གནས་ཚུལ་གསུམ་པ་བོད་ཀྱི་གནད་དོན་རེད། གང་ཡིན་ཟེར་ན། ང་བོད་པ་ཡིན། ད་དུང་ངོས་ལ་༧རྒྱལ་བ་རིན་པོ་ཆེའི་མཚན་ཡོད་པ་རེད། བོད་ཕྱི་ནང་གི་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་ཡིས་ ངོས་ལ་ཡིད་ཆེས་བྱེད་གི་ཡོད། བྱས་ཙང་ ངོས་ཀྱིས་ཁོང་ཚོར་ཞབས་ཞུ་ཞུ་བའི་འགན་མང་ང་ཡོད་པ་རེད། ད་དུང་འདས་པའི་ལོ་ངོ་བཞི་བརྒྱའི་རིང་ལ། ༧རྒྱལ་བ་རིན་པོ་ཆེའི་སྒྲིག་འཛུགས་འདི་ བོད་ཀྱི་ཆོས་སྲིད་གཉིས་ཆའི་དབུ་འཛིན་རེད། བྱས་ཙང་ འདི་ལ་འགན་ཞིག་ཡོད་རེད་བསམས་ཀྱི་འདུག
ང་བྱིས་པ་ཡིན་པའི་དུས་ནས་ ངོས་ཀྱིས་དམངས་གཙོའི་ལམ་སྲོལ་ལ་ཡི་རངས་བྱེད་ཀྱི་ཡོད། ༡༩༥༢ ལོ་ལ་ངོས་ཀྱིས་བཅོས་བསྒྱུར་ལྷན་ཚོགས་བཙུགས་ནས་བཅོས་བསྒྱུར་འགའ་བཏང་ཡོད། ཡིན་ན་ཡང་ལམ་ལྷོང་ཞེ་དྲགས་མ་བྱུང་བ་རེད། དེ་ནས་ ༡༩༥༩ ལོ་ནས་ང་ཚོ་རྒྱ་གར་ལ་ཆབ་སྲིད་ཀྱི་བཙན་བྱོལ་བ་བྱས་ནས་ཡོང་བ་རེད་ལ། ང་ཚོས་བོད་མི་བཙན་བྱོལ་བ་སྟོང་ཕྲག་མང་པོའི་དགོས་འདུན་སྒྲུབ་པ་རེད། བྱས་ཙང་། ང་ཚོས་རང་གི་སྒྲིག་འཛུགས་བཙུགས་པ་རེད། རྒྱུན་ལྡན་ནས་ང་ཚོས་འདི་ལ་ དབུས་བོད་མིའི་འཛིན་སྐྱོང་བསྟི་གནས་ ཞེས་འབོད་ཀྱི་ཡོད། བྱས་ཙང་ ངོས་ཀྱིས་འགན་འཁྱེར་ཡོད། དེ་ནས་ང་ཚོས་དམངས་གཙོ་ཅན་བསྒྱུར་བའི་སྐབས་སུ་ ང་ཚོས་ ༢༠༠༡ གི་ལོ་ལ་མི་མང་གིས་འོས་འདེམས་བྱས་པའི་དབུ་འཁྲིད་འདེམས་པ་བྱེད་ཐུབ་ཡོད་པ་རེད། དྱས་དེ་ནས་བཟུང་ངོས་ཀྱི་གནས་བབ་དེ་ བགྲེས་ཡོལ་ཕྱེད་ཀའི་གནས་བབ་ཞིག་ཏུ་ཡོད། བཙན་བྱོལ་གྱི་སྒྲིག་འཛུགས་ཐད་ཀྱི་འགན་སྟེ་འཛིན་སྐྱོང་དང་ཤེས་ཡོན། སྐྱབས་བཅོལ་བ། འཕྲོད་བསྟེན་སོགས་ཀྱི་འགན་ཚང་མ་ འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་དབུ་འཁྲིད་ཀྱིས་འཁྱེར་ཡོད། ངོ་མ་བཤད་ན། བརྒྱ་ཕྲག་བཞིའི་རིང་གི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ཡིན་པའི་༧རྒྱལ་བ་རིན་པོ་ཆེའི་སྒྲིག་འཛུགས་དེ་ངོ་མ་བཤད་ན་མཇུག་སྒྲིལ་ཡོད། འདས་པའི་ལོ་ཉི་ཤུའི་རིང་ལ་ ངོས་ཀྱིས་བོད་མིའི་འཛིན་སྐྱོང་གི་དབུ་འཁྲིད་ཚོ་ལ་ “ཁྱོད་ཀྱིས་༧རྒྱལ་བ་རིན་པོ་ཆེ་མེད་པའི་ཚུལ་དུ་ལས་འགན་ཡོངས་སུ་རྫོགས་པ་འཁྱེར་དགོས་ཡོད།”ཅེས་བཤད་པ་ཡིན། ཉེ་ཆར་གྱི་དུས་ཚོད་ནང་ངོས་ཀྱིས་ “ད་ངོས་ཀྱིས་བགྲེས་ཡོལ་ཆ་ཚང་བ་ཞིག་འཚོལ་གྱི་ཡོད་”ཅེས་བཤད་པ་ཡིན། དེའི་དོན་ནི་ངོས་ཀྱིས་བོད་ཀྱི་འཐབ་རྩོད་འདི་བརྗེད་པ་རེད་ཅེས་ཟེར་ན། མ་རེད། ང་བོད་པ་ཡིན། བོད་པ་རེ་རེ་ལ་ང་ཚོ་རང་གི་འཐབ་རྩོད་འདི་མུ་མཐུད་པའི་འགན་ཡོད་རེད། ད་དུང་གོང་དུ་བཤད་པ་བཞིན་བོད་མི་ཚོས་ང་ལ་དད་པ་དང་ཡིད་ཆེས་བྱེད་ཀྱི་ཡོད་རེད། བྱས་ཙང་ ངོས་ལ་ཡ་རབས་ཀྱི་འོས་འགན་ཞིག་ཡོད་པ་རེད། ཡིན་ན་ཡང་། འཛིན་སྐྱོང་གི་ཡིག་ཆ་གལ་ཆེན་ལ་ངོས་ཀྱིས་མིང་རྟགས་འགོད་དགོས་པ་ལྟ་བུ་འཛིན་སྐྱོང་གི་ལས་དོན་རིགས་ ད་ངོས་ཀྱིས་འབྲེལ་ཡོད་སྡེ་ཁག་ལ་རྩིས་སྤྲོད་བྱེད་འདོད་ཡོད། ད་བཙན་བྱོལ་གྱི་གྲོས་ཚོགས་ཐོག་ལ་ངོས་ཀྱིས་བགྲེས་ཡོལ་ཆ་ཚང་བ་ཞིག་ཞུ་འདོད་ཡོད། ངོས་ཀྱིས་འདི་འགྲེལ་བརྗོད་བྱས་པ་ནས་བཟུང་བོད་ཕྱི་ནང་གི་བོད་མིའི་ཁྲོད་དངངས་འཚབ་དང་མགོ་འཁོར་བ་དེ་འདྲ་ཡོང་ནས། “ད་ནི་༧རྒྱལ་བ་རིན་པོ་ཆེས་བོད་ཀྱི་དྲང་བདེན་འཐབ་རྩོད་ལ་ཐུགས་འདོད་གནང་གི་མི་འདུག”བསམས་པ་དེ་འདྲ་ཡོང་གི་ཡོད་པ་འདྲ། མ་རེད། དེ་འདྲ་མ་རེད། འདི་ངོས་ཀྱིས་བཤད་ན་འདོད་བྱུང་།
སྐུ་ཉིད་ཀྱི་རྒྱ་ཆེ་བའི་དགོངས་བཞེས་འོག་བགྲེས་ཡོལ་དུ་ཕེབས་པའི་རྒྱུའི་ཐུགས་འདོད་ལ་དགའ་མགུ་ཡི་ཀུན་ནས་གང་ཞིང་མོས་བ་ཐལ་མོ་རྡེབ་བཞིན་ཡོད་ཅིང་། དེ་ལྟར་གནང་བ་ཡང་བོད་དོན་ལ་ཁ་དོག་སྣ་བརྒྱ་དང་རྒྱུན་གནས་ཐུབ་ཆེད་རེད། མགོན་ཉིད་ཀྱིས་ད་བར་བོད་དོན་ལ་ཕྱག་ལས་གནང་བ་སྙིང་དབུས་ནས་ཐུགས་རྗེ་ལེགས་འབུལ་ཡོད་ལ་མགོན་ཉིད་ཀྱི་སྐུ་ཚེ་སྐལ་བརྒྱར་བརྟན་པ་ཤོག བགྲེས་ཡོལ་དུ་ཕེབས་མིན་ལ་མ་ལྟོས་བར་སྐུ་ཉིད་ཇི་སྲིད་འཚོ་བ་དེ་སྲིད་དུ་བོད་དོན་ལ་འོད་སྣང་ཡོད་ཅིང་འོད་ཕུང་གིས་དུས་རབས་འདིའི་བོད་པ་ལ་གསོན་ཤུགས་སྦྱིན་ཡོད། ཁྱེད་མེད་ན་དེ་རིང་གི་བོད་པ་མེད་ལ་ཕྲན་དང་འདྲ་བའི་གཞོན་ནུ་ཁྲི་སྟོང་མང་པོའི་མདུན་ལམ་མེད། ང་ཚོའི་མདུན་ལམ་ཉིད་ཀྱིས་སྐྲུན་པས་བཀྲ་དྲིན་ནམ་ཡང་བརྗེད་ཐབས་མེད་ལ་ཉིད་ལ་འཇིག་རྟེན་གྱི་མི་སྤྱི་མཚུངས་ལྟར་བགྲེས་དུས་ངལ་གསོ་དགོས་བ་བསམ་ཤེས་ཐུབ། ལྟ་ཚུལ་མཐུན་མིན་གྱི་གནད་དོན་ག་འདྲ་བྱུང་ཡང་ཕ་བུའི་འདུ་ཤེས་ཀྱི་བརྩེ་བ་ནམ་ཡང་ཐེར་ཟུག་ཡིན། ཐེར་ཟུག་ཏུ་གྱུར་བའི་བརྩེ་བ་དེས་སྐུ་ཉིད་ངའི་སེམས་ནང་གི་འཇིག་རྟེན་འདིའི་མི་སྣ་ཡག་ཤོས་ཡིན། ཁྱེད་ལས་ལྷག་གི་དྲང་ཚུགས་ཅན་གྱི་མི་ཞིག་འཇིག་རྟེན་འདིར་ཕྲན་གྱིས་མཐོང་བ་དཀོན་ཞིང་མ་འོངས་བ་ཡང་མཐོང་བྱའི་གནས་ལུགས་སྟོང་།
བོད་དང་བོན་གཉིས་ཀྱིས་བརྩི་བཀུར་མེད་པའི་སྐད་ཆ་རང་བཤད་འདུག
ང་ཡི་བླ་མའི་ངལ་གསོ་ལོས་བྱེད།
ང་ཡི་བོད་མའི་ལས་འཁུར་བྱེད་རན་ཡིན།
ང་ཡི་བླ་མ་ད་ལྟ་བཞུགས་དུས་སུ།
ང་ཚོ་བོད་མིས་ཐུགས་བཞེད་ཤེས་རན་རེད།
༧གོང་ས་༧་མཆོག་བགྲེས་ཡོལ་དུ་ཕེབས་རྒྱུ་ཡིན་པར་གསུངས་པ་ནི་བོད་དོན་ལ་ཐུགས་ཡིད་ཆད་པ་མིན་ཅིང་བོད་དོན་ནི་གང་གི་ཐུགས་ཀྱི་གཏད་སོ་དེ་ཡིན་པར་ཡང་ཡང་གསུངས་ཡོད་པས་དེ་ལས་ཤེས་ཐུབ།
མདོར་ན་༧གོང་ས༧་མཆོག་བགྲེས་ཡོལ་དུ་ཕེབས་ཚེ་དེ་ནི་རྒྱ་ནག་ལ་བརྡ་ལན་ཚ་བོ་ཞིག་སྤྲད་ཅིང་བོད་མིར་འགན་ལན་ལྗིད་མོ་ཞིག་སྤྲད་པ་ཡིན།
རྒྱ་ནག་ལ་བརྡ་ལན་ནི་བོད་དོན་འདི་༧གོང་ས་༧་མཆོག་སྐུ་སྒེར་གྱི་གནད་དོན་ཞིག་ཡིན་ཚུལ་བཤད་པར་ལན་འདེབས་ཞིག་དང།བོད་སྔར་གྱི་སྐུ་དྲག་དེ་ཚོ་རོ་ལང་རྒྱབ་འདོད་རེད་ཅེས་ཤོད་པ་ལའང་བརྡ་ལན་ཡིན།
བོད་མིར་འགན་ཁུར་ལྗིད་མོ་ཞིག་ཡིན་པ་ནི་སྐྱེས་པ་དར་མ་ཞིག་ལོ་ཚོད་དང་ན་ཚོད་ལོན་ནའང་ཁྱིམ་གྱི་འགན་ཁུར་མེད་པར་ལོ་མང་བསྡད་རྗེས་དེ་མ་ཐག་ཕ་མས་མནའ་མ་བླངས་ཏེ་ཁྱིམ་གཞིས་རྩིས་སྤྲོད་བྱེད་པ་དང་མཚུངས་པས་གནས་སྐབས་འགན་ཁུར་ལྗིད་མོ་ཞིག་ཡིན་མོད་༧གོང་ས༧་མཆོག་སྐུ་དངོས་སུ་བཞུགས་པའི་ཚེ་ན་དམངས་ཀྱིས་འགན་ཁུར་བྱེད་ན་གོང་ནས་བཀའ་སློབ་ལམ་སྟོན་གནང་མཁན་དང་བར་ནས་བསླབ་བྱ་ཤོད་མཁན་འོག་ནས་བསམ་ཚུལ་ཤོད་ས་ཞིག་ཡོད་པས་འདི་ནི་དུས་ལ་བབས་པ་ཞིག་ཡིན་པར་སེམས།
དེ་མིན་ཕ་མའི་གཅེས་ཕྲུག་འགའ་ཞིག་རྟག་ཏུ་རང་ཉིད་ཀྱི་འགན་ཁུར་མེད་པར་ཕ་མར་ཁ་ལག་གདངས་ནས་སྡོད་ཅིང་ཉི་ཅིག་ཕ་མ་མེད་པའི་ཉིན་མོར་ཅི་བྱ་འདི་བྱ་མེད་པར་ཆགས་པའང་མི་ཉུང་བ་ཞིག་ཡོད་པར་མཐོང།
དེས་ན་དཔེ་དེ་དང་འདྲ་བར་ཕ་མ་ཡོད་པའི་དུས་སུཕྱི་ནང་གི་ལས་དོན་ཆེ་ཕྲ་དག་རང་ཉིད་ཀྱི་འགན་ཁུར་བླངས་ན་མི་ཚེའི་འགྲོ་སྟངས་གསར་པ་ཞིག་མགོ་ཚུགས།
ང་ཚོས་ངོས་ནས་༸གོང་ས་མཆོག་བགྲེས་ཡོལ་དུ་ལྷོད་བཞུགས་གནང་བཅུག་རོགས་གནང་། ༸ཁོང་གི་ངོས་ནས་ང་ཚོ་བློས་གཏོང་གནང་གི་མ་རེད་ཞུ་རྒྱུ་ཙམ་ལས་མ་འདས།
འོ་དཀོན་མཆོག་མཁྱེན། ད་ཡིན་ན་ ༧གོང་ས་མཆོག་གིས་ངོ་ནས་དགོངས་པ་ཞུས་པ་ཡིན་ས་རེད། ན་ནིང་ཞིག་ལ་ཟམ་གདོང་བླ་མས་ལས་དུས་མ་ཚང་བར་དགོངས་པ་ཞུས་སོང་། ཁ་སང་ཞིག་ལ་རྒྱ་རི་བླ་མས་ཀྱང་དགོངས་པ་ཞུས་སོང་། བཀྲ་ཤིས་དབང་འདུས་ཀྱང་འབྱུང་འགྱུར་བཀའ་བློན་མདུན་ལ་རྩ་ནས་ཐོན་གི་མི་འདུག བློ་བཟང་སྦྱིན་པས་ཀྱང་དགོངས་པ་ཞུས་སོང་། ཉམས་མྱོང་ཅན། བྱས་རྗེས་ཅན། བྱིན་རླབས་ཅན། ཚང་མས་དགོངས་པ་ཞུ་བར་སྔ་ཕྱི་འདྲ་ཞིག་རྩོད་ཀྱི་འདུག གཅིག་བྱས་ན་རང་བཙན་རེག་ཚར་བ་ཡིན་པ་འདྲ། གཅིག་བྱས་ན། འོ་དཀོན་མཆོག་མཁྱེན།
སྐྱབས་སུ་མཆི། བགྲེས་ཡོལ་ལ་ཕེབས་རྒྱ་ཅུང་ཕྱི་སོང་། བགྲེས་ཡོལ་དུཕེབས་དེ་བཙན་བྱོལ་གཞུང་གི་འགན་དབང་གང་ཡང་མེད་ན་། སྐུ་སྒཻར་གྱི་ཐད་རྒྱ་གཞུང་དང་བཀའ་མོལ་གནང་ནས་། བོད་ལ་གནས་འཇལ་ཐེང་གཅིག་ཕེབ་ཐུབ་པ་། མི་སྲིད་པ་མ་རེད་། རྒྱ་འདྲེ་ཚང་གི་ཀྱང་། ཏྮ་ལེ་བླ་མ་སྒེར་ཐད་སྐད་ཆ་བཤད་གི་ཡིན་ཟེར་བ་འདྲ་བོ་གོ་རྒྱ་འདུག།
ངའི་གི་ནོར་བུ། ངའི་ཚེ་འདི་ཕྱི་གཉིས་ཀྱི་མགོན་། ནམ་ཞིག་གི་དུས་བདག་གི་དབུག་སྲོག་རྟ་རྔ་འདྲ་བོ་ཆད་པས་དུས་སུ་། ཁྱོད་ཀྱི་མཚན་ནས་ཐེང་གཅིག་འབོད་ལ། དེ་དུས་ངའི་རྣམས་ཤེས་འཁྱམས་པོ་དེ་ལམ་སྣ་ཞིག་སྟོན་རོགས་།
སྐུ་བགྲེས་ཡོད་ལ་། ཕེབ་པར་དགའ་སུ་ཡོད་། བགྲེས་ལ་ཕེབས་ནས་། ཁོང་སྐུ་་ལྷོད་ལྷོད་ངང་ལ་བཞུག་པའི་སྨོན་ལམ་འདེབ་། གལ་ཏེ་བགྲེས་ཡོལ་ཕེབ་པས་ཐད་ལ་མཛད་སྟོན་ཞིག་ཡོད་ན་། ང་རྒན་པོ་རོ་ཐོ་རྡ་རམ་ས་ལར་འབྱོར་ཐུབ་པ་བྱེད་གི་ཡིན།
༧གོང་ས་མཆོག་ངེས་པར་དུ་གཞུང་གི་ལས་དོན་ཡོངས་ནས་དགོངས་པ་ཞུས་པ་ལྟར་གནང་དགོས་པ་རེད།གང་ཡིན་ཟེར་ན་དགུང་ལོ་༧༥བར་དུ་བོད་མི་རིགས་ལ་ཞབས་ཞུ་བསྒྲུབས་པ་རེད།ལམ་དོན་གནང་བ་རེད།སློབ་སྦྱོང་སྤྲད་པ་རེད།ཡོད་ཚད་ཚང་མ་བཙན་བྱོལ་བོད་མི་ལ་བྱས་ཡོད་པ་རེད་ལ།བོད་མི་ཚོར་དགོས་པ་ཚང་མ་ཁོང་གི་མཛད་འཕྲིན་དང་ཐུགས་རྗེའི་འོག་རག་ཡོད་པ་རེད།
དེ་མིན་༧གོང་ས་མཆོག་གི་ཕྱག་ལས་གནང་སྟངས་ལ་འགྲིག་མིན་བཤད་མཁན་ཡང་ཡོད་པ་རེད།ཁོང་ཚོ་འཇོན་པོ་ཡོད་རྒྱུ་རེད་ལ་འཇོན་ཐང་སྟོན་སྐབས་ཀྱང་ལོས་ཡིན།
ཡང་༧གོང་ས་མཆོག་མི་ཞིག་ཡིན་པས་སྐུ་ཚེའི་མཇུག་ཏུ་རང་གི་ཐུགས་འདོད་བཞིན་ལྷོད་ལྷོད་ཀྱི་གོ་སྐབས་ཤིག་ཀྱང་ལོས་དགོས།ངའི་བླ་མ་ལགས།
གཞན་ཡང་བསམ་ཚུལ་ཞིག་ལ་༧གོང་ས་མཆོག་སྐུ་སྒེར་ཐོག་ནས་བོད་དུ་ཕེབས་པར་བསམ་བློ་གཏོང་དགོས་པ་རེད།གཞན་གང་ཡང་མ་རེད།བོད་དུ་བོད་མི་ཚོས་༧གོང་ས་མཆོག་སྒུག་ཡོད་པ་རེད་ལ།ཁ་ཞེ་གཉིས་མེད་ཀྱི་དད་པ་དམ་ཚིག་གཙང་མ་ཡོད་པ་རེད།དེ་ཚོ་བསམ་བློ་གཏོང་དགོས་པ་རེད།ག་དུས་ཡིན་ན་ཚང་མ་བོད་དོན་དང་འབྲེལ་བསྡད་པ་རྐྱང་རྐྱང་དགོས་པ་མ་རེད།
ད་ནི་བཙན་བྱོལ་བོད་མི་ཚོ་རང་གིས་རང་ཉིད་འཁྱེར་ཏེ་འགྲོ་པའི་དུས་ཚོད་འཕྱིས་མ་དྲགས་ན་སྔ་མ་སོང་།ད་དེ་ཙམ་ཡིན་བཤད་རྒྱུ་མང་གི་ཡིན་ནའང་བཤད་མཁོ་མེད་ཀི