གཡེར་གཤོང་མཁན་ཆེན་ནོ་མོན་ཧན་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོའམ་ཡོངས་གྲགས་ནོམ་ཆི་མཁན་པོ་ངག་དབང་ཕུན་ཚོགས་རིན་པོ་ཆེ་མཆོག་ནི། རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་རྒྱན་ཆོས་སྡེ་ཆེན་པོ་རོང་པོ་དཔལ་གྱི་དགོན་ཆེན་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བའི་ནུབ་བྱང་མཚམས་ཀྱི་འབྲོག་སྡེ་ཆེན་པོ་བློན་ཆོས་སུ་རུག་ཞེས་པར། ཡབ་བསོད་ནམས་རྒྱལ་དང་ཡུམ་བཀྲ་ཤིས་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་རྟ་ཕྱི་ལོ་ ༡༨༨༢ ལོར་སྐུ་བལྟམས་ཤིང༌། བོད་རབ་བྱུང་བཅུ་དྲུག་པའི་ཤིང་རྟ་ཕྱི་ལོ་ ༡༩༤༦ ལོར་རྒྱང་རྩེ་རུ་དགོངས་པ་རྫོགས། དེ་དུས་དགུང་གྲངས་དོན་གསུམ་ཡིན།།
ཐར་ཤུལ་ཆོས་སྐྱོང་རྒྱ་མཆོ་མཆོག་གིས་གཡེར་གཤོང་མཁན་པོ་འཇིགས་མེད་ཕུལ་བྱུང་བའི་སྤྲུལ་བའི་སྐུར་འཁྲུལ་བྲལ་ངོས་འཛིན་མཛད། དགུང་ལོ་ལྔའི་སྟེང་སྐུ་གོང་མའི་གདན་ཁྲིར་མངའ་གསོལ་ཞུས།
སྐུ་ན་ཆུང་ངུའི་དུས་ནས་སྨོན་ལམ་དང་ཆོས་སྤྱོད་སོགས་རྒྱུད་ལ་ལེགས་པར་བསླབ་ཅིང༌། ཁྱད་པར་རྗེ་འདི་ཉིད་ཀྱི་སྐུ་ཕྲེང་གོང་མ་འཇིགས་མེད་ཕུལ་བྱུང་བས་གཞུང་ལུགས་རམས་འབྱམས་སྨྲ་ལ་གཞན་གྱི་དྲིང་མི་འཇོག་ཅིང་མཁས་དང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་རྗེ་ཕུན་ཚོགས་བསྟན་ཕུལ་ཚང་ལ། སླད་མར་ཁོ་བོའི་ཡང་སྤྲུལ་རྗེས་སུ་འཛིན་དགོས་པའི་ལུང་བསྟན་བསྩལ་གནང་ལྟར། རྗེ་ཉིད་ཡོངས་སུ་འཛིན་པར་བཀུར་ནས་ཕྲད་དང་སྦྱོར་ཀློག་སོགས་སྦྱངས་པས་ཚེགས་མེད་ཐུགས་སུ་ཆུད་པ་བྱུང་བར་གྲགས་ཤིང༌། དེ་ཡང་རང་རྣམ་ལས། བསྐོར་བ་མང་བྱས་ཉི་མ་དེ་ནས་བཟུང༌།། ཀློག་བསླབ་བསྟན་པ་ཙམ་གྱིས་ཤེས་པ་དང༌།། ཡི་གེ་འབྲི་འདོན་རྒྱུན་ཆགས་འབྱུང་བ་དང༌།། ལྷ་བྲིས་མཛད་པའང་མཐོང་བ་ཙམ་གྱིས་ཤེས།།ཞེས་གསུངས་ཡོད་པ་ལྟར་དང༌། དེ་ནས་མདོ་སྔགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་གྲུབ་པའི་དབང་ཕྱུག་དམ་པ་རྭ་རྒྱའི་གཡུ་རྔོག་མཆོག་སྤྲུལ་རིན་པོ་ཆེ་རྗེ་བཙུན་རིན་ཆེན་རྡོ་རྗེའི་དྲུང་ནས་རབ་གི་བསླབ་སྡོམ་བཞེས་ཤིང༌། མཚན་ལ་བློ་བཟང་བསྟན་པའི་རྒྱལ་མཚན་དུ་གསོལ། ཡོངས་འཛིན་རིན་པོ་ཆེ་འཇིགས་མཛད་རྡོ་རྗེས་དབང་སྟ་གོན་བཅས་ལྷུག་པར་སྩལ་ཏེ། མི་བསྐྱོད་རྡོ་རྗེ་ཞེས་པའི་གསང་མཚན་གནང༌།
དགུང་ལོ་བདུན་ནས་བཟུང༌། སྒྲ་སྙན་ངག་དང་སུམ་རྟགས་སོགས་ཐུན་མོང་རིག་གནས་ལ་གསན་སྦྱོང་གི་དབུ་བརྩམས། དགུང་ལོ་བརྒྱད་པར་སྐྱབས་མགོན་ཐམས་ཅད་མཁྱེན་པ་འཕགས་མཆོག་ཕྱག་ན་པདྨོའི་སྒྱུ་འཕྲུལ་རྗེ་བཙུན་སྐལ་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་དྲུང་ནས་སླར་ཡང་བར་མ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས། དགེ་བའི་བཤེས་གཉེན་ཆེན་པོ་དོན་གྲུབ་རྒྱ་མཚོ་ལས་བསྡུས་གྲྭ་དང་བློ་རྟགས་སོགས་ལ་སྦྱངས། རང་རྣམ་དད་བརྩོན་འདྲེན་པའི་ཤིང་རྟ་ལས། བླ་མ་འདི་གཉིས་ཚུལ་ཁྲིམས་དྲི་ངད་འཐུལ།། ཤིན་ཏུ་བསུང་ཞིམ་དྲི་འཛིན་སོན་པའི་ཚེ།། དྲི་གཞོན་ཟིལ་གནོན་ངོ་མཚར་དགའ་དད་བྱེད།། ཚུལ་ཁྲིམས་དྲི་ལ་སྣོམས་པའི་དུས་གཅིག་བྱུང༌།། ཞེས་གསུངས་པ་ལྟར། ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཡོངས་འཛིན་རྗེ་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང༌། གྲུབ་པའི་དབང་ཕྱུག་འཇིགས་མེད་བསམ་གཏན་རིན་པོ་ཆེ་གཉིས་ལ་གདུགས་དཀར་གྱི་དབང་དང༌། ལེགས་ལྡན་མཆོད་གསུམ་གྱི་རྗེས་གནང༌། འཇིགས་བྱེད། བདེ་མཆོག་ལྷ་ལྔ༌། ཀུན་རིག ཐུགས་རྗེ་ཆེན་པོའི་དབང་བཅས་དང་རྗེས་གནང་གི་སྐོར་མང་དུ་གསན།
དགུང་ལོ་ཉི་ཤུ་ཙམ་ལ་སྐལ་ལྡན་བསྟན་པའི་རྒྱལ་མཚན་གྱི་དྲུང་དུ། དགེ་འདུན་གྲངས་ཚང་གི་དབུས་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་བཞེས་འདུག་པ་ནི། རང་རྣམ་ལས། ལོ་འདིའི་དཔྱིད་ཀར་སྐལ་ལྡན་བསྟན་རྒྱན་དྲུང༌།། ཁྲིམས་ལྡན་དད་པའི་དགེ་འདུན་གྲངས་ཚང་དབུས།། རོང་བོ་མཁན་སྤྲུལ་མཆོག་དང་ལྷན་ཅིག་པར།། བསྙེན་རྫོགས་སྡོམ་པ་ནོན་པའི་སྐལ་བ་བྱུང༌།། ཞེས་ལྗགས་རྩོམ་མཛད་ཡོད། རྗེ་འདིས་འཇམ་མགོན་བསྟན་པའི་རྩ་ལག་ཆེན་པོ་ཨ་བྷའི་ཞབས་རྡུལ་གཙུག་གི་རྒྱན་དུ་ཡུན་རིང་བཞེས་པས་མཚོན། གཞན་སྔ་རྗེས་སུ་རྒྱལ་བའི་ཡོངས་འཛིན་ཞྭ་དམར་པབྱྜི་ཏ་དང༌། དྲུང་ཆེན་འཕྲིན་ལས་རྒྱ་མཚོ། བླ་ཁོ་རྡོ་རྗེ་འཆང༌། གུང་ཐང་བློ་གྲོས་རྒྱ་མཚོ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་དུ་མའི་ཞབས་པད་གཙུགས་ཏུ་བླངས་ཏེ་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན་ཅིང༌། སྒྲ་སྙན་ངག་དང་སྡེབ་སྦྱོར་གསོ་རིག་སོགས་སུའང་མཁས་བའི་གོ་ས་ཟིན། ཁྱད་པར་དུ་བསྡུས་གྲྭ། བློ་རྟགས། དབུ་ཕར་སོགས་གཞུང་སོ་སོའི་དཔེ་ཁྲིད་ཞིབ་པར་མནོས་ཤིང་ཆོས་གྲྭར་བརྒལ་བརྟགས་ཀྱིས་གཏན་ལ་ཕབ་པས་བཀའ་པོད་ཆེན་པོ་རྣམས་ཀྱི་དགོངས་དོན་དངོས་སྟོབས་ཀྱི་རིག་པས་འབྱེད་པ་ལ་འགྲན་ཟླ་མེད་པར་གྱུར།
རི་བོ་བཀྲ་ཤིས་འཁྱིལ་དང༌། སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང༌། རོང་བོ་ཐོས་བསམ་གླིང་གིས་མཚོན་ཡུལ་ཕྱོགས་ངེས་མེད་པར་ཕེབས་ནས་གདུལ་བྱ་ཤིན་ཏུ་མང་པོར་དབང་དང་རྗེས་གནང་ཁྲིད་སོགས་དཔག་ཏུ་མེད་པ་བསྩལ། ཚོགས་སུ་བཀའ་འགྱུར་གྱི་ལུང་གནང་སྐབས་ཉིན་རེར་པོད་གཉིས་གསུམ་བསྩལ་ཐུབ་ཅིང༌། ཆོས་སུ་འཇུག་པ་ཁྲི་སྟོང་མང་པོར་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་གནང༌། རང་རྣམ་དུ། ལོ་དེའི་ཟླ་ཚེས་སྐུ་འབུམ་བྱམས་གླིང་དུ།། སྣང་མཐའི་ཡེ་ཤེས་དགྱེས་པའི་འཕྲིན་ལས་ལས།། དབོན་པོ་དར་རྒྱས་སྙིམ་པའི་པདྨོ་རུ།། ཆོ་ལོའི་གཟེངས་བསྟོད་ཉི་འོད་རྩེ་དགའ་བྱོན།། མེ་བྱིར་སྐུ་འབུམ་སྣང་མཐའི་ཟློས་གར་མཆོག། གཟིགས་པ་ཡངས་པའི་པདྨོའི་སྤྱན་མངའ་བ།། བདག་ལ་དགྱེས་པའི་འཛུམ་ཞལ་བསྟན་པ་དང༌།། གསུང་གི་བདུད་རྩི་ཐོབ་པའི་སྐལ་བཟང་རྙེད།། ནོམ་ཆི་མཁན་པོ་ངག་དབང་ཕུན་ཚོགས་ཞེས།། ཐམས་ཅད་མཁྱེན་པ་མཆོག་ནས་བཀའ་ལུང་གནང༌།། ཞེས་གསལ།
མེ་བྱི་སྟེ་ཕྱི་ལོ་༡༩༣༦ལོར་སྐུ་འབུམ་བྱམས་པ་གླིང་དུ་པཎ་ཆེན་ཆོས་ཀྱི་ཉི་མ་མཆོག་གིས་རྗེ་འདི་ལ་ནོམ་ཆི་མཁན་པོ་ངག་དབང་ཕུན་ཚོགས་ཞེས་པའི་ཆོ་ལོ་དང༌། བཀའ་ཤོག་ཐམ་ཀ་ཅན། དབུ་ཞྭ་སོགས་མཁན་ཆས་ཆ་ཚང་བསྩལ་བ་ནས། ནོམ་ཆི་མཁན་པོ་ཞེས་གྲགས་སྙན་གྱི་བ་དན་དཀར་པོས་ས་གསུམ་ཡོངས་སུ་བཅིངས།
ས་སྟག་ཕྱི་ལོ་༡༩༣༨ལོར་རྐང་ཚ་དགོན་དགེ་འདུན་དར་རྒྱས་གླིང་ཕྱག་བཏབ་མཛད་དེ། གསོ་སྦྱོང་དང་དགག་དབྱེ་སོགས་འདུལ་བའི་ཕྱག་རྗེས་ཚུགས། རྗེ་འདི་བའི་བཀའ་རྩོམ་ལ་ཡང༌། ལམ་རིམ་ཆུང་ངུའི་ཟིན་བྲིས། སྙན་བརྒྱུད་ཀྱི་མན་ངག་སེམས་སྦྱོང་རིན་ཆེན་དབང་གི་རྒྱལ་བོ། ལམ་རིམ་ཆུང་ངུའི་ས་བཅད། མེའི་བསྟན་བཅོས་ཐར་ལམ་གསལ་བའི་སྒྲོན་མེ། ལྕགས་ཀྱི་བསྟན་བཅོས་ལེགས་བཤད་དགོས་འདོད་འགུགས་པའི་ལྕགས་ཀྱུ། རིན་པོ་ཆེའི་བསྟན་བཅོས་ལེགས་བཤད་དབང་གི་རྒྱལ་པོ། དེ་བཞིན་གསོ་བ་རིག་པ། སྐར་རྩིས། སྙན་ངག་སོགས་པོད་གསུམ་ཙམ་མཛད། གསུང་ལས་སྐྱེས་པའི་སློབ་མ་མདོ་སྟོད་སྨད་སྤྱི་དང༌། སོག་པོ་སོགས་པར་བགྲང་གིས་མི་ལང་བ་མཆིས། དེ་ལྟར་འཇམ་མགོན་བླ་མའི་རང་བསྟན་གྱི་རིན་ཆེན་གདུགས་དཀར་སྲིད་རྩེར་བསྒྲེངས་པའི་སྐབས་མཚམས་སུ། རྒྱ་གར་འཕགས་པའི་ཡུལ་དུ་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་ནང་པའི་གནས་ཆེན་ཁག་ལ་ཞིབ་མཇལ་གྱིས་ཕྱིར་ཕེབས་སྐབས་བོད་དབུས་རྒྱང་རྩེ་རུ་རབ་བྱུང་བཅུ་དྲུག་པའི་ཤིང་རྟ་ཕྱི་ལོ་༡༩༤༦ལོའི་དག་བྱེད་ཟླ་བའི་ཚེས་བཅུ་བདུན་ཉིན་སྐུ་གཤེགས།
རྣམ་ཐར་མདོར་བསྡུས་ཤིག་བྲིས་ཡོད་པར་ཐུགས་རྗེ་ཆེ་ཞུ། ངོ་མ། ཁོང་གི་སྙན་ངག་དག་ནི་རྗེ་གུང་ཐང་ཚང་གི་སྙན་ངག་དང་ཆ་འདྲ་པོ་ཡོད་པར་སེམས། གཞན། ཁྱེད་ཅག་གི་ནང་དུ་བྲག་དཀར་སྔགས་རིམ་པ་ཞེས་པའི་མཁས་པ་ཆེན་མོ་དེའི་སྐོར་མཁྱེན་མཁན་དང་། ཁོང་གིས་བསྟན་བཅོས་མཛད་ཡོད་མེད། ད་དུང་བསྟན་བཅོས་ཀྱི་ཐོ་གཞུང་གནང་ཐུབ་མཁན་ཡོད་དམ། མི་ཞིག་གིས་ཁོང་གི་སྐོར་མཇལ་འདོད་ཡོད་ཟེར། དེ་མིན་གཞན་མིན་ལགས།
བྲག་དཀར་སྔགས་རམས་དབུས་ནས་མདོ་སྔགས་སྦྱངས། །
བྱ་ཁྱུང་དགོན་དུ་དྲག་པོའི་སྦྱིན་སྲེག་བླུགས། །
ཞིབ་ཏུ་མཇལ་ན་བྱ་ཁྱུང་གདན་རབས་དང་། །
མདོ་སྨད་ཆོས་འབྱུང་ཀློགས་དང་དེ་རུ་གསལ། །
གྲུབ་ཆེན་ལགས། བྱ་གཞུང་གདན་རབས་ྐློག་མ་མྱོང་། མདོ་སྨད་ཆོས་འབྱུང་གི་ནང་དུ་གསལ་པོ་ཞིག་མེད་པ། ཐར་ཐོར་རེ་ནི་ལྟ་བ་མཁའ་ཁྱབ་ཕྱོགས་དྲིལ་དང་། རེབ་གོང་གདན་རབས་ཀྱི་ནང་དུའང་གསལ། གང་ལྟར་ཐུགས་རྗེ་ཆེ་ཞུ།
བྲག་དཀར་སྔགས་རམས་པ་ཡི་མཚན་དངོས་ལ། །
བློ་བཟང་བསྟན་པ་རབ་རྒྱས་ཞུ་བ་དང་། །
འཁྲུངས་ཡུལ་རེབ་ཀོང་བྲག་དཀར་ས་ཆ་ཡིན། །
བཅུ་གསུམ་སྟེང་དུ་སྐལ་ལྡན་རྒྱ་མཚོ་ལས། །
རབ་བྱུང་བཀྲིས་འཁྱིལ་དུ་ཚོགས་ཞུགས་བྱས། །
བླ་མའི་བཀའ་བཞིན་དབུས་ཕེབས་རྒྱུད་སྨད་དུ། །
ལོ་དགུར་ཟབ་ཆོས་མང་པོར་གསན་བསམ་མཛད། །
སྡེ་སྲིད་སངས་རྒྱམ་བཀའ་བཞིན་འབྲུག་པ་ཚོར། །
ལྕགས་མཁར་འཕངས་ནས་གྲུབ་པའི་སྙན་གྲགས་ལྡིར་། །
མདོ་སྨད་ཕེབས་ཏེ་མེ་ལོང་བྲག་དཀར་ཞེས། །
སྒྲུབ་སྡེ་བཏབ་ནས་སྒྲུབ་ལ་རྩེ་གཅིག་གཞོལ། །
རེ་བཞི་བ་ལ་བྱ་ཁྱུང་བླ་སྤྱི་ཡིས། །
པཎ་ཆེན་བློ་བཟང་ཡེ་ཤེས་བཀའ་བཞིན་དུ། །
རྗེ་འདི་བྱ་ཁྱུང་ཁྲི་བགེག་འདུལ་བའི་ཆེད། །
ཕེབས་ལམ་གྲུབ་པའི་གཟིགས་སྣང་མང་ཞིག་ཤར། །
བྱ་ཁྱུང་ཕེབས་ཏེ་དྲག་པོའི་སྦྱིན་སྲེག་བླུགས། །
ཁྲི་བགེག་མི་དམིགས་སྟོང་བའི་དབྱིངས་སུ་བསྟིམས། །
འཇིགས་བྱེད་འཁྲུལ་འཁོར་སྒྲུབ་པ་ལོ་རེ་བཞིན། །
ཞག་བདུན་སྒྲུབ་སྲོལ་བཙུགས་པ་རྒྱུན་རིང་གནས། །
ཟླ་བ་གཅིག་ལ་བྱ་ཁྱུང་མཁན་ཁྲིར་བཞུགས། །
གསང་འཇིགས་གདུགས་དཀར་རྣམ་སྲས་ཆོས་རྒྱལ་དང་། །
ལྕམ་སྲིང་རྣམས་ཀྱི་དབང་སྐུར་རྗེས་གནང་སོགས། །
ཆོས་པ་ཆར་པ་ཆེན་པོ་སྡེ་དེར་བསྙིལ། །
འདི་ཙམ་གང་གི་དྲུང་ཡིག་མིང་འཛིན་པ། །
བློ་བཟང་རྒྱ་མཚོས་མཛད་པའི་རྗེ་འདི་ཡི། །
རྣམ་ཐར་ལས་བྱུང་བྱ་ཁྱུང་གདན་རབས་སུ། །
བཀོད་པ་ལས་བཏུས་གྲོགས་པོ་ཚེ་རིང་བུའི། །
ཆེད་དུ་ངལ་བར་མ་འཛེམས་ཚིག་བཅད་བསྒྲིགས། །
ནོར་བཅོས། ཆོས་པ་ཆར་བ། ཆོས་ཀྱི་ཆར་བ།
གཞན་ཡང་ཚེ་ཏན་ཚང་གི་བསྟན་རྩིས་སུ། །
བྲག་དཀར་སྔགས་རམས་པ་ཡིས་བྱ་ཁྱུང་གི །
ཁྲི་བགེག་བཏུལ་བའི་ལོ་ཞིག་གསལ་བོར་གསུངས། །
ཡིན་ཡང་མི་དྲན་བསྟན་རྩིས་ཞིབ་ཏུ་སྔོགས། །
མཁྱེན་ལྡན་སྐུ་ཞབས་དགུ་རོང་གྲུབ་ཆེན་གྱིས།།
ལོ་རྒྱུས་ཚིགས་བཅད་བསྡེབས་པའི་གཟུགས་རིས་འདི།།
ཡུན་འགྲོགས་བློས་ཐུབ་གྲོགས་ལ་ལེགས་སྐྱེས་ཟོལ།
མི་རིང་འབུལ་བར་རྡོ་རྗེ་གཡར་དམ་བྱས།།
མཐུ་ལ་བརྟེན་ནས་གཞན་སྡེ་བཅོམ་པ་དང་།།
གས་གཏོར་འབོམ་གྱིས་མི་སྡེ་བཅོམ་པ་གཉིས།།
ཕྱི་ཡི་མཐོང་ཚུལ་མི་འདྲ་ཙམ་ཅིག་ལས།།
དོན་ལ་མི་སྲོག་འཕྲོག་ཚུལ་གཅིག་པར་འདུག།།
དང་པོར་བསྟན་ལ་ཞུགས་པའི་ཁས་ཅིག་བླངས།།
བར་ལ་སྔགས་ནག་བསགས་ནས་མཚོན་ཅིག་བསྒྲུབས།།
ཐ་མར་མཐུ་གཏད་བཏང་ནས་མི་ཞིག་བསད།།
སྔགས་རྒན་རལ་བ་ཅན་རྣམས་དམྱལ་བར་རྒྱུགས།།
མི་ཡང་དགེ་སྐྱོན་གཉིས་འཇུག་ཏེ
མཁའ་ལ་ཟླ་བ་ཤར་བ་བཞིན
གསལ་བའི་དུས་དང་མུན་པའི་སྐབས
འཕེལ་བའི་ཚེ་དང་འགྲིབ་བའི་དུས
རྒྱུ་སྐར་ནུབ་ནས་འཇིག་རྟེན་མུན་སོང་ངམ
ཟླ་བ་ཤར་ནས་ཐམས་ཅད་གསལ་མ་སོང
དེ་བཞིན་མི་ཡི་སེང་གེས་དྲངས་མ་འཏུབ
སྔགས་ནག་རྣམས་ཀྱིས་གསོད་ཀྱང་མི་ཐུབ་པར
རང་གི་རྟོག་པས་རང་ཉིད་འཇོམས་པ་ཡིན
དེ་བས་རང་ལ་རྟག་པར་གཅེས་བ་མཛོད
ནང་གི་གྲུབ་པའི་གོ་འཕང་ཐོབ་པའི་རྟགས༎
འདི་དང་འདི་ཞེས་སྨྲ་བ་མི་སྤོབས་ཀྱང༌༎
སྨྲ་བ་ངག་ལ་སྙན་པའི་ཚིག་སྦྱོར་དང༌༎
ཟབ་རྒྱས་དོན་མཁཡེན་རྩལ་འགྲན་མེད་རེད༎
ཁ་རྒྱག་ཚིག་རྒྱག་འགའ་རེ་འབྲི་བ་དང༌༎
དོན་མེད་དགོས་མེད་རེ་གཉིས་བཤད་པའི་རྗེས༎
རྩོམ་པ་པོ་དང་མཁས་པའི་མིང་འཛིན་མཁན༎
ཕལ་བའི་སྐཡེ་བོ་དག་གི་དོ་ཟླ་མིན༎
རིག་པའི་གྲོགས་པོ་དགུ་རོང་གྲུབ་ཆེན་དང༌༎
དོན་དང་རྩེད་མཚར་འདྲེས་པའི་དྲ་གཏམ་འགའ༎
བཤད་པའི་དུས་ཚོད་ཅུང་ཟད་རྙེད་གྱུར་ན༎
སེམས་ཀྱི་ངལ་གཟོ་ཅུང་ཟད་ཐོབ་པ་ངེས༎
གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་སྔ་ནས། །
སྣང་བ་དཔེ་རུ་ཤར་ན་གདམས་ངག་མང་། །
ནགས་ཀླུང་སྟུག་པོའི་དོ་རྭར་ཤིང་ལོ་མོད། །
ལོས་ཡིན་སྣང་སྲིད་ཚིག་གི་ཕྲེང་བར་ཤར། །
མཆན་འབྲི་དུས་ཚིག་བཅད་རྐྱང་རྐྱང་འབྲི་མཁན་ཞིག་ད་བར་དགུ་རོང་བ་ལས་མ་བྱུང་བ་འདྲ། ཡིན་ན་ཡང་མཆན་འདེབ་དུས་ཚིག་ལྷུག་ཏུ་བྲིས་ན་ལེགས། རྒྱུ་མཚན་ནི་དྲ་ངོས་འདི་ནི་གླིང་གེ་སར་གྱི་སྒྲུང་དེབ་ཅིག་མིན་པས་སོ།།
ཚིག་ལྷུག་འབྲི་ཤེས་གི་མེད་པ་མིན་འགྲོ སྔོན་མ་ང་འབྲིང་རིམ་སློབ་གྲྭ་ཐོན་སྐབས་ཚིག་བཅད་ཆག་གེ་ཆོག་གེ་རེ་འབྲི་ཤེས་ན་ཡང་། ཚིག་ལྷུག་འབྲི་རྒྱུར་བྲིས་བསུབས་མང་པོ་ཞིག་བྱེད་དགོས་གི འབྲི་རྩལ་མ་རྫོགས་སྔོན་སྙན་ངག་སློབ་ཁྲིད་བྱས་ཕྱིན་པ་ཡིན་ན་དེ་འདྲ་རེད། ང་ཚོར་གཏམ་དཔེ་ཅིག་ཡོད་པ། དགེ་བཤེས་ཁ་བདེ་བོ་ལག་ལ་སྨྱུག་གུ་བཞག་ན་ཤེས་ཟེར་བ་འདྲ་བོ་ཅིག་ཡོད་པ་མ་རེད་དམ། ཡིན་ན་གྲུབ་ཐོབ་འདི་ཚང་དེ་འདྲ་ཡིན་མིན་མི་ཤེས།
ཨོ་ལེ། མི་སུམ་ཅུར་བསམ་པ་སུམ་ཅུ། མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ་ཟེར་ནོ་བདེན་ཀ
མགོན་པོ་ཕྱག་གཉིས་ཟེར་བ་འདིས་གྲ་བ་དང་དགེ་བཤེས་རིག་མི་ཉན་པར་བལྟས་ན བླ་གསང་བོ་ཁྱོད་ཡང་རིག་གསར་སྐབས་ཀྱི་དཔུང་རྟགས་དམར་བོ་ཅན་ཞིག་མིན་ན།
མགོན་པོ་ཕྱག་གཉིས་ཟེར་བ་འདིས་གྲ་བ་དང་དགེ་བཤེས་རིག་མི་ཉན་པར་འལྟས་ན་འདི་བ་ཚང་ཡང་རིག་གསར་སྐབས་ཀྱི་དཔུང་རྟགས་དམར་པོ་ཅན་ཞིག་མིན་ན།
ཨ་ཀི་ཀླུ་སྨྱོན། ཕྲན་ལ་སྡེར་གཤོང་ནས་འདོགས་ཅན་བ་ཟུར་སྦྱོར་སྟངས་ཤིག་མི་སློབ་ལ།
དགུ་རོང་གྲུབ་ཆེན་ལགས། བྲག་དཀར་སྔགས་རམས་པ་བློ་བཟང་བསྟན་པ་རབ་རྒྱས་ཀྱི་རྣར་པར་ཐར་བ་ཁྱེད་རང་གིས་གོང་དུ་རགས་ཙམ་བརྗོད་པ་དེ་ལྟར་རེད། བྲག་དཀར་སྔགས་རམས་པ་ཆེན་པོས་མཛད་པའི་བསྟན་བཅོས་ལ་བསྡོམས་པའི་པོད་གསུམ་བཞུགས་པར་གྲགས། པོད་གསུམ་དེ་ད་ལྟ་ཨ་ལགས་ཁ་སོ་ཚང་གི་ནང་ཆེན་དུ་ཆ་ཚང་ཤིང་པར་ལ་བརྐོས་ཟིན་ཡོད་པ་ལས། ལྕགས་པར་དུ་བཏབ་མེད་པ་འདྲ། ད་དུང་ཁོང་གི་རྣམ་ཐར་ནི་རྫོང་ཆུང་ཚང་གིས་མཛད་པའི་༼༼རེབ་གོང་ཆོས་བྱུང་རྒྱས་བཤད་ཀུན་གསལ་བློ་གསལ་མགུལ་རྒྱན་གདན་ས་གསུམ་གྱི་བླ་མ་དམ་པ་རྣམས་ཀྱི་གདན་རབས་༽༽དང་། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད་པའི་༼༼ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་རྣམ་ཐར་གསང་གསུམ་སྣང་བའི་སྒྲོན་མེ་༽༽སོགས་སུའང་ཧ་ཅང་གསལ་ལོ།
ནོ་མོ་ཧན་དང་ནོམ་ཆི་མཁན་པོ་ཟེར་བ་བོད་མིར་ཅི་འདྲ་འདྲའི་མིང་དགོད་སྤྱད་ཡོད་ཟིག
ནོམ་ཆི་ཞེས་པ་སོག་པོའི་སྐད་རིགས་ཏེ། །
བོད་ཀྱི་སྐད་དུ་མཁས་པའམ་སློབ་དཔོན་ནོ། །
ནོ་མོན་ཧན་ནི་བླ་མའམ་དཔོན་པོར་འཇུག །
འདི་དག་བོད་ཀྱི་སྐད་དུ་བརྗོད་ན་ལེགས། །
ངའི་གྲོགས་པོ་ཀླུ་སྨྱོན་ལགས། འདིར་ས་རིབ་དུས་དེར་ཉི་མ་འཆར། དེར་ཉི་མ་ཤར་དུས་འདིར་ས་རིབ། ང་གཉིས་དྲ་སྟེགས་ཐོག་མཉམ་འཛོམས་ཤིག་ཡོང་གི་མི་འདུག ཁྱོད་ཀྱི་སྐུ་པར་ཁ་ཤས་གཏོང་རོགས་གྱིས། ཁ་པར་ཨང་གྲངས་དེ་ཡང་བཀོད་རོགས་གྱིས། དེ་སྔོན་ང་གཉིས་མཉམ་དུ་མ་ཇུ་ཊིག་ལར་བྲིས་པའི་སྙན་ངག་དེ། ངས་འཚོལ་ནས་དྲ་ཚིགས་ཐོག་ལ་དགོད་ཡོང༌། གཟིགས་རོགས་གྱིས། དུས་ཚོད་ཡོད་དུས་ང་གཉིས་ཞལ་པར་ཐོག་སྐད་ཆ་བཤད། གྲོགས་པོ་ལགས། དེང་སང་གྲོགས་པོ་ཕལ་ཆེ་བ་རང་འཁྲིས་ལས་ཀས་བྲེལ་ནས་ཐུག་འཔྲོད་དང་གླེང་མོ་ཞུ་ས་མི་འདུག བསོད་ནམས་ཡེ་ཤེས་ཨ་རི་ཨིན་ཌི་ཨ་ན་ལ་ཡོད་པ་རེད། ཁྱོད་ཀྱིས་མཁྱེན་ཡོད་ཤག དུས་ཚོད་ཡོད་དུས་དྲ་མཛོད་འདིར་འཇུག་པར་ཤིན་ཏུ་སྤྲོ་མོད། དྲ་གརོགས་ཚོ་ཁ་ཚ་ཐག་ཆད་ནས་སྐྲག་གི་འདུག གྲྭ་པ་གྲྭ་རྐྱང་གྲོགས་མེད་ཁེར་རྐྱང་ཡིན།
དགེ་འདུན་རབ་གསལ་ལ་གློག་འཕྲིན་གཏོང་བསམ་ཡང་ཁ་བྱང་བརླགས་སོང༌། དེ་སྔོན་དེ་སྔོན་ཨིན་ཌི་ཨ་ན་མཐོ་སློབ་ཀྱི་གློག་འཕྲིན་ཁ་བྱང་དེ་དུས་ཚོད་རྫོགས་སྟབས་ཁོང་ལ་ཡི་གེ་གཏོང་ཐུབ་མ་སོང༌། ཁ་རྩང་དྲ་མཛོད་ར྄ྒཡུད་ནས་ཡི་གེ་ཞིག་སླེབས་ཀྱང་དེའི་ཁ་བྱད་ཡང་རག་མ་བྱུང༌། …….རྗེས་ནས་ཞུ་ཆོག
སྨྱུག་གྲོགས་བེ་འཇིགས་ལགས། ངས་ཁ་སྔོན་ཉིད་ལ་ཡི་གེ་ཞིག་ཕུལ་ཏེ་གོང་ས་མཆོག་གི་ཕྱག་དེབ་རྡུལ་ཕྲན་གཅིག་ནང་གི་འཇིག་རྟེན་བོད་སྒྱུར་གསར་བ་ཞིག་ཉིད་ཀྱིས་ང་ལ་གཏོང་ཐུབ་དང་མི་ཐུབ་ཀྱི་སྐད་ཆ་དྲིས་པ་ཡིན་ཡང་དེ་ལ་ལན་གང་ཡང་གནང་མ་སོང་། ཨོ། མན་ཇུ་ཀྲི་ལ་ནས་ངེད་གཉིས་ཀྱིས་མཉམ་དུ་བྲིས་པའི་ཁ་རྩོམ་ཡིན་ནམ་ཞིག་ཡོད་བསམས་ཀྱང་ཚིག་འབྲུ་ཐམས་ཅད་རྒས་ནད་ཆར་ཆུས་བཀྲུས་ཟིན་པས་འདིར་ནག་ཐོམ་རེད། ཉིད་ལ་མ་ཕྱི་རེ་ཡོད་ན་དྲ་ངོས་སུ་དགོད་རོགས། དགོད་སྤྱད་རེ་ཡོང་ན་ཐང་། དྲ་ངོས་འདིར་ཡོང་རྒྱུར་སྟག་གི་སྙིང་དང་འབྲོང་གི་རྭ་ཅོ། དྲེད་མོང་གི་སྡེར་མོ་དང་སེང་གེའི་མཆེ་བ། འུག་པའི་མིག་སེར་དང་སྦྲུལ་གྱི་འཁྱུག་འགྲོས་ཤིག་མེད་ན་རང་སྲོག་འཆོར་རྒྱུ་ཉག་གཅིག་རེད། ཡིན་ན་ཡང་ཆུ་ངོགས་གཏམ་རྒྱུད་ནང་
གི་ཡུལ་སྐོར་དཔའ་བོ་ཞིག་ཏུ་བརྫུས་ནས་ཤོག་དང་ཅི་མི་སྐྱོན། འཆི་ས་བོད་པའི་དྲ་ངོས་དང་གསོད་མཁན་
བོད་པའི་དྲ་གྲོགས་ཤིག་ཡིན་ཚེ་ཕྱི་མར་ཕན་པའི་མ་ཎི་རེ་སྐྱོར་མཁན་ཡོད་སྲིད་པས། དེ་འདྲའི་ཐུགས་དོགས་གནང་མི་དགོས། གལ་སྲིད་དྲ་ངོས་འདིར་གྲོངས་པ་ཡིན་ན་བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་སྒོ་བརྒྱབ་སྟེ་ཉི་མ་གཅིག་ལ་མྱ་ངན་བྱེད་སྲིད་པས། འདི་ལ་སྐྱེས་པ་རླབས་ཆེ་ཞིང་ཤི་བ་གཟི་བརྗིད་ལྡན་མི་ཟེར་རམ། ཕེབས་རྐྱང་གྱིས། ཕེབས་རྐྱང་གྱིས།
གོང་གི་རྣམ་པ་གཉིས་ཀྱི་སེམས་གཏམ་ལ་ཉན་པས་ངོ་མའི་སེམས་ནས་སྨོན་པ་ཤོར་ཐལ། བླ་མ་དང་དགེ་བཤེས་ཟེར་བ་འདི་ཚོ་གཞན་ལ་བསྡུར་ཡ་མི་འདུག སེམས་བསྐྱེད་དང་བཟོད་སྒོམ་ལ་ཚོད་མི་འདུག ཁྱོད་གཉིས་བོད་མིའི་ནང་གི་དགའ་སེ་གྲངས་ཡིན་པས་དྲ་མཛོད་འདིར་ཡང་ཡང་ཕེབས་རོགས། སྐབས་རེར་ཁ་རྡུང་གིས་མཚོན་འཕེན་མཁན་འདྲ་བྱུང་ན་འཇམ་མཉེན་མེ་ཏོག་རེ་ལན་དུ་ཕྱིན་དང་ཅིག་འགྲིག་འགྲོ་གི་རེད། ཨོ་་་་་་་དེ་ནས་ཨ་ལགས་ཀླུ་སྨྱོན་ལ་ཞུ་ཡ་ཅིག་ལ། ཁ་ཉིན་ཁྱོད་ཀྱིས་བོད་ནང་དུ་དེབ་འཇིགས་པོ་ཞིག་ཐོན་འདུག་དེར་བལྟ་མི་ཉན་ཟེར་ཐལ། དེ་ནས་ཅང་མ་འགོར་བར་ཁྱེད་ཀས་དེབ་དེའི་བདག་པོ་ལ་བསྟོད་ར་གཏོང་གིན་འདུག་ཟེར་བ་བདེན་པ་ཨེ་ཡིན། མ་གཞི་དེབ་དེའི་ནང་ག་རེ་བྲིས་འདུག་གམ།
སེང་རྡོར་གྱི་རྩོམ་དེབ་འཇིགས་པོ་རྟུལ་ཕོད་ཅེས་པ་དེའི་ནང་གི་རྩོམ་ཡིག་གང་མང་ཞིག་ཧི་གཟུགས་དྲ་ངོས་སུ་བཀོད་ཡོད་ཀི ང་རང་རྩོམ་པ་པོ་དེའི་ཆོས་ལུགས་ཐད་ཀྱི་ལྟ་བ་དང་མདུང་རྩེ་ཁ་གཏད་ཡིན། འོན་ཀྱང་ཁོའི་རྩོམ་སྟངས་དང་ངག་སྒོ་ཡངས་ཀི ང་དེ་ལ་ཡིད་སྨོན་ཏོག་ཙམ་ཤོར་སོང་། ངས་མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་ཡིན་ནམ་ཞིག་ཏུ་མཁས་དབང་པད་མ་འབུམ་ལགས་ནས། མི་ཞིག་གི་སྐྱོན་གཅིག་གིས་མི་དེའི་ཡོན་ཏན་ཚང་མ་འགེབ་རྩིས་བྱེད་པ་ནི་བོད་ཀྱི་རྙིང་ཞེན་པ་སྐོར་ཞིག་དང་དམར་ཕྱོགས་པ་ཚོའི་ཁྱད་ཆོས་ཤིག་རེད་གསུངས་མྱོང་བ་ཞིག་དྲན་གི་འདུག ངས་སེང་རྡོར་གྱིས་ནང་ཆོས་དང་དེའི་ནང་ཆོས་ཀྱི་སྟོན་པ་ལ་ཚིག་འཇིགས་པོ་ཁ་ཤས་བརྗོད་པ་ལ་བརྟེན་ནས་ཁོའི་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་ཆུང་ཆུང་དེ་ལས་བྱུང་བའི་ཚིག་བཅད་རྩོམ་ཡིག་སྙན་པོ་དེ་ཚོ་ནག་གསུབ་གཏོང་ན་མི་འདོད་ཀི འདི་ངའི་ཞན་ཆ་ཞིག་ཡིན་ན་ཐང་། ཡིན་ན་ཡང་ང་དེ་ལ་འགྱོད་པ་ཅི་ཡང་མེད།
ཚིག་ལྷག
ནང་ཆོས་དང་དེའི་ནང་ཆོས་ཀྱི་སྟོན་པ་་། ནང་ཆོས་དང་ནང་ཆོས་ཀྱི་སྟོན་པ་་་
±P-¤Å-zƒÛÅ-mô-Ÿï-hiG-»G-GÛü ¤Þ-¤fÞh-mÅ-ÁÛ-¼ï-z‚ôÅhP-ü GIâz-ºzƒÅ-»ôh-;ˆÛ-¼ïh-ü ¾Î¿ËG-q¼-hÝ-Í-¾GÅ-;>Àâ-ÅÎǨ«ôm-hP-zï-¼Û-hGï-¼Î©ªôm-GZÛÅ-;ˆÛÅ-ÁÝGÅ-¼ÎLMôzü hï-¤-GbôGÅ-DEôh-GZÛÅ-h-zôh-;ˆÛ-¼Î¯ô¤-¼ÛG-hi-fôG-mÅ-¼ÎLMãm-¼ÛP-zŸÝGÅ-fÞz-¼ÎLMã-¤-¼ïhü GP-GÛÅ-Ÿï-Åmü hïP-ÅP-ÅÎljm-PG-GÛ-¼Î½ÀÏP-¼Îd-VG-zŸÛm-qºÛ-ÅÎÇKP-¼ïhü fÞGÅ-¼ÎXï-Vïü
bÈÛÅ-!ÛÅ-!Ý-!ξ¾-^ï¼»-Gôôhü
གྲོགས་པོ་ཀླུ་སྨྱོན་ལགས། དེ་རིང་གཞུང་ལས་གྲོལ་བ་དང་མཉམ་དུ་ཤག་ཏུ་ཡོང་ནས་དྲ་རྒྱ་སྒོ་པྱེས་པ་ཡིན། ད་ལྟ་མ་གཏོགས་ཁ་ཉན་མ་བྱུང༌། ད་ལྟར་ཁྱོད་ཀྱིས་ལན་ཞིག་ཡོད་རྒྱུ་རེད་བསམས་ནས་ཀློག་པ་ཡིན། ལན་ཏག་ཏག་སླེབས་འདུག ཐུགས་རྗེ་ཆེ། <>དེ་ཉིད་རྩོམ་པ་པོ་ཕོ་སར་རྫིག་པོ་ཞིག་འདུག་པ་ཕྲན་སར་སླེབས་བྱུང༌། དེབ་དེ་གཟིགས་ཞིབ་ཅིག་གནང་རོགས་གསུངས་བྱུང༌། ངས་དགའ་བསུ་ཆེན་པོ་ཞུས་ནས་ཡིན་དང་ཡིན་ཞུས་པ་ཡིན། ངས་ཆ་ཚང་ལྟ་ལོང་མ་བྱུང་གོང་ལྷོ་ཕྱོགས་ལ་ཐེངས་གཅིག་འགྲོ་དགོས་བྱུང་བ་དང་། དེབ་དེ་གློག་བུར་དཔེ་སྐྲུན་གནང་འདུག ཕྲན་ཕྱིན་ཡོང་དུས་སྒོ་འབྱེད་ཀྱང་གནང་ཟིན་འདུག གོ་གསལ་ལྟར་ན་དེབ་དེའི་ནང་ཕྲན་ལའང་ཐུགས་རྗེ་ཆེ་ཞེས་བྲིས་འདུག་ཟེར། ཡིན་ནའང་དེབ་དེའི་པར་ཕུད་རག་མ་བྱུང་ལ། ཐ་ན་མཐོང་ཙམ་ཡང་རེད་མ་བྱུང༌། ཝཱ་ཎཱའི་དགེ་ཕྲུག་འགའ་ཞིག་གིས་ཁ་པར་ནང་དེ་ཕྱོགས་སུ་འཚོང་མཁན་སླེབས་བྱུང་ཟེར། ངས་རྗེས་ནས་ཨེ་རག་བལྟས་ནས་འབུལ་ལམ་ཞུ་ཆོག
མ་ཇུ་ཊིག་ལར་བྲིས་པའི་ང་གཉིས་ཀྱི་ཀ་རྩོམ་དེ་འདིར་བསྐུར་ཡོད། གཟིགས་རོགས་གྱིས། ཕྲན་གྱི་དྲ་འཛིན་དེའི་ཐོག་ནས་རྩོམ་ཡིག་འཇུག་ཐུབ་ཀྱི་མི་འདུག རྒྱུ་མཚན་ག་རེ་ཡིན་ཤེས་མ་བྱུང༌། གྲོགས་པོ་ལགས། དུས་ཚོད་ཁམ་དུས་ཞལ་པར་གནང་རོགས་གྱིས། ང་རང་དུས་ཚོད་ཡོད་དུས་ཞལ་པར་ཕུལ་ཆོག ཕྲན་དེ་སྔོན་འབྲས་སྤུངས་ལ་སྡོད་པའི་སྐབས་སྤར་ཁུག་ནང་སྒོར་རྡོག་གཅིག་ཀྱང་མེད་པར་ཟ་ཁང་སྒོ་འགྲམ་སྦོ་ཤོབ་འདྲ་བཤད་ནས་སྡོད་སྐབས་དང་དེང་སང་མི་འདྲ།
སྨྱོན་པ་གཉིས་ཀྱིས་བཞག་པའི་དྲན་རྟེན།
ལྡི་ལི་མན་ཇུག་ཏྲི་ལའི་གནས་བབ་དང་འབྲེལ་བའི་ཚོར་སྣང༌།
བེ་སྨྱོན།
ཀ་ཤི་མཛེས་དགའ་འདྲ་བའི་བུ་མོ་ཚོས།།
ཁ་དང་མིག་ལ་མཛེས་མཚོན་འདྲ་མིན་བྱུགས།།
ག་ས་ངེས་མེད་སྒེག་པའི་ལང་ཚོ་ངོམ།།
ང་ཡིན་ཁོ་ཡིན་སྙམ་པའི་མཛེས་མ་མང༌།།
ཀླུ་སྨྱོན།
ཅ་ཅོ་བོད་དབྱིན་ཧིན་འདྲེས་གླེང་མོལ་ཐོས།།
ཆ་ལུགས་ནུ་རྐུབ་དབྱིབས་མངོན་ཆས་གོས་མཐོང༌།།
ཇ་དང་ཆུ་མངར་ཚ་གྲང་སྣ་ཚོགས་མྱོང༌།།
ཉ་ཉོག་མི་ཚོགས་མན་ཇུ་ཏྲི་ལ་གནས།།
བེ་སྨྱོན།
ཏ་ཐཱ་ག་ཏའི་གྲྭ་ཆས་ལུས་ལ་གོན།།
ཐ་གྲུ་འགྲིམས་པའི་ལམ་ཡིག་ཞུ་མཁན་དང༌།།
ད་ལྟར་ཁྱི་བཞིན་འཁྱམས་ཉུལ་བྱེད་པ་ཡི།།
ན་གཞོན་ཉལ་ཐ་འཐེན་མཁན་ལས་མེད་མང༌།།
ཀླུ་སྨྱོན།
པ་སངས་གངས་ཁྲོད་བོད་མི་འཁྱམས་པོ་དང༌།།
ཕ་མཐའ་རྒྱང་རིང་ཕྱི་གླིང་མགོ་སེར་སོགས།།
བ་ལང་ལྷ་མཆོད་མུ་སྟེགས་ཧུནྡྷི་སོགས།།
མ་ལུས་མན་ཇུག་ཏྲི་ལར་མི་ཚེ་སྐྱེལ།།
བེ་སྨྱོན།
ཙ་གེ་ཙི་གེའི་ཉོ་ཚོང་བྱེད་མཁན་དང༌།།
ཚ་གེ་ཚི་གེའི་ནག་ཚོང་རྒྱག་མཁན་གཉིས།།
ཛ་རེ་ཛོ་རེའི་སྲིད་ཀྱི་སྙོག་གྲ་གསུམ།།
ཝ་ལེ་ཝོ་ལེ་བསྣོལ་པའི་ལྟད་མོ་མཐོང༌།།
ཀླུ་སྨྱོན།
ཞྭ་སེར་བསྟན་འཛིན་རི་བོ་དགེ་ལུགས་པ།།
ཟ་འཐུང་འདོད་ཡོན་ལམ་ཁྱེར་རྙིང་མ་པ།།
འ་འུར་རྒྱང་སྤངས་མཉམ་མེད་བཀའ་བརྒྱུད་པ།།
ཡ་ཀི་ལྷ་རིགས་འཁོན་གདུང་ས་སྐྱ་པ།།
ཞ་ཟ་འ་ཡ་བཞིན་དུ་གནས་འདིར་འདུས།།
བེ་སྨྱོན།
རྭ་ལྟར་འཁྱོག་པའི་ཕོ་གསར་འཁྱམས་པོ་དང༌།།
ལྭ་ཐུང་གོན་པའི་བུ་མོ་གཞང་འཚོང་གཉིས།།
ཤ་ཆང་བག་མེད་སྤྱོད་པའི་གྲྭ་གཟུགས་གསུམ།།
ས་གནས་འདི་ན་ཆུ་ནང་ཉ་བཞིན་མང༌།།
ཀླུ་སྨྱོན།
ཧ་ཅང་དོན་ལ་གནས་པའི་ཀ་རྩོམ་འདི།།
ཨ་མདོ་ཁམས་པའི་སྨྱོན་པ་ཟུང་གིས་བརྩམས།།
ཨ་མའི་བུ་ཆུང་ལང་ཤོར་ལག་པ་བཞི།
ཧ་ལས་གྱུར་ན་ཁྱོད་ཀྱིས་གཏུབས་རོགས་གྱིས།།
བེ་སྨྱོན།
ཨ་རེ་ཁམས་ཕྲུག་བེ་རི་སྨྱོན་པ་དང༌།
ཨ་མདོའི་ཨ་ལགས་ཀླུ་སྨྱོན་ཧེ་རུ༔ཀས།།
ཨ་མདོ་ཏྲི་ཏྲི་ཨ་མའི་ཟ་ཁང་ནང༌།།
ཨ་མཚར་ཚོར་སྣང་དྲན་རྟེན་ཆེད་དུ་བྲིས།།
༢༠༠༢་ ཟླ་བ་ ༦ ཚེས་ ༨ ཉིན་བེ་སྨྱོན་དང་ཀླུ་སྨྱོན་གཉིས་ཀྱིས་ལྡི་ལི་མན་ཇུག་ཏྲི་ལ་ཏྲི་ཏྲི་ཟ་ཁང་ནང་དུ་བྲིས།༢༠༠༥ལོར་༼གཉན་ཆེན་ཐང་ལྷ་༽ཐོག་བཀོད།
གྲོགས་བེ་འཇིགས་ལགས། ཐུགས་རྗེ་ཆེ། དེ་དུས་ངེད་གཉིས་ཀྲི་ཀྲི་ཚང་གི་ཤ་བཀྲག་ཡིན་ན་དེས་བརྒྱགས་ནས་ལག་པ་སྡོད་མ་ཚུགས་པར་གོང་གི་ཀ་རྩོམ་དེ་བྲིས་པ་འདྲ། དེ་ལ་བརྟེན་ནས་སོས་ཀའི་སྐྱ་རེངས་ཀྱི་མདངས་དང་ལྡན་པའི་ཆུ་བོ་ཡ་མུ་ནའི་འགྲམ་ངོགས་ཀྱི་བོད་པའི་གཞིས་སྒར་ཧོང་ཁོང་གཉིས་པ་དེའི་ཕྱི་ནང་གི་རྣམ་པ་ཅུང་ཟད་མཐོང་ཐུབ་ཀི་འདུག ཨོ་རེད། ད་ལྟ་ཁྱེད་རང་གི་སྦ་ཁུག་དེ་ཅུང་ཟད་རྒྱགས་པ་ཆགས་ཡོད་ཀྱི་རེད་ལ་ངའི་རུས་མགོ་སྐྱི་བཏུམས་ཀྱི་གཟུགས་པོ་འདི་ཡང་ཅུང་ཟད་སོར་ཆུད་འདུག གང་ལྟར་ཡུན་གྱིས་མཇལ་ཡོང་། གང་ལྟར་ང་ནི་དགེ་ཆོས་ཀྱིས། ལུས་རྒས་སེམས་མ་རྒས་པའི་ངང་ཚུལ་ལ་གཟིགས་དང་། །ཞེས་པའི་དཔེ་མཚོན་ཞིག་ཡིན་པས། སྐབས་རེར་ལག་པ་གཉིས་སྡོད་མ་ཚུགས་པར་འདྲ་མི་འདྲ་འབྲི་ཐལ་ཤོར་འགྲོ་བ་དང་། སྐབས་རེར་འཆི་བདག་གཤིན་རྗེ་ཟེར་བའི་རྭ་མགོ་ཅན་དེ་རང་གི་འཁྲིས་སུ་ཉིན་མཚན་མེད་པར་བསྡད་ཡོད་པའི་འཇིགས་སྣང་ཞིག་གིས་བསྐུལ་ནས་ལག་མི་དལ་ཕྲེང་བ་བགྲང་ཤོར། ཁ་མི་དལ་མ་ཎི་འདོན་ཤོར་རེད་ལགས། ཉིད་ཀྱིས་ཀྱང་གཞུང་ཆེན་བཀའ་པོད་ལྔའི་གསན་སྦྱོང་མཐར་ཕྱིན་པས་ད་ནི་བོད་མི་དམངས་སྤྱི་འཐུས་ཀྱི་ཐུགས་འགན་མ་རྫོགས་བར་དུ་དེ་ལྟར་བཞུགས་རྒྱུ་དང་། དེའི་རྗེས་ནས་རྒྱལ་བ་གོང་མས་སྐྱེ་བ་གཏན་གྱི་སྐྱིད་མགོ་ཚུགས་སའི་མི་མེད་དབེན་པའི་ནགས་ཁྲོད་ཅིག་ཏུ་གཤེགས་ཏེ་ཐོས་དོན་རྒྱུད་ལ་སྦྱོར་ཐུབ་པའི་སྨོན་ལམ་འདེབས། ང་ལྟ་བུ་ཡིན་ན་ཆོས་ཀྱི་སློབ་སྦྱོང་མེད་པས་ཉམས་ལེན་ཡག་པོ་ཞིག་བྱེད་ཤེས་ཀྱི་མི་འདུག ནམ་རྒྱུན་ཁ་མུག་མུག ལག་འདར་འདར། མིག་ཟུམ་ཟུམ་རེ་བྱེད་བཞིན་ཡོད་ཀྱང་དེ་གང་ཞིག་ལ་བསླེབས་ཡོད་མེད་ཅི་ཤེས། གང་ལྟར། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཞེས་པ་བཞིན་གནང་བར་ཅི་འཚལ།
གོང་ནས་སྐད་ཆ་འདྲི་མཁན་ཞིག་འདུག་པ་དེར། གྲྭ་ལྟ་བུ་གཏག་ན། དང་པོར་ག་གཏགས། དེ་ནས་དབྱིན་ཡིག་ཨེམ་དེ་གཏགས། དེ་ནས་ར་མགོ་མསྟེ་དབྱིན་ཡིག་ཨར་དེ་གཏགས། དེ་ནས་ཡང་སྐྱར་ཨེམ་དེ་གཏགས། དེ་ནས་ཝ་ཟུར་གྱི་དོད་དབྱིན་ཡིག་ཡུའུ་དེ་གཏག་དགོས། གང་ལྟར་མགོ་འདོགས་གཉིས་ཡོད་པའི་རིགས་ལ་ཨེམ་དེ་སྔ་ཕྱི་གནོན་དགོས་པ་ཐུགས་འཇགས་འཚལ།