བོད་ཀྱི་ཆེད་དུ་ལངས་མཁན་ཚོགས་པ་དང་གློག་བརྙན་སྒྲིག་སྦྱོར་བ་སྦྲ་ནག་ཚང་གིས་འབད་བརྩོན་འོག་༼བཙན་བྱོལ་བོད་མིའི་སྐྱིད་སྡུག་དང་ངའི་མི་ཚེ།༽ཞེས་པའི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་བཅའ་འདྲི་བྱས་པའི་དངོས་ཡོད་གློག་བརྙན་ཞིག་ཐོན་ཡོད་འདུག གློག་བརྙན་དེའི་ནང་དུ་འདས་པའི་བཙན་བྱོལ་བོད་མིའི་གནས་སྟངས་དང་འཕེལ་རིམ་ལ་ནང་།བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལ་མངའ་བའི་ཆབ་སྲིད་ཐད་ཀྱི་གཟིགས་རྒྱང་དང་འཇོན་ནུས།ཕྱག་ལས་གནང་བའི་ཉམས་མྱོང་སོགས་གསལ་འདོན་བྱས་ཡོད་འདུག ཤེས་གསལ་ལྟར་ན་གློག་བརྙན་དེ་ནི་ཟླ་༡༢་ཚེས་༡༨ཉིན་ཁ་ན་དྲིའི་Parkdale ས་གནས་སུ་སྟོན་འཆར་ཡོད་འདུག
འབྲེལ་ཐག་འདི་བརྒྱུད་ནས་གློག་བརྙན་འདིའི་ཚན་པ་གཅིག་གཟིགས་ཐུབ།
ཁ་སྔོན་ནས་བློ་བཟང་སེང་གེའི་ཁ་ནང་ལ་བཞག་ཚར་བའི་འོས་རྐང་གཅིག་དེ་ཚུར་འཕྲོག་ནས་བཀྲས་མཐོང་ལ་སྟེར་གི་ཡིན།
དགོངས་དག་བློ་སེང་གེ། ངའི་སེམས་པ་ལ་འགྱུར་བ་ཐེབས་སོང་།
ང་ཡང་ད་ལོའི་བཀའ་ཁྲི་དེ་མི་རབས་གསར་བ་གཞོན་སྐྱེས་ཤིག་དགོས་ཀྱི་འདུག་ཞེས་འུར་སྒྲོག་མཁན་གྱི་གྲས་ཤིག་ཡིན། དེ་མ་ཟད་གང་ཟག་གཞན་དང་སློབ་མ་ཁག་ལ་འབོད་སྐུལ་བྱ་མཁན་ཞིག་ཀྱང་ཡིན། དེ་རྗེས་དྲ་ལམ་ཁག་ཏུ་མཁས་དབང་བློ་སེང་ལགས་ལ་རྒྱབ་སྐྱོར་བྱ་མཁན་དང་་དགག་བྱ་བྱེད་མཁན་མང་བོ་གྲོག་ཚང་བརྡོལ་བ་ལྟར་རིམ་བཞིན་ཐོན་སོང་། དེར་བརྟེན་ངས་མཁས་དབང་བློ་སེང་གི་སྐོར་ལ་ཞིབ་འཇུག་ཕྲན་བུ་ཞིག་བྱས་པ་ཡིན། ཁོང་རང་མི་འུར་ཤོབ་ཚ་བོ་དང་ལྡི་ལི་ཆོས་བཞི་སྒང་དྲུག་དང་འབྲེལ་བ་ཡོད་མཁན་ཞིག་རེད་འདུག
ལྡི་ལི་ཆོས་བཞི་སྒང་དྲུག་གི་གཙོ་བོ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་ལགས་རེད།
རྒྱུ་མཚན་དུ་མ་ཞིག་བརྟེན་ཏེ་ངའི་རིན་བྲལ་གྱི་འོས་ཤོག་དེ་ད་མཁས་བློ་བཟང་སེང་གེ་ལ་བླུགས་ཀྱི་མིན།
ལས་བྱེད་བཀྲས་མཐོང་བསྟན་རྣམ་མཆོག་ནི། སྐུ་དྲག་ཁྱིམ་ཚང་དུ་འཁྲུངས་པ་དང་། སྒོར་འབུམ་ལྐོག་ཟས་བྱས་པ་སོགས་ནི། མི་དཀར་པོར་ཞྭ་ནག་པོ་གཡོག་པ་དང་སྒྲོ་བཏགས་འབའ་ཞིག་ཡིན་ས་རེད། ཁོང་གི་ལོ་བཅུ་ནས་ད་ལྟའི་བར་གྱི་བྱས་རྗེས་ཚང་མ་བྱས་ཡོད་མ་རེད་ཅེས། བཀུར་འདེབས་བྱས་ན་ཤིན་ཏུ་ནས་འོས་པའི་གནས་སུ་མ་མཐོང་། འོན་ཀྱང་ད་དུང་དཔྱོད་ཅིག དབང་ཆ་ཨ་ཕར་ཡོད་ན་ཡང་། རྩམ་ཁུག་ཨ་མར་ཡོད་པ་ནང་བཞིན་རེད།
ད་ཡང་བློ་བཀྲས་གཉིས་ཀྱི་དབར་ལ་ལས་འགུལ་དེ་ཤུགས་ཆེ་རུ་ཕྱིན་སོང་། བཀྲས་མཐོང་གིས་འདིར་མེ་སྒྱོག་ཚ་བོ་ཞིག་བརྒྱབ་འདུག ད་སང་ཉིན་བློ་སེང་གིས་དེའི་ཁ་གཏད་ལ་འཕུར་རྡེལ་ཞིག་རྒྱག་རྒྱུ་ཨེ་ཡོད།
ང་རང་གཟུར་གནས་པ་ཞིག་ཡིན་པས་འདིར་འོས་མི་གཉིས་ཀར་འདྲི་བ་གསུམ་ཡོད། སུས་དེ་ལ་ལན་གནད་འཁེལ་བ་རྒྱབ་ན་དེ་ལ་རྒྱབ་སྐྱོར་བྱེད་པའི་སྐུལ་མ་ཤུགས་ཆེ་སྤེལ་གྱི་ཡིན།
༡༽ བཀྲས་མཐོང་ལགས་ལ་བཀའ་བློན་ཁྲི་པ་བྱེད་པའི་གོ་སྐབས་ཕུལ་ཟིན་པ་རེད། བཀའ་བློན་གནང་པ་རེད། ད་སྔོན་སྒྲུབ་མ་ཐུབ་པའི་ལས་ཀ་གང་ཞིག་ད་དུང་སྒྲུབ་ཐུབ་པའི་ཐབས་གསར་པ་གང་ཡོད་དམ།
༢༽ བློ་སེང་ལ་ཞུ་རྒྱུར། ད་བར་བཀའ་ཁྲི་རིམ་བྱོན་རྣམས་ཀྱིས་སྒྲུབ་མ་ཐུབ་པའི་ལས་ཀ་གང་ཞིག་ཁྱེད་ཀྱིས་སྒྲུབ་ཐུབ་པའི་དཔང་པོ་གང་ཡོད། དཔེར་ན། རྒྱ་བོད་ཞི་མོལ་དེ་ད་བར་བཀའ་བློན་སུས་ཀྱང་ནུས་པ་ལྡན་པ་ཞིག་ལ་སྐྱལ་ཐུབ་མེད། ཁྱེད་ལ་འདི་སྒྲུབ་པའི་ནུས་པ་ཅི་ཡོད།
བློ་བཟང་སེང་གེ་ལགས་ཀྱི་རྒྱབ་སྐྱོར་བ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་ལགས་ངོ་མི་ཤེས་ཧ་ལམ་ཡོད་ནི་མ་རེད་བསམ་ག། ཁོང་གི་གསུང་བཤད་ན་ནིངས་༼གྲོས་ཚོགས་སུ་མ་བསྟན་པའི་ཡིག་ཆ་༽ཞེས་པ་དེར་ཉན་ཞིབ་སྐབས་ཀླན་ཀ་ག་ཚོད་བྲུང་མ་སོང་ངམ།
༣༽ཁྱེད་གཉིས་ཀྱིས་སྔར་མེད་པ་ལ་ཕྱིས་སུ་གསར་གཏོད་བྱ་རྒྱུའི་སྲིད་འཇུས་སོགས་ཀྱི་འཆར་གཞི་གསར་པ་གང་ཡོད་དམ།
དོན་གྲུབ་ཚེ་རིང་ལགས།
ཁྱེད་ལ་ངས་གཟུར་གནས་ཀྱི་ཐོག་ནས་གསལ་བཤད་ཚིག་གསུམ་ཞུས་ན། བློ་སེང་དང་འཇུ་ཆེན་གྱི་ཤོག་ཁག་གཉིས་འགལ་ཟླ་རེད། བློ་སེང་ཆུ་སྒང་གསར་པའི་ཁོངས་སུ་གཏོགས་ལ་འཇུ་ཆེན་གཙོ་བོ་ཆུ་སྒང་རྙིང་པའི་རྒྱབ་རྩ་རེད། དེ་བཞིན་བློ་སེང་ལི་ཐང་གི་ཤོག་ཁག་གཙོ་བོར་བྱས། གདན་ས་གསུམ་གྱི་མཁན་པོ་དགེ་བཤེས་རྣམས་ཀྱི་ཁོངས་སུ་གཏོགས་ལ་འཇུ་ཆེན་གྱི་རྒྱབ་རྩ་གཙོ་བོ་སྡེ་དགེ་དང་ནང་ཆེན་གྱི་ནང་ལ་ཡོད་པའི་རྙིང་མ་བཀའ་རྒྱུད་ཀྱི་བླ་མ་མཁན་པོ་རྣམས་གཙོ་བོ་རེད། འཇུ་ཆེན་ཆོས་ལུགས་ས་སྐྱ་ཡིན་རུང་། བདག་ཁྲི་རིན་པོ་ཆེ་སྔར་ནས་རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ཅི་སྒྲུབ་གནང་མཁན་ཡིན་སྟབས། འཇུ་ཆེན་ས་སྐྱ་སྒྲོལ་མ་ཕོ་བྲང་གི་འོག་ལ་འགྲོ་མཁན་མི་མ་རེད།
ད་དུང་། འཇུ་ཆེན་སྔོན་བོད་གཞུང་གི་བཀའ་འོག་ལ་མ་འདུ་བའི་གཞིས་ཆགས་སྟེ། སྦེལ་ཀོབ་ཁེམ་བཞི་པ་དང་སྦིར་སྡེ་དགེ་གཞིས་ཆགས། དེ་བཞིན་སྦིར་རྙིང་དགོན་གྱི་བླ་མ་རྐང་ཀྱོག་ཅན་དེ་ཚོའི་སློབ་སྟོན་པ་རེད། བོད་གཞུང་ལ་རྙོག་འདྲ་མང་པོ་བཟོས་འཚར་བ་རེད། བློ་སེང་ནི་བོད་གཞུང་གི་འོག་ལ་གནས་པའི་གཞིས་ཆགས་ནང་ལ་འཚར་ལོངས་བྱུང་བ་དང་། ཆུང་དུས་གཞོན་ནུའི་ཚོགས་པའི་ནང་ལ་ཞུགས་ནས་ཆོལ་གསུམ་དབྱེར་མེད་ཀྱི་བོད་མི་དམངས་ལ་ཞབས་འདེགས་ཞུ་རྒྱུའི་ཁས་ལེན་བྱས་ནས། བོད་གཞུང་དམངས་ལ་དཀའ་ངལ་ག་དུས་བྱུང་ཡང་གདོང་ལེན་བྱེད་མཁན་གྱི་མི་རེད།
ད་ཁོ་གཉིས་མཉམ་དུ་བསྲེད་ན་ཅུང་འཚམ་པོ་མེད་ལགས།
ཉེ་ཆར་ཁ་བརྡའི་དྲ་ཐོག་གི་འདྲ་འབུ་ཁག་གཅིག་གིས་ཁུངས་ལུངས་དང་རྒྱུ་མཚན་མེད་པར་མཁས་དབང་བློ་བཟང་སེང་གེ་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་མཁན་ཡོད་པ་་དེ་ཚོའི་གནས་ཚུལ་ཞིབ་ཕྲ་ཤེས་འདོད་ཡོད་ན་དེ་རིང་གི་ཨེ་ཤེ་རང་དབང་རླུང་འཕྲིན་ཁང་གི་གསར་འགྱུར་ལ་ཞིག་ཏུ་ཉོན།
མཁས་དབང་བློ་སེང་ལགས་དང་ བཀའ་ཟུར་བསྟན་རྣམ་ལགས་ཁོང་རྣམས་གཉིས་ཀ་ཤིན་དུ་ནས་འོས་ཤོས་དང་ཡག་ཤོས་རེད་བདའ་ བཙན་བྱོལ་བོད་རིགས་རྣམས་པས་སྤྱི་པའི་གལ་ཆེ་དོན་ཆེན་གྱི་ལས་དོན་འདི་ཐད་དོ་སྣང་དང་འགན་འཁུར་ཡག་པོ་གནང་བའི་རྟགས་ཚན་ཡིན་ལེ་རེད་ ངེད་རང་གི་བཀའ་ཁྲིའི་འོས་མི་དེའི་ལོར་རྒྱུས་དང་ ཉམས་མྱོང་ ཤེས་ཡོན་ ལྷག་བསམ་ ལྗོན་ཐང་སོགས་ཕྱོགས་ཡོངས་ཀྱི་ཐད་ཉམས་ཞིབ་རྒྱ་མི་ཆེ་བ་དང་རྒྱུན་མི་རིང་བ་ཞིག་བྱས་ཏེ་མཐའ་མའི་འོས་ཤོག་དེ་འགྱུར་བ་མེད་པ་སྔོན་འགྲོའི་འོས་མི་དེ་རང་ལ་འཕེན་རྒྱུ་ཡིན་ལེ་མ་ཏོག་ གཡས་ནས་མི་ཞིག་གི་གཅིག་བཤད་ན་དེའི་རྗེས་སུ་འགྲངས་བ་དང་ གཡོན་ནས་མི་ཞིག་གི་གཞན་ཞིག་བཤད་ན་དེའི་ཕྱོགས་སུ་འགྱུར་འགྲོ་ལེ་ སང་ཉིན་མི་ཞིག་ནས་སྐད་ཆ་མ་འདྲ་ལེ་ཞིག་གོ་ན་དེའི་ཕྱོགས་སུ་བློ་འགྱུར་ཆོག་ཆོག་དང་ གནང་ཉིན་སྐད་ཆ་གསར་པ་ཞིག་གོ་ན་ཡང་དེས་ཕྱོགས་སུ་བློ་འགྱུར་འགྲོ་ལེ་སོགས་རང་ཚུགས་མེད་པར་ ཨ་ཁུ་ཁྲོ་ཐུང་འདྲ་ལེ་དང་ རང་ལ་ཡིད་རྟན་མེད་པ་མགོ་བསླ་པོ་སྨད་ཚོང་མའི་ཀུབ་ནོང་བཞིན་བྱེད་དགོས་ལེ་དེ་གཞན་གྱི་ཆི་ཟེར་ཁོ་ནའི་རྗེས་སུ་འགྲངས་བསྡད་ལེ་ལས་རང་གི་མཐོང་རྒྱ་མཐོས་རྒྱ་དེ་ཙག་ཁྲ་སྒམ་ཆུང་ནང་གི་མཐོང་རྒྱ་མཐོས་རྒྱ་ཞིག་ལས་མེད་པའི་མངོན་རྟགས་ཞིག་ལྷག་ཆི་རེད་མི་བདའ་།
ཆབ་སྲིད་ཀྱི་དཀའ་གནད་ཀྱི་དུས་འདིར། ལས་འགུལ་འདི་རིགས་གང་མང་གནང་ན་ཧ་ཅང་ལེགས། བོད་མི་མང་པོ་ཞིག་གནས་ཚུལ་མ་ཤེས་པར་འོས་འཕེན་བཞིན་རེད། ངོ་མའི་གནས་ཚུལ་རྣམས་ཞིབ་ཏུ་ཤེས་རྟོགས་བྱུང་ན། མ་འོངས་བཀའ་བློན་གསར་པའི་འོས་དང་བོད་མིའི་སྐྱིད་སྡུག་དང་འབྲེལ་ནས་ཡོད་པས། གློག་འཕྲིན་འདི་འདྲ་གང་མང་བྱུང་དགོས་པ་དང་། དེ་ཡང་དུས་ཚོད་གནད་སྨིན་ལ་བཀོད་སྒྲིག་བྱས་པ་འདིས་བློ་སེང་ལགས་ཀྱི་འོས་ལ་འགྱུར་་ཞུག་་གཏང་ངེས་རེད།
ཤེས་རབ་ལགས་ཁྱེད་རང་གི་གསལ་བཤད་མང་པོ་གནང་པར་ཐུགས་རྗེ་ཆེ།
ཡིན་ནའི་བདག་མཁས་དབང་བློ་སེང་ལགས་ཀྱིས་ཁོང་རང་གཏམ་བཤད་ཉན་དུ་གང་སར་ཕྱིན་པ་ཡིན་ཁོ་ཆོས་བཞི་སྒང་དྲུག་གསར་པའི་དྲུང་ཆེ་བྱ་མྱོང་བའི་རྩ་བ་ནས་གསུང་གིན་མི་འདུག
དེར་མ་ཟད་ཁོང་རང་ངོ་སྤྲོད་དེབ་ལྗང་ཁུ་དེའི་ནང་ལའང་བཀོད་མི་འདུག
དེའི་རྒྱུ་མཚན་ཞིག་གསུང་རོགས་གནང།
ཤེས་རབ་ལགས་ཀྱི་གསུང་པ་དེར་རྒྱུ་ཚན་མཐོང་གི་འདུག་ངས་རྒྱབ་སྐྱོར་ཡོད་། བཀྲས་མཐོང་ལས་ལྷག་པ་བཀའ་ཟུར་བཀྲིས་དབང་འདུས་ལ་ཡོད་པ་རེད་། ཅིག་སྟོང་དགུ་རྒྱ་བདུན་ཅུ་བདུན་གྲངས་ནས་་་་་2010བར་ལྷག་བསམ་རྣམ་དག་གི་བོད་གཞུང་གི་ཞབས་ཕྱི་ཞུས་ཡོད་པ་རེད་། བཀྲས་མཐོང་ལགས་ཀྱི་བོད་གཞུང་དང་རང་དོན་བྱས་ན་རང་དོན་འདམས་པ་རེད། ་ཁོ་རང་བཀའ་ཁྲིའི་ལས་ཡུན་མ་རྫོགས་པར་སྒེར་གི་དཀའ་ངལ་ཡོད་རབས་བཤད་ནས་ཕྱིན་པ་རེད་། དེ་དུས་བོད་གཞུང་དང་བོད་མི་དམངས་ལ་བསམ་བློ་གཏང་ཡོད་པ་མ་རེད་། བཀྲས་མཐོང་གི་བོད་གཞུང་གི་རྩིས་ཁྲ་འབུམ་མང་པོ་ག་མ་འདུམ་པ་དེ་ཡང་ཁོ་རང་གི་ལས་འགན་ཡག་པོ་མ་འཁྱེར་བ་ལས་བྱུང་བ་རེད་།
་་་། བཀྲས་མཐོང་ལས་ལྷག་པ་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཡོད་པ་རེད་། ་་་གསུངས་པ་འདི་ལ་ཡང་དགོངས་པ་བཞེས་དགོས་ངེས་མི་འདུག་གམ།
ཁ་བརྡའི་སྐྱག་འབུ་ཚོ། ད་དུང་སྐྱག་ཚང་ག་རེ་སྔོག་རྒྱུ་ཡོད།
ཁྱོད་ཚོས་ག་རེ་བཤད་ཀྱང་ངའི་རྩ་བའི་བསམ་བློ་ལ་འགྱུར་བ་གཏོང་གི་མེད་ལ། གཏོང་དགོས་དོན་མི་འདུག ཁག་ཅིག་གིས་བློ་སེང་ལ་མི་དགའ་བའི་རྒྱུ་མཚན་གྱིས་ནག་པོ་འདྲ་བཟོ་ཨེ་ཐུབ་ལྟ་ཡི་འདུག་ལ། བཀྲས་མཐོང་ལ་མི་དགའ་མཁན་ཚོས་དེ་བཞིན་བྱེད་ཀྱི་འདུག འོན་ཀྱང་ངའི་རྩ་བའི་བསམ་བློ་ནི། རང་གིས་ཐག་བཅད་ནས་མི་གཅིག་ལ་འོས་ཤོག་འཕེན་ངེས་ཡིན་ལ། མཐའ་མ་དེར་འོས་སུ་ལ་ཐོབ་ཀྱང་དེ་ལ་རྒྱབ་སྐྱོར་བྱས་ནས་བོད་གཞུང་སྲ་བརྟན་ཡོང་ཐབས་བྱེད་རྒྱུ་དེ་ཡིན།
སྐྱག་འབུ་ཚོ། གོ་ཨེ་ཐལ།
བཀྲས་མཐོང་བཀའ་ཁྲི་ལས་ཡུན་མ་རྫོགས་སྔོན་ནས་རང་དོན་དུ་ཨ་རི་ཕྱིན་པ་དེ་མི་ཡག་གི གཞུང་ལས་སྒེར་རྩ་ཆེན་འཛིན་མཁན་ཡིན་པར་ཤེས་ནུས། ཁོའི་གློག་བརྙན་ནང་དེའི་སྐོར་འི་ཡོད་ན།
བདག་གི་ཀྱང་བཀྲ་རྡོར་གྱི་ཕྲན་ལ་རྒྱུ་་མཚན་ཆུང་ངུ་ཡོད་ནི་བསམ་ག
༣༥༽ བཀྲ་རྡོར་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༨ གི་ཆུ་ཚོད་ ༡༢ སྐར་མ་ ༠༥
ངས་བཀའ་ཁྲིའི་འོས་ མི་ ཁོང་གཉིས་ཀྱི་སྐོར་ལ་མང་པོ་ཞིག་ཀློག་སྟེ་བསམ་གཞིགས་ཀྱང་མང་པོ་ཞིག་བྱས་པ་ ཡིན། བློ་བཟང་སེང་གེ་ལྟ་བུ་མཚོན་ན། ང་ཚོ་བོད་རིགས་ཤིག་དངོས་གནས་ཧར་ཝར་ཌེ་གཙུག་ལག་ལ་ཁྲིམས་ཀྱི་སློབ་ཐོན་བྱུང་པ་ ནི་ཧ་ཅང་གི་ཡག་པོ་རེད་བསམ། ཡིན་ན་ཡང་ཁོང་རང་གི་སྟག་ཏུ་འུར་ཤོབ་ཆེན་པོ་བཤད་འདུག དཔེར་ན་ཁོང་རང་གི་ངོ་སྤྲོད་དེབ་ལྗང་ཁུ་དེའི་ནང་ལ་ཡང་དབུས་གཞོན་ནུ་ལྷན་ཚོགས་ ཀྱི་རྒྱུན་ལས་ཆུང་ཤོས་ཡིན་ཟེར་བ་དང་༢༠༠༣་ལོར་སྔོན་དུས་སུ་གང་གིས་གོ་སྒྲིག་ བྱེད་མ་མྱོང་༸གོང་ས་མཆོག་དང་རྒྱ་ནག་གི་མཁས་དབང་དབར་མཇལ་འཕྲད་ཀྱི་གོ་སྒྲིག་ བྱས་ཟེར་བ་སོགས་མང་པོ་ཞིག་བྲིས་འདུག དེ་དག་དངོས་ཡོད་གནས་ཚུལ་མ་རེད།
བློ་བཟང་སེང་གེ་ལགས་ ཀྱི་དངོས་ཡོད་ཀྱི་གནས་ཚུལ་རྡ་ས་ཆོས་བཞི་སྒང་གི་དྲུང་ཆེ་ལོ་གཅིག་དང་ཕྱེད་ཀ་ ཙམ་བྱས་མྱོང་བའི་སྐོར་ཁོང་རང་གིས་མི་བཤད་པ་མ་ཟད་དེབ་ལྗང་ཁུ་དེའི་ནང་ལ་ཡང་ རྩ་བ་ནས་བཀོད་མི་འདུག
ལྡི་ལི་མན་ཇུ་ཁྲི་ལི་ སོགས་ལ་་བཀའ་ཁྲི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་འདྲ་པར་གྱང་ སྡེབས་སོགས་ལ་རྩ་བ་ནས་མཐོང་རྒྱུ་མེད། ལྡི་ལི་ཆོས་བཞི་སྒང་དྲུག་གིས་ཆེད་མངག་ཕོ་གསར་དྲུག་བདུན་ཞིག་ལ་དངུལ་སྤྲད་དེ་ བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་འདྲ་པར་དེར་མཐོང་རྒྱུ་མེད་པ་བཟོས་ ཡོད། དེའི་ཐོག་ནས་ང་ཚོས་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་དང་བློ་བཟང་སེང་གེའི་བར་གྱི་ འབྲེལ་བ་བསམས་གཞིགས་ཤིག་མ་བྱས་རང་བྱས་འཁེལ་སོང།
བློ་བཟང་སེང་གེ་ལགས་ ཀྱིས་ཆོས་བཞི་སྒང་དྲུག་གསར་པའི་དྲུང་ཆེ་བྱས་ཡོད་མེད་ཐེ་ཚོམ་འདུག་ན་གཤམ་གྱི་ ཁ་བྱང་འདི་བེད་སྤྱོད་བྱོས་དང་ཁྱེད་ལ་དེ་རོགས་རམ་བྱེད་ངེས།
http://tibetanyouthcongress.org/centrex/1992_1995.html
བཀྲས་མཐོང་ལགས་སུ་ཁྱེད་བཀའ་བློན་ཆགས་ན་ག་རེ་གནང་རྩིས་ཡོད་སྐོར་གྱི་བཀའ་དྲི་ཞུ་སྐབས་ཁོང་གིས། ངེད་ཀྱིས་གང་ཡང་བྱེད་རྩིས་མེད། བྱེད་གོ་ཟེར་ནའང་བྱེད་ཐུབ་གྱིན་མ་རེད། དེས་ན་ང་བཀའ་བློན་ཆགས་ན་ངས་གང་ཡང་བྱེད་ཀྱིན་མ་རེད་ལ། འགྱུར་བའང་གང་ཡང་གཏོང་གི་མེད། སོགས་གསུངས་པ་དྲན་པ་གསོས་ཀྱི་མེད་དམ། རྒན་པོ་ཆོ་མེད་ཁོང་དྲན་དུས་ཞེ་མེར་ལངས་ཀྱི། བློ་སེང་ཁ་ཅུང་བདེ་དྲག་པ་བདེན་མོད་ཁོང་ལ་ཕྲེད་མཐོང་གི་མགོ་བདེ་མེད།
དྲ་འགྲོག་ཚོ། བློ་སེང་གི་དྲང་བཤད་དང་དྲང་མཐོང་འདམ་ཀ་བྱོས་དང་། རྒྱ་རི་མོའི་ཕྲེད་བཤད་དང་། བསྟན་རྣམ་གྱི་ཕྲེད་མཐོང་བཟློག་པའི་རིམ་འགྲོ་ཡོད།
དེང་སང་དྲ་ལམ་ཁག་ཏུ་ཆོ་མེད་ཀྱི་གནས་ཚུལ་མང་པོ་ཞིག་བྲིས་ཏེ་གསེར་ལས་རྩ་ཆེ་བའི་དུས་ཚོད་འཕྲོ་བརླགས་སུ་གཏོང་བཞིན་འདུག་པ་ནི་དངོས་གནས་ཡིད་སྐྱོ་དགོས་པ་ཞིག་རེད། འོན་ཀྱང་ཐམས་ཅད་དེ་ལྟར་མ་ཡིན། བླུན་པོ་ཆུ་སྣ་གར་ཁྲིད་ཀྱི་ཀླད་མེད་འགའ་ཞིག་གིས་བོད་འདི་ཏན་ཏན་རླུང་ལ་བསྐུར་ཉེན་འདུག མི་འདི་རིགས་ཚང་མ་ཁ་ཕོ་ཅན་ཅན་གྱི་ཁྲམ་པའི་གཡོ་འོག་ཏུ་ཚུད་འདུག འཇོན་ཡས་རྩ་བ་ནས་མེད་པའི་བཏང་བཏང་བྱུག་བྱུག་གི་སྟོང་གཏམ་ཤ་སྟག་བཤད་པ་དེས་བོད་ཀྱི་རྩ་དོན་སྒྲུབ་ཐུབ་བམ། མི་འདི་རིགས་མི་རིགས་ཀྱི་ཆགས་སྒོ་ཉག་གཅིག་ཡིན་ལ། དེ་ལས་ཀྱང་འཇིགས་སྣང་སྐྱེ་དགོས་པ་ནི་བླུན་རྨོངས་ཕོན་ཆེ་ཁོ་ཚོའི་གཡོ་འོག་ཏུ་ཚུད་དེ་མཐའ་མ་བོད་ཀྱི་གོང་བུ་དེ་འཐོར་ཞིག་ཏུ་འགྲོ་བའི་ཉེན་ཁ་དེ་རེད། ང་རང་ལོ་གཞོན་ཡིན་ཀྱང་ལས་སླ་པོར་གཞན་གྱི་གཡོ་འོག་ཏུ་འགྲོ་རྩིས་མེད། ལོ་གཞོན་ཡིན་ན་དེ་ལ་གཞན་ལ་མེད་པའི་དམིགས་བསལ་གྱི་ནུས་པ་ལྷག་པོ་གང་ཡོད། འདི་ནི་སྟོང་བསམ་རང་རེད། ཁྱེད་རང་ཚོ་ཁྲོན་པའི་ནང་གི་སྦལ་པ་རང་རེད་མི་འདུག་གམ། གསལ་པོར་ལྟོས་ཤིག ཕྱི་རྒྱལ་ཁག་ཏུ་ཁྲིམས་ཀྱི་སློབ་སྦྱོང་ཐོན་པའི་བོད་རིགས་ག་ཚོད་ཙམ་འདུག མཐའ་གཅིག་ཏུ་ཁ་ཞེ་མི་མཚུངས་པ་ཞིག་ལ་རེ་བ་རྒྱག་དགོས་དོན་འདུག་གམ། ང་ཚོའི་དགྲ་བོ་རྒྱ་དམར་གྱིས་༸གོང་ས་མཆོག་ལའང་མཚན་སྨད་ཞུ་བཞིན་འདུག་ན། མི་འདི་རིགས་ལ་སྐྱག་པའི་མཐོང་ལའང་བརྩི་གི་མ་རེད། དེར་བརྟེན་བསམ་བློ་ཡག་པོ་བཏང་སྟེ་བོད་ཀྱི་སྤྱི་དོན་ལ་ཕན་མ་ཐོགས་ནའང་། བོད་རིགས་ཤིག་ཡིན་པའི་ཆ་ནས་མ་མཐར་གནོད་མི་སྐྱེལ་བ་བྱ་རྒྱུ་དེ་གལ་ཆེན་པོ་ཡིན། བསམ་གཞིགས་ཀྱིས།
༄༎ དྲྭ་གྲོགས་མང་པོ་ཞིག་གི་དོན་མེད་ཀྱི་སྐྲོག་གཏམ་མང་པོ་ཞིག་སྤེལ་གྱི་འདུག་དེ་ཚོ་དུས་ཚོད་འཕྲོ་བརླབས་སུ་གཏོང་པ་རང་རེད། ང་ཚོའི་དྲྭ་གྲོགས་ཚོའི་ངེས་པར་དུ་གཟབ་དགོས་པ་ཞིག་ནི་ཚིག་ངན་རིགས་བེད་སྤྱོད་མ་བྱེད་ན་བཟང་གི། ད་ལྟའི་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོ་འོས་གཞི་གྲུབ་ཟིན་པ་རེད། འོས་མི་ནང་དུ་སུ་འདྲ་ཕེབས་པ་ཡིན་ན་དེ་ཚོའི་ལོ་རྒྱུས་དང་མ་འོངས་པའི་ལངས་ཕྱོགས་སོགས་ཀྱི་སྐོར་བགྲོ་གླེང་གནང་ན་དགེ་མཚན་ཆེ། གང་ཟག་སྒེར་གྱི་སྐོར་ལ་མང་པོ་ཞིག་བཤད་པ་ཡིན་ན་དགོས་པ་རྒྱུ་མཚན་ཞིག་མ་མཐོང་། དྲ་གྲོགས་དོན་གྲུབ་ཚེ་རིང་ནས་གསུངས་པ་ནི་ལྡི་ལི་ཆུ་སྒང་གིས་ཆེད་མངག་ཕོ་གསར་དྲུག་བདུན་ཞིག་ལ་དངུལ་སྤྲད་དེ་ བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་འདྲ་པར་དེར་མཐོང་རྒྱུ་མེད་པ་བཟོས་ ཡོད། ཞེས་པ་དེ་བདེན་པ་ཙ་བ་ནས་མིན་པ་རེད་ག་ལ་ཞེས་ན་དེ་སང་བཀྲས་མཐོང་འདྲ་པར་ལྡི་ལིར་རྩི་ངོས་སུ་མཐོང་རྒྱུ་འདུག་ཁྱེད་ཧམ་བཤད་དེ་འདྲ་བཤད་དུས་ཁུངས་སྐྱེལ་ཡོད་དམ། བཀའ་ཟུར་འཇུ་ཆེན་གྱི་རྒྱབ་སྐྱོར་བཀའ་ཟུར་བཀྲས་མཐོང་ལ་གནང་གི་ཡོད་པ་ཕྱི་གསལ་ནང་གསལ་རེད། ཉིན་སྔོན་སྔོ་འགྲོ་འོས་མ་བླུག་སྔོན་འཇུ་ཆེན་གྱིས་ཁོ་རང་གི་ཕྱོགས་གཏོག་མི་སྣ་ཁག་གཅིག་ལ་གསུངས་འདུག་ངེས་པར་དུ་བཀྲས་མཐོང་ལ་འོས་བླུགས་དགོས་ཀྱིས་རེད་ཞེས་བཤད་འདུག་ཁྱེད་ཚོའི་དེ་སྐོར་ལ་བསམས་ཞིབ་གནང་ཡོད་དམ། རྒྱུ་མཚན་དེ་དང་འཇུ་ཆེན་དང་བཀྲས་མཐོང་གཉིས་ཀྱི་བར་ལ་འབྲེལ་བ་གང་ཡིན་ནམ་དྲ་གྲོགས་ཚོའི་བསམས་ཞིབ་ཞིག་གནང་ན་ག་འདྲ་འདུག་གམ།
དྲ་གྲོགས་གངས་ཕྲུག་ལགས།
ཡིན་ནའི་བདག་མཁས་དབང་ བློ་སེང་ལགས་ཀྱིས་ཁོང་རང་གཏམ་བཤད་ཉན་དུ་གང་སར་ཕྱིན་པ་ཡིན་ཁོ་ཆོས་བཞི་སྒང་ དྲུག་གསར་པའི་དྲུང་ཆེ་བྱ་མྱོང་བའི་རྩ་བ་ནས་གསུང་གིན་མི་འདུག
དེར་མ་ཟད་ཁོང་རང་ངོ་སྤྲོད་དེབ་ལྗང་ཁུ་དེའི་ནང་ལའང་བཀོད་མི་འདུག
དེའི་རྒྱུ་མཚན་ཞིག་གསུང་རོགས་གནང།
བོད་མི་རིགས་འདི་ད་བར་ཕུང་ནས་སྡུག་ཐོག་ནས་ཇེ་སྡུག་ལ་འགྲོ་བའི་རྒྱུ་མཚན་གཙོ་བོ་གསུམ་འདུག ང་ཚོས་གོམས་གཤིས་ངན་པ་སྟེ་རང་རྩ་མེད་བཟོ་མཁན་གྱི་བདུད་འདི་ལ་འགུལ་སྐྱོད་གཅིག་མ་བཏང་ན་རང་བཙན་ལྟ་ཅི། རང་མགོ་འཐོན་ཐུབ་རྒྱུར་དཀའ།
༡༽བོད་པ་འདི་རང་རིགས་ལ་ཤིན་དུ་སྡང་བ་དང་གཞན་རིགས་ལ་ཤིན་དུ་བློ་གཏད་རྒྱུར་དགའ། བོད་འཛམ་གླིང་གི་ཡར་རྩེར་ཕུད་པའི་ཉིན་མོ་འགའ་ཤས་བྱུང་ཡོད་པ་དེ་གཙོ་བོ་སྐབས་དེ་དུས་ང་ཚོས་རང་གི་འགོ་པ་དང་རང་གི་སྡེ་པར་བློས་བཀལ་ནས་བྱ་བ་བསྒྲུབས་པས་ཡིན། དཔེར་ན་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ལ་ལྟ་བུ།
༢༽ བོད་པ་འདི་རང་གི་རིགས་ལ་ཤིན་དུ་འགྲམ་སེམས་དང་ཞེ་སྡང་ཆེ་ཞིང་། རིགས་གཞན་གྱི་འོག་ལ་མགོ་འབུད་རྒྱུར་ཤིན་དུ་སླ་བ་ཞིག་འདུག བོད་པ་ནང་ཁུལ་ཅུང་མ་འགྲིག་པ་བྱུང་ན། ཐབས་བརྒྱ་འཇུས་སྟོང་བཀོལ་ནས། རང་གི་ཁ་གཏད་བོད་པ་འདི་རྩ་མེད་གཏོང་རྒྱུར་བྱུག་བཞག་པ་ལྟ་བུ་རེད། ཕྱིའི་མི་ཁྲིད་ནས་བོད་པ་རྩ་མེད་གཏོང་རྒྱུར་ཡ་ང་མེད་པ། མི་རིགས་གཅིག་པའི་འདུ་ཤེས་མེད་པ་ལྟ་བུ་རེད། མི་རིགས་གཞན་ཞིག་དང་དགྲ་ལྟས་བྱུང་ན། དང་པོ་གདོང་རྫིག་པོ་བསྟན། དེ་ནས་ལམ་གསེང་ཞྭ་མོ་ཕུད་ནས། པུས་མོ་ས་ལ་བཙུགས་ནས་ཕྱག་འཚརལ་རྐྱང་། མི་རིགས་གཞན་གྱི་འོག་ལ་འབུད་རྒྱུར་ངོ་ཚ་དང་བག་ཚ་མེད་པ་ལྟ་བུ་རེད། སྔར་ས་སྐྱ་དང་། བཀའ་བརྒྱུད། དེ་བཞིན་དགེ་ལུགས་སོགས་ཀྱི་བླ་མ་འདི་དག་གིས་གཤིས་ཀ་རང་གཞན་བོད་པ་ཀུན་ལ་སྣང་།
༣༽ བོད་པའི་ནང་ལ་མི་འཇོན་པོ་དང་གྱོང་པོ་རེ་འགའ་བྱུང་ན། བོད་པ་མང་ཆེ་བ་དེ་ལ་སྡང་ཞིང་། སྤྲོ་བ་དང་རེ་བ་མེད་པར། སྙིང་ལ་ཁབ་བཙུགས་པ་ལྟ་བའི་ཟུག་ངུ་བཅངས་ནས། འགོ་པ་དེ་རྩ་མེད་གཏོང་བར་ཤིན་དུ་གོམས་པའི་མི་རིགས་འདི་བོད་པའི་ཐུན་མིང་ཁྱད་ཆོས་རེད། ད་རེས། འདིར་བོད་པ་ན་གཞོན་ཡོན་ཏན་དང་སྤོབས་པ་དང་ལྡན་ཞིང་། ཀུན་སློང་ཡང་མི་དམན་པ་ཕོ་གསར་བྱོན་ལེགས་པོ་ཞིག་ཡོང་དུས། ཡང་ངེད་ཚོའི་བདུད་དེ་ལངས་ནས། ཁོང་རྩ་མེད་གཏོང་བའི་ཐབས་བརྒྱར་རོལ་ནས། མི་རིགས་འདི་རེ་བ་རྒྱག་ས་མེད་པ་དང་མདུན་སྐྱོད་བྱེད་ས་མེད་པ་བཟོ་བ་མཐོང་སྐབས། ངོ་མ་ངུ་ཤོར་བྱུང་། ངེད་ཚོས་ཕྱི་མི་བཟོད་པ་དང་སྙིང་རྗེ་ཤོད། ནང་མིར་སྡུག་གཅོད་དང་རྩུབ་སྤྱོད་ཁོ་ནས་བར་དུམ་བྱེད་པའི་གོམས་གཤིས་འདི་ཤིན་དུ་བལྟ་མི་འདོད་པའི་ཟློས་གར་ཞིག་རེད།
ད་བསམ་བློ་ཡག་པོ་ཞིག་གཏོང་རོགས། རྒྱལ་བ་རིན་པོ་ཆེ་སྐུ་གཤེགས་རྗེས། ང་ཚོ་ལ་རེ་བ་རྒྱག་སའི་མི་རབས་གསར་པའི་འགོ་ཁྲིད་ཀྱི་དཔུང་ཁག་ལ་རྨ་ཡིས་སྟེང་ལ་ཚྭ་བཏབ་པ་ལྟ་བུ་མི་གྱིད་པར་འཚལ། ངས་འདི་བོད་པ་མི་རབས་གསར་པ་ཚོའི་བདེ་སྐྱིད་སེམས་ལ་བཅངས་ནས་བྲིས་པ་དཔང་རྟགས་ང་རང་ཡིན།
ཐུགས་རྗེ་ཆེ།
ཆོ་མེད་པ་མ་ཤོད། བརྒྱ་བཤད་སྟོང་ལ་བབ་ཀྱང་། ཡོས་ལ་བབ་རྒྱུ་རྩམ་པ་རེད། ཁྱེད་རང་གིས་གང་བཤད་པ་ཚང་མ་ཕྱོགས་ཞེན་རེད། ཕོ་གསར་འཇོན་པོ་ཞེས་གྲུབ་འབྲས་ངོ་སོ་ཐོན་པ་ཞིག་གང་སྟོན་ཡས་འདུག ཁ་ནས་བཤད་པ་ལ་ཆ་འཇོག་ཡས་ཡོད་པ་མ་རེད། བཤད་རྒྱུ་ཕ་བསད་བུ་ལའང་ཡོད། ཅེས་པ་གནའ་མིའི་གཏམ་དཔེ་རེད། མི་འདི་རིགས་ཀྱིས་གང་བཤད་པ་དང་གྲུབ་འབྲས་གཉིས་ལ་བསྡུར་བ་བྱོས་ཤིག གཡམ་རྒྱུགས་མ་བྱེད། ཨོ་རྒྱན་པད་མའི་གསུང་ལས། བོད་ལ་དྲིན་ཆེར་བྱས་ཀྱང་དྲིན་མི་ཚོར་གསུངས་པ་ཐུགས་མད་པར་གྱུར་ཏོ། །དེ་ལས་ཁོམ་པ་བྱུང་ན་བརྡ་དག་མང་ཙམ་སྦྱོངས། དེ་ཁེ་ཕན་ཆེ་ཡི་རེད།
དོན་ཚན་གསུམ་ག་ལ་རྒྱུ་མཚན་ཡང་དག་ཅི་ཡང་མཐོང་མ་སོང་། སྨྲ་བརྗོད་རང་དབང་ཟེར་ན་འདི་འདྲ་ཅིག་ལ་ཡིན་ནམ།
བཀྲས་ཐོང་ལགས་ང་ནམ་ཡང་ཁྱོད་དགའ་ཞེན་ཡིད་ཆེད་ཡོད།
༄༎ བོད་ཀྱི་རྩ་དོན་ལ་ཕྱག་ལས་གནང་མཁན་ཞིག་ཡིན་ན་ངེས་པར་དུ་ང་ཚོ་བོད་པ་ཚང་ལ་དགོས་ཀྱི་ཡོད་དེ་མིན་ཡར་རེད་མར་རེད་བཤད་ན་དུས་ཚོད་འཕྲོ་བརླབས་ཤིག་རེད་སྙམ།་ ད་ལྟའི་ང་ཚོའི་གཞུང་གི་སྲིད་རྒྱུས་འདི་ཡི་རྒྱ་བོད་གཉིས་ཀྱི་ལོ་རྒྱུས་བརྩོད་ཀྱི་མིན་ ཁ་ཡོད་ལག་ཡོད་ཀྱི་རྒྱ་བོད་གཉིས་ལ་ཕན་པའི་སྲིད་རྒྱུས་ཤིག་ཡིན་ཞེས་བཤད་ཀྱི་ཡོད་སྲིད་རྒྱུ་འདི་ཡི་ཐོག་ཏུ་སེམས་སྟེང་ནས་ཡིད་ཆེད་ཡོད་མཁན་ཞིག་དགོས་ཀྱི་ཡོད།་ བདེན་པའི་ཨུ་ཚུག་དང་རང་ཐག་རང་བཅོད་ རང་བཙན་སོགས་མང་པོ་ཞིག་བཤད་ན་འབྲས་བུ་ཐོན་དཀའ། གཙོ་བོ་དེ་ང་ཚོའི་7གོང་ས་མཆོག་གི་དགོངས་གཞི་ལ་ཤར་བསྐྱོད་བྱེད་མཁན་གྱི་གང་ཟག་ཞིག་དགོས་ཀྱི་ཡོད་། བླ་སེང་ཡག་པོར་རེད་དང་སྡུག་ཆག་རེད་བཀྲས་མཐོང་ཡག་པོ་རེད་མ་རེད་ཞེས་བཤད་ན་དགེ་རྒྱུ་མཚན་མ་མཐོང་། གཙོ་བོ་དེ་རྒྱ་ནག་གི་གནས་སྟང་སོགས་ལ་ཉམས་ཞིབ་བྱེད་སྟེ་ང་ཚོའི་ཙ་དོན་ལ་ཕན་པའི་ཕྱག་ལས་གནང་དགོས་ཀྱི་ཡོད། ཁོང་ཚོ་ཚང་མ་བོད་པ་རེད། གཅིག་གི་ཁུངས་གཏོག་སོགས་བཤད་ན་དགོས་པ་ག་རེ་འདུག བསམས་བློ་ཡག་པོ་ཞིག་གཏོང་རོགས་དྲ་གྲོགས་ཚོ།
རེད་ཡ། བོད་པ་ཚང་ལ་ཕན་པ་གྲུབ་ཐུབ་མཁན་ཞིག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
དྲ་གྲོགས་གངས་ཕྲུག་ལགས་ཕྱི་མའི་ལམ་དུ་ཕྱིན་ཚར་ཡོད་ས་རེད་ངའི་དྲི་བར་ལན་འདེབས་བྱ་མཁན་མི་འདུག་