འབྲོང་བུ་ཟླ་བ་ཚེ་རིང་།
ཉིན་འདི་གའི་རིང་ལ་ཝེཌིནམ་རྒྱལ་ཁབ་ཀྱི་ཐེག་ཆེན་ཆོས་པ་ Thich Nhat Hanh གྱིས་བརྩམས་པའི་ཤེས་རབ་སྙིང་པོའི་འགྲེལ་བ་ཞིག་ཀློག་བཞིན་ཡོད། ཀློག་གིན་ཀློག་གིན་ཡོང་དུས། ཁོ་བོས་སྟོང་པ་ཉིད་ཀྱི་ངོ་བོའི་ཐོག་ནས་སྐྱེས་སྐར་དང་ལོ་ཚོད་གྱི་སྐོར་ལ་ནང་པའི་རྒྱལ་ཁབ་ཁག་ན་ཡོད་པའི་ལུགས་སྲོལ་ཞིག་འགྲེལ་གྱིན་འདུག རང་རིགས་ལ་ཡང་འདི་དང་མཐུན་ས་ཞིག་ཡོད་མོད། རྒྱུ་མཚན་གང་གིས་ཕྱིར་ཡིན་པ་མ་ཤེས།
ཁོང་གིས་ཆོས་ཐམས་ཅད་རང་ཉིད་ཀྱི་ངོ་བོས་སྟོང་པ་རེད། དེ་བཞིན་སྐྱེ་འཆི་ཡང་གཅིག་པ་རེད། ང་ཚོ་རྒྱུ་མེད་ཅིག་ནས་སྐྱེ་རྒྱུ་ཡོད་པ་མ་རེད། ད་ལྟའི་ཆར་ང་ཚོས་ངོས་འཛིན་བྱེད་བཞིན་པའི་སྐྱེས་སྐར་འདི་ནི་དོན་དངོས་ཀྱི་སྐྱེས་སྐར་དེ་མིན་ཏེ་རྒྱུན་མཐུད་ཀྱི་ཉིན་མོ་ཞིག་རེད། སྐྱེས་སྐར་ལ་ངོས་འཛིན་བྱེད་བཞིན་པའི་ཉིན་མོ་འདིའི་ཡར་སྔོན་དུ་ཁྱེད་རང་ཡོད་པ་རེད་དམ་ལབ་ན་ཡོད་ཡོད་པ་རེད། ཁྱེད་རང་ཨ་མའི་མངལ་ན་ཡོད་པ་རེད། སྐྱེས་ཚེས་ལག་དེབ་ཏུ་བྲིས་པའི་ཚེས་གྲངས་དེ་ནས་ཟླ་དགུ་ཡར་ལ་དེད་པའི་ཉིན་དེ་ནི་ཁྱེད་ཀྱི་སྐྱེས་སྐར་དངོས་མ་དེ་རེད། འདིའི་རྐྱེན་གྱིས་རྒྱ་ནག་དང་ཝེཌིནམ་རྒྱལ་ཁབ་ཏུ་ཕྲུ་གུ་སྐྱེས་མ་ཐག་ལོ་གཅིག་ཡིན་པར་ངོས་འཛིན་བྱེད་པའི་ལུགས་སྲོལ་ཞིག་ཡོད། ཅེས་གསུངས་འདུག
གསུངས་སྟངས་འདིས་ང་རང་ཕ་ཡུལ་ལ་དྲངས་སོང་། ངའི་གཅེན་མོ་འབྲིང་བར་བོད་ཟླ་བཅུ་གཉིས་པའི་གནམ་གང་གི་ཕྱི་དྲོར་བུ་མོ་ཞིག་སྐྱེས་པ་དང། ཆུ་ཚོད་བརྒྱད་ལྷག་ཙམ་གྱི་རྗེས་ནས་བཙས་མ་ཐག་པའི་བུ་མོ་ཆུང་ཆུང་དེ་ལོ་གཉིས་ཡིན་པར་བརྩིས་པ་རེད། དེ་བཞིན་གཅན་ཚ་ཆ་ཚང་སློབ་ཆུང་གཉིས་པ་དང་མི་རིགས་སློབ་འབྲིང་ལ་ཐོ་འགོད་བྱེད་དུས་ཀྱང་ང་ལ་བོད་རྩིས་ཀྱི་ལོ་དང་རྒྱ་རྩིས་ཀྱི་ལོ་ག་ཚོད་ཡིན་མིན་དྲིས་མྱོང། བརྩི་སྟངས་འདི་ཁོང་གིས་གསུངས་བ་བཞིན་ཐེག་ཆེན་ཆོས་ལུགས་ཀྱི་ལྟ་བར་གཞི་བཅོལ་བ་ཞིག་རེད་དམ། ཡང་ན། རང་རེའི་ཐུན་མིན་གྱི་ལུགས་སྲོལ་ཞིག་རེད་དམ། མཁྱེན་དཔྱོད་ཡངས་ཤིང་རིག་པའི་གནས་ལ་མཁས་པའི་དྲ་གྲོགས་རྣམ་པས་དོགས་སློང་འདི་སེལ་བའི་རེ་བ་སྙིང་དབུས་ནས་ཞུ།
ངས་ཐིག་ན་ཧན་གྱི་ཨམ་ཕྲག་ནང་གི་ཆུ་རྡོ་ཞེས་པ་དེ་ཁ་སང་བཀླགས་ཚར་བ་ཡིན་ལ་སང་ཉིན་ནས་བཟུང་སྟེ་ཁོང་གི་ZEN KEYSཞེས་པ་དེ་ཀློག་རྩིས་ཡིན། ཁོང་གི་དབྱིན་དེབ་ཁག་ནི་ངའི་ལྟ་འདོད་ཆེ་བའི་དེབ་ཁག་ཅིག་ཡིན་པ་སྟེ་ཁོང་གི་དེབ་དེ་དག་ཁ་གསལ་གོ་བདེ་ཞིང་ངའི་དབྱིན་ཡིག་གི་ཤེས་ཚད་ཧ་ཅང་སྐྱོ་བས་སོ།།
I think both of you don’t know what to do in the West, You can not understand the Dharma in Tibetan, right???? If you want to experience the taste of Dharma, just read Tibetan books. They give you what you want. Actually, i know that both of you don’t know dharma but always try to teach it to others. Its shameful.
སྐྱེས་སྐར་ནི་ཨ་མའི་ཁོག་ནས་ག་དུས་བཏོན་པའི་ཉིན་མ་དེར་ཟེར་གྱིན་ཡོད་པ་རེད
དེ་ནས་བརྩིས་པའི་ཟླ་དགུའི་སྔོན་རེད་ཟེར་ན་དེའང་སྐྱེས་སྐར་མ་རེད
ཁོང་གི་ལུགས་ལྟར་ན་སྐྱེས་སྐར་ནི་སྐྱེ་བ་ཐོག་མ་ལ་འཇོག་གིན་འདུག
དེ་འདྲ་ཞིག་ག་བ་ཡོད་རེད
སྐྱེས་སྐར་ནི་ཨ་མའི་ཁོག་ནས་ག་དུས་བཏོན་པའི་ཉིན་མ་དེར་ཟེར་གྱིན་ཡོད་པ་རེད
དེ་ནས་བརྩིས་པའི་ཟླ་དགུའི་སྔོན་རེད་ཟེར་ན་དེའང་སྐྱེས་སྐར་མ་རེད
ཁོང་གི་ལུགས་ལྟར་ན་སྐྱེས་སྐར་ནི་སྐྱེ་བ་ཐོག་མ་ལ་འཇོག་གིན་འདུག
དེ་འདྲ་ཞིག་ག་བ་ཡོད་རེད
ཕྲུ་གུ་ཐོག་མར་ཨ་མའི་མངལ་དུ་ཆགས་པ་དང་། དེ་ནས་ཟླ་དགུ་ཞག་བཅུ་ལོན་རྗེས་ཨ་མའི་མངལ་སྒོ་ནས་ཕྱིར་དོན་པ་ན་སྐྱེས་པ་རེད། དེར་བརྟེན་ཆགས་ཚེས་དང་སྐྱེས་ཚེས་ལོགས་སུ་དབྱེ་དགོས། ཆགས་ཚེས་ལ་སྐྱེས་ཚེས་སུ་ངོས་འཛིན་བྱེད་མི་རུང་།
ཐིག་ན་ཧན་གྱི་ཆོས་བཤད་ནི་ཧ་ཅང་གོ་བདེ་བ་གསལ་བོ། ཉིན་རེའི་འཚོ་བའི་ནང་མཁོ་བ་རྐྱང་ཡིན་པས་ཁོང་གི་ཆོས་བཤད་སྒྲ་ཐག་ཉན་ན་དབྱིན་ཇིའི་སྐད་ཡིག་དང་ནང་ཆོས་གཉིས་ཀར་གོ་གཉིས་ཆོད་ལྟ་བུ་རེད།
མིང་། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
སྐྱེས་ལོ་ཟླ་ཚེས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཕ་མིང་། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
མ་མིང་། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
རྒྱལ་ཁབ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
དགོས་ཡ་འདི་ཚོ་ལས། རྣམ་རྟོག་རྗེས་སུ་འབྲངས་ན་དུས་ཚོད་འཕྲོ་བརླག་མ་རེད་པེ།
གཅིག་ཆད་འདུག
སྐྱེས་ཡུལ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ངས་ནམ་རྒྱུན་དུ་ཀུ་རེ་དང་བསྒྲགས་ནས་རོགས་པ་ཁ་ཤས་ལ་བོད་པ་འདི་ཚོ་སྤྱང་བོ་རེད། ལོ་བརྩི་སྟངས་འདི་མ་ཁོག་ནས་བཟུང་བརྩིས་འདུག་ཞེས་བཤད་མྱོང་ཡོད། དེ་རིང་གྲོགས་པོ་ཁྱེད་ཀྱི་སྐྱེས་ཚེས་དང་སྐྱེ་སྐར་ཟེར་ནས་གླེང་འོང་དུས། སྐྱེ་སྐར་ནས་ང་ཚོ་འཇིག་རྟེན་ལ་ཐོག་མར་མའི་མངལ་ལས་ཐོན་ཉིན་དེ་ལ་ངོས་བཟུང་ན་འགྲིག་པར་འདོད། མི་ལུས་ལེན་ཚུལ་ནས་བཤད་ན། མའི་མངལ་དུ་འཁོར་ཉིན་ནས་བརྩི་བ་འམ། ཡང་ན། ཞག་ཞེ་དགུའི་རྗེས་ནས་བཟུང་བརྩིས་ན་འགྲིག་པར་འདོད།
ཚེ་རིང་རྡོ་རྗེ་འབུམ་དུ་འབོད་པའི་དྲ་གྲོགས་ལགས། ཁྱེད་ཀྱིས་བཀོད་པའི་མཆན་གྱི་ནང་ན་ང་ལ་ལེན་རྒྱུ་ཞིག་མི་འདུག གང་ལྟར་ཁྱེད་ཀྱིས་དབྱིན་ཡིག་བྲིས་པར་སེམས་པ་ཅུང་སྐྱོ་སོང།
དྲ་གྲོགས་གཞན་རྣམས་ཀྱིས་ཀྱང་རང་རང་གི་དགའ་ཕྱོགས་དང་འདོད་ཕྱོགས་གླེང་འདུག་མོད། ང་ལ་དགོས་པའི་ལན་དེ་གསུངས་མི་འདུག ངས་འཚོལ་འདོད་པ་ནི་རང་རེའི་བོད་ན་བཙས་མ་ཐག་ནས་བྱིས་པ་དེ་ལོ་ཚོད་གཅིག་ཡིན་པར་ངོས་འཛིན་བྱེད་པའི་ལུགས་སྲོལ་ཞིག་འདུག་པ་འདི་ཅི་ཞིག་གིས་རྐྱེན་གྱིས་ཡིན་མིན་འདི་ཡིན། མཁྱེན་མཁན་ཡོད་ན་གསུང་རྐྱང་གནང་རོགས།
མདང་དགོང་བོད་མི་འདུ་འཛོམས་བྱེད་ས་ཞིག་ཏུ་ཕྱིན། སྐབས་ཤིག་བོད་མིའི་བྱིས་པ་ཚོའི་སྐྱེས་སྐར་དང་ལོ་བརྩི་ཚུལ་སྐོར་ལ་ཁ་བརྡ་བྱས་བྱུང་། གཙང་གི་ས་ཁུལ་འགར་བྱིས་པ་སྐྱེས་ཚེ་ལོ་གསར་ནས་ལོ་མི་བརྩི་བར་དགའ་ལྡན་ལྔ་མཆོད་ནས་ལོ་བརྩི་གི་རེད་ཟེར། དེ་ཡང་དགའ་ལྡན་ལྔ་མཆོད་སྔོན་ལ་སྐྱེས་པ་ཞིག་ཡིན་ཚེ་དགའ་ལྡན་ལྔ་མཆོདབར་དུ་ལོ་གཅིག་དང་་དགའ་ལྡན་ལྔ་མཆོད་ནས་བརྩིས་ལོ་གཉིས་ལ་བརྩི་གི་ཡོད་པ་རེད་འདུག ངས་ཀུ་རེའི་ཚུལ་དུ་མཚམས་རེར་བོད་པའི་ལོ་ཐོ་ནང་དགའ་ལྡན་ལྔ་མཆོད་ཚེས་ཆད་ཡོང་གི་འདུག ད་ག་འདྲ་སེ་ལོ་བརྩི་དགོས་ཀི་རེད་ཅེས་ངག་ནས་ཤོར་བྱུང་།
ཁྱེད་ཚོས་ཐིག་ན་ཧན་གྱིས་དེབ་གཅིག་པུ་ཀློག་ནས་མ་བཞུགས་པར། ཁོང་་ཨ་རིར་ཕེབས་དུས་མཇལ་བར་ཕེབས་དང་། བླ་མ་འདིའི་ཁྲིས་ལ་སླེབས་དུས། ལུས་སེམས་གཉིས་ཀར་བདེ་བའི་འཚོར་སྣང་ཉག་གཅིག་ལེར་ཤར་བཞིན་འདུག ངོ་མ་སངས་རྒྱས་སྔོན་པ་བཞུགས་དུས་འདི་འདྲ་ཡོད་པ་རེད་ཨང་སྙམས་པའི་འདུ་ཤེས་བསླེབས།
ང་རང་ཞི་གནས་སྒོམ་པར་ཤིན་དུ་དགའ། ལྷག་དོན་ཕྱག་ཆེན་ནང་གསུངས་པའི་ཞི་གནས་སྒོམ་སྟངས་དེ་ཚོ་ཤིན་དུ་ནུས་པ་ཆེ། ཡིན་ནའང་། ལེ་ལོའི་དབང་གིས་སྒོམ་ཐུན་ཐུང་ལ་ཐུན་མཚམས་དྲན་པའི་སྟོབས་ཤིན་དུ་ཆུང་། བླ་མ་འདི་མཇལ་སྐབས། དྲན་པ་ལྷང་ངེར་ཤར་ཡོང་བའི་ཉམས་སླེབས།
ཁྱེད་རྣམ་པས་ཚོད་ལྟ་ཞིག་བྱོས་དང་།