ཡ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
གི་སྒྲའི་རང་བཙན་བསྐྱར་གསོ།
ལོ་ཡི་བགྲང་བྱ་བཅུ་གཉིས་ལ་སླེབས་པའི་བོད་ཀྱི་དུས་བབ་གསར་ཤོག་གི་འདས་པའི་ཀྱག་ཀྱོག་གི་ཤུལ་ལམ་རིང་མོར་ཕྱིར་མིག་ཅིག་བལྟས་ན། ལྷག་བསམ་གྱི་རྒྱབ་སྐྱོར་ལྷོད་མྱོང་མེད་པའི་སྙིང་ཉེ་བའི་ཀློག་པ་པོ་གང་མང་ཞིག་གིས་དུས་ནས་དུས་སུ་ཁ་པར་དང་འཕྲིན་ཡིག ངག་ཐོག ཐ་ན་ལས་ཁུངས་ལ་ཆེད་དུ་བཅར་ཏེ་གསར་འགྱུར་གྱི་ནང་དོན་དང་ཚིག་གི་སྡེབ་སྦྱོར། ཡི་གེ་དག་ཆ་ཚུན་ནས་ལམ་སྟོན་དང་དགོངས་འཆར། དུང་ཞེན་ཤུགས་དྲག་ལས་བྱུང་བའི་གདོང་པ་ནག་པོས་སྡིགས་དམོད་བྱས་པའང་ཐེངས་གཅིག་མིན། ལྷག་བསམ་གཙང་མའི་མཛུབ་སྟོན་དང་རྒྱབ་སྐྱོར་དེ་དག་གིས་ང་ཚོར་བློ་སྐྱེད་ཆེན་པོ་བྱུང་ཞིང༌། ཞན་ཆར་ལེགས་བཅོས་དང་ནོར་འཁྲུལ་ཡོ་བསྲང་གིས་ལས་དོན་ལ་མདུན་སྐྱོད་ཆེན་པོ་བྱུང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ད་དུང་མུ་མཐུད་དུ་བསམ་འཆར་དང་དགོངས་ཚུལ་ཕེབས་པར་འདི་ག་གསར་ཁང་གིས་དགའ་བསུ་ལོས་ཀྱང་ཞུ།
གསར་འགྱུར་ལས་རིགས་ཁྲོད་ཀྱི་གནས་ཚུལ་རེ་ཟུང་ནི་ཐག་ཆོད་པར་དཀའ་ལ། ལྷག་པར་དུ་ཟླ་འདི་འགར་ཀློག་པ་པོའི་ཁག་ཅིག་གི་དགོངས་འཆར་བྱུང་བར་བརྟེན། རྩོམ་སྒྲིག་པ་དང་གསར་འགོད་པ་ནང་ཁུལ་ཚོགས་འདུ་བསྐོང་སྟེ། ཚགས་པར་འདོན་ཐེངས་སྔོན་མ་དག་ལ་བསྐྱར་ཞིབ་ཀྱིས་གོ་བསྡུར་བགྲོ་གླེང་རིམ་པར་བྱས་ལ། བོད་ཀྱི་བརྡ་སྤྲོད་ལ་ཐུགས་རྗེ་ཆེ་མཁན་རེར་བཀའ་འདྲི་ཞུས་ན་ཕན་ཐོགས་མེད་དམ་སྙམ་སྟེ། ཕྱི་ཚེས་ ༡༦ ཉིན་འདི་གའི་གསར་འགོད་པ་ཆེད་དུ་བོད་གཞུང་དཔེ་མཛོད་ཁང་གི་ཤེས་རིག་དཔར་སྐྲུན་སྡེ་ཚན་གྱི་འགན་འཛིན་བོད་ཀྱི་བརྡ་སྤྲོད་རིག་པའི་ཆེད་མཁས་པ་ན་གཱ་སངས་རྒྱས་བསྟན་དར་ལགས་ཀྱི་གམ་དུ་དཀའ་ངལ་དེ་རིགས་སེལ་ཐབས་ཀྱི་ལམ་སྟོན་ཞུ་བར་བཅར་བ་ཡིན། ཉིན་དེར་ལས་ཀ་ཙག་ཙིག་གི་དབང་གིས་ང་རང་ལས་ཁུངས་ནས་ཐོན་སྐབས་ཕྱི་དྲོའི་ཆུ་ཚོད་བཞི་དང་ཕྱེད་ཀ་ཡོལ་འདུག་ལ། ཉིན་འདི་འགར་བཞུགས་སྒར་ངྷ་རམ་ས་ལའི་བཙན་བྱོལ་བོད་གཞུང་གི་བསྟི་གནས་གངས་སྐྱིད་ཁུལ་གྱི་ལས་ཁུངས་ཆེ་ཕྲ་ཁག་བར་ལག་རྩེད་སྤོ་ལོ་འགྲན་བསྡུར་མགོ་འཛུགས་བྱས་ཡོད་སྟབས། ཕྱི་དྲོའི་ཆུ་ཚོད་བཞི་དང་ཕྱེད་ནས་ལས་ཁུངས་ཁག་གི་ལས་བྱེད་ན་གཞོན་ཕོ་མོ་ཚོ་སྤོ་ལོ་འགྲན་བསྡུར་ལ་ལྟ་རུ་འགྲོ་བ་དང༌། ལས་བྱེད་རྒན་གྲས་དག་རང་རང་སར་ལོག་འགྲོ་བའི་ལུགས་སྲོལ་ཡོད་པ་ལྟར། ང་གངས་སྐྱིད་སྒོ་ཆེན་གྱི་ནང་དུ་འཛུལ་སྐབས། ལས་ཁུངས་ཁག་གི་རླངས་འཁོར་མང་པོ་ཞིག་གིས་ལས་བྱེད་ཚོ་ཁྱིམ་ལ་སྐྱེལ་རྒྱུར་གྲ་སྒྲིག་གིས་མེ་ཁ་གསོ་བཞིན་འདུག སྐབས་དེར་བདག་གི་སེམས་ལའང་བྲེལ་ཤ་ཞིག་ལངས་ཏེ། རྒན་ལགས་ཀྱང་ལས་ཁུངས་ན་བཞུགས་ཨེ་ཡོད་སྙམ་སྟེ་ཐེ་ཚོམ་ངང་གོམ་པའི་འདེག་འཇོག་ཇེ་མགྱོགས་སུ་བཏང༌། བོད་གཞུང་དཔེ་མཛོད་ཁང་གི་ཡིག་ཚང་ཐོག་ཁང་ལ་སླེབས་སྐབས་ལས་བྱེད་མང་པོ་ཞིག་སྔར་ནས་སོང་ཚར་འདུག་ལ། རེ་འགས་འགྲོ་རྒྱུར་གྲ་སྒྲིག་གིས་ཡིག་ཚགས་རྣམས་ཕར་འཇོག་ཚུར་འཇོག་བྱེད་ཀྱིན་འདུག
རྒན་ན་གཱ་སངས་རྒྱས་བསྟན་དར་ལགས་ཧ་ཅང་བབ་ཆག་ངང་ཁོང་གི་ཡིག་ཚང་དུ་བོད་མི་མང་སྤྱི་འཐུས་བེ་རུ་འཇིགས་མེད་དབང་རྒྱལ་དང་ལྷན་དུ། མདུན་ཅོག་སྟེང་དཔེ་དེབ་མང་པོ་ཞིག་གི་ཁ་ཕྱེས་ཏེ། ཅི་ཞིག་གི་སྐོར་ལ་གླེང་མོལ་བྱེད་ཀྱིན་འདུག སྐབས་དེར་ངས་ཁོང་གཉིས་ལ་འཚམས་འདྲི་རེ་ཞུས་རྗེས། ཟླ་འདི་འགར་ང་ཚོར་འབྱོར་བའི་ཀློག་པ་པོའི་འཕྲིན་ཡིག་ཁག་ཅིག་ཁོང་གི་མདུན་དུ་བཞག་སྟེ། ང་ཚོའི་གསར་འགྱུར་ལས་རིགས་མང་དག་ཅིག་བཅར་འདྲི་དང་གཏམ་བཤད་སོགས་མི་སྣའི་ཁ་སྐད་ཡིན་སྟབས། གསར་འགོད་རིག་པའི་རྩ་དོན་གཞིར་བཞག་སྟེ། མི་སྣའི་སྐད་ཆ་ཇི་བཞིན་ཡིག་ཐོག་ལ་ཕབ་ཚེ་ཚིག་གི་སྡེབ་སྦྱོར་མཛེས་བོ་མེད་པ་དང་བརྡ་སྤྲོད་གཞུང་དང་འགལ་འགྲོ་བ་ཁག་ཅིག་དང༌། དམངས་ཁྲོད་དུ་རྒྱུན་འཇགས་དང་ཡོངས་གྲགས་ཆགས་ཡོད་ཀྱང༌། བརྡ་སྤྲོད་དང་ཚིག་འཛོད་དག་ཏུ་མཐོང་དཀོན་ཞིང་གལ་ཏེ་ཡོད་ཀྱང་ཡིག་ཐོག་ཏུ་སྤྱད་པ་ཧ་ཅང་ཉུང་སྟབས། ཡིག་ཐོག་ལ་ཕབ་ཚེ་མཐོང་མི་བདེ་བ་དང་ཡིག་ནོར་དུ་ངོས་འཛིན་ཡོང་བ་ཁག་ཅིག བོད་ཆོལ་ཁ་གསུམ་ལ་ཐུན་མོང་གི་སྒྲ་གདངས་གཅིག་གྱུར་མེད་སྟབས། མིང་དང་ཚིག་གི་དག་ཆར་ངེས་གཏན་བྱ་ཐབས་མེད་པ་ཁག་ཅིག དེ་བཞིན་ང་ཚོ་གསར་འགོད་པས་ཤེས་བཞིན་འཐུས་ཤོར་དང་ལྷོད་གཡེང་ཕྱིན་པ་ཁག་ཅིག་དང༌། ཀློག་པ་པོས་མྱོང་གོམས་དང་མཐོང་རྒྱས་མ་ཟིན་པར་ཡིག་ནོར་དུ་ལྟ་བ་ཁག་ཅིག་སོགས་ཞུས་པ་ཡིན།
སྐབས་དེར་ཁོང་གིས་འཛུམ་ཙམ་བྱས་རྗེས་ང་ལ། ཁྱོད་ཡོང་ཚད་དག་དག་རེད་འདུག དེ་རིང་འདིར་བོད་མི་དམངས་སྤྱི་འཐུས་ཀྱང་བཞུགས་ཡོད། ང་ཚོས་མཉམ་དུ་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་ཀྱིས་ཐག་གཅོད་བྱ་ཆོག ཅེས་རྩེད་མཚར་དང་བཅས་ཀློག་པ་པོའི་འཕྲིན་ཡིག་ནན་གྱིས་ཚར་གཅིག་བཀླགས་རྗེས་བཀའ་མོལ་གནང་མགོ་བརྩམས་སོང༌། ཁྱོད་ཀྱིས་བཤད་པའི་དཀའ་ངལ་དེ་ཁ་ཡོད་ལག་ཡོད་དང་མང་པོ་ཞིག་ལ་འབྲེལ་བ་ཡོད་པ་ཞིག་རེད། དེའི་སྐོར་ལ་ཡི་གེ་འབྲི་མཁན་དང་ཀློག་མཁན་ཡོངས་ཀྱིས་ཁ་སངས་ལོད་ལ་མ་ལྟོས་པར་བསམ་ཚུལ་ཞིག་རང་བཞིན་གྱིས་སླེབས་ཀྱིན་ཡོད། སྐད་ཟེར་ནའང་རེད་ལ་ཡི་གེ་ཟེར་ནའང་རེད། ཡིག་ཐོག་ལ་ཕབ་ཚར་ན་སྐད་ཡིག་རེད། བརྡ་སྤྲོད་ཀྱི་དགོས་པ་མཐར་ཐུག་གཏམ་བཤད་མཁན་གྱི་བསམ་པ་དེ་ཉན་པ་པོའི་བློ་ལ་ཕྱིན་ཅི་མ་ལོག་པར་གོ་ཐུབ་པ་བྱ་རྒྱུ་དེ་རེད། ཞེ་དྲག་བརྗོད་བདེ་བོ་དང་གོ་བདེ་བོ་བྱ་རྒྱུ་དེ་རྩོད་མེད་རེད། དེར་བརྟེན། གོ་བདེ་བོ་དང་བརྗོད་བདེ་བོ་བྲིས་ཚེ་རིགས་གཅིག་བརྡ་སྤྲོད་དང་འགལ་འགྲོ་བ་དེ་འདྲ་ཡོང་སྲིད། འོན་ཀྱང༌། བརྡ་སྤྲོད་དང་ག་ཚོད་ཅིག་འགལ་འགྲོ་གི་ཡོད་པའི་ཐད་བསམ་བློ་ཞིག་གཏོང་དགོས་པ་མིན་འགྲོ་སྙམ། གནད་དོན་ཞིག་ཡིག་ཐོག་ལ་འབྲི་དུས་གོ་དོན་ལོག་འགྲོ་བ་དེ་འདྲ་ཡིན་ན། བརྗོད་བདེ་བོ་མེད་ཀྱང་བརྡ་སྤྲོད་དང་བསྟུན་དགོས་པ་རེད། ཡང་རེ་ཟུང་བརྡ་སྤྲོད་དང་མི་མཐུན་ཡང༌། ནམ་རྒྱུན་སྐད་ཆ་བཤད་སྐབས་དཀའ་ངལ་མེད་པར་གོ་བ་ལོན་ན་འགྱུར་བ་བཏང་ཡང་གནོད་སྐྱོན་མེད། བརྡ་སྤྲོད་ལ་རིགས་གཉིས་སུ་ཕྱེ་དགོས་པ་མིན་འགྲོ་སྙམ། གཅིག་བརྡ་སྤྲོད་གཞུང་ནས་གཏན་འབེབས་བྱས་པ་ལྟར་འབྲི་དགོས་པ་དང༌། ཅིག་ཤོས་དེ་འཇིག་རྟེན་པའི་ཉེར་སྤྱོད་དང་མཐུན་པར་འབྲི་དགོས། གང་ཡིན་ཟེར་ན། དུས་རབས་ཀྱི་འགྱུར་འགྲོས་དབང་གིས་བརྡ་སྤྲོད་ཀྱི་ཐོག་ལ་སྐད་ཀྱི་གཤིས་སུ་སླེབས་པ་ཁག་ཅིག་ཡོད། དེ་སུ་གཅིག་གིས་ཀྱང་ཆེད་དུ་འགྱུར་བ་བཏང་བ་མ་རེད་དེ། རང་བཞིན་གྱིས་སྐད་ཡིག་ལ་འགྱུར་བ་ཐལ་ཏེ་ཕྱིན་པ་རེད། ཐལ་ཕྱིན་པའི་སྐབས་སུ་ང་ཚོས་ཁས་མི་ལེན་ཀ་མེད་ཆགས་ཡོད། འོ་ན། བརྡ་སྤྲོད་ཀྱི་གཞུང་དང་འགལ་གྱིན་ཡོད་པ་མ་རེད་དམ་ཟེར་ན། འགལ་བ་ཆེར་ཡོད་པ་མ་རེད། ཡོངས་གྲགས་སམ་འཇིག་རྟེན་པའི་ཉེར་སྤྱོད་དང་མཐུན་པར་བཟོ་ཆོག དེ་ངོས་ལེན་མི་བྱེད་ན་བརྡ་སྤྲོད་མཁྲེགས་བཟུང་གིས་དམངས་ཁྲོད་ཀྱི་སྐད་ལ་བསམ་བློ་མ་བཏང་བ་རེད། ངའི་བསམ་པར་དེ་རིགས་འགྱུར་བ་བཏང་ཆོག་གི་རེད་དྲན་ཡོད། དེ་ཡང་གསར་དུ་འགྱུར་བ་གཏོང་བ་མ་རེད། དམངས་ཁྲོད་དུ་ཡོངས་གྲགས་ཆགས་ཡོད་པ་དེ་ཚུར་བརྡ་སྤྲོད་ནང་འཇུག་གིན་ཡོད་པ་རེད། བརྡ་སྤྲོད་ལ་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་འགྱུར་བ་མང་པོ་ཕྱིན་ཡོད། འགྱུར་བ་དེ་ཡང་བརྡ་སྤྲོད་མཁན་པོའི་རང་བཟོ་མ་རེད། དམངས་ཁྲོད་ཀྱི་སྐད་རིགས་མང་པོར་ཉམས་ཞིབ་བྱས་ཏེ། ཡོངས་གྲགས་ཀྱི་ཁ་སྐད་ཚུར་བརྡ་སྤྲོད་ནང་བཅུག་པ་བརྡ་སྤྲོད་ཀྱི་གཞུང་ཆགས་པ་རེད། ཡང་ཁྱེད་ཚོའི་ཚགས་པར་ནང༌། ངས་ལབ་གི་ཡོད་ལྟ་བུ་འདུག དེ་ཚོ་སྔོན་མའི་རིག་གནས་གསར་བརྗེ་སྐབས། འབྲེལ་སྒྲའི་ཕྲད་ཚང་མའི་ཚབ་ཏུ་གི་གཅིག་པུ་སྦྱོར་བ་དེས་ཡུལ་སྐད་ལ་ཤན་ཞུགས་པ་རེད། དེར་གི་སྒྲ་སྦྱོར་དགོས་དོན་ཡོད་པ་མ་རེད། ངས་ལབ་ཀྱིན་ཡོད། ཅེས་བྲིས་ན་བརྡ་སྤྲོད་དང་མཐུན་ལ་བརྗོད་ཀྱང་བདེ་བོ་ཡིན། སྤྱིར་ཚགས་པར་རིགས་ལ་དམིགས་བསལ་རེད། བཅར་འདྲི་སོགས་ཀྱི་སྐབས་སུ་ཁ་སྐད་བྱེ་བྲག་པ་ཡིན་ན། ཚུར་ཡིག་སྐད་ལ་བསྟུན་རྒྱུ་དང་ཁ་སྐད་ཡོངས་གྲགས་པ་ཡིན་ན་ཡི་གེ་ཡིས་ཕར་ཁ་སྐད་ལ་བསྟུན་ན་བཟང་སྙམ། འོན་ཀྱང༌། ཁ་སྐད་ཀྱི་རྗེས་སུ་འབྲངས་རྒྱུ་མང་དྲགས་ན། ཡོངས་གྲགས་མ་ཡིན་པར་ལུང་པ་བྱེ་བྲག་པའི་སྐད་ཀྱི་ཤན་ཞུགས་འགྲོ་གི་རེད། ཡི་གེ་ཀློག་ཤེས་ཀྱང་ནང་དོན་མི་གོ་བ་ཆགས་འགྲོ་བའི་ཉེན་ཁ་ཡོད། ཁྱོད་ཀྱིས་མི་ཞིག་ལ་སྤྱིར་བཏང་གི་སྐད་ཆ་བཤད་སྐབས། ཕ་རོལ་བོས་གོ་བ་ལོན་འགྲོ་ཡང༌། ཁྱོད་ཀྱིས་བཤད་པའི་ཁ་སྐད་དེ་ཇི་བཞིན་ཡིག་ཐོག་ཏུ་ཕབ་རྗེས་བསྐྱར་དུ་ཀློག་ན་གོ་བ་ལོན་དཀའ་ཞིང༌། ཐ་ན་རང་ཉིད་ཀྱིས་ཀྱང་གོ་བ་མི་ལོན་པ་དེ་འདྲ་ཡོད། ཅེས་གསུངས་བྱུང༌།
སྐབས་དེར་བོད་མི་དམངས་སྤྱི་འཐུས་བེ་རུ་འཇིགས་མེད་དབང་རྒྱལ་ལགས་ཀྱིས་ཀྱང་གོང་གི་བརྡ་སྤྲོད་དཀའ་ངལ་དེ་རིགས་ཀྱི་ཐད་བསམ་ཚུལ་བརྗེ་རེས་ཀྱི་ཚུལ་དུ་གསུངས་དོན། སྤྱིར་བོད་ཀྱི་དུས་བབ་གསར་ཤོག་དེ་ཡི་གེ་དག་ཆ་དང༌། གསར་འགྱུར་གྱི་སྤུས་ཚད་གང་ཅིའི་ཐད་ནས་བཙན་བྱོལ་སྤྱི་ཚོགས་ནང་གི་ཡག་ཤོས་དེ་ཆགས་འདུག འོན་ཀྱང༌། ཁྱེད་ཚོའི་གསར་ཤོག་སྟེང༌། ང་འགྲོ་གི་ཡིན་ལྟ་བུའི་ཚིག་བརྗོད་འགའ་རེར་ང་ཡང་དོ་སྣང་བྱུང་སོང༌། རྡོ་རྗེ་རྒྱལ་པོའི་གསུང་རྩོམ་ནང༌། ང་འགྲོ་གི་ཡིན་ལྟ་བུར་མཚོན་ན་བརྡ་སྤྲོད་པའི་གཞུང་དང་མཐུན་མིན་ཇི་ལྟར་ཡང༌། མི་མང་གིས་གོ་བ་ལེན་བདེ་བར་ཕན་ཐོགས་ཆེན་པོ་ཡོད་སྟབས། བརྗོད་བདེ་བར་བྲིས་ཆོག ཅེས་གསུངས་ཡོད། མཁས་དབང་དགེ་འདུན་ཆོས་འཕེལ་སོགས་སྔོན་མའི་མཁས་པ་མང་པོའི་གསུང་དུ་ང་བོད་ལ་འགྲོ་ཡི་ཡིན། ལྟ་བུ་འབྲི་སྲོལ་ཡོད་ཀྱང༌། དེ་དག་མང་ཚོགས་ཀྱི་ཁ་སྐད་དང་མི་མཐུན་ལ། ཀློག་པ་པོས་གོ་ཡང་དཀའ་མོ་རེད། དེར་བརྟེན། གོ་དོན་ལོག་འགྲོ་བ་དེ་འདྲ་མིན་ན། བརྡ་སྤྲོད་དང་མ་མཐུན་ཡང་འགྱུར་བ་གཏོང་ཆོག་གི་རེད་སྙམ། བརྡ་སྤྲོད་དེ་ལོ་ངོ་སྟོང་ཕྲག་གི་ཡར་སྔོན་ནས་བརྩམས་པ་ཞིག་རེད། དུས་རབས་དང་བསྟུན་ཏེ་འགྱུར་བ་མ་བཏང་ན་འཕེལ་རྒྱས་མེད་སོང་བ་རེད། དཔེར་ན། དགེ་སློང་ལ་སྡོམ་ཁྲིམས་ཆིག་སྟོང་ལྷག་ཡོད་ཀྱང༌། ད་ལྟ་དེ་དག་ལས་ཉུང་ཤས་ཤིག་ལས་ཉམས་ལེན་བྱེད་ཐུབ་ཀྱིན་མེད། དེ་ཚོ་དུས་ཀྱི་འགྱུར་འགྲོས་དང་བསྟུན་དགོས་སོང་བ་རེད། ཅེས་གསུངས་སོང༌།
དེ་ནས་བདག་གིས་ཁོང་གཉིས་ཀྱིས་ལམ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུས་ཏེ། བོད་གཞུང་དཔེ་མཛོད་ཁང་གི་སྒོ་ཁར་སླེབས་དུས་ཕྱི་དྲོའི་ཆུ་ཚོད་དྲུག་དང་ཕྱེད་ཀ་ཟིན་འདུག་ལ། རྒན་འཁོག་རེ་ཟུང་གིས་མགོ་བོ་སྒུར་སྒུར་དང་ལག་ཟུང་འདར་འདུར་གྱིས་དཔེ་མཛོད་ཁང་ལ་སྐོར་བ་བྱེད་ཀྱིན་འདུག གཞན་ལས་ཁུངས་ཡོངས་སྒོ་བརྒྱབས་ཏེ་ཁོར་ཡུག་སྟོང་སིང་ངེར་གནས་འདུག་ལ། ཐག་རིང་ནས་སྒོ་ཁྱི་རེ་ཟུང་ཟུག་པ་དེས་ང་རང་ཁེར་རྐྱང་ཡིན་པའི་སྣང་བ་ཞིག་དབང་མེད་དུ་སྤྲད་ཅིང༌། སྟོན་ཟླའི་བསིལ་རླུང་འཇམ་པོས་ང་ལ་འགྲམ་ལྕགས་གཞུ་བཞིན་ཡོད་པ་གཞི་ནས་ཚོར། འོན་ཀྱང༌། སེམས་པའི་གཏིང་ཞིག་ན་གོང་དུ་གསན་མ་ཐག་པའི་ཟབ་རྒྱས་གསུང་གི་ལམ་སྟོན་དེ་དག་གིས་ང་ལ་འཛུམ་ཞལ་སྟོན་གྱིན་འདུག་སྟབས། རང་ཉིད་ཀྱི་ལས་དོན་ཐད་ཡིད་ཆེས་དང་གདེང་སྤོབས་སླར་ཡང་སྐྱེས་ཏེ། སྔར་གྱི་ཡིད་ཆད་དང་བག་འཁུམ་གྱི་བསམ་བློ་དེ་སྨུག་རྒྱུ་བཞིན་དྭངས་སོང༌།
གསར་འགོད་པ་དོན་འགྲུབ་བཀྲ་ཤིས།
རབ་འབྱོར་ལགས། ངས་བཤད་པའི་སློབ་དེབ་དེ་ཕལ་ཆེར་ཁྱེད་རང་གིས་བརྗོད་པའི་ ་་བོད་ཡིག་གསར་བཅོས་ཀྱི་རྩ་འཛིན་་ ཟེར་བ་དེ་ཡིན་ན་ཐང་། ངས་མཐོང་བ་དེ་དེབ་གཟུགས་ཅིག་རེད། གསལ་པོ་ཟིག་མི་དྲན་གི ངས་བལྟས་ན། ཁ་སྐད་ནང་ཁོ་ན་ལས་ཡིག་སྐད་ནང་མེད་པའི་བྱ་ཚིག་ལྗིད་ཁོག་ལྡན་པ་མང་པོ་ཅིག་ཡོད་པ་དེ་ཚོ་ཚུར་ལེན་དགོས་པ་མ་གཏོགས་ཁུ་བསྡུ་བྱེད་དགོས་པ་ཅིག་ལ་མཐོང་དཀའ།
ངའི་བསམ་ཚུལ་ཡང་དེ་ག་རང་ཡིན། བོད་ཡིག་འདི་སྟབས་ཇེ་བདེ་དང་འཐུས་ཇེ་ཚང་ལ་གཏོང་དགོས་པ་རེད་བསམ་པ་ཁོ་ན་རེད། སློབ་ཕྲུག་ཆུང་ཆུང་ཚོས་ད་ཐེངས་བོད་ཡིག་འཛིན་གྲྭ་ཟེར་ནས་བྲོས་འགྲོ་མ་དགོས་པ། བོད་ཡིག་དང་པོ་སློབ་མཁན་ཚོ་དང་པོ་མགོ་བཙུགས་དུས་ནས་བོད་ཡིག་སློབ་འདོད་གི་སེམས་ཤུགས་ཆག་མ་དགོས་པ་ཞིག་ལ་བསམ་བློ་བཏང་བ་ཡིན།
རེད། ལྷག་བསམ་བཟང་བ་ཐམས་ཅད་ལ་འབྲས་བུ་བཟང་བའི་ངེས་པ་ཡོད་པ་མ་རེད། ཁོང་ཚོས་བོད་ཡིག་གི་ཚིག་ཕྲད་དང་བྱ་ཚིག་ཇེ་ཉུང་ལ་བཏང་བ་ལ་བརྟེན་ནས་བོད་ཡིག་ཤེས་མཁན་ཇེ་མང་ལ་སོང་མེད་པ་དེ་ཡང་དངོས་བདེན་རེད། རྒྱུ་མཚན་ནི་དེ་རིག་གསར་སྐབས་རེད། བོད་ཡིག་གི་བསྟན་པ་མར་འགྲིབས་གི་སྐབས་རེད། རིག་གསར་རྫོགས་པ་དང་ང་ཚོའི་མཁས་དབང་སྲོལ་རྙིང་གི་ཁ་འཛིན་སྲོག་ལས་གཅེས་པ་དེ་ཚོའི་ཐུགས་ལ་ཕོགས་ནས་ནོར་བུ་རིན་པོ་ཆེ་དེ་དེ་ལྟར་དགེ་ཆོས་སྨྱོན་པ་བཞིན་བཙོན་དོང་གཡུགས་པ་རེད།
རིག་གསར་རྗེས་གི་བོད་ཡིག་དར་རྒྱས་བྱུང་བ་དེ། བཀག་པའི་ཆུ་ཡན་ཤོར་བ་དང་། བསགས་པའི་མེ་རི་འབར་བ། མི་བོར་རང་དབང་ཐོབ་པའི་སྐབས་ཀྱི་གནས་སྟངས་དེས་ལན་གདབ་གི་རེད།
ངག་སྐྱོར་རྐྱང་རྐྱང་གཏོང་དགོས་པ་འདི་སྔོན་རབས་པར་མཚོན་ན་ངོམ་རྒྱུ་ཞིག་དང་རྗེས་རབས་པར་མཚོན་ན་གཡོལ་ས་ཞིག་ཡིན་པ་གསལ་པོ་རེད། དགེ་རྒན་ཚོར་སློབ་མར་རྒྱུག་རྡུང་བྱེད་ཆོག་པའི་ཐོབ་ཐང་ཡོད་ན་ཡང་ཨའུ་ཟིག་མེད་འགྲོ
ཐུན་མོང་མ་ཡིན་པའི་སྦྱོངས་སྟངས་འདི་ཐུན་མོང་བཞིན་བྱས་ན་མ་འགྲིགས་པ་ག་རེ་ཡོད་པ་རེད། ཕྲད་མཁོ་མེད་དེ་ཚོ་བསྡུས་པ་ཡིན་ན་བོད་ཡིག་སློབ་མཁན་ཇེ་མང་ལ་མ་ཕྱིན་ཡང་ཇེ་ཉུང་ལ་འགྲོ་མི་སྲིད་སྙམ།
ངས་གོ་ཚོད་ཡིན་ན། སློབ་ཕྲུག་ཅིག་སློབ་རའི་ཕྱི་རོལ་ལ་སུམ་ཅུ་བའི་ཕྲད་བློར་འཛིན་བྱེད་པར་ཕྱིན་ནས་ཨམ་ཅོག་གཉིས་གྲང་ངར་གིས་ཕྱིད་པ་རེད་ཟེར། གྲྭ་པ་ཞིག་གིས་སུམ་ཅུ་བའི་རྩ་བ་ངག་སྐྱོར་གཏོང་མ་ཐུབ་པར་དགེ་རྒན་གིས་གཅར་རྡུང་བྱས་ནས་དཔུང་བ་གཡས་པ་བཅག་པ་རེད་ཟེར། ཇ་སའི་ཁ་དང། མའེ་རི། སུའུ་ཟན་གསུམ་ནས་བོད་ཡིག་ཡག་པོ་ཞིག་སྦྱོང་རྒྱུའི་དམ་བཅའ་བཞག་ནས་སྦྱོང་མགོ་ཚུགས་འདུག་ཡང་། རྗེས་ལ་ཕྲད་གཞན་དབང་ཅན་གི་ཕྲད་སྦྱོར་སྟངས་སྐབས་གསུམ་ཆ་སེམས་ཤུགས་རྦད་དེ་ཆགས་ནས་བོད་ཡིག་སྦྱོང་རྒྱུ་མཚམས་བཞག་འདུག
རྗེས་ནས་ཁོ་ཚོ་ང་ལ་ཐུག་པ་དང་། ངས་ཁོ་ཚོར་ཕྲད་གཞན་དབང་ཅན་དེ་ཚོ་སྐད་ལ་མཚོན་ན་གལ་ཆེན་པོ་མ་རེད་ཟེར་ནས་དེ་ཚོ་དོར་ནས་གང་སླ་སླ་དང་། སྟབས་གང་བདེ་བདེ་བྱས་ཁྲིད་ནས་ད་ལྟ་ཁོ་ཚོ་ལ་འབྲིང་རིམ་སློབ་མ་ཞིག་གི་ཆུ་ཚད་ཡོད་པ་མ་ཟད་ཕྲད་སྦྱོར་སྟངས་དེ་ཚོ་ཡང་ཉོབ་སྣང་མེད་པར་ཤེས་པ་རེད།
ཨ་ལེ་ཉོག་བཤད་དེ་ཚོ་གཡུགས་ཞོག ཉིན་འགའི་སྔོན་ནས་ངས་ཕྲད་འདོར་དགོས་པ་རེད་ཟེར་བ་དེ་ཚོ་དོར་ནས་བྲིས་ཡོད། ག་འདྲ་འདུག མི་རྐང་པ་ཐང་ཐང་མེད་པ་ཅིག་འགྲོ་གི་ཡོད་པ་འདྲ་པོ་འདུག་ཡང་ན་རྐང་པ་ཐང་ཐང་ཅན་ཅིག་འགྲོ་གི་ཡོད་པ་འདྲ་པོ་འདུག
ངས་བལྟས་ན་ང་ཚོས་བརྡ་སྤྲོད་སྐོར་ལ་རྩོད་པ་མ་བྱས་པའི་སྔོན་ཏུ། ཚིག་གྲུབ་ལ་བསམ་བློ་གཏོང་རྒྱུ་ཞེ་དྲག་ཡོད། ཚིག་གྲུབ་ཅིག་ཕྲད་གང་ཡིན་མིན་གྱི་སྐོར་ལ་རྩོད་པ་རྒྱག་དུས། དང་པོར་ཚིག་གྲུབ་དེ་ཡང་དག་མིན་དང་། བེད་སྤྱོད་གཏོང་གི་ཡོད་མེད་ལ་བསམ་བློ་ཞིག་ཅི་ནས་ཀྱང་གཏོང་དགོས་པར་སེམས། དཔེར་ན། ཚོགས་འདུ་མ་འཚོགས་པར་ཚོགས་གཙོ་བསྐོས། ཟ་མ་མ་ཟོས་པར་གྲོད་ཁོག་རྒྱགས། ལག་མ་འགུལ་བར་རི་མོ་བྲིས། ཞེས་པ་ལྟ་བུར་མཚོན་ན་ཚིག་གྲུབ་རང་སྟེང་ནས་མགོ་རྙོག་ཏུ་བཅུག་པ་རེད། འདི་འདྲའི་བེད་སྤྱོད་མེད་པའི་ཚིག་གྲུབ་དག་ལ་རྩོད་པ་རྒྱག་རྒྱུ་ཞིག་ཨེ་ཡོད། དེ་བཞིན་ཁ་ཤས་ཀྱིས་དབྱིན་ཡིག་དང་བོད་ཀྱི་བརྡ་སྤྲོད་གཉིས་གཤིབ་བསྡུར་བྱེད་ཀྱི་འདུག གཤིབ་བསྡུར་འདི་ནི་ཕན་མེད་དགོས་མེད་རེད་ལྟ་བུར་མཐོང་། སྤྱིར་དབྱིན་ཡིག་དང་ཧྥ་ཡིག་གཉིས་ཤ་ཁྲག་གི་འབྲེལ་བ་ཡོད་ནའང་། དཔེར་ན། ཧྥ་ཡིག་གི་བརྡ་སྤྲོད་ནང་ཡོད་པའི་ྔསྤྱཏདསྤྱརྣཏྲྤདྲསྤྲྟ ཟེར་བ་འདིའི་ནང་གི་རིགས་མང་པོ་ཞིག་དབྱིན་ཡིག་ནང་ཕལ་ཆེར་མེད་པ་འདྲ། འདི་འདྲའི་རིགས་མང་པོ་ཡོད་པར་འདོད། ད་དུང་། བོད་ཀྱི་བརྡ་སྤྲོད་ཀྱི་ཕྲད་ངོས་འཛིན་གྱི་དཀའ་ངལ་གཅིག་པུས་མི་ཚད་སྙན་ངག་གི་རྒྱན་གྱི་ནང་དུའང་རྒྱན་གསར་པ་ཞིག་མང་པོ་ཞིག་ཁ་གསབ་བྱེད་དགོས་རྒྱུ་འདུག དཔེར་ན། ངང་པའི་སྡེ་དཔོན་རྔ་ཡབ་སྟེ།། ལྟ་བུ་ནི་རྒྱན་གང་གི་ཁོངས་སུ་མི་གཏོགས། དེ་ཙམ་ཡིན།
ངས་བལྟས་ན་ང་ཚོས་བརྡ་སྤྲོད་སྐོར་ལ་རྩོད་པ་མ་བྱས་པའི་སྔོན་ཏུ། ཚིག་གྲུབ་ལ་བསམ་བློ་གཏོང་རྒྱུ་ཞེ་དྲག་ཡོད། ཚིག་གྲུབ་ཅིག་ཕྲད་གང་ཡིན་མིན་གྱི་སྐོར་ལ་རྩོད་པ་རྒྱག་དུས། དང་པོར་ཚིག་གྲུབ་དེ་ཡང་དག་མིན་དང་། བེད་སྤྱོད་གཏོང་གི་ཡོད་མེད་ལ་བསམ་བློ་ཞིག་ཅི་ནས་ཀྱང་གཏོང་དགོས་པར་སེམས། དཔེར་ན། ཚོགས་འདུ་མ་འཚོགས་པར་ཚོགས་གཙོ་བསྐོས། ཟ་མ་མ་ཟོས་པར་གྲོད་ཁོག་རྒྱགས། ལག་མ་འགུལ་བར་རི་མོ་བྲིས། ཞེས་པ་ལྟ་བུར་མཚོན་ན་ཚིག་གྲུབ་རང་སྟེང་ནས་མགོ་རྙོག་ཏུ་བཅུག་པ་རེད། འདི་འདྲའི་བེད་སྤྱོད་མེད་པའི་ཚིག་གྲུབ་དག་ལ་རྩོད་པ་རྒྱག་རྒྱུ་ཞིག་ཨེ་ཡོད། དེ་བཞིན་ཁ་ཤས་ཀྱིས་དབྱིན་ཡིག་དང་བོད་ཀྱི་བརྡ་སྤྲོད་གཉིས་གཤིབ་བསྡུར་བྱེད་ཀྱི་འདུག གཤིབ་བསྡུར་འདི་ནི་ཕན་མེད་དགོས་མེད་རེད་ལྟ་བུར་མཐོང་། སྤྱིར་དབྱིན་ཡིག་དང་ཧྥ་ཡིག་གཉིས་ཤ་ཁྲག་གི་འབྲེལ་བ་ཡོད་ནའང་། དཔེར་ན། ཧྥ་ཡིག་གི་བརྡ་སྤྲོད་ནང་ཡོད་པའི་Subjunctiveཟེར་བ་འདིའི་ནང་གི་རིགས་མང་པོ་ཞིག་དབྱིན་ཡིག་ནང་ཕལ་ཆེར་མེད་པ་འདྲ། འདི་འདྲའི་རིགས་མང་པོ་ཡོད་པར་འདོད། ད་དུང་། བོད་ཀྱི་བརྡ་སྤྲོད་ཀྱི་ཕྲད་ངོས་འཛིན་གྱི་དཀའ་ངལ་གཅིག་པུས་མི་ཚད་སྙན་ངག་གི་རྒྱན་གྱི་ནང་དུའང་རྒྱན་གསར་པ་ཞིག་མང་པོ་ཞིག་ཁ་གསབ་བྱེད་དགོས་རྒྱུ་འདུག དཔེར་ན། ངང་པའི་སྡེ་དཔོན་རྔ་ཡབ་སྟེ།། ལྟ་བུ་ནི་རྒྱན་གང་གི་ཁོངས་སུ་མི་གཏོགས། དེ་ཙམ་ཡིན།
ཨ་མདོའི་བུ་མོ་ལགས་།
ཡོད་ཚད་གོང་ལ་ཡར་ཞུ་ལས་།རང་རྐྱ་འཕེལ་བའི་བསམ་གཞིགས་བཏང་ནས་འགྲམ་གྱི་རྒན་ལགས་གདན་འདྲེན་ཞུས་ན་ཅི་སྐྱོན་།
མདའ་ཚན་པ་ལགས།
ཁྱེད་ནས་ཚིག་ཕྲད་ཉུང་འཕྲི་བྱས་ནས་འབྲི་གི་ཡོད་པ་དེ་ལ་ངས་དོ་སྣང་བྱུང་། སྲོལ་རྒྱུན་གྱི་ཚིག་ཕྲད་འབྲི་ཀློག་ལ་གོམས་གོམས་ནས་ཁྱེད་ཀྱི་ཚིག་ཕྲད་སྦྱོར་སྟངས་འདི་ལ་ཀློག་མི་བདེ་བ་དང་མཐོང་མི་བདེ་བའི་ཚོར་བ་ཞིག་དགོས་ཀྱང་། དྲང་མོར་ཞུས་ན་དེ་བྱུང་མ་སོང་། ཡིན་ན་ཡང་ངས་དེ་ལ་ངོ་རྒོལ་བྱེད་ཀྱི་ཡིན། ངས་དང་པོ་རྒྱ་མིའི་གཞུང་ཚབ་ཀྱི་སྒོ་འགྲམ་ལ་སོང་ནས་ངོ་རྒོལ་བྱེད་རྒྱུ་དང་། དེ་ནས་ཁྱེད་ཀྱི་སྒོ་འགྲམ་ལ་ཡོང་ནས་ངོ་རྒོལ་བྱེད་རྒྱུ་ཡིན། དེ་མ་ཟད་ངས་ཟས་བཅད་ངོ་རྒོལ་ཡང་བྱེད་ཀྱི་ཡིན། (ཐུགས་རྗེས་གཟིགས། ངས་གསང་སྟབས་ཀྱིས་ཟས་ཟ་སྐབས་མཐོང་ན་ཡང་མ་མཐོང་ཁུལ་བྱེད་རོགས།)
ངས་ཁྱེད་ལ་ངོ་རྒོལ་བྱེད་དོན་ནི་སྐད་ཡིག་གང་ཞིག་ཡིན་ཡང་གང་ཟག་སྒེར་པ་ཞིག་གི་མ་རེད། དེ་མི་རིགས་སྤྱི་པ་ཞིག་གི་རེད། དེའི་བརྡ་སྤྲོད་ཀྱི་གཞུང་ནི་སྐད་ཡིག་དེ་བེད་སྤྱོད་གཏོང་སྟངས་ཀྱི་ཁྲིམས་ལྟ་བུ་ཞིག་རེད། དེ་ལ་མི་ཚང་མས་བརྩི་བཀུར་བྱེད་དགོས་པ་མ་གཏོགས་མི་སྒེར་པ་སོ་སོའི་འདོད་མོས་ལྟར་བྱེད་རྒྱུ་ཡོད་པ་མ་རེད། ང་ཚོའི་བརྡ་སྤྲོད་འདི་ལ་རྒས་མདོགས་ཤིག་ཤར་ཡོད་ན་ཡང་། ད་ལྟ་བར་དུ་འདི་ལ་བརྟེན་ནས་བོད་ཆོལ་ཁ་གསུམ་གྱིས་ཡིག་ཐོག་ནས་ཕན་ཚུན་ལ་གོ་བརྡ་འཕྲོད་ཀྱི་ཡོད་པ་རེད། མི་ཚང་མས་རང་རང་གི་འདོད་མོས་ལྟར་བརྡ་སྤྲོད་ལ་འགྱུར་བ་བཏང་ནས་བེད་སྤྱོད་བྱས་ན། བརྡ་སྤྲོད་ཀྱི་སྤྱི་པའི་ངོ་བོ་དེ་ཞིག་འགྲོ་གི་རེད། ཡིན་ན་ཡང་ཁྱེད་ཀྱིས་ཚིག་ཕྲད་སྦྱོར་སྟངས་འདི་ལ་ཚོད་ལྟ་བྱེད་ཀྱི་ཡོད་ན་དེ་ལྟར་ཡིན་ཞེས་ཤོད། ངས་ཟས་བཅད་ངོ་རྒོལ་མཚམས་འཇོག་རྒྱུ་ཡིན། ང་ལྟོགས་ནས་ངའི་རྒྱུ་མ་སྒལ་ཚིགས་ལ་འབྱར་གྲབས་འདུག
གངས་སྒྲོན་ལགས། ངའི་འགྲམ་གྱི་རྒན་ལགས་ཚོར་ཕྱི་རྒྱལ་དུ་གཡོག་ལས་བྱེད་པཞིན་པའི་ལྕམ་མོ་མེད་པས་ཁྱེད་ནང་བཞིན་འཇོན་པོ་ཡོད་པ་མ་རེད། དེ་བས་དྲ་ཚིགས་སུ་འཛུལ་རྒྱུའི་ཆ་རྐྱེན་ཡོད་མ་རེད། ངས་རོགས་བྱེད་ནས་རྒན་ལགས་ཀྱི་བསམ་ཚུལ་ཡར་བཅུག་པ་ཡིན། དེ་ལ་སྐྱོན་འདུག་གམ
ཁྱོད་ངའི་སྒོ་འགྲམ་ལ་ཡོང་ནས་ངོ་རྒོལ་བྱས་ན་ངས་ཁྱོད་ལ་སྦིར་ཆང་གི་སྦྱིན་བདག་བྱ་རྒྱུ་ཁས་ལེན་བྱས་པ་ཡིན། དེ་ནས་ཉི་མ་རེ་རེ་བཞིན་ང་ལྟར་ཕྲད་བེད་སྤྱོད་གཏོང་བར་སྐུལ་སློང་བྱེད་གི་ཡིན། ད་ལྟ་འདི་ལྟར་འབྲི་མཁན་ང་གཅིག་པོ་ཡིན་ན་ཡང་རིམ་པས་མི་གཉིས་གསུམ་བཞི་བྱས་ཇེ་མང་ལ་འགྲོ་བར་གོམ་པ་སྔོན་ལ་སྤོ་གི་ཡིན་མ་གཏོགས་རྒྱབ་བཤིག་ཁྱོན་ནས་རྒྱག་འདོད་མེད།
ད་ལྟའི་མི་རབས་འདིར་བརྡ་སྤྲོད་ལ་འགྱུར་བ་གཏོང་མ་ཐུབ་ན་ཡང་མི་རབས་རྗེས་མ་ཞིག་ལ་ངའི་སྤྲུལ་སྐུ་ཅིག་བྱོན་ནས་འགྱུར་བ་གཏོང་གི་རེད། དེ་རིང་དེ་ཙམ་ཡིན།
མྱི་རྡང་འདི་ཚོས་ལབ་རྒྱག་གི་འདུག བརྡ་སྤྲོད་འགྱུར་བ་གཏོང་དགོས་པའི་དྲན་འཆར་འདི་གསར་པ་འདྲ་མ་རེད། སྔོན་ཆད་གངས་ཅན་ལྗོངས་འདིར་ས་ཕུད་བླ་མ་ཟེར་བའི་མཁས་པ་ཞིག་བྱོན་འདུག ཁོས་རྗེས་འཇུག་བཅུ་བོའི་ནང་གི་ས་མཐའ་འདི་དོར་དགོས་རབས་ཀྱིས་གླེང་སློང་བྱས་ཡོད། སྐབས་དེའི་མཁས་པ་རྣམ་པ་ཚོས་ཁོང་གི་གླེང་སློང་དེ་ནི་མགོ་ཆག་སྣ་རུལ་ལྟ་བུ་ཞིག་ཡིན་པ་ཐུགས་ལ་དགོངས་པས་མི་ཚད། ཁོང་ལ་ས་ཕུད་བླ་མ་ཞེས་མིང་སྙན་པོ་ཞིག་བཏགས་ཡོད་པ་དེ་ཐོན་མིའི་ཞལ་ལུང་ནང་གསལ་བ་ད་ལྟའང་སེམས་ན་ཡོད། དེབ་འདིའི་ནང་དུ་ཚེ་ཏན་ཞབས་དྲུང་ཚང་གིས་ས་ཕུད་བླ་མའི་སྐོར་ལ་རགས་རིམ་ཙམ་བྲིས་ཡོད་སྙམ། དེ་ལྟར་ཡིན། རིམ་གྱིས་ཞུས་ཆོག