རྟ་ནག་སྐལ་བཟང་ལུང་རིགས།
རྒྱ་ ཡིག་རང་དབང་རྩོམ་པ་བོའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྟེ། འབུམ་རམས་པ་ལུག་ཞོ་པོ་ལ་ཉིས་སྟོང་བཅུ་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་བསྩལ་ བར་ངེད་ཅག་གི་སེམས་ཁོང་རུས་པའི་གཏིང་ནས་རྟེན་འབྲེལ་ཞུ།
ཁོང་ཉིད་ཁྲི་མུན་ལས་གློད་པ་ཐོབ་པའི་ཕྱིར་དང་། ནོ་སྦེལ་གཟེངས་རྟགས་བསྟབ་པའི་སླད་དུ་སྐུལ་འདེད་དང་། རྒྱབ་སྐྱོར། འབོད་པ་མཛད་མཁན་ཏེ། རྒྱལ་ཁབ་ཕྱི་ནང་གི་རིགས་སོ་སོ་བ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུའོ།།
འབུམ་ རམས་པ་ལུག་ཞོ་པོ་ནི་སྙན་པར་གྲགས་པའི་རྒྱ་ནག་གི་རྩོམ་པ་བོ་སྟེ། རིག་གཞུང་དཔྱད་བརྗོད་པ་དང་། འགྲོ་མིའི་ཐོབ་ཐང་གི་ལས་འགུལ་བ་བཅས་སོ།། ༡༩༨༠ ལོ་ནས་བཟུང་རང་དབང་གི་རྩོམ་ཡིག་སྤེལ་བ་དེ་དང་། འགྲོ་མིའི་ཐོབ་ཐང་རྩོད་ལེན་མཛད་པ་དེ་དང་། དམངས་གཙོའི་ལས་འགུལ་ལ་གཞོལ་བ་དེ་དག་གིས་བགྲང་བྱ་ཉི་ཤུ་ལྷག་ལ་ཕྱིར་མི་ལྡོག་ པའི་བརྟུན་པ་བསྐྱེད་དེ་སྲིད་དབང་སྒེར་གཅོད་པར་སྐྱོན་བརྗོད་མཛད་པའོ།། སེམས་པ་དམངས་ལ་འཁོར་བའི་ཞི་བདེ་རང་བཞིན་གྱི་ལང་ཕྱོགས་གཞི་རྩར་བཟུང་སྟེ། རྒྱ་ཆེ་བའི་རྒྱ་ནག་མི་དམངས་ཀྱི་སྨྲ་བརྗོད་རང་དབང་རྩོད་ལེན་ལ་མཐའ་གཅིག་ཏུ་གཞོལ་ཞིང་བརྩོན་པར་བྱས། སྤྱི་དམངས་སྤྱི་ཚོགས་གསར་གཏོད་དང་རྩ་ཁྲིམས་བཅོས་སྒྱུར་གྱི་མཁའ་དབུགས་ཁྲོད་དུ་བཙོན་འཇུག་དང་། ལྟ་ཞིབ། སུན་བཙེར། རྡེག་འཚོགས་དང་བཅས་ཏེ་ཡོང་ནའང་འཇིགས་པས་བྲལ་ཞིང་། ཡི་གེ་ཡིས་མ་རུངས་པའི་ལས་སྤེལ་བར་བསྙད་བཏགས་ནས་ཁྲི་མུན་བཙུད་ཀྱང་ནོངས་འགྱོད་དེ་ལས་ཀྱང་མ་བྱུང་ངོ་།།
སྤྱི་ ལོ༡༩༨༩ ལོའི་སློབ་མའི་ཞི་བའི་རྔམ་སྟོན་གྱི་ལས་འགུལ་དེས་འཚེ་བའི་ལས་ལ་གཡོལ་ནས་རང་ སྲོག་བློས་བཏང་གིས་རྒོལ་བ་བྱས་པར་སྟོངས་མོ་མཛད་པས་ལོ་གཅིག་ལ་ཁྲི་མུན་དུ་ ཚུད། ༡༩༩༦ ལོར་སྐམ་ས་ཆེན་མོས་ཐེ་ཝན་ལ་མཚོན་ཆས་འཇིགས་སྐུལ་བར་ཁོང་གིས་རྒོལ་བ་བགྱིས་པ་ དང་། མཚོ་ངོགས་འགྲམ་གཉིས་ཀྱི་ཚོང་ལས་ཞི་བདེས་ཐག་གཅོད་ལ་འབོད་སྐུལ་མཛད་རྐྱེན་ལོ་ ངོ་གསུམ་རིང་ངལ་རྩོལ་སློབ་གཅུན་བྱས་སོ།། ༢༠༠༡ ལོར་རང་དབང་རྩོམ་པ་བོའི་མཐུན་ཚོགས་གསར་དུ་འཛུགས་པར་མཉམ་ཞུགས་བྱས་པ་སྟེ། རྒྱ་ནག་གུང་ཁྲན་ཏང་གི་དབང་སྒྱུར་གཤམ་དུ་ཆེས་ཐོག་མར་བཙུགས་པའི་རང་དབང་གི་ རྩོམ་པ་བོའི་མཐུན་ཚོགས་འདི་ནི་སྨྲ་བརྗོད་རང་དབང་སྲུང་སྐྱོབ་ཀྱི་སླད་དང་། སྨྲ་བརྗོད་ལ་བརྟེན་ནས་ནག་ཉེས་ཐོབ་པ་བོ་དག་བསྐྱབ་པའི་སླད་དུའོ།། ༢༠༠༣____༢༠༠༧བར་དུ་ཚོགས་གཙོའི་འོས་འགན་བཞེས་ཏེ་སླར་ཡང་བཙོན་དུ་མ་ཐེབས་བར་དུ་ལས་འགན་རྒྱུན་བསྲིངས་ནས་བསྒྲུབས་སོ།།
༢༠༠༨ལོའི་སྤྱི་ཟླ ༡༢ ཚེས ༨ སྟེ། “རྒྱལ་སྤྱིའི་འགྲོ་བ་མིའི་ཡོངས་ཁྱབ་ཐོབ་ཐང་གསལ་བསྒྲགས”སྤེལ་ནས་བགྲང་བྱ་དྲུག་ཅུ་འཁོར་བའི་སྔ་ནུབ་ཏུ། ཁོང་ གིས་དབུ་ཁྲིད་དེ་ཞི་བདེ་དང་དམངས་གཙོའི་རྩ་ཁྲིམས་ཀྱི་ལས་འགུལ་ཏེ༼ཐིག་བརྒྱད་ ལོའི་རྩ་ཁྲིམས༽འགྲེམ་སྤེལ་བགྱིས་པས་ཡང་བསྐྱར་བཙོན་དུ་ཐེབས་ཏེ། བགྲང་བྱ་བཅུ་གཅིག་གི་ཁྲིམས་ཐག་བཟོས་སོང་ངོ་།།
རང་དབང་གི་སླད་དུ་སྒེར་གཅོད་པར་རྒོལ་བའོ།། འདྲ་མཉམ་གྱི་སླད་དུ་དམིགས་བསལ་གྱི་དབང་ཆ་རྩོད་པའོ།། བརྩེ་བ་ལ་བརྟེན་ནས་དགྲ་ཤ་ལེན་པ་འགོག་པའོ།། ཞི་བདེ་ལ་བརྟེན་ནས་འཚེ་བ་འགོག་པའོ།།
ལུག་ཞོ་པོ་སྔར་ནས“མཐའ་མེད་པའི་བརྩེ་བ་ཆེན་མོ”དང་། “བྱམས་པ་མངའ་བས་དགྲ་མེད”པའི་ཁམས་སུ་ཞུགས་ཚར་འདུག་གོ། ཁོང་གི་གཤིས་ཀ་དེས་རྒྱལ་ཁབ་ཀྱི་མི་དག་ལ་མིག་དཔེ་ལེགས་པོ་ཞིག་བསྟན་སོང་བས། རྩོམ་པ་བོའི་མཐུན་ཚོགས་ཀྱང་ང་རྒྱལ་སྐྱེས་འོས་པ་ཞིག་གོ།།
ཁོང་གི་གཞོམ་གཞིག་བྲལ་བའི་སྙིང་སྟོབས་དེ་དང་། འཚེ་བའི་འཐབ་རྩོད་ལ་གཉའ་མི་སྒུར་བའི་དཔའ་སྙིང་དེ་དག་གིས་ཁོང་ལ་མཚན་སྙན་འདི་ལྟར་ཐོབ་སོང་སྟེ། རྒྱལ་སྤྱི་དང་རྒྱལ་ནང་གི་མཐོ་རིམ་མི་སྣས་སྟོངས་གདབ་པ་དང་། རྒྱལ་སྤྱིའི་རྩོམ་པ་བོའི་མཐུན་ཚོགས་ཀྱིས་འཛམ་གླིང་གི་རྩོམ་པ་བོ་ཡོངས་ཀྱི་ཚབ་ཏུ་བྱས་ནས་ཁོང་ལ་རྒྱབ་སྐྱོར་བླ་མེད་མཛད་དོ།། ཨ་རིའི་རྩོམ་པ་བོའི་མཐུན་ཚོགས་ཀྱི་ཚོགས་གཙོ་དགེ་རྒན་ཆེན་མོ་ཨ་ཕེས་ཡཱ་གཙོ་མཛད་པའི་འཛམ་གླིང་ན་སྙན་པར་གྲགས་པའི་རྩོམ་མཁན་དང་། སྲིད་བློན་ཅེའེ་ཁི་ཆན་ཧཱ་ཝེ་ཨར་གཙོ་མཛད་པའི་རྒྱལ་ཁབ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལས་འགུལ་བ། ཆབ་སྲིད་པ་བཅས་དང་། ༸གོང་ས་ཏཱ་ལའི་བླ་མ་དང་། ཆོས་དཔོན་ཐུའུ་ཐུའུ་སྟེ་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་གྱི་ཆོས་ལུགས་གཙོ་བདག་དག་སྟེ། ཆེས་མཐོའི་མི་སྣ་བརྒྱ་ཕྲག་མང་བོའི་ཁོང་ལ་ནོ་སྦེལ་གཟེངས་རྟགས་ཐོབ་པར་ཆེད་དུ་བརྗོད་ཅིོང་བསྟོད་པར་མཛད་ཡོད། དེར་ བརྟེན། དེ་རིང་ཁོང་ལ་ནོ་སྦེལ་གཟེངས་རྟགས་ཐོབ་པའི་ཉིན་མོ་འདིར་མི་སེམས་གཅིག་ཏུ་ འཁོར་བ་འདིས་ཀྱང་ནོ་སྦེལ་གཟེངས་རྟགས་ལ་སྔར་ལས་ལྷག་པའི་གཟི་བྱིན་ཅིག་དང་རྔམ་ བརྗིད་ཅིག་བསྣན་ནས་ཡོད་པའོ།། འཇར་མན་གྱི་ཞི་བདེ་རིང་ལུགས་པའི་རྩོམ་པ་བོ་ཁཱའར. ཧྥུན. ཨ་ ཞེས་ཚི་ཅེས་ལ་༡༩༣༥ལོའི་ནོ་སྦེལ་ཞི་བའི་གཟེངས་རྟགས་བསྩལ་བའི་རྗེས་སུ་ནོ་ སྦེལ་གཟེངས་རྟགས་བཙོན་མར་བསྟབས་པའི་ཨང་རིམ་གཉིས་པའང་འདི་ཡིན་ནོ།།
རང་ དབང་རྩོམ་པ་བོའི་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་རྩོམ་པ་བོའི་མཐུན་ཚོགས་དང་། དེ་མིན་བློ་དཀར་གཞུང་དྲང་གི་ལས་རིགས་སོ་སོ་བ་དག་དང་མཉམ་དུ་བཀྲ་ཤིས་བདེ་ ལེགས་དང་སྨོན་འདུན་ཞུ་བཞིན་ཡོད། ང་ཚོ་ཡང་འབུམ་རམས་པ་ལུག་ཞོ་པོ་དང་འདྲ་བར་ཁོང་དང་ལྷན་དུ་བརྟན་བརླིང་གིས་ཡར་འགྲེང་སྟེ། སྤྱི་མཐུན་གྱིས་རྒྱ་ནག་གི་རང་དབང་དང་དམངས་གཙོ་རང་བཞིན་གྱི་ལས་དོན་ལ་མཉམ་ཞུགས་ཀྱིས་སྐུལ་འདེད་གཏོང་བའོ།། དེ་དང་དུས་མཚུངས་སུ་རྒྱ་ནག་སྲིད་གཞུང་གིས་འཛམ་གླིང་གཙོ་རྒྱུག་རིག་གནས་ཀྱི་ཕྱོགས་སུ་བལྟས་ཏེ། བོ་ཁཱའར. ཧྥུན. ཨ་ ཞེས་ཚི་ཅེས་ལ་ནོ་སྦེལ་གཟེངས་རྟགས་ཐོབ་རྗེས་སུ་ཤི་ཐི་ལིས་ཀྱིས་ལྡོག་ཕྱོགས་ ཀྱི་སྤྱོད་ངན་ལག་བསྟར་བགྱིས་པ་དེ་འདྲ་དེང་གི་དུས་འདིར་ཡེ་ནས་མི་བྱེད་པར། དྲང་བོའི་ལམ་དུ་ཞུགས་པའི་རེ་བ་ཞུས་པ་ཡིན་ནོ།། ད་དུང་ཆ་རྐྱེན་ཅི་ཡང་མེད་པར་སྐུ་ཞབས་ལུག་ཞོ་པོ་གློད་པ་ཐོབ་རྒྱུ་དང་། རྩོམ་པ་བོའི་མཐུན་ཚོགས་ཀྱི་ཚོགས་མི་ཡང་ཐེན་ཧྲེ། ཧྲིར་ཐོའོ། ཏོའུ་ཏོའོ་པེན་བཅས་ཏེ། སྤྱི་དམངས་ཀྱི་གཞི་རྩའི་ཐོབ་ཐང་གི་སླད་དུ་ཉེས་ཅན་པར་བསྙད་པ་དག་ཀྱང་གློད་པ་ཐོབ་པའི་རེ་སྐུལ་ཞུས་པ་ཡིན་ནོ།།
རྒྱལ་ སྤྱིའི་རྩོམ་པ་བོའི་མཐུན་ཚོགས་ནི་འཛམ་གླིང་སྟེང་ལོ་རྒྱུས་ཆེས་རིང་བའི་ཚོགས་ པ་ཤིག་དང་། རྒྱལ་སྤྱིའི་རང་བཞིན་གྱི་རྩོམ་རིག་གི་ཚོགས་སྡེ་ཞིག་ཡིན་པས། འཛམ་གླིང་གང་སར་གནས་པའི་རྩོམ་མཁན་དག་གིས་མཛའ་བརྩེ་དང་བློ་ནུས་ཟུང་དུ་སྦྲེལ་ནས་སྨྲ་བརྗོད་གྱི་རང་དབང་རྩོད་ལེན་གྱིས་ཤིག འཛམ་གླིང་རྩོམ་རིག་གི་སྐྱེས་སྟོབས་ཀྱི་དཔལ་བར་གྱིས་ཤིག རྒྱ་ཡིག་རང་དབང་རྩོམ་པ་བོའི་མཐུན་ཚོགས་ནི་རྒྱལ་སྤྱིའི་རྩོམ་པ་བོའི་མཐུན་ཚོགས་ཀྱི་ཡན་ལག་བརྒྱ་དང་ཞེ་ལྔ་ཡོད་པའི་གྲས་ཤིག་སྟེ། རྒྱ་ནག་སྲིད་གཞུང་གིས་རྩོམ་པ་བོ་དང་གསར་འགོད་པ་རྣམས་བཙོན་འཇུག་དང་། ལྟ་ཞིབ། སུན་བཙེར། རྡེག་འཚོགས་བགྱིས་ཏེ་རང་དབང་གི་རྩོམ་ཡིག་འབྲི་བ་དང་། རྒྱལ་ཁབ་གཞན་ལ་དྲ་འབྲེལ་བྱེད་པར་ཚོད་འཛིན་པ་ལ་ང་ཚོ་ནམ་ཡང་རྒོལ་བྱེད་ཀྱིན་ཡོད། རང་དབང་རྩོམ་པ་བོའི་མཐུན་ཚོགས་སུ་ཞུགས་ནས་རྩོམ་པ་བོ་དང་སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱ་འདོད་པ་དང་། སྐུ་ཞབས་ལུག་ཞོ་པོ་ཡི་གནས་ཚུལ་མང་བོ་ཤེས་འདོད་མཁན་དག་གིས་གཤམ་གྱིས་དྲ་ཚིགས་སུ་བལྟས་པས་ཆོག http://www.chinesepen.org and http://www.liuxiaobo.eu/。
༢༠༡༠། ༡༢། ༡༣། རང་མལ་དུ་བསྒྱུརད་ཚར།