མདོ་འདུམ་ཚང་།
བཀའ་ཁྲིའི་སྔོན་འགྲོའི་འོས་བསྡུ་དེ་གསལ་བསྒྲགས་ཟིན་རྗེས། དྲ་ཐོག་ཏུ་བཀའ་བློན་ཁྲི་བའི་སྐོར་གྱི་བགྲོ་གླེང་ཇེ་འཁྲུགས་ལ་སོང་ཡོད། ལྷག་པར་དུ། བོད་ཡིག་ཐོག་རྩོམ་སྤེལ་མཁན་ཚོ་ལས་དབྱིན་ཡིག་ཐོག་འབྲི་མཁན་ཚོ་འཁྲུགས། ད་ཕན་བློ་བཟང་སེང་གེ་གཅིག་པོའི་སྒང་ལ་ཡང་།
དྲ་ཐོག་ན་དབྱིན་ཡིག་ཐོག་བྲིས་བ་བཅུ་གྲངས་འདུག འོན་ཀྱང་། འབྲི་མཁན་ཕལ་ཆེ་བས། ཕྱོགས་གཅིག་རྐྱང་བ་མ་གཏོགས་གླེང་གི་མི་འདུག བློ་སེང་ལ་སྐྱོན་བརྗོད་བྱེད་མཁན་ཚོས་སྐྱོན་གྱི་སྣེ་མོ་རྐྱང་རྐྱང་བཙལ་གི་འདུག བཀྲས་མཐོང་ལ་བསྟོད་པ་རྒྱག་མཁན་ཚོས་བསྟོད་པའི་མཐེ་བོང་རྐྱང་རྐྱང་བསྒྲེངས་གིན་འདུག རྩོམ་འབྲི་མཁན་གཅིག་གིས། ཕྱོགས་གཉིས་ཀ་གླེང་བ་ད་ཕན་ཉུང་སེ་འདུག ཕྱོགས་གཅིག་གླེང་མཁན་མང་རུང་། ཁོང་ཚོས་བྲིས་བ་དེ་ཚོ་ཅུང་ཞིབ་ཚགས་འདུག གནས་སྟངས་འདིའི་འོག་ཏུ། ངེད་ཀྱི་བསམ་ཚུལ་ལ། ད་ང་ཚོས་མི་གཅིག་གི་ཕྱོགས་གཉིས་ཀར་བལྟ་དགོས་རེད་འདོད། ཕྱོགས་གཉིས་ཀ་ཞིབ་བསྡུར་བྱེད་དགོས་རེད་། དཔེར་ན། བློ་བཟང་སེང་གེ་ལ་སྐྱོན་ཡོད་པ་ནང་བཞིན། ཁོང་གི་ཡོན་ཏན་དེ་ཚོ་ཡང་མཁྱེན་དགོས་རེད་འདོད། སྐྱོན་དང་ཡོན་ཏན་གཉིས་ཀར་བལྟ་དགོས་ཀྱི་འདུག བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་ཡང་དེ་མཚུངས་རེད། སྐྱོན་དང་ཡོན་ཏན་གཉིས་ཀ་མཁྱེན་པའི་རྗེས་སུ། ཕྱོགས་གཉིས་ཀ་བསྡུར་དགོས་རེད་། དེ་ལྟར་བྱས་ན། གང་ཟག་དེ་བཀའ་ཁྲིའི་རྐུབ་སྟེགས་སྟེང་ལ་མ་སླེབས་སྔོན་དུ་། གང་ཟག་དེའི་སྐོར་ངོ་འཕྲོད་རྒྱུར་ཕན་གི་རེད་འདོད།གཞན། སྣ་གཅིག་རྐྱང་བ་གླེང་བསྡད་ན་། དེས་ཀློག་མཁན་ཚོ་ལ་ཡང་གོ་བ་ཡག་པོ་རྒྱག་ཐུབ་གི་མི་འདུག དཔེར་ན། ངེད་ཀྱིས་སྤེལ་བའི་བོད་ཀྱི་ཨོ་བྷ་མ་དང་བོད་ཡིག་ཟེར་བ་ལྟ་བུ་རེད། རྩོམ་དེ་བློ་བཟང་སེང་གེའི་སྐྱོན་གྱི་ཕྱོགས་ནས་རེད། ཡོན་ཏན་གྱི་ཕྱོགས་ནས་མ་རེད། ད། དྲ་ཐོག་གིཀློག་པ་པོ་ཚོས། བློ་སེང་དང་བཀྲས་མཐོང་གཉིས་ངོ་འཕྲོད་པ་ལ། ཁོང་གཉིས་ཀྱི་སྐོར་ཞིབ་ཏུ་ཀློགས་དགོས་འདུག སྐྱོན་གྱི་སྐོར་ལ་བྲིས་བ་དེ་ཚོ་ཀློགས་དགོས་འདུག ཡོན་ཏན་གྱི་ཕྱོགས་ལ་བྲིས་བ་དེ་ཚོ་ཀློགས་དགོས་འདུག ད་ཕན། དེའི་སྐོར་ལ་ཞིབ་ཚགས་པོས་བྲིས་བ་རྩོམ་ཡིག་བཅུ་གྲངས་འདུག དགེ་འདུན་རབ་གསལ་ལགས་ནས། བོད་ཀྱི་ཨོ་བྷ་མ། ཡང་ན། རྒྱ་ནག་གི་ཨོ་བྷ་མ་ཟེར་བ་ཞིག་བོད་ཡིག་ནང་སྤེལ་འདུག རྩོམ་དེ་སྔ་གྲས་ཀྱི་གྲངས་རེད། དེའི་རྗེས་སུ། འཇམ་དབྱངས་ནོར་བུས”Some Thoughts on the Upcoming Kalon Tripa Elections“་ ཟེར་བ་སྤེལ་བ་རེད། འཇམ་དབྱངས་ནོར་བུའི་རྩོམ་དེར་བློ་བཟང་སེང་གེས་”Response to Jamyang Norbus Piece” ཟེར་བའི་ལན་ཐུང་ཞིག་བསྐྱོན་འདུག འཇམ་དབྱངས་དང་བློ་སེང་གཉིས་ཀའི་རྩོམ་གྱི་ནང་གི་གནད་དོན་བྱེ་བྲག་པ་དེ་འདྲ་ཁ་གསལ་བཟོ་བའི་ཆེད་དུ། བོད་ཀྱི་སྲིད་དོན་བསྐྱར་ཞིབ་དྲ་བས Investigating Lobsang Sangay’s “་Obama of China” Statement ཟེར་བའི་རྩོམ་དེ་སྤེལ་བ་རེད། རྩོམ་དེ་ཧ་ཅང་ཞིབ་ཚགས་པ་འདུག རྒྱུ་མཚན། ཁོང་ཚོར་བློ་བཟང་སེང་གེའི་གཏམ་བཤད་ཀྱི་འཁོར་ཐག་དེ་རག་འདུག བློ་བཟང་སེང་གེའི་སྐྱོན་གྱི་སྐོར་གླེང་མཁན་མང་དུ་ཕྱིན་པ་དང་། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་ཡང་དེའི་ཁ་གཏད་དུ་ལངས་ཡོང་གིན་འདུག རིན་ཆེན་སྟོབས་རྒྱལ་ཟེར་བ་ཞིག་གིས། འཇམ་ནོར་དང་བོད་ཀྱི་སྲིད་དོན་བསྐྱར་ཞིབ་དྲ་བར་དགག་ལན་གྱི་ཚུལ་དུ།“Investigating TPR and Jamyang Norbu’s article on Obama of China” ཟེར་བ་ཞིག་སྤེལ་འདུག དེའི་རྗེས་སུ། ཁ་ཎ་སྒྲར་གནས་སྡོད་བསྟན་པ་དགའ་ཞི་ལགས་ཀྱིས་”The Culling and the show down at Gangkyi Corral” ཟེར་བའི་རྩོམ་དེ་སྤེལ་བ་རེད། རྩོམ་དེ་ལ་དྲ་ཐོག་ནས་བསྔགས་བརྗོད་མང་པོ་རག་སོང་། རྩོམ་དེ་ཕ་ཡུལ་དྲ་རྒྱ་དང་རང་བཙན་དྲ་རྒྱ་ བོད་ཀྱི་སྲིད་དོན་བསྐྱར་ཞིབ་དྲ་བ་གསུམ་གྱི་སྟེང་དུ་བཀོད་འདུག ད་དུང་། བསྟན་འཛིན་ཕན་ཐོགས་ཟེར་བ་ཞིག་གིས་བློ་བཟང་སེང་གེས་དཔུང་བསྒྲིགས་གི་སླེབས་ཡིན་ཟེར་བའི་གཏམ་བཤད་ཐུང་ངུ་དེའི་སྐོར་ལ་ “An analysis of Lobsang Sangay La’s Statement“ཟེར་བ་ཞིག་སྤེལ་འདུག དྲ་ཐོག་ཏུ་བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་དང་ཁ་གཏད་བྱེད་མཁན་རིགས་གཉིས་འབྱུང་བཞིན་པའི་སྐབས་སུ། བོད་ཀྱི་སྲིད་དོན་བསྐྱར་ཞིབ་དྲ་བས་” Investigating T.N Tethong’s Self-determination Policy” ཟེར་བ་ཞིག་སྤེལ་འདུག དེའི་ནང་དུ། གཙོ་བོ་བཀྲས་མཐོང་གི་རང་ཐག་རང་གཅོད་ཀྱི་ལྟ་བ་དེ་ཁ་གསལ་མེད་པའི་སྐོར་ལསྐྱོན་བརྗོད་བྱས་འདུག བཀྲས་མཐོང་གི་སྐོར་གླེང་བ་དང་། བཀྲས་མཐོང་གི་སྐོར་ལ་འབྲི་མཁན་ཡོང་གི་ཡོད། བསྟན་པ་དགའ་ཞི་ལགས་ནས་བསྐྱར་དུ།”Why I support Tenzin Namgyal Tethong for Kalon Tripa” ཟེར་བ་ཞིག་སྤེལ་འདུག གང་ལྟར། ངོ་དེབ་སོགས་ཀྱི་སྒང་ན། བཀྲས་མཐོང་གི་སྐོར་གླེང་མཁན་མང་དུ་འགྲོ་གིན་འདུག སྤྱི་ཡོངས་ནས། བློ་བཟང་སེང་གེ་དང་བཀྲས་མཐོང་གཉིས་བསྡུར་ན། བློ་བཟང་སེང་གེའི་སྐོར་ལ་གླེང་མཁན་མང་བ་འདུག བཀྲས་མཐོང་སྐོར་ལ་ཉུང་བ་འདུག
གང་ལྟར། ཀློག་པ་པོ་ཚོས་ཕྱོགས་གཉིས་ཀ་དང་ཕྱོགས་གཉིས་ཀའི་སྐྱོན་དང་ཡོན་ཏན་གཉིས་ཀ་ངོ་འཕྲོད་རྒྱུ་ཡང་གལ་ཆེ་དུ་མཐོང་། དེས་ན།
བློ་སེང་བཀྲས་མཐོང་གཉིས་ཀྱི་སྐོར་ལ་ཞིབ་ཏུ་ཀློགས།
བཀླགས་ཟིན་ལེགས་པོ་བྲིས་འདུག
དང་པོ་ངས་བློ་སེང་ཁོ་རང་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུས་པ་ཡིན། དེ་ནས་ང་ཁོ་རང་གི་སྐད་ཆ་བཤད་སར་མང་པོར་བཅར་ནས་དོགས་བཅོད་བྱས་པ་ཡིན། དེང་སང་ང་ཁོ་རང་ལ་ཞེན་པ་རྟིང་ནས་ལོགས་སོང་། གང་ཡིན་ཟེར་ན་ཁོ་རང་ལ་རྩ་བའི་ལངས་ཕྱོགས་གཏན་པོ་ཞིག་ངས་མཐོང་མ་སོང་། ཁོ་རང་བཀའ་བློན་ལ་ལངས་ཡ་དེ་ཁོ་རང་གི་མཚན་སྙན་དང་ཁོ་རང་གི་ཁེ་གསང་གི་ཆེད་དུ་ལས་བོད་མི་རིགས་ཀྱི་ལ་རྒྱ་དང་ཤ་ཞེན་ཕལ་ཆེར་མིན་པ་འདྲ། ཁོ་སྤྱི་ཚོགས་རེ་རེའི་ནང་ལ་སླེབས་དུས་སྐད་ཆ་རེ་བཤད་ཀྱི་འདུག དཔེར་ན་རང་བཙན་དང་གཞོན་ནུའི་མདུན་དུ་རང་བཙན་དང་། རྡ་སའི་ས་གནས་དང་མི་མང་གི་མདུན་དུ་དབུ་མའི་ལམ་ཞེས་གང་ལྟར་ཀྱང་ཁོ་རང་ལངས་ཕྱོགས་གཏན་པོ་ཞིག་མེད་པ་མ་ཟད་མི་དེའི་ཀུན་སློང་ཁྱེར་སྟངས་དང་སྡུག་ན་ཁོ་རང་གི་རྒྱབ་ལྗོངས་ལ་སུ་ཡོད་པ་ད་དུང་བརྩད་བཅད་ན་དོགས་པ་འདུག དཔེར་ན་སྐུ་ངོ་བློ་བཟང་སྦྱིན་པ་ལགས་དང་པོ་ཁོ་རང་ལ་འདོད་པ་ཡོད་མེད་ལ་མ་གཏོས་པར་ཁོ་རང་གི་གྲོགས་པོ་དང་ལ་རྒྱ་ཤེས་ཡོན་ཅན་མང་པོ་ཞིག་ནས་སྔོན་འགྲོའི་འོས་ཤོག་ནང་ཞུགས་དགོས་བྱུང་བ་རེད། ཡིན་ནའང་ཁ་སང་གསལ་སྒྲགས་ཤིག་ནང་ཁོ་རང་དངོས་གཞིའི་འོས་ཤོག་ནང་ཞུགས་ཀྱི་མིན་གསུངས་འདུག མི་ཞུགས་པའི་རྒྱུ་མཚན་ཞིག་གསུང་འདུག་དེ་ལ་ལྟས་ན་ཁོང་དངོས་གནས་བོད་གཞི་བྱེས་གཉིས་ལ་ལྷག་བསམ་ཡོད་མཁན་ཞིག་ལས་ཁོ་རང་གི་མཚན་སྙན་དང་ཁེ་གསང་གི་ཆེད་དུ་མིན་པ་གསལ་པོ་རེད་འདུག གང་ལྟར་ད་དུང་ང་ཚོ་ལ་བསམ་བློ་གཏང་བའི་དུས་ཚོད་ཞིག་ཡོད་པ་འདིར་རི་བོང་བཅར་འདྲོགས་ཀྱི་དཔེ་རུ་དང་། ང་ལོ་ཆུང་ཡིན་བློ་སེང་ལ་རྒྱབ་སྐྱོར་ཡོད་དང་། ང་རྒན་པོ་ཡིན་བཀྲས་མཐོང་ལ་རྒྱབ་སྐྱོར་ཡོད་ཟེར་ནས་རིན་ཐང་གསེར་ལས་དཀོན་པའི་དམངས་གཙོའི་ལམ་ཡག་པོ་ཞིག་དང་༧གོང་ས་མཆོག་ཞལ་བཞུགས་དུས་བསྐལ་བཟང་པོ་འདི་རྣམས་ཕྲོག་རླག་ཏུ་མ་སོང་བར་ཧ་ཅང་ནས་ཀྱང་གལ་ཆེ།།
ཇོ་བོ་རིན་པོ་ཆེ་ཚད་བཙུགས། འདི་འདྲའི་ངོ་སྤྲོད་ཡག་པོ་ཞིག་བྲིས་འདུག བློ་བཀྲས་གཉིས་ཀའི་ཐོག་ལ་ཡ་ག་པོ་བཀླགས་འདུག འདིར་གསལ་བཤད་ཕར་མ་བསྡུས་པོ་ཞིག་འབུལ་རྒྱུ་ཞིག་ལ།
འཇམ་དབྱངས་ནོར་བུས་བྲིས་པའི་རྩོམ་དང་པོ་དེའི་ནང་ལ། བཀའ་ཁྲིའི་འོས་གཞིའི་ནང་ལ་སླེབས་པའི་མི་མང་ཆེ་བའི་སྐོར་ལ་དཔྱད་པ་གནང་ཡོད་པ་དང་། དཔྱད་པ་དེ་དག་ཀྱང་སྙན་པོ་དང་བློ་ལ་འགྲོ་པོ་ཞིག་ཡིན་རུང་། བློ་བཟང་སེང་གེའི་སྐོར་ལ་དཔྱད་པ་བྱེད་དུས། འཇམ་དབྱངས་ནོར་བུའི་དྲང་ཚུགས་ཀྱི་རྣམ་པ་དེ་ཤོར་བ་རེད། དེར་བརྟེན་མི་མང་པོ་ཞིག་གིས་འཇམ་དབྱངས་ནོར་བུ་ལ་ལན་དང་འདྲི་བ་མང་པོ་བཀོད། འགའས་རེས་འཇམ་དབྱངས་ནོར་བུས་གོ་སྐབས་འདི་བརྒྱུད་ནས་བློ་སེང་ལ་སྡིག་སྦྱོར་དང་བཀྲས་མཐོང་ལ་དཀར་འདོན་བྱེད་པའི་ལས་འགུལ་སྤེལ་གྱི་ཡོད་པ་གཟིགས་ནས་མཆན་མང་པོ་བྲིས་སྟབས། ཆབ་སྲིད་ཀྱི་གཟུར་ལྟས་རྣམས་ནས་འཇམ་དབྱངས་ནོར་བུའི་རྙོག་འདྲ་དེ་ལ་ལག་པ་མ་འཆང་མཐུ་མེད་བྱུང་བ་འདྲ་པོ་འདུག
འཇམ་དབྱངས་ནོར་བུའི་རྩོམ་དེའི་ནང་ལ་བཀའ་ཁྲིའི་འོས་མི་གཞན་ཚང་མའི་སྐོར་ལ་བསྟོད་པ་ཤུགས་ཆེ་བ་དང་སྐྱོན་ཆ་འདི་ཙམ་གསལ་འདོན་བྱས་མེད་རུང་། བློ་སེང་སྐོར་ལ་འབྲི་སྐབས། ཕྱོགས་གང་ས་ནས་སྐྱོན་ཚང་འབྲུས་སྟབས། བོད་ཀྱི་ན་གཞོན་མང་པོ་བློ་འཕམ་ཆེན་པོ་སྐྱེས་འདུག
རྒྱུ་མཚན་གཙོ་བོ་འདི། འཇམ་དབྱངས་ནོར་བུ་ལགས་ཀྱིས། བློ་སེང་གི་སྐད་ཆའི་ཚིག་བྱེ་བྲག་པ་རེ་བཟུང་བརྗོད་པའི་ནང་ནས་བཏོན་ནས། དེ་ལ་སྐྱོན་བཙུགས་བྱས་འདུག དབྱིན་ཇིའི་ནང་ལ་ “out of context” ཟེར་བ་འདི་རེད། འདི་བོད་སྐད་ལ་ཇི་འདྲ་སྒྱུར་དགོས་མིན་ཤེས་ཀྱི་མིན་འདུག
བློ་སེང་ལ་སྐྱོན་ཡོད་པ་བདེན། ཡིན་ནའང་། ཁོང་གི་སྐད་ཆའི་ནང་ནས་ཚིག་རྐང་གཅིག་གཉིས་ཕྱིར་འཕྱུང་ནས་དེ་ལ་བཤད་པ་བརྒྱབ་ན། གཙོ་བོའི་ནང་དོན་དེ་བརླག་པར་བྱེད་སྟབས། འདི་བྱེད་སྟངས་མི་ལེགས།
འདི་ཙམ་ཡིན་ནོ།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་བཀའ་བློན་ཁྲི་པའི་ཁྱད་ཆོས་མི་ཚང་བའི་མ་ཟད་ལས་བྱེད་བཅོས་མ་ཞིག་གི་འོས་བབས་མེད། རྒྱུ་མཚན་ནི། ཁོང་གིས་་སྔོན་མ་བཀའ་བློན་གྱི་སྐབས་སུ་སྤྱི་རྒྱུ་སྒེར་བཅད་ཀྱིས་ལྐོག་ཟ་རུལ་སུང་ཅན་ཞིག་ཡིན། ལོ་མང་པོ་སོང་ཡང་ད་ལྟར་གཞི་ནས་འདི་དངོས་ཡོད་གནས་ཚུལ་མ་རེད་ཅེས་འགྲེལ་བརྗོད་འདྲ་མིན་བྱས་ཀྱང་། གང་ལྟར་འགྲེལ་བཤད་ག་་ཚད་མང་བ་དེ་སྲིད་དུ་རང་གི་དེ་ཉིད་དམ་རང་མཚང་ཇེ་མངོན་དུ་འགྲོ་ཡི་འདུག གལ་སྲིད་དེ་དག་དངོས་ཡོད་གནས་ཚུལ་མིན་པ་ཡིན་ན། སྐབས་དེ་དུས་ཁྲིམས་ཞིབ་ཁང་གི་ནང་དུ་ཞི་གཏུགས་ཀྱིས་གནས་ཚུལ་གཙང་སེལ་མི་བཟོ་བའི་རྒྱུ་མཚན་གང་ཡིན་ནམ། གནས་ཚུལ་འདི་མི་སྒེར་ཞིག་ལ་བྱུང་བའི་གནས་ཚུལ་མིན་པར། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཞིག་གི་སྤྱོད་ལམ་ཀུན་སྤྱོད་དང་འབྲེལ་བ་ཡོད་པས། གཙང་མ་གཟོ་དགོས་ངེས་རེད། གནས་ལུགས་ལས་སླ་པོ་འདི་འདྲ་ཁོང་གི་བསམ་བློ་མི་འཁོར་བའི་རྒྱུ་མཚན་མེད། ད་དུང་་་་་་་་་་་་་་
ཁྱེད་ཀྱིས་གནས་ཚུལ་ཞིབ་ཚགས་གནང་འདུག གླེང་སློང་སྐབས་དགེ་སྐྱོན་གཉིས་ཀ་གླེང་རྒྱུ་ཤིན་ཏུ་གལ།
བཀའ་བློན་གྱི་སྐོར་ལ་དཔྱད་པ་ཞུས་དང་མ་ཞུས་ཁྱད་པ་ཆེན་པོ་མེད། གསར་རྙིང་གི་གདན་ས་ཆེ་ཁག་ནས་སུ་ལ་འོས་བླུགས་པ་དེ་འཐོབ་རྒྱུ་རེད། དེར་བརྟེན་ཁོང་རྣམས་ལས་སུ་གདན་ས་ཆེ་ཁག་དང་འབྲེལ་འདུག་གཟིགས་རོགས་ཞུ། བོད་ཀྱི་གདན་ས་ཆེ་ཁག་གི་འོས་སྒམ་རེད་ཅེས་བཤད་སྲོལ་ཆགས་ཟིན་པ་རེད།
བློ་སེང་དང་དཔྱད་ཤེས་ཡངས་བའི་མི་རབས་གསར་བ། སྲིད་རིག་ལ་ཀློང་བརྡོལ་བའི་གདན་ས་ཁག་གི་གྲྭ་ལོག་ཚོ་རྒྱལ་ན་རྒྱལ། བཀྲས་མཐོང་པ་ཐོབ་ན་ཐོབ། ང་ནི་མི་འདུག་རི་བོ་རྩེ་ལྔ་བ་རུ་ཆས་འགྲོ།
བློ་སེང་དང་དཔྱད་ཤེས་ཡངས་བའི་མི་རབས་གསར་བ། སྲིད་རིག་ལ་ཀློང་བརྡོལ་བའི་གདན་ས་ཁག་གི་དམར་པོ་དག་རྒྱལ་ན་རྒྱལ། བཀྲས་མཐོང་པ་ཐོབ་ན་ཐོབ། ང་ནི་མི་འདུག་རི་བོ་རྩེ་བ་རུ་ཆས་འགྲོ།
རེད།
དགེ་སྐྱོན་གཉིས་ཀར་བལྟ་དགོས་གི་རེད། དགེ་སྐྱོན་གཉིས་ཀར་ཞིབ་ཚགས་པོ་སྒོས་བལྟ་དགོས་གི་རེད། ཞིབ་ཚགས་པོས་བལྟས་རྗེས་དགེ་བརྒྱ་ཆ་བདུན་བཅུ་དང་སྐྱོན་བརྒྱ་ཆ་སུམ་བཅུ་ཡིན་ན་འགྲིག་པ་རེད། འོན་ཀྱང་སྐྱོན་བརྒྱ་བདུན་བཅུ་དང་དགེ་བརྒྱ་ཆ་བདུན་བཅུ་ཡིན་ན་མ་འགྲིག་པ་རེད།
རྩིས་གཞི་དེ་གཞི་བཟུང་ནས་བཀའ་བློན་ཁྲི་བའི་གང་ཟག་ལ་བལྟ་དགོས་གི་རེད། དེ་ལྟར་མི་སུ་ལའང་དེ་ལྟར་བལྟས་ན་ནོར་གི་མ་རེད།
གང་ལྟར་བཀའ་ཁྲིར་ལངས་མཁན་ནི་བློ་སེང་དང་བཀྲས་མཐོང་གཉིས་ལ་གཏན་འཁེལ་རེད་བསམ།
བཀྲས་མཐོང་ལགས་བློ་སེང་གཉིས་མདུར་ན་གནམ་དང་སའི་ཁྱད་པར་ཡོད་པར་འདོད།
རྒྱ་བཤད་སྟོངས་བཤད་གང་བཤད་ཀྱང་། མཁས་དབང་བློ་བཟང་སེང་གེ་མཆོག་ནི་གཞིས་བྱེད་གཉིས་ཀའི་། མ་འོང་བཀའ་ཁྲི་དངོས་ཁོང་ཡིན་། མ་ཚད་ཡང་གོང་ས་མཆོག་གིས་གཞོན་སྐྱེས་ཞིག་ལ་ཐུགས་རེ་གནང་བ་ཡང་དེ་ཡིན་།
ང་རང་ལ་ཆ་བཞག་ན་ཡང་། དང་པོ་རྡ་སར་འབྱོར་སྐབས་། བཀྲས་མཐོང་གི་དངུལ་ཟོས་བས་གནས་ཚུལ་དེ་། རྡ་སའི་རི་རྡེའུ་ཆུང་ཆུང་དེར་མགོར་མེ་ལྟར་འབར་བཞིན་འདུག། ཡེ་ཤེས་རབ་རྒྱས་ནས། གོང་དེར་གླེང་པའི་དོག་གཞི་དེ་གནད་ཆེན་པོ་རེད་། འོན་ཀྱང་བཀའ་བཤག་གི་གནས་ཚུལ་དེ་ཁུང་མེད་ཡིན་པས་གསལ་བཤད་ཡག་པོ་གནང་འདུག།
མདོ་འདུམ་ཚང་གིས་དཔྱད་གཞི་དེ་ལ་་བདག་གིས་ཀྱང་བསམ་ཚུལ་ཞིག་རྗེས་སུ་འབྲི།
xxxxxxxxxxxxxxxxxxxxxxx།
བློ་སེང་གློག་ན་ཉམས་མྱོངས་མེད་པའི་ཨོ་བྷ་མ་ཡིན།
བཀྲས་མཐོང་གློག་ན་མི་རྒན་མེ་ཁན་ཡིན།
ད་ལོའི་་་་བཀའ་ཁྲི་ལ་རེ་བ་མི་འདུག།་་ང་ནི་མི་རྙིང་པ་རྙིང་རྐྱང་དེ་མི་དགོས་ལ་གསར་པ་གསར་རྐྱང་དེའང་མི་དགོས།་གང་ཡིིན་ཞེ་ན།་རྙིང་པ་ནི་རུལ་ཚར་ལ།་གསར་པ་ནི་ན་ཚོད་མ་སྨིན་པས་སོ།་དེའི་ཕྱིར་དངོས་གཞིའི་འོས་ཤོག་ལ་སྟོང་པ་བཞག་ན་ག་འདྲ་འདུག་དྲྭ་གྲོག་ཚོ་གཅིག་གསུང་དང་ཁང་གསར་རྡོ་རྗེ་ལགས།
རང་གི་ཕ་སྐད་དང་རིག་གཞུང་ལ་རྨོངས་པའི་ཀླད་པ་སྟོང་པའི་ཕོ་སར་ཞིག་བཀའ་ཁྲིར་འདེམས་ཐབས་བྱེད་པ་དེ་ནི། རང་རེ་མལ་ས་ནས་འཆི་ལམ་དུ་སྙེག་པའི་སྟ་གོན་ངོ་མ་རེད་ཅེས་ཤོད་འདོད་བྱུང་།
ཀླད་པ་སྟོང་བའི་ཕོ་སར་ཞིག་བཀའ་ཁྲིར་འདེམས་པ་ནི། རང་རེ་མལ་ས་ནས་འཆི་ལམ་དུ་སྙེག་པའི་སྟ་གོན་ངོ་མ་རེད་ཅེས་ཤོད་འདོད་བྱུང་།
ཀླད་པ་སྟོང་བའི་ཕོ་སར་ཞིག་བཀའ་ཁྲིར་འདེམས་པ་ནི། རང་རེ་མལ་ས་ནས་འཆི་ལམ་དུ་སྙེག་པའི་སྟ་གོན་ངོ་མ་རེད་ཅེས་ཤོད་འདོད་བྱུང་།
ང་ནི་བློ་བཟང་སེང་གེ་བཀའ་ཁྲིར་བདམས་པ་ཡིན་ན་ཞེས་ནི་རེད། ན་ནིངས་གྲོས་ཚོགས་ནང་ལ་དཔུང་ཁག་བསྒྲིགས་ཏེ་གྲོས་ཚོགས་ཚུགས་མི་ཐུབ་པ་དགྲ་དགའ་སྙིང་སྡུག་བཟོས་སོང། ད་ལོ་བཀའ་ཁྲི་དཔུང་ཁག་སྒྲིག་མཁན་ཞིག་འདེམས་པ་ཡིན་ན། ན་ནིངས་ཀྱི་གནས་ཚུལ་ལྟར་ཡོང་རྒྱུར་ངེས་པས། ང་ཚོས་བསམ་བློ་་་་་་་་་་་་་་་་།
དཔུང་ཁག་བསྒྲིགས་མཁན་ཤིག་བཀའ་ཁྲིར་འདེམས་ཐོན་བྱུང་ན་ངོ་མ་ཉེན་ཁ་ཆེན་པོ་རེད་བསམ།
ཡེ་ཤེས་རབ་རྒྱས་ལགས་ཁྱེད་ཀྱི་མིག་དབང་ལ་ཕྱོགས་རིས་སམ་གཞན་གྱིས་དཔལ་འབྱོར་གྱི་བསླུ་མེད་ན།
བོད་མིའི་རང་དབང། བོད་རྒྱལ་ལོ་ ༢༡༢༢ ཤིང་ཕག་ཟླ་བ་ ༣ ཚེས་ ༢ རེས་གཟའ་ཟླ་བ།
ཕྱི་ལོ་ ༡༩༩༥ སྤྱི་ཟླ་ ༥ ཚེ་ ༡ དེར་ཐེངས་ཤིག་ལྟོས་དང་ཁྱེད་ཚོའི་ཚོམ་ཉི་ཐ་དག་ཕྱི་མའི་ལམ་དུ་འགྲོ་རྒྱུར་ངེས།
ད་དུང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
གྲོགས་པ་ཚོ་ཡིད་གཟབ་བྱོས། ན་ནིངས་དཔུང་ཁག་བསྒྲིགས་ནས་གྲོས་ཚོགས་ཁ་བྲལ་དུ་བཏང་སོང། ད་ལོ་བཀའ་ཁྲི་དཔུང་ཁག་སྒྲིག་མཁན་ཞིག་སླེབས་ན་བཀའ་བློ་ཁ་བྲལ་ལ་གཏོང་མི་ཡོང་སྙམ་ནས་ཞེད་ཀྱི་འདུག
ཨ་རིའི་སུ་ཌན་ཕོ་ཌི་(Stanford University)གཙུག་ལག་སློབ་གཉེར་ཁང་གི་བོད་ཀྱི་རྒྱལ་རབས་དང་། ཆབ་སྲིད་ཀྱི་སློབ་དཔོན་ཆེ་མོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།
གལ་སྲིད་བགྲེས་སོང་རྣམ་གཉིས་ཀྱི་སྐད་ཆ་དེ་འདྲ་བཤད་ཡོད་ན་དངོས་གནས་བློ་ཕམ་གྱི་རང་བཞིན་རེད།
དཀྲུག་ཤིང་གི་ཏེ་བོ་ཁྱོད་ཀྱིས་༼ཀྲས་མཐོང་ལ་ཤེས་འཇོན་ནུས་གསུམ་གང་ལྡན་ཡང་ཐོས་མ་སོང་།༽མངོན་སུམ་ལ་སྨྱོ་ལབ་རྒྱབ་ཀྱིན་འདུག
བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་གལ་ཆེའི་མཛད་རྗེས་རགས་བསྡུས།
གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
༡༽ ཕྱི་ལོ་ ༡༩༦༠ ལོར་མ་སུ་རི་གཏན་སློབ་ཏུ་སློབ་སྦྱོང་གནང་ཞིང༌། ཞོར་ལ་དགེ་རྒན་གྱི་ཕྱག་ལས་གནང༌།
༢ ༽ ཕྱི་ལོ་ ༡༩༦༧ དགུང་ལོ་ ༡༧ལ་སོན་སྐབས་སེམས་ཤུགས་ཀྱིས་ཁེངས་པའི་ན་གཞོན་དེས་བོད་གཞུང་ཤེས་རིག་ལས་ཁུངས་ སུ་དབྱིན་དྲུང་དང་གསུང་སྒྱུར་གཅིག་ལྕོགས་ལས་འཁུར་བཞེས།
༣༽ ཕྱི་ལོ་ ༡༩༦༨ ལོར་ཁོང་དང་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་དང༌། བཀྲས་མཐོང་བསྟན་འཛིན་དགེ་བྱེད་བཅས་ཀྱིས་འགན་བཞེས་ཀྱིས་བཙན་བྱོལ་ཁྲོད་ཀྱི་ གསར་ཤོག་ཐོག་མ་ཤེས་བྱ་འདོན་སྤེལ་གནང༌། དེང་སྐབས་ཀྱང་གཞུང་འབྲེལ་ཐོག་འདོན་མུས།
༤༽ ཕྱི་ལོ་ ༡༩༧༠ ལོར་ཁོང་དང༌། གོང་གསལ་མཛད་གཙོ་གཞན་གཉིས། བཀའ་ཟུར་རྒྱ་རི་བློ་རྒྱན་བཅས་ཀྱིས་ལོ་རྒྱུས་ཐོག་བོད་ཀྱི་གཞོན་ནུའི་ཚོགས་ ཆེན་ཐེངས་དང་པོ་བསྐོང་འཚོགས་གནང་བ་དང༌། ཚོགས་ཆེན་གྱི་མཐའ་མའི་གྲུབ་དོན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་གསར་འཛུགས་དང་ འབྲེལ། ཁོང་སྐབས་དང་པོའི་དབུས་སྤྱི་ཁྱབ་རྒྱུན་ལས་སུ་འདེམས་ཐོན་བྱུང་ནས་ལས་འཁུར་ བཞེས། ད་ལྟའི་གཞོན་ལྷན་དེ་རང་ཡིན།
༥༽ དབྱིན་ཇིའི་གསར་དེབ་༼བོད་གནས་བསྐྱར་ཞིབ་༽(Tibetan Review) རྩོམ་སྒྲིག་པ་དཀོན་པའི་སྐབས་ལ་ཁོང་གིས་རྩོམ་སྒྲིག་པའི་འགན་བཞེས། (ད་ལྟ་འདོན་མུས།)
༦༽ ཕྱི་ལོ་ ༡༩༧༣ ལོར་བོད་ཀྱི་རྩ་དོན་སླད་བོད་རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་ཆེན་བསྡུ་ བསྐོང་གནང་སྐབས། ཁོང་ཡང་གཞོན་ལྷན་གྱི་སྐུ་ཚབ་གནང་ནས་ཚོགས་ཆེན་དུ་མཉམ་ཞུགས་ཀྱིས་སྐབས་དེའི་ ཚོགས་ཐོག་ནས་དང་བླང་དཔྱ་ཁྲལ་ལག་དེབ་གསར་གཏོད་མཛད། བཙན་བྱོལ་གཞུང་གི་འགྲོ་གྲོན་ལ་དེང་སྐབས་ཀྱང་ཕན་ཐོགས་ཆེན་པོ་ཡོད།
༧༽ ཕྱི་ལོ་ ༡༩༧༣ ནས་ ༡༩༨༦ བར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་སྐུ་ཚབ་དོན་གཅོད་ཁང་གི་མཛད་འཁུར་བཞེས་ སྐབས་བོད་ཀྱི་ཐེབས་རྩ་ཁང་དང༌། པོ་ཏཱ་ལ་པར་སྐྲུན་ཁང༌། ནེའུ་ཡོག་བོད་ཁང༌། བྱང་ཨ་རིའི་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང༌། བོད་རིགས་མཐུན་ཚོགས་ཁག་བཅས་གསར་འཛུགས་གནང༌། གོང་གསལ་ཚོགས་པ་དེ་དག་ད་ལྟ་ཡོད་མུས།
༨༽ ཕྱི་ལོ་ ༡༩༧༥ ལོར་ཁོང་གིས་རོགས་རམ་དང་འབད་རྩོལ་གནང་བ་བརྒྱུད་ཐེངས་དང་པོའི་བོད་གཞུང་ཟློས་ གར་ཚོགས་པས་བོད་ཀྱི་རིག་གཞུང་ངོ་སྤྲོད་སླད་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བསྐོར་ བསྐྱོད་ལ་ཕེབས་ཐུབ་ཡོད།
༡༠༽ ཡང་ཕྱི་ལོ་ ༡༩༧༩ ལོར་ཨ་རིར་དོན་གཅོད་ཀྱི་མཛད་འཁུར་བཞེས་རིང་ཨ་རིའི་གཞུང་ལ་འབྲེལ་མོལ་གྱིས་ ྋགོང་ས་མཆོག་ཨ་རིར་ཐེངས་དང་པོའི་ཆིབས་སྒྱུར་དབུ་འཛུགས་གནང་ཐུབ་ཡོད།
༡༡ ༽ ཕྱི་ལོ་ ༡༩༨༧ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་མཛད་ ཁུར་བཞེས་སྐབས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ (International Campaign For Tibet) གསར་འཛུགས་མཛད་པ་དང༌། དེ་ལ་བརྟེན་ནས་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་གྱི་ནུས་ཤུགས་ཇེ་ཆེར་ འཕེལ།
༡༢༽ དེ་བཞིན་ཁོང་ཝ་ཤིང་ཀྲོན་དུ་དམིགས་བསལ་སྐུ་ཚབ་ཀྱི་མཛད་འཁུར་བཞེས་རིང་ཨ་ རིའི་གཞུང་ལ་ཞུ་སྐུལ་གྱིས་བོད་མི་ཆིག་སྟོང་ཨ་རིར་གཞིས་ཆགས་སུ་བསྐྱོད་ཐུབ།
༡༣ ༽ ལྷག་པར་རྒྱལ་ས་ཝ་ཤིང་ཀྲོན་དུ་བཞུགས་རིང་ཁོང་གིས་ཨ་རིའི་གཞུང་ལ་ཞུ་སྐུལ་དང་ འབད་རྩོལ་གནང་བ་བརྒྱུད་བོད་སྐད་རླུང་འཕྲིན་ཁང་ཁག་གཉིས་(Voice of America and Radio Free Asia) གསར་འཛུགས་ཐུབ་ཡོད།
༡༤༽ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་མཛད་འགན་བཞེས་རིང་ཨ་རིའི་གཞུང་ནས་ སྐྱབས་བཅོལ་བོད་མིའི་འཕྲོད་བསྟེན་དང་ཤེས་ཡོན་ཐད་རོགས་དངུལ་ཞུས་ཐོབ་བྱུང་ སྟེ་ད་བར་མུ་མཐུད་རོགས་རམ་ཐོབ་མུས་ཡིན། ལས་གཞི་ད་ལྟའང་གནས་མུས་ཡིན།
༡༥ ༽ ཕྱི་ལོ་ ༡༩༨༠ ལོར་ཁོང་གིས་ཚོགས་གཙོའི་འགན་བཞེས་ཐོག་བོད་ནང་གཟིགས་སྐོར་སྐུ་ཚབ་ཐེངས་གཉིས་ པ་ཕེབས་ནས་བོད་ས་སྟོད་སྨད་བར་གསུམ་དུ་གཟིགས་སྐོར་གནང༌།
༡༦༽ ཕྱི་ལོ་ ༡༩༩༠ ལོར་དགུང་ན་གཞོན་པའི་བསྟན་འཛིན་རྣམ་རྒྱལ་དམིགས་བསལ་གྱི་ཚོགས་འདུ་རྒྱལ་ འཛོམས་ཐོག་ནས་བཀའ་བློན་ལ་འོས་འདེམས་བྱུང་ཤིང་སྐབས་གསུམ་རིང་བཀའ་བློན་གྱི་ ལས་འཁུར་བཞེས།
༡༧༽ ཕྱི་ལོ་ ༡༩༩༤ ནས་ ༡༩༩༥ བར་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པའི་མཛད་འགན་བཞེས།
༡༨༽ ཕྱི་ལོ་ ༡༩༩༥ ལོར་ཨ་རིར་གནས་སྤོས་སྐབས་༼བོད་ནང་ལོ་བདུན་༽ཞེས་པའི་གློག་བརྙན་གསར་བཟོའི་སློབ་སྟོན་པ་གནང༌།
༡༩༽ དེ་བཞིན་ཏཱ་ལའི་བླ་མའི་ཐེབས་རྩ་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་གྱི་གྲས་དང༌། ད་ཆ་ཚོགས་པའི་འགན་འཛིན་གནང་མུས་ཡིན།
༢༠༽ དེ་བཞིན་ Committee of 100 for Tibet ཞེས་པའི་བོད་དོན་སྒྲིག་འཛུགས་ཀྱི་ཚོགས་གཙོའི་མཚན་གནས་ཐོག་བོད་དོན་ཕྱག་ལས་གནང་མུས།
༢༡ ༽ བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཐབས་ལམ་ཐད་རང་ཐག་རང་གཅོད་ཀྱི་ལྟ་གྲུབ་གསར་ གཏོད་མཛད་ཅིང༌། ད་ཆ་ལྟ་གྲུབ་དེའི་ཐོག་ནས་ལས་གཞི་སྤེལ་མུས། དེ་ནི་དབུ་མའི་ལམ་དང་འགལ་བ་མེད།
༢༢༽ ད་ཆ་ཨ་རིའི་སྙན་གྲགས་ཅན་གྱི་སུ་ཌན་ཕོ་ཌི་ (Stanford University) གཙུག་ལག་སློབ་གཉེར་ཁང་དུ་སློབ་དཔོན་གྱི་འགན་བཞེས་ཐོག སློབ་གཉེར་ཁང་དེར་བོད་ཀྱི་རྒྱལ་རབས་དང༌། ཆབ་སྲིད། ནང་ཆོས་བཅས་ཀྱི་ཞིབ་འཇུག་གི་ལས་གཞི་གསར་འཛུགས་དང་འབྲེལ། བོད་ཀྱི་རྒྱལ་རབས་དང་ཆབ་སྲིད་སྐོར་གྱི་སློབ་ཁྲིད་ཀྱི་ཕྱག་ལས་གནང་མུས།
༢༣ ༽ དེ་བཞིན་གཙུག་ལག་སློབ་གཉེར་ཁང་དེའི་ནང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་ པོ་མཆོག་གིས་ནང་ཆོས་དང་ཚན་རིག་གི་བགྲོ་གླེང་གནང་བའི་མཛད་འཆར་དང་འབྲེལ། ཁོང་གིས་ཀྱང་སློབ་གྲྭ་དེའི་ནང་གི་ཚན་རིག་མཁས་པ་དང་མཉམ་དུ་ཀླད་ཁམས་ཞིབ་འཇུག་ དང་བགྲོ་གླེང་གི་ལས་གཞིར་རྒྱབ་སྐྱོར་དང་མཉམ་ཞུགས་གནང་མུས།
བུ་མོ་བུ་མོ་སྐྱིད་དགོས་ན་རྒན་པ་དེ་འདོམས་ཞེས་པའི་གཏམ་དཔེ་དེ་དྲན་བྱུང་། འདིར་འབྲེལ་བ་ཆེར་མེད་ནའང་་་་
ངས་བཀའ་ཁྲིའི་འོས་མི་ཁོང་གཉིས་ཀྱི་སྐོར་ལ་མང་པོ་ཞིག་ཀློག་སྟེ་བསམ་གཞིགས་ཀྱང་མང་པོ་ཞིག་བྱས་པ་ཡིན། བློ་བཟང་སེང་གེ་
ལྟ་བུ་མཚོན་ན། ང་ཚོ་བོད་རིགས་ཤིག་དངོས་གནས་ཧར་ཝར་ཌེ་གཙུག་ལག་ལ་ཁྲིམས་ཀྱི་སློབ་ཐོན་བྱུང་པ་ནི་ཧ་ཅང་གི་ཡག་པོ་རེད་བསམ། ཡིན་ན་ཡང་ཁོང་རང་གི་སྟག་ཏུ་འུར་ཤོབ་ཆེན་པོ་བཤད་འདུག དཔེར་ན་ཁོང་རང་གི་ངོ་སྤྲོད་དེབ་ལྗང་ཁུ་དེའི་ནང་ལ་ཡང་དབུས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ཆུང་ཤོས་ཡིན་
ཟེར་བ་དང་༢༠༠༣་ལོར་སྔོན་དུས་སུ་གང་གིས་གོ་སྒྲིག་བྱེད་མ་མྱོང་༸གོང་ས་མཆོག་དང་རྒྱ་ནག་གི་མཁས་དབང་དབར་མཇལ་འཕྲད་ཀྱི་གོ་སྒྲིག་བྱས་ཟེར་བ་སོགས་མང་པོ་ཞིག་བྲིས་འདུག དེ་དག་དངོས་ཡོད་གནས་ཚུལ་མ་རེད།
བློ་བཟང་སེང་གེ་ལགས་དངོས་ཡོད་ཀྱི་གནས་ཚུལ་རྡ་ས་ཆོས་བཞི་སྒང་དྲུག་ཆེ་ལོ་གཅིག་དང་ཕྱེད་ཀ་ཙམ་བྱས་མྱོང་བའི་ཁོང་རང་གིས་མི་བཤད་པ་མ་ཟད་དེབ་ལྗང་ཁུ་དེའི་ནང་ལ་ཡང་རྩ་བ་བཀོད་མི་འདུག
ལྡི་ལི་མན་ཇུ་ཁྲི་ལི་སོགས་ལ་་བཀའ་ཁྲི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་འདྲ་པར་གྱང་སྡེབས་སོགས་ལ་རྩ་བ་ནས་མཐོང་རྒྱུ་མེད། ལྡི་ལི་ཆོས་བཞི་སྒང་དྲུག་གིས་ཆེད་མངག་ཕོ་གསར་དྲུག་བདུན་ཞིག་ལ་དངུལ་སྤྲད་དེ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་འདྲ་པར་དེར་མཐོང་རྒྱུ་མེད་པ་བཟོས་ཡོད། དེའི་ཐོག་ནས་ང་ཚོས་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་དང་བློ་བཟང་སེང་གེའི་བར་གྱི་འབྲེལ་བ་བསམས་གཞིགས་ཤིག་མ་བྱས་རང་བྱས་འཁེལ་སོང།
ངས་བཀའ་ཁྲིའི་འོས་མི་ཁོང་གཉིས་ཀྱི་སྐོར་ལ་མང་པོ་ཞིག་ཀློག་སྟེ་བསམ་གཞིགས་ཀྱང་མང་པོ་ཞིག་བྱས་པ་ཡིན། བློ་བཟང་སེང་གེ་ལྟ་བུ་མཚོན་ན། ང་ཚོ་བོད་རིགས་ཤིག་དངོས་གནས་ཧར་ཝར་ཌེ་གཙུག་ལག་ལ་ཁྲིམས་ཀྱི་སློབ་ཐོན་བྱུང་པ་ནི་ཧ་ཅང་གི་ཡག་པོ་རེད་བསམ། ཡིན་ན་ཡང་ཁོང་རང་གི་སྟག་ཏུ་འུར་ཤོབ་ཆེན་པོ་བཤད་འདུག དཔེར་ན་ཁོང་རང་གི་ངོ་སྤྲོད་དེབ་ལྗང་ཁུ་དེའི་ནང་ལ་ཡང་དབུས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ཆུང་ཤོས་ཡིན་ཟེར་བ་དང་༢༠༠༣་ལོར་སྔོན་དུས་སུ་གང་གིས་གོ་སྒྲིག་བྱེད་མ་མྱོང་༸གོང་ས་མཆོག་དང་རྒྱ་ནག་གི་མཁས་དབང་དབར་མཇལ་འཕྲད་ཀྱི་གོ་སྒྲིག་བྱས་ཟེར་བ་སོགས་མང་པོ་ཞིག་བྲིས་འདུག དེ་དག་དངོས་ཡོད་གནས་ཚུལ་མ་རེད།
བློ་བཟང་སེང་གེ་ལགས་དངོས་ཡོད་ཀྱི་གནས་ཚུལ་རྡ་ས་ཆོས་བཞི་སྒང་དྲུག་ཆེ་ལོ་གཅིག་དང་ཕྱེད་ཀ་ཙམ་བྱས་མྱོང་བའི་ཁོང་རང་གིས་མི་བཤད་པ་མ་ཟད་དེབ་ལྗང་ཁུ་དེའི་ནང་ལ་ཡང་རྩ་བ་བཀོད་མི་འདུག
ལྡི་ལི་མན་ཇུ་ཁྲི་ལི་སོགས་ལ་་བཀའ་ཁྲི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་འདྲ་པར་གྱང་སྡེབས་སོགས་ལ་རྩ་བ་ནས་མཐོང་རྒྱུ་མེད། ལྡི་ལི་ཆོས་བཞི་སྒང་དྲུག་གིས་ཆེད་མངག་ཕོ་གསར་དྲུག་བདུན་ཞིག་ལ་དངུལ་སྤྲད་དེ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་འདྲ་པར་དེར་མཐོང་རྒྱུ་མེད་པ་བཟོས་ཡོད། དེའི་ཐོག་ནས་ང་ཚོས་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་དང་བློ་བཟང་སེང་གེའི་བར་གྱི་འབྲེལ་བ་བསམས་གཞིགས་ཤིག་མ་བྱས་རང་བྱས་འཁེལ་སོང།
ཨོ་གནས་འཇུ་ཆེན་ཐུབ་བསྟན་དང་བློ་སེང་འབྲེལ་བ་ཡོད་ན་དངོས་ནས་ཉེན་ཁ་ཆེན་པོ་མ་རེད་དམ།
།།།།།།།།།།།།།།
བོད་མི་མང་གི་ལས་དབང་དེ་གང།
ངས་བཀའ་ཁྲིའི་འོས་མི་ཁོང་གཉིས་ཀྱི་སྐོར་ལ་མང་པོ་ཞིག་ཀློག་སྟེ་བསམ་གཞིགས་ཀྱང་མང་པོ་ཞིག་བྱས་པ་ཡིན། བློ་བཟང་སེང་གེ་ལྟ་བུ་མཚོན་ན། ང་ཚོ་བོད་རིགས་ཤིག་དངོས་གནས་ཧར་ཝར་ཌེ་གཙུག་ལག་ལ་ཁྲིམས་ཀྱི་སློབ་ཐོན་བྱུང་པ་ནི་ཧ་ཅང་གི་ཡག་པོ་རེད་བསམ། ཡིན་ན་ཡང་ཁོང་རང་གི་སྟག་ཏུ་འུར་ཤོབ་ཆེན་པོ་བཤད་འདུག དཔེར་ན་ཁོང་རང་གི་ངོ་སྤྲོད་དེབ་ལྗང་ཁུ་དེའི་ནང་ལ་ཡང་དབུས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ཆུང་ཤོས་ཡིན་ཟེར་བ་དང་༢༠༠༣་ལོར་སྔོན་དུས་སུ་གང་གིས་གོ་སྒྲིག་བྱེད་མ་མྱོང་༸གོང་ས་མཆོག་དང་རྒྱ་ནག་གི་མཁས་དབང་དབར་མཇལ་འཕྲད་ཀྱི་གོ་སྒྲིག་བྱས་ཟེར་བ་སོགས་མང་པོ་ཞིག་བྲིས་འདུག དེ་དག་དངོས་ཡོད་གནས་ཚུལ་མ་རེད།
བློ་བཟང་སེང་གེ་ལགས་ཀྱི་དངོས་ཡོད་ཀྱི་གནས་ཚུལ་རྡ་ས་ཆོས་བཞི་སྒང་གི་དྲུང་ཆེ་ལོ་གཅིག་དང་ཕྱེད་ཀ་ཙམ་བྱས་མྱོང་བའི་སྐོར་ཁོང་རང་གིས་མི་བཤད་པ་མ་ཟད་དེབ་ལྗང་ཁུ་དེའི་ནང་ལ་ཡང་རྩ་བ་ནས་བཀོད་མི་འདུག
ལྡི་ལི་མན་ཇུ་ཁྲི་ལི་སོགས་ལ་་བཀའ་ཁྲི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་འདྲ་པར་གྱང་སྡེབས་སོགས་ལ་རྩ་བ་ནས་མཐོང་རྒྱུ་མེད། ལྡི་ལི་ཆོས་བཞི་སྒང་དྲུག་གིས་ཆེད་མངག་ཕོ་གསར་དྲུག་བདུན་ཞིག་ལ་དངུལ་སྤྲད་དེ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་འདྲ་པར་དེར་མཐོང་རྒྱུ་མེད་པ་བཟོས་ཡོད། དེའི་ཐོག་ནས་ང་ཚོས་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་དང་བློ་བཟང་སེང་གེའི་བར་གྱི་འབྲེལ་བ་བསམས་གཞིགས་ཤིག་མ་བྱས་རང་བྱས་འཁེལ་སོང།
བློ་སེང་འཇུ་ཆེན་གྱི་གཡོག་པོ་ཡིན་མིན་མི་ཤེས། གང་ལྟར་བློ་བཟང་སེང་གེས་རྫུན་ནི་བཤད་ཐག་ཆོད་རེད་འདུག ཁོས་བྱེད་སྟངས་དེ་ཚོ་འཕྲལ་སེལ་ཙམ་ལས་ཕུགས་ལ་བརྟན་པོ་མེད་པའང་གསལ་བོ་རེད། ཁོ་ལ་ཡོན་ཏན་ཞིག་མཐོང་བ་ནི་བཤད་རྩལ་ཆེན་པོ་འདུག སློབ་སྦྱོང་ཡང་ཡག་ཐག་ཆོད་རེད་འདུག རང་གི་དམིགས་ཡུལ་གྱི་ཆེད་དུ་བཤད་རྒྱུར་འཁྲབ་རྒྱུར་ཐོགས་པ་སྤུ་ཙམ་མེད་ཐག་ཆོད་རེད། བློ་བཀལ་ཆོག་སའི་མི་གཏན་པོ་ཞིག་ནི་རེད་མི་འདུག དྲན་རྒྱུ་ལས་རྒྱུ་རྒོད་ཐག་ནས་འདི་བྱེད་དང་འདི་མི་བྱེད་ཅེས་བཤད་ཚོད་མི་ཐིག་པའི་མིའི་མགོ་བདེ་ཞིག་འདུག
བཀྲས་མཐོང་རྒན་ཁོག་ཆགས་བྲོ་འདུག་མ་གཏོགས་མི་གཤིས་གཏན་པོ་དཔེ་འདུག འོས་ཤོག་ངེས་པར་དུ་ཐོབ་དགོས་པའི་ཧམ་སེམས་ཀྱི་སྨྱོ་བྲོ་ཡང་བྱེད་ཀྱི་མི་འདུག འོས་ཤོག་ཐོབ་ཆེད་ཁ་ལ་ག་རེ་བྱུང་བྱུང་བཤད་ཀྱི་མིའདུག
བཀྲ་རྡོར་དེ་ངོ་མ་ཡིན་ན་ཞེད་སྣང་ཚ་བོ་རེད་ད། དངོས་གནས་དེ་འདྲ་ཨེ་ཡིན།
བློ་བཟང་སེང་གེ་ལགས་ཀྱི་དངོས་ཡོད་ཀྱི་གནས་ཚུལ་རྡ་ས་ཆོས་བཞི་སྒང་དྲུག་གི་དྲུང་ཆེ་ལོ་གཅིག་དང་ཕྱེད་ཀ་ཙམ་བྱས་པའི་སྐོར་ཁོང་རང་གིས་མི་བཤད་པ་མ་ཟད་དེབ་ལྗང་ཁུ་དེའི་ནང་ལ་ཡང་རྩ་བ་ནས་བཀོད་མི་འདུག
དོན་གྲུབ་ཚེ་རིང་ཁྱེད་ཡིད་མི་ཆེས་ན་ལྡི་ལིར་གནས་སྡོད་བྱེད་མཁན་དག་ལ་སྐད་ཆ་དྲིས་ན་ཆོག
ངས་བཀའ་ཁྲིའི་འོས་མི་ ཁོང་གཉིས་ཀྱི་སྐོར་ལ་མང་པོ་ཞིག་ཀློག་སྟེ་བསམ་གཞིགས་ཀྱང་མང་པོ་ཞིག་བྱས་པ་ ཡིན། བློ་བཟང་སེང་གེ་ལྟ་བུ་མཚོན་ན། ང་ཚོ་བོད་རིགས་ཤིག་དངོས་གནས་ཧར་ཝར་ཌེ་གཙུག་ལག་ལ་ཁྲིམས་ཀྱི་སློབ་ཐོན་བྱུང་པ་ ནི་ཧ་ཅང་གི་ཡག་པོ་རེད་བསམ། ཡིན་ན་ཡང་ཁོང་རང་གི་སྟག་ཏུ་འུར་ཤོབ་ཆེན་པོ་བཤད་འདུག དཔེར་ན་ཁོང་རང་གི་ངོ་སྤྲོད་དེབ་ལྗང་ཁུ་དེའི་ནང་ལ་ཡང་དབུས་གཞོན་ནུ་ལྷན་ཚོགས་ ཀྱི་རྒྱུན་ལས་ཆུང་ཤོས་ཡིན་ཟེར་བ་དང་༢༠༠༣་ལོར་སྔོན་དུས་སུ་གང་གིས་གོ་སྒྲིག་ བྱེད་མ་མྱོང་༸གོང་ས་མཆོག་དང་རྒྱ་ནག་གི་མཁས་དབང་དབར་མཇལ་འཕྲད་ཀྱི་གོ་སྒྲིག་ བྱས་ཟེར་བ་སོགས་མང་པོ་ཞིག་བྲིས་འདུག དེ་དག་དངོས་ཡོད་གནས་ཚུལ་མ་རེད།
བློ་བཟང་སེང་གེ་ལགས་ ཀྱི་དངོས་ཡོད་ཀྱི་གནས་ཚུལ་རྡ་ས་ཆོས་བཞི་སྒང་གི་དྲུང་ཆེ་ལོ་གཅིག་དང་ཕྱེད་ཀ་ ཙམ་བྱས་མྱོང་བའི་སྐོར་ཁོང་རང་གིས་མི་བཤད་པ་མ་ཟད་དེབ་ལྗང་ཁུ་དེའི་ནང་ལ་ཡང་ རྩ་བ་ནས་བཀོད་མི་འདུག
ལྡི་ལི་མན་ཇུ་ཁྲི་ལི་ སོགས་ལ་་བཀའ་ཁྲི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་འདྲ་པར་གྱང་ སྡེབས་སོགས་ལ་རྩ་བ་ནས་མཐོང་རྒྱུ་མེད། ལྡི་ལི་ཆོས་བཞི་སྒང་དྲུག་གིས་ཆེད་མངག་ཕོ་གསར་དྲུག་བདུན་ཞིག་ལ་དངུལ་སྤྲད་དེ་ བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་འདྲ་པར་དེར་མཐོང་རྒྱུ་མེད་པ་བཟོས་ ཡོད། དེའི་ཐོག་ནས་ང་ཚོས་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་དང་བློ་བཟང་སེང་གེའི་བར་གྱི་ འབྲེལ་བ་བསམས་གཞིགས་ཤིག་མ་བྱས་རང་བྱས་འཁེལ་སོང།
བློ་བཟང་སེང་གེ་ལགས་ཀྱིས་ཆོས་བཞི་སྒང་དྲུག་གསར་པའི་དྲུང་ཆེ་བྱས་ཡོད་མེད་ཐེ་ཚོམ་འདུག་ན་གཤམ་གྱི་ཁ་བྱང་འདི་བེད་སྤྱོད་བྱོས་དང་ཁྱེད་ལ་དེ་རོགས་རམ་བྱེད་ངེས།
http://tibetanyouthcongress.org/centrex/1992_1995.html
xxxxxxxxxxxxxxxxxxxxxxx
ཁྱེད་ཚོས་ཁ་བྱང་འདིའི་ཐོག་ནས་ཁོང་ལ་མིང་གཉིས་ཡོད་པ་ཧ་གོ་སོང་ངམ། LOBSANG SINGYE or
LOBSANG SANGGAY
བོད་བོད་བོད།
ངས་ཁ་སང་ཨ་བློ་སེང་སྐོར་ལ་བསམ་ཚུལ་མདོར་བསྡུས་ཞིག་བཀོད་པ་ཡིན། དྲ་བདག་ནས་ཚང་མ་བསུབ་ཚར་འདུག ངས་སྡུག་ཅག་དེ་འདྲ་གང་ཡང་བཀོད་མེད། ག་རེ་བྱས་ནས་ངོས་ཀྱི་དྲ་ལམ་ཀྱི་ཐོབ་ཐང་འཕྲོག་པ་ཡིན།
ང་ཡང་ད་ལོའི་བཀའ་ཁྲི་དེ་མི་རབས་གསར་བ་གཞོན་སྐྱེས་ཤིག་དགོས་ཀྱི་འདུག་ཞེས་འུར་སྒྲོག་མཁན་གྱི་གྲས་ཤིག་ཡིན། དེ་མ་ཟད་གང་ཟག་གཞན་དང་སློབ་མ་ཁག་ལ་འབོད་སྐུལ་བྱ་མཁན་ཞིག་ཀྱང་ཡིན། དེ་རྗེས་དྲ་ལམ་ཁག་ཏུ་མཁས་དབང་བློ་སེང་ལགས་ལ་རྒྱབ་སྐྱོར་བྱ་མཁན་དང་་དགག་བྱ་བྱེད་མཁན་མང་བོ་གྲོག་ཚང་བརྡོལ་བ་ལྟར་རིམ་བཞིན་ཐོན་སོང་། དེར་བརྟེན་ངས་མཁས་དབང་བློ་སེང་གི་སྐོར་ལ་ཞིབ་འཇུག་ཕྲན་བུ་ཞིག་བྱས་པ་ཡིན། ཁོང་རང་མི་འུར་ཤོབ་ཚ་བོ་དང་ལྡི་ལི་ཆོས་བཞི་སྒང་དྲུག་དང་འབྲེལ་བ་ཡོད་མཁན་ཞིག་རེད་འདུག
ལྡི་ལི་ཆོས་བཞི་སྒང་དྲུག་གི་གཙོ་བོ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་ལགས་རེད།
རྒྱུ་མཚན་དུ་མ་ཞིག་བརྟེན་ཏེ་ངའི་རིན་བྲལ་གྱི་འོས་ཤོག་དེ་ད་མཁས་བློ་བཟང་སེང་གེ་ལ་བླུགས་ཀྱི་མིན།
བློ་བཟང་སེང་གེ་ལགས་ཀྱི་རྒྱབ་སྐྱོར་བ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་ལགས་ངོ་མི་ཤེས་ཧ་ལམ་ཡོད་ནི་མ་རེད་བསམ་ག། ཁོང་གི་གསུང་བཤད་ན་ནིངས་༼གྲོས་ཚོགས་སུ་མ་བསྟན་པའི་ཡིག་ཆ་༽ཞེས་པ་དེར་ཉན་ཞིབ་སྐབས་ཀླན་ཀ་ག་ཚོད་བྲུང་མ་སོང་ངམ།
ཆོས་བཞི་སྒང་དྲུག་གསར་རྙིང་གི་ཁྱད་པར་གང་འདྲ་ཡིན་ནམ།
སེམས་བསམ་པའི་གཏིང་ནས་སྐད་ཆ་ཞིག་བཤད་ན་ཁོང་གཉིས་ལས་བློ་བཟང་སེང་གེ་རང་གིས་འདོད་པས་བཀའ་བློན་དེ་ཡིན། བཀྲས་མཐོང་ལ་སྔོན་བྱས་རྗེས་ཡོད་ཀྱང་ད་ལྟ་ཁོ་བཀའ་བློན་ལངས་བ་དེ་ཡག་པོ་བསམ་གི་མེད་གང་ཡིན་ཟེར་ན་གཞོན་དུས་རང་གིས་ཁྱིམ་གྱི་ཆེད་དུ་སོང་ནས་ད་ལྟ་ཡང་སེམས་ཤུགས་ཡོད་མདོག་གིས་ཕྱིར་ཕེབས་རུང་ལུས་ཀྱི་ལྕོག་ས་མ་རེད་ཡ། མི་རབས་གསར་བ་རྒྱལ་བར་ཤོག
བཀྲས་མཐོང་ལགས་སུ་སྔོན་མའི་བྱས་རྗེས་ཡོད་པ་དངོས་བདེན་རེད། རྒྱུ་མཚན་དེ་དག་ལ་རྟེན་ནས་བཀའ་ཁྲི་འོས་ཟེར་ན། བྱས་རྗེས་ཅན་གྱི་མི་རྣ་མང་པོ་ཡོད་རེད་པ། ང་ཚོས་གཟེངས་རྟགས་ཕུལ་སའི་མི་འདེམས་ཀྱི་ཡོད་ན་ནི། གནས་ཚུལ་ལོག་ཁ་རེད་སྙམ། ད་ལྟའི་ཆར་ཁོང་གི་བཀའ་མོལ་གསུང་སྐབས། ཐུག་སྣང་ཞིག་གནང་དང་། ཁོང་ལས་དོན་དེར། བྱེད་འདོད་ཀྱི་འཚོར་བ་གང་འདུག་གམ།་་་་་ ཡང་ན་ཁོང་ལ་ལྷག་བསམ་རྣམས་དག་གི་འཚོར་བ་འདུག་གམ་་་་་་་་་་་ཡང་ན་ཁོང་ལ་འཚར་གཞི་ག་རེ་འདུག་གམ་་་་་་་་་་་ཡང་ན་ཁོང་གི་བཀའ་མོལ་གནང་སྐབས་སྤོབ་པ་ག་རེ་འདུག་གམ་་་་་་་་་་་་་་་་ཡང་ན་ཁོང་ལ་གདེང་ཚོད་ག་རེ་དུག་་་་་་་་་་གསུང་དང་། དྲ་གྲོགས་རྣམས་པ་ཚོ།།།།།་་་་་་་དྲང་པོ་གསུང་དང་།།་་་་་་རང་ཉིད་ཀྱང་ཁོང་གི་བྱས་རྗེས་ལ་བལྟས་ན་འོས་འཕང་འདོད་ཡོད་ཀྱང་། ཁོང་ངོ་མས་བཀའ་མོལ་གསུང་སྐབས་་་་་་་་་་་་ཐེ་ཚོམ་ཞིག་འདུག་་་་་་་་་་་གསུད་དང་། གསུང་དང་། དྲ་གྲོགས་ཚོའི་འཚོར་བ་ཞིག་གསུང་དང་།་་་་་་་་་་་་་།།།།།།།།།།།།།།།།།།།།།།།།།།།།།
བློ་སེང་ལགས་ཞལ་བདེ་བོ་དྲན་བསྐྱེན་པོ་འདུག་ཀྱང་། འཛིན་སྐྱོང་གི་ཉམས་མྱོང་མེད་པ་ནི་དངོས་གནས་རེད། མ་ཟད་བློ་སེང་ལགས་ཆུ་སྒང་རྙིང་པ་དང་འབྲེལ་བ་མེད་ཚུལ་གསུངས་ཀྱི་ཡོད་ཀྱང་། མི་རྒན་འཇུ་ཆེན་དང་། སྐུ་ངོའི་འབྲེལ་བ་གང་ཡོད་གསུང་རོགས་གནང་། ད་ལྟའི་ཛ་དྲག་གི་དུས་སྐབས་འདིར་མི་ཕྱི་མ་ནང་དེ་འདྲ་དགོས་པ་གང་ཡང་མེད། ཉེ་ཆར་སྐུ་ངོ་་བཀྲིས་དབང་འདུས་ལགས་རྒྱལ་ཁ་ཐོབ་ཐབས་མེད་བཞིན་དུ་བཀའ་ཁྲིའི་འོས་བསྡུར་དཔུང་བསྒྲིགས་པ་དེ་ནས་ངས་བློ་སེང་འོ་ཤེས་མི་འདུག
བཀྲིས་དབང་འདུས་ཞེས་པའི་མི་དེ་དང་ཡང་བཀའ་ཟུར་འཇུ་ཆེན་ལགས་འབྲེལ་བ་འདུག་ངོ་མ་ད་ཡིན་ན་་་་་་་་་་་་
ངས་བཀྲས་མཐོང་བསྟན་རྣམ་ལགས་སུ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཁོང་ནི་དྲང་པོ་ཞིག་རེད། བློ་སེང་འུར་ཤོབ་ཤོད་རྒྱུར་དགའ་བོ་མེད། འཇོན་ཐང་ཅན་ཞིག་ཀྱང་རེད།
xxxxxxxxxx
བོད་རྒྱལ་ལོ་སྐྱག་རྒྱལ་ལོ་སྐྱག་རྒྱལ་ལོ། བོད་རྒྱལ་ལོ་ནི་བགྲོ་གླེང་དང་དཔྱད་གླེང་ཙམ་ཡང་མེད་པར་ཇི་ལྟར་ཡོང་གི་རེད། དཔྱད་གླེང་ནི་རིག་པའི་རལ་གྲི་རྡོ་རྣོན་པོ་ལ་བརྡར་བ་ཇི་བཞིན་ཡིན་ན་མུ་མཐུད་ནས་རྡོར་དགོས་ལེ་རེད་ཁོ་རེ།
མང་མོས་ཡིན་ཙང་།། འོས་སུ་ལ་མང་པ་ཐོབས་པ་དེར། རྒྱབ་སྐྱོར་བྱེད་ཀྱི་ཡིན།།
བཀྲས་མཐོང་ལགས་སུ། ཤུགས་རྒྱོབས་ཤོག་ཨང་།། མ་གཞི་ཁོང་ངོ་མས། བཀའ་མོལ་དྲང་བདེན་དང་། སྤོ་བ། སེམས་ཤུགས། ལྷག་བསམ་ གདེང་ཚོད་ རང་གི་རྣམ་སྤྱོད་ཀྱི་ཐོག་ནས། མ་འོང་པའི་འཆར་གཞི་དང་། དེ་དག་གི་འདུ་ཤེས། ཟབས་མོ་ཞིག་གི་ཐོག་ནས། བཀའ་མོལ་མ་གསུང་ན། ཁོང་གི་འདས་ཟིན་པའི་བྱས་རྗེས་དང་། ལོ་རྒྱུས་གྲང་ནས། རྒྱབས་སྐྱོར་བྱེད་ཀྱང་ཕན་ཐོག་ཨ་ཡོད་སྙམ།
དགོང་པ་བཞེས། ཐོབ་ཐང་ལེན་། འགན་ཡང་འཁུར། སྒྲིགས་ཁྲིམ་ཀྱང་བསྲུངས།།
བཀྲ་རྡོར་ལགས།་་་་་་་་ཁྱེད་ནས་་་་་་་་་་་་་བཀྲིས་དབང་འདུས་ཞེས་པའི་མི་དེ་དང་ཡང་བཀའ་ཟུར་འཇུ་ཆེན་ལགས་འབྲེལ་བ་འདུག་ངོ་མ་ད་ཡིན་ན་་་་་་་་་་་་གསུང་འདུག་པ་ནི། རྒྱ་མཚན་གང་ཡིན་ནམ་་་་་་་་་་་ཁོང་གཉིས་འབྲེལ་བ་ཡོད་ན་ག་རེ་ཡོད་རེད་་་་་་་་་་་་་་་་་དེ་བས་ཀྱང་ ད་ཡིན་ན། གསུང་བ་ནི། ད་སྐད་ཞིག་ཤོར་བ་ནི་ གཏན་གཏན་རྒྱུ་མཚན་ཞིག་ཡོད་ཤག་ཡིན། ཅིག་གསུང་དང་། གོ་འདོད་ཞེ་གྲགས་འདུག་གོ
ལྷག་བསམ་རྣམས་དག་ནས།།
བསྟན་འཛིན་དར་རྒྱས་ལགས་ཁ་བྲོ།
ད་ལོ་གྲོས་ཚོགས་སུ་མ་བསྟན་པའི་ཡིག་ཆ་ཞེས་བཀའ་ཟུར་འཇུ་ཆེན་གྱིས་རྙོག་དྲ་ག་ཚོད་བཟོས་མ་སོང་ངམ།
གྲོས་ཚོགས་སུ་མ་བསྟན་པའི་ཡིག་ཆ་ཞེས་པའི་གླེང་ལྷག་དང་འབྲེལ་བའི་ཉན་ཞིབ་ཆེན་མོའི་ཀླན་ཀ་ཆེ་ག་ཚོད་བྱུང་མ་སོང་ངམ།
དེར་མ་ཟད་༸གོང་ས་མཆོག་ དང་བོད་གཞུང་ཡོད་བཞིན་དུ་དེ་དག་རྩིས་མེད་ཀྱི་ལྡི་ལི་ཆུ་བཞི་སྒང་དྲུག་གི་ མིང་ཐོག་ནས་ཐེ་ཝན་བོད་སོག་ལས་ཁུངས་དབར་གྲོས་ཆོད་བཞག་པ་སོགས་བྱུང་རབས་ལྟོས་ དང་དེ་ནས་བཀའ་ཟུར་འཇུ་ཆེན་མི་འདྲ་ཡིན་མིན་ང་ཚོས་ངོས་འཛིན་བྱེད་ཐུབ་ནི་རེད།
༥༢༽ ཀརྨ་ཡེ་ཤེས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༢༥ གི་ཆུ་ཚོད་ ༠ སྐར་མ་ ༣༩
ཡ་ཁོ་རེ་དྲ་གྲོགས་རྟ་བདུན་དབང་པོ་ཁྱེད་ནས་༼ཆུ་བཞི་སྒང་དྲུག་གསར་རྙིང་གང་ཡིན་ནམ་༽ཞེས་པའི་དྲི་ཚིགས་དེ་ལ་ལན་རྒྱག་མཁན་མ་རྙེད་པར་དྲ་གྲོགས་ཁྱེད་རང་ནས་ཆགས་ལྡན་བུ་མོའི་མལ་ས་ནས་སྟག་ཤར་གཞོན་ནུ་སྒུག་པ་ནང་བཞིན་ཉིན་གྲངས་ཁ་ཤས་སོང་བ་དེ་ཉིད་ལ་ངོས་ནས་བརྗོད་བྱ་སྦོམ་ལ་ཐུང་ཞིང་གཏམ་སྒྲུང་གི་མགོ་བོ་ཆེ་བའི་ལན་ཞིག་བསྣུན་པར་བྱ་བ་ལ།
ང་ནི་བརྒལ་དཀའི་ཧི་མ་ལ་ཡའི་འཁྱག་རོམ་དེ་ཉིད་སུག་ལག་བཞིས་གོམ་བསྒྲོད་བྱས་ཞིང་དཔེར་ན་མཚོ་གླང་དར་གྱིས་གཤགས་པ་ལྟར་བྱས་ནས་ཡོང་བའི་དེང་སང་མི་རྣམས་ཀྱིས་༼གསར་འབྱོར་༽ཞེས་རྡ་སའི་གཞིས་ཆགས་དང་། སྐྱབས་བཅོལ་བའི་བོད་རིགས་བྱིངས་ནས་སྣ་གཉེར་སྟོན་སའི་མིའུ་ཞིག་ཡིན་པས་ཇི་མ་ཇི་བཞིན་ངོས་ནས་ཀྱང་མི་ཤེས། ཤེས་ཀྱང་དུས་ཚོད་སོགས་ཀྱིས་རྐྱེན་པས་གནས་སྐབས་སྤྲོས་པས་སྐྱུངས་ལ། ལར་ནི་ཆུ་བཞི་སྒང་དྲུག་གསར་རྙིང་གི་ཐ་སྙད་དེ་དཔེར་མཚོན་དང་སྒྲག་ནས་ཞུས་ན། དྲ་གྲོགས་ཁྱེད་ནས་རྒྱ་ནག་གི་གནའ་བོའི་གཏམ་བརྒྱུད་གྲགས་ཅན་
༼ཆུ་ངོགས་གཏམ་བརྒྱུད་༽ཟེར་བའི་གློག་བརྙན་དེ་གཟིགས་མྱོང་ན་དེ་ཡི་ནང་ནས་ཆུ་བཞི་སྒང་དྲུག་གསར་རྙིང་གི་བྱུང་སྟངས་ཀྱི་འགྲེལ་བཤད་དེ་རྙེད་ཀྱི་རེད། གང་རེད་ཟེར་ན་ཉིན་མ་གཅིག་ལ་རྒྱ་ནག་གཞུང་དང་གོང་མ་ཚང་ལ་བློ་དཀར་གཞུང་དྲང་སུང་ཅང་ནས་རྒྱ་ནག་རྒྱལ་པོའི་བློན་ཆེན་རྣམས་ལ་གོང་མ་ཚང་མཇལ་ཁ་ཞུས་པ་རེད། བློན་ཆེན་དེ་རྣམས་ནས་རང་ཉིད་ཀྱི་ཁེ་དབང་དང་རྐུབ་སྟེག་ལས་རྒྱ་ནག་མི་དམངས་དང་རྒྱ་ནག་རྒྱལ་པོའི་ཁེ་ཕན་ལ་བསམ་བློ་མི་གཏང་བ་མ་ཟད་། སུང་ཅང་སོགས་མི་ཡ་རབས་གཞུང་དྲང་དེ་རྣམས་བློན་ཆེན་ཀོའུ་ཅིང་སོགས་ནས་ཕྲག་དོགས་ཀྱིས་རྒྱ་ནག་གོང་མའི་བར་དུ་དཀྲུགས་ཤིང་རྒྱབ་པ་དང་བསད་པ་སོགས་མ་རབས་ཐ་ཤལ་ཀྱི་རིགས་མང་པོ་བྱས་པ་རེད།
ཉིན་གཅིག་གོང་མའི་བློན་པོ་ཀོའུ་ཅིང་སོགས་ཁ་ཤས་ནས་ཁོང་ཚོའི་སུང་ཅང་རྒྱལ་ཁབ་ལ་འཛིང་དགོས་ན་མི་ཐུབ་པ་ཤེས་ནས་ཐབས་ཇུས་ངན་པའི་གྲོས་མོལ་བྱས་པ་རེད།
གཡོ་འཕྲུལ་ཅན་གྱི་བློན་ངན་ཀོའུ་ཅི་ནས་ཡར་ལངས་ཞིང་ཕར་འགྲོ་ཚུར་འགྲོའི་ཞོར་དུ་བསམ་བློ་གཏོང་བཞིན་དུ་ཨ་ར་གཡས་བྱིལ་གཡོན་བྱིལ་གྱིས་འདི་སྐད་ཟེར་བ་རེད།
༼ད་ངས་ཇུས་ཡག་པོ་ཞིག་རག་སོང་། སྤྱང་ཀིའི་འཕར་ར་ཟོས་ན་འཕར་བས་སྤྱང་ཀི་ཟོས་ན་གཅིག་པ་རེད་། སང་ཉིན་ནས་བཟུང་སྟེ་སུང་ཅང་ཚང་དམག་མི་ཡོངས་རྫོགས་རྒྱ་ནག་ལྷོ་ཕྱོགས་སུ་གནས་པའི་སུས་ཀྱང་འགྲན་ཟླ་དང་བྲལ་བ་པྰ་ལང་ཇག་ཚོགས་དེའི་གདོང་ལེན་དུ་གཏང་ན་མཐར་ཁོ་རང་གཉིས་ཀ་ཇག་པས་ཇག་པ་གཏོར་ཡ་ལ་དེ་ནས་བལྟས་མོ་ཡོད་རེད་ད།༽ཟེར་ནས་ཆང་ལ་ཞབས་བཏགས་རྒྱབ་བཞིན་ཧབ་དགད་སོགས་བྱས་པའི་སྐད་གྲགས་ཡོད་པའི་རྒྱ་ནག་གནའ་སྒྲུང་གྲགས་ཅན་ཆུ་ངོགས་གཏམ་བརྒྱུད་དེ་ཐེངས་འགར་ལྟོས་དང་བཙན་བྱོལ་བོད་གཞུང་སྒྲིག་འཛུག་འདིས་ནང་ཆོལ་ཁའི་རྙོག་དྲ་དང་། མ་ཟད་ཁྱེད་ནས་དྲིས་པའི་ཆུ་སྒང་གསར་རྙིང་གི་རྙོག་དྲ་ཡང་ད་གཟོད་གཞི་ནས་ཤེས་ཡོང་ལགས།
ཝ་ཡེ་ཀརྨ་ཡེ་ཤེས། ཁྱེད་རང་གིས་ཆུ་ངོགས་གཏམ་རྒྱུད་བཤད་ནས་འཇུ་ཆེན་རྗེས་འབྲངས་དང་བཅས་པ་ལ་དག་སེལ་བྱེད་དགོས་དོན་གང་ཡིན། ཆུ་ངོགས་གཏམ་རྒྱུད་ཉན་དགོས་ན་ཁྱེད་རང་དགོས་ཡས་མི་འདུག སྟེ་དབང་གིས་ཁྱེད་ནས་དཔེ་ཡག་པོ་ཞེ་དྲག་བཞག་འདུག ཁྱེད་རང་གིས་དག་སེལ་བྱེད་ཡུལ་གྱི་མིའི་ནང་ལ་ལེང་ཧྲན་མཚོ་གླིང་གི་སུང་ཅང་ལྟ་བུའི་མི་གཅིག་ཀྱང་བྱུང་མེད། འོན་ཀྱང་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཧྥང་རླ་དང་། གྱེན་ལོག་པ་ཧོ་པེའི་ཐན་ཧུའུ། ཧོའི་ཤིའི་ཇག་གཏེ་ཝང་ཆིང་སོགས་དང་དཔེ་མཚོན་སྦྱར་ན་རྣམ་དབྱེ་གཉིས་པ་རང་བཞིན་བརྗོད་པའི་རྒྱན་དུ་འགྱུར་སྙམ། མ་ཟད་བཙན་བྱོལ་སྲིད་གཞུང་གི་མཐོ་རིམ་མི་སྣའི་ཁྲོད་ཀའོ་ཆིའུ་ལྟ་བུའི་མི་གཡོ་ཁྲམ་གདུག་རྩུབ་ཅན་གཅིག་ཀྱང་བྱུང་མྱོང་མེད། ཡིན་ནའང་གཅིག་བྱས་ན་ཟླ་ཤས་ནས་ཡོང་སྲིད་པ་ཞིག་རེད། དེ་ལས་ཁྱེད་ཀྱི་ཆུ་ངོགས་གཏམ་རྒྱུད་སླར་ཡང་མང་ཙམ་ཀློག་སྟེ་དག་ཆ་དང་བརྡ་སྤྲོད་ལ་སྦྱོང་གལ་ཆེ། གང་ཡིན་ཞེ་ན་ཁྱེད་ཀྱིས་བྲིས་པ་དེར་ཡིག་ནོར་ག་ཚོད་འདུག་གྲངས་ཀ་བརྒྱབ་ནས་སྡོད། ད་འདི་མོ་ཙམ་ལ་འཇོག་ན་འདོད་ཀི། ཁོམ་པ་འདྲ་བྱུང་ན་ཁ་བརྡ་བྱེད། ད་བདེ་མོ་བྱོས། །
དྲ་གྲོགས་ཚོ་ལ་ཞུ་རྒྱུ་་་་་་་་བློ་བཟང་སེང་གེ་དང་བཀྲས་མཐོང་ལགས་གཉིས་གང་རུང་བཀའ་ཁྲི་ངེས་འདུག་ན་ཁོང་གཉིས་ལ་སྐྱོན་བརྗོད་ཁོ་ནས་བོད་ཀྱི་བདེན་མཐའ་ལ་ཕན་ཐོག་འདྲ་ཡོད་དམ་་་ཁོ་གཉིས་སྐྱོན་ཅན་ཡིན་ན་སྐྱོན་མེད་བཀའ་ཁྲི་འོས་པ་གཅིག་ང་ཚོ་ལ་མེད་རེད་པས་་་གལ་ཏེ་ཡོད་ན་དང་པོ་ནས་ཁྱོད་རང་གིས་ཐབས་ཤེས་མ་བྱས་པ་གང་ཡིན་ནམ་་་་་་་་་་་མི་ལ་བཤད་པ་ལྟར་ཁྱོད་རང་སྐྱོན་མེད་གཅིག་ཡིན་ན་སྔོནའགྲོའི་འོས་གཞི་ནང་དུ་ཁྱོད་རང་མེད་པར་གང་ཡིན་ནམ་་་་་རྒྱུན་དུ་སྐྱོན་ཕྱོགས་ནས་མ་བརྗོན་པ་ཡོན་ཏན་ཕྱོགས་ལའང་ཅུང་ཟད་བརྗོད་རོགས་གནོངས་་་་་་་་གཞན་གྱི་ཕུན་ཚོགས་ལ་ཕྲག་དོག་མ་བྱེད་རོགས།།།།།།
དྲ་གྲོགས་ཐོགས་མེད་ནས་གནས་ལུགས་ཚུལ་བཞིན་དྲང་པོར་བརྗོད་འདུག ཡིན་ནའང་ཕ་བཟང་བུ་གཡམ་རྒྱུག་མེད་པར་ད་རེས་གདམས་ག་མ་ནོར་བར་གནང་རོག
ད་བདེ་མོ་བྱོས།
ཡ་ཁོ་རེ་དྲྭ་གྲོགས་བསམ་གཞིགས་ལགས། ངས་རྟ་བདུན་དབང་པོའི་དྲིས་ལན་ཆུ་སྒང་གསར་རྙིང་ཆུ་ངོགས་གཏམ་བརྒྱུད་ཀྱི་སྒྲུང་སྦྱར་ནས་དངོས་ཡོད་བདེན་གཏམ་འགྲེལ་བཤད་བྱས་པ་ལ་ཁྱོད་ནས་འཇུ་ཆེན་ལ་དག་སེར་གཏང་ཞེས་བོད་ཀྱི་གཏམ་དཔེར། རྐུ་མ་གནོང་ཆེན་དེ་འདྲོགས། གཡག་རྒྱབ་སྐྱོན་དེ་འཕག ཞེས་པའི་གཏམ་དཔེར་མ་སོང་ངམ། ཁྱོད་རང་ལ་ཕ་བསད་སྟོང་གིས་མི་འཇལ་བའི་འཇུ་ཆེན་ལ་དགྲ་གྱོད་རྩོད་རྒྱུ་ཡོད་ན་ཁོ་རང་མ་ཤི་བར་ཡོད་པས་གདོང་དང་གདོང་གཏུགས་ནས་ངས་འཇུ་ཆེན་དག་སེར་བྱེད་ཐུབ་མིན་མི་ཤེས་ཏེ། ཁྱོད་རང་ནས་དག་སེར་བྱས་ན་བསམ།
གཞན་གང་ཡང་ཞུ་རྒྱུ་མེད།
གྲོག་པོ་རྣམས་གཟབ་གཟབ་གྱིས། སྤྱི་འཐུས་གྲོས་ཚོག་མི་ཞིག་གི་གནམ་གྲུའི་གླ་ཆའི་ཆེད་དུ་འཐོར་བ་རེད། ད་ལྟ་རང་རེས་རྒྱ་གར་དང་། ཨ་རིའི་སོགས་ཀྱི་ལུགས་སྲོལ་ཇི་བཞིན་བྱེད་དགོས་ཀྱང་། རྐང་པ་གཏན་པོ་ཞིག་ཁྱོན་ནས་མེད། དེ་བས་ཕར་ཚུར་། སྔོན་འདུན་མང་ཙམ་གཟིགས་ནས་བསམ་འཆར་དང་། རྒྱབ་སྐྱོར་གནང་རོག་གནང་།
ཨ་རོགས་ཚོ་བློ་སེང་གི་ སྐད་ཆར་ཉོན་དང་། ༢༠༠༦ བློ་སེང་གི་བྱང་ཨ་རིའི་སྤྱི་འཐུས་ཀྱི་འོས་མིར་ཐོན་ཀྱང་ཁོ་བས་དགོངས་པ་བཞུས་ ཡོད། རྒྱུ་མཚན་ནི་ཁོ་བ་བོད་མང་གི་སྤྱི་འཐུས་བྱས་ན་ཁོ་བའི་ལས་ཀ་ཤོར་དོགས་ཀྱི་ཁོ་ བས་སྤྱི་འཐུས་ཀྱི་འོས་ནས་ཕྱིར་འཐེན་བྱས་ཡོད། བོད་པའི་ཁ་དཔེར་ཆོས་བཤད་འཁྲམ་པའི་ཁ་ལ་ཡོད་ཟེར་བ་ལྟར་ཁོ་བས་༼ང་རང་་མ་་ཤི་་ བར་བོད་སྤྱི་པའི་རྩ་དོན་ཆེད་དུ་ལས་ཀ་བྱེད་རྒྱུའི་དམ་བཅའ་བརྟན་པོ་ཡོད་༽ཅེས་ མི་མང་མགོ་སྐོར་གཏོང་གི་ཡོད།
རྣམ་རྒྱལ་ལགས་ཀྱི་དྲི་ བ་ཁག་ལ་ཁོ་བས་ལན་ཐེབས་ཀྱི་མི་འདུག་འདྲེ་ཤར་སྒོར་བཞག་ཏེ་གླུད་ནུབ་སྒོར་བཏང་ ཞེས་པའི་དཔེ་ལྟར་ཁོ་བས་ཏན་ཏན་བོད་པའི་སྐད་ཡིག་གི་ཐོག་ལ་ཀླད་སྟོང་བ་རང་རེད་ འདུག
ཨ་རོགས་ཚོ་བསམ་བློ་ གཏོང་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་བོད་གཞུང་གི་ཁ་གཏད་ རེད་དམ་ཡང་རྒྱ་དམར་གཞུང་གི་ཁ་གཏད་རེད། བློ་སེང་གིས་གཞོན་ནུ་ལྷན་ཚོགས་འདི་བོད་གཞུང་གི་ཁ་གཏད་རེད་ལབ་སོང་།
༸གོང་ས་མཆོག་གི་རྒྱ་ མི་་དང་མཐུན་འབྲེལ་བྱེད་དགོས་ཞེས་ ༢༠༠༨ ལོར་བོད་ནང་གི་གཟིངས་འཁྲུགས་ཆེན་པོ་ལངས་པའི་རྗེས་སུ་གསུངས་པ་ཞིག་ལས་ ༢༠༠༥ ནང་ལ་རྩ་བ་ནས་མེད་སྐུ་མཁྱེན་རྫུན་མི་ཤོད་རོགས།
ཁོ་བར་དྲི་བ་ཞིག་འདུག་ རྒྱུ་མཚན་གང་གི་ཕྱིར་འཕྲོད་བསྟེན་ཡིན་ན་འཕྲོད་བསྟེན་གྱི་ཐོག་ཉམ་མྱོངས་བསགས་ མྱོང་འདེམས་པའི་དགོས་པའི་རྒྱུ་མཚན་གང།
ག་དུས་ཡིན་ནའང་སྔ་ཕྱི་རྒྱབ་འགལ་རྐྱང་རྐྱང་མི་ཤོད་རོགས་བློ་སེང་།
དྲ་གྲོགས་རྣམས་པ། རང་གི་རྣམ་སྤྱོད་ཀྱི་རྩལ་བཏོན་ནས་བསམ་བློ་ནན་པོ་ཐོངས་ཨ། དོན་ཆེན་འཐུས་ཤོར་དུ་ཕྱིན་ཡོང།།།།