སྙན་ངག་མ་ཚེ་རིང་སྐྱིད་ལ་སྙན་ངག་གི་སྐོར་ནས་བཅར་འདྲི་བྱས་ཡོད་ཀི Posted on 2010-12-21 By ཡེ་ཤེས་ 74 Comments on སྙན་ངག་མ་ཚེ་རིང་སྐྱིད་ལ་སྙན་ངག་གི་སྐོར་ནས་བཅར་འདྲི་བྱས་ཡོད་ཀི http://www.rfa.org/tibetan/chediklaytsen/amdolaytsen/tsom-rig-kyi-dora/interview-with-tibetan-poet-tering-kyi-12212010153439.html འདྲ་པར་འདི་མཆོད་མེ་དྲ་ངོས་ལས་བཤུས་པ་ཡིན། གསར་འགྱུར། Tags:ཨཨ
བུ་མོ་ཚེ་རིང་སྐྱིད་ནི་དངོས་གནས་མཛངས་མའི་ཁྱད་ཆོས་དང་ལྡན་པའི་དེང་བུས་བོད་པ་ཚང་གི་རྒྱན་གྱི་བུ་མོ་ཞིག་རེད་འདུག མོ་རང་ཨེ་ཤ་ཡའི་རླུང་ཕྲིན་ཁང་ནང་ནས་༼དྲ་ནང་གི་བོད་༽ཅེས་པའི་ལེའུ་ཚན་རྒྱངས་སྲིང་གནང་བའི་སྐབས་སུ་སྒེགས་ཉམ་དང་ལྡན་པའི་ངང་ནས། ཚིག་ལྷད་མེད་ཅིང་སྒྲ་དག་པ། བརྗོད་བྱ་ཉུང་ལ་དོན་འདུས་པ། བཞིན་རས་མཛེས་ལ་སྐུ་ལུས་ལྡེམ་པ་བཅས་ཧ་ཅང་ཡག་པོ་འདུག
ཨ་ལགས། ཐུགས་རྗེ་ཆེ། སྙན་ངག་སྐོར་གྱི་བཅར་འདྲིའི་གླེང་མོལ་ལ་ཉན་ཟིན། མ་གཞི་བཅར་འདྲིའི་དུས་ཚོད་ཐུང་ངུའི་སྟེང་དུ་ཀེ་ཐོའི་ངོ་སྤྲོད་ཅུང་རྒྱས་དྲགས་ནས་མཁོ་སོད་མོ་ཞིག་མ་ཡོང་ཐལ།
ལང་འཚོའི་འཁྲི་ཤིང་སྨྱུང་མས་ཕོ་གསར་སྟོང་གི་སྙིང་ཁམས་བརྐུས། ཞལ་རས་བཅོ་ལྔའི་དུང་ཟླས་མགོ་སེར་བརྒྱ་ཡི་གནང་གནས་བརླངས། སྙན་ངག་ཚིག་གི་བསྡེབས་སྦྱོར་དེ་ཡིས་ར་མ་ཎ་ཡང་རྨོངས་པར་བྱས། ཁྱོད་ནི་གངས་རིའི་མཛེས་རྒྱན་ཡིན་ལ་ཡ་རབས་ཁ་བའི་མཛེས་མ་ཡིན།
མ་གཞི་ནས་དྲ་བ་ཚང་མ་ལན་ལས་རྒྱས་པ་ཡོད་པ་མ་ཤེས་སམ། ཀྲམ་ཡེ་ཤེས་ཀྱི་སྐད་ཆ་རེ་ཟུང་བདེན་པ་མ་རེད། གཅིག་ཨེ་ཤ་ཡའི་རླུང་ཕྲིན་ཁང་ནང་ནས་༼དྲ་ནང་གི་བོད་༽ཟེར་བ་མ་རེད། ཨ་རིའི་རླུང་འཕྲིན་ཁང་རེད། གཉིས། ཚིག་ལྷད་མེད་ཅིང་སྒྲ་དག་པ་ཞེས་ན་མི་ཤེས། སྒྲ་དག་མོ་ཞིག་ནི་མ་རེད། འོན་ཀྱང་ད་དུང་ཡར་རྒྱས་དང་བྱང་ཆ་ལྡན་པའི་ལམ་དུ་འགྲོ་རྒྱུ་ཡོད་པ་རེད། གཞན་སྒེག་ཉམས་ཡོད་མེད་མཛེས་དང་མི་མཛེས་ཟེར་བ་དེ་རང་རང་སོ་སོའི་འདོད་མོས་རེད། ངས་ནི་སྐད་ཆ་དྲང་མོར་བཤད་པ་ཡིན།
༄༎ ངའི་བོད་པའི་མཛེས་མ་ཟེར་གྱི་མེད། བློ་བཟང་དབང་རྒྱལ་གྱི་མཛེས་མ་ཟེར་གྱི་ཡོད། སྤྱིར་སྟང་མཛེས་དང་མི་མཛེས་ཟེར་བ་འདི་སོ་སོའི་སེམས་ནང་གི་འཆར་སྣང་ཞིག་རེད་སྙམ། དྲ་ནང་གི་བོད་ཀྱི་ལེན་ཚན་དེ་སྙན་པོ་དེ་ཙམ་མི་འདུག ཡར་རྒྱས་འགྲོ་རྒྱུ་ཡོད་སྲིད།
༄༎ སྙན་ངག་མ་ཡིན་མིན་མི་ཤེས། བོད་ཀྱི་མཛེས་མ་མ་རེད། སུའི་མཛེས་མ་རེད་ཞེས་ན། བློ་བཟང་དབང་རྒྱལ་གྱིས་མཛེས་མ་རེད། སྤྱིར་སྟང་མཛེས་མ་ཞེས་པ་དེ་ནི་མི་སོ་སོ་ལྟ་སྣང་ཞིག་གི་ཐོག་ནས་བཤད་ན་མི་འོས་པ་ཞིག་མེད། གང་ཟག་རང་རང་སོ་སོ་འདོད་མོས་རེད།
བོད་ཀྱི་བུ་མོ་ཞིག་གིས་བྲིས་པར་སྙན་པོ་ཡོད་ཀྱང་རུང་མེད་ཀྱང་རུང་ང་ཚོས་བོད་ཀྱི་བུད་མེད་རྣམས་ལ་ངོ་གསོ་དང་རྒྱབ་སྐྱོར་ཞུས་ན་ལེགས། རིམ་བཞིན་བོད་མོ་རྣམས་རིག་པའི་གནས་ལ་སྦྱང་བརྩོན་གྱིས་སྐྱེས་པ་དང་འདྲ་མཉམ་གྱི་གནས་སྟངས་ཤིག་ཏུ་སླེབ་ངེས། དེ་དུས་སྙན་དང་མི་སྙན་ལེགས་དང་མི་ལེགས་ཀྱིས་དགག་བཞག་གནང་ན་འོས་ཤིང་འཚམས་པར་མཐོང་ངོ། བུ་མོ་ཁྱེད་རང་རང་ལ་ཡོད་པའི་བཞིན་གཟུགས་ཀྱི་རྣམ་པར་དང་འདོད་བྱེད་དེ་མི་བཞུགས་པར་རིག་གནས་ལ་སྔར་ལས་ལྷག་པའི་འབད་བརྩོན་གནང་ནས་འདི་ཚོར་ཁ་གཏད་གཅོག་ཐུབ་པ་ཞིག་གནང་རོགས་ཞུ་བཞིན་ཡོད། གཞི་ནས་ཁྱེད་ཉིད་ཕྱི་ཡི་མཛེས་སྡུག་དང་ནང་གི་མཁྱེན་རྩལ་གཉིས་འདུས་ཀྱིས་སྟག་ཤར་ཐམས་ཅད་ཀྱི་ཡིད་འཕྲོག་པ་དང་སྨན་ཤར་རྣམས་ཀྱིས་མིག་དཔེ་བལྟ་ས་ཞིག་ཏུ་འགྱུར་ངེས་སོ།
ངས་ནི་དྲི་བ་དྲི་ལན་གཉིས་ཀ་རྒྱས་བསྡུས་འཚམ་པ་ཞིག་ཏུ་མཐོང་སོང་། དེ་མིན་བོད་པའི་རླུང་འཕྲིན་ལས་བྱེད་རེ་ཟུང་གིས་རང་གི་ཤེས་ཡོན་ངོམས་པའི་གོ་སྐབས་བཟུང་སྟེ་དྲི་བ་དངོས་དེའི་སྟེང་དུ་མ་བསླེབས་ནས་དུས་ཚོད་རྫོགས་འགྲོ་བའི་སྣང་ཚུལ་དེ་ངོ་མ་ཅིག་མི་བཟོད་ཀི ཀེ་ཐོའི་དྲི་བ་འདྲི་སྟངས་དེར་རླུང་འཕྲིན་ལས་བྱེད་གང་མང་ཞིག་གིས་ངོ་མ་མིག་དཔེ་བྱེད་དགོས་ཀྱི་འདུག
ཀེ་ཐོའི་སྔོན་འགྲོའི་ངོ་སྤྲོད་རིང་སོང་ཟིག། དངོས་གཞིའི་དྲི་བ་དྲིས་ལན་ཐུང་སོང་ཟིག། སེམས་པ་དགའ་གི་ཡོད་ནོ་ཤེས་ཐུབ་ཀི། ལོས་དགའ་བོད་པའི་བུ་མོའི་ཡང་རྩེ་རེད།། དགའ་ན་དགའ་གི་ཟེར་ནས་ཤོད་རྡ་ཐོངས།། ཕོ་གསར་སྟག་འདྲ་ཞིག་གི་འགྲོ་སྟངས་རེད།། ངོས་ལེན་བྱེད་དང་མི་བྱེད་མོ་ལ་རག། དེ་འདྲ་ཨེ་རེད་གེ་སར་ཐོ་ལོ་ལགས།། ཨ་ལ་རྩེད་མོ་ཡིན། གྲོགས་པོ་གེ་ཐོ་དང་གྲོགས་མོ་ཚེ་སྐྱིད་གཉིས་ལ་ཡུན་རིང་མ་ཐུག་པས་འོ་ཇ་ཞིག་གི་ཚབ་ཡིན། རྣམ་པ་གཉིས་སྐུ་ཁམས་བདེ་བར་བཞུགས་ཡིན་པ་དགའ་སྤྲོ་ཆེ།
མི་ཁ་ཅིག་གིས་ཚེ་རིང་སྐྱིད་ཀྱི་ཡིད་དབང་འཕྲོག་པའི་སྙན་ངན་རྣམས་མོ་རང་གིས་བྲིས་པ་མ་རེད། བློ་བཟང་དབང་རྒྱལ་གྱིས་བྲིས་པ་རེད་ཟེར་ལུགས་ལ་བལྟས་ན། མོའི་གསེར་གྱི་མེ་ཏོག་ལྟར་མཛེས་ཤིང་གཟི་མདངས་འབར་བའི་ལང་ཚོ་དེ་ཡང་མོ་རང་གི་མ་རེད། ངེད་སང་གི་ཨ་ཅེས་གཡར་བ་རེད་ཟེར་སྲིད་ས་རེད། མིང་རྫུན་མ་འདིའི་འོག་ནས་ཅི་ཞིག་བྲིས་ཀྱང་ཆོག་ནོ་འདི་ངོ་མ་ཡ་མཚན་རེད་ཡ།
མཁྱེན་གསལ་ལྟར། ཚེ་རིང་སྐྱིད་ནི་འགྲན་ཡ་གཅིག་ཀྱང་མེད་པར་མཛེས་མའི་འགྲན་སྡུར་ནས་མཛངས་མའི་དབུ་རྒྱན་ཐོབ་པའི་བོད་མོ་ཞིག་རེད།་གང་ལྟར་ད་བར་བོད་ཀྱི་མཛེས་མའང་མཛངས་མའི་འགྲན་སྡུར་ཁྲོད། མོ་ལས་ལྷག་པའི་བོད་ཀྱི་རིག་གནས་སློབ་གཉེར་ཅན་ཞིག་སླེབ་མ་སོང་། འདི་ནི་སྐད་ཆ་དྲང་མོ་ཡིན། མོ་ཡི་སྙན་ངག་ཀྱང་བློ་བཟང་དབང་རྒྱལ་གྱིས་བྲིས་ཟེར་བར་བལྟས་ན། ཅི་བྱེད་འདི་བྱེད་པའི་ཕྲག་དོག་རང་རེད། བློ་བཟང་ཟེར་བ་ཚིག་བཅད་གཅིག་ཀྱང་འབྲི་མྱོང་བའི་ཤེས་ཡོན་ཡོན་པ་ཞིག་ཡིན་རབས་ཐོས་མ་མྱོང་། ད་ངོ་མ་ཕྲག་དོག་འདིའི་ངོ་ཅིག་རྫོགས།
ཨ་ཁུ་ཀླུ་སྨྱོན་གྱི་རྩོམ་གྱི་བྱ་དགའ་དང་པོ་དེ་སྙན་ངག་མ་ཚེ་རིང་སྐྱིད་ལ་གནང་རྒྱུའི་རེ་བ་འདུག སྙན་ངག་མ་ཚེ་རིང་སྐྱིད་ལགས་ཕྱི་ཤུགས་ནང་ཤུགས་ཅུང་ཙམ་རྒྱབ་གནོང་དང་གཏན་གཏན་གྱི་བྱ་དགའ་དེ་ཁྱེད་ལ་ཐོབ་ངེས་རེད་འདུག
མཛེས་མ་ཡིན་མིན་སོ་སོའི་ལྟ་སྟངས་ཡིན་ན། སྙན་ངག་ཡིན་མིན་ཡང་སོ་སོའི་མྱོང་སྟངས་ཡིན་རྒྱུ་རེད། ལར་ནས་ཚེ་རིང་སྐྱིད་ཀྱི་སྙན་ངག་འཕྲོག་མཁན་ཚོ་ལ་ལས་ཀ་མེད་སོང་བའམ་ཡང་ན་བྱེད་ཐབས་མ་སྙེད་པ་ལྟ་བུ་རེད། བློ་བཟང་དབང་རྒྱལ་གྱིས་བོད་ཡིག་གི་སྙན་ངག་ཅིག་འབྲི་ཐུབ་མི་ཐུབ་ཕར་བལྟས་ཚུར་གསལ་རེད། དབྱིན་ཡིག་གི་སྙན་ངག་ཅིག་བྲིས་ན་དེའང་བོད་བསྒྱུར་བྱེད་དགོས་པ་རེད། དེ་བསྒྱུར་མཁན་གྱིས་ཚེ་རིང་སྐྱིད་ཀྱི་རྩོམ་གཤིས་དང་དབྱེ་བ་མེད་པ་ཞིག་བསྒྱུར་ཐུབ་རྒྱུ་ཨེ་རེད། དྲ་ནང་གི་བོད་ཟེར་བའི་ལེ་ཚན་འདིར་བལྟས་པ་ཡིན། སྨྲ་སྒོ་དག་མོ་ཞིག་མ་རེད། དེའི་སྒང་ལ་ཨ་མདོའི་དབུས་གཙང་སྐད་དེ་དབུས་གཙང་པས་གོ་ཁག་སེ་འདུག ཁམས་པའི་དབུས་གཙང་སྐད་ཀྱང་དེ་བཞིན་རེད། ད་ལོ་ཆེན་པོ་ཆགས་ཟིན་དུས་སྐད་ལ་འགྱུར་བ་གཏོང་ཐུབ་མིན་མི་ཤེས་མོད། དབུས་གཙང་སྐད་བཤད་ན་གཙང་མ་ཞིག་དང་ཨ་མདོའི་སྐད་བཤད་ན་གཙང་མ་ཞིག་བཤད་རྒྱུ་གལ་ཆེ། འདི་ཚེ་རིང་སྐྱིད་གཅིག་པོའི་སྐྱོན་མ་རེད། མདོ་འཛིན་པ་ཨ་མདོ་བ་དང་ཁམས་པ་མང་ཆེ་བའི་སྐྱོན་རེད།
ངེད་ཙང་གི་བུ་མོ་རེད། ངེད་ཚང་གི་བོད་པའི་བུ་མོ་རེད་ཅེས་ངོམས་ཀྱིན་ཡོད། སྔོན་ཆུ་སྐྱེས་སྒྲོལ་མའི་རྩོམ་དེ་བཟའ་ཟླ་རྡོ་རྗེ་དབང་ཕྱུག་གིས་བྲིས་པ་རེད་ཅེས་ཨ་མདོ་བ་ཚོས་བཤད། ད་ཡང་ཚེ་རིང་སྐྱིད་ཀྱི་སྙན་ངག་དེ་ཡང་གཞན་གྱིས་བྲིས་པ་རེད་ཟེར་ན། ཚེ་རིང་སྐྱིད་ཀྱིས་དགའ་རོགས་ཚོའི་ནང་དུ་བོད་ཡིག་ཤེས་མཁན་དང་ཡང་ན་སྙན་ངག་འབྲི་ཤེས་མཁན་ཡོད་དམ། ཨ་མདོ་འདི་ཚོས་ཨ་མདོ་བ་ཞིག་ལ་རང་བརྩི་ཡི་བསམ་བློ་ཞིག་འབུས་ཐབས་མེད་པར་ནམ་ཡིན་ཡང་དེ་ལྟར་བཤད་རྐྱང་རེད།
སེམས་ལ་ཤར་ཤར་འདྲ་བའི་མིག་ཟུང་ཞིག བློ་ལ་འབབ་འབབ་འདྲ་བའི་སྐྱེས་གཟུགས་ཤིག ཡིད་ལ་དྲན་དྲན་འདྲ་བའི་མཇོ་སྒེག་ཅིག ངག་ནས་ཡང་ཡང་འབོད་པའི་གཤིས་བཟང་མ།། ལ་ལས་མཛེས་རབས་ཡག་རབས་གླེང་གླེང་ཡང་།། ལ་ལས་སྡུག་རབས་ཐུ་རབས་བཤད་བཤད་ཀྱང་།། ང་ཡི་ཡིད་དུ་འབབ་པའི་བུ་མོ་ཁྱོད།། ཁ་ཡ་ན་ཟླའི་གྲས་ན་དོ་མཁན་མེད།།
བསྟོད་ནས་དགོང་ལ་བཏེགས་རུང་དགའ་མི་དགོས།། སྨད་ནས་ས་ལ་བརྡབ་རུང་སྡུག་མི་དགོས།། དགའ་དུས་དགའ་ནས་སྐེ་ལ་འཐམ་མཁན་ཞིག། སྡུག་དུས་མདུན་ནས་མཆི་མ་གཏོང་ནི་ཞིག། ཇ་ཁ་ཆང་ཁའི་གྲོགས་པོར་དགའ་མི་དགོས།། ཁྲག་དོག་དགྲ་འཛིན་རིག་ལ་སྡུག་མི་དགོས།། ནང་རེ་དགོང་རེར་ཇ་རྒ་རྡུང་བ་བཞིན།། སྐྱིད་སྡུག་གཉིས་ཀ་མཉམ་པོར་རྡུང་མཁན་ཞིག། མཁས་པ་ཡིན་རབས་གླེང་ན་དགའ་མི་དགོས།། བླུན་པོ་ཡིན་རབས་བཤད་ན་སྡུག་མི་དགོས།། རང་གི་གང་ཤེས་གང་དྲན་ཤོག་བུའི་ཐོག། ནག་ཤར་ཤར་སེ་བཀོད་ན་དེ་གས་འགྲིག། མཛེས་མ་ཡིན་རབས་གླེང་ན་དགའ་མི་དགོས།། མདོག་ངན་ཡིན་རབས་བཤད་ན་སྐྱོ་མི་དགོས།། གཞོན་པའི་དུས་ནས་རྒས་ཞིང་འཁོགས་པའི་བར།། ཡིད་མཐུན་གྲོགས་ཞིག་ཡོད་ན་དེ་གས་འཐུས།། ཁ་མཐུན་བརྒྱ་ཕྲག་ཡོད་ན་དགའ་མི་དགོས།། མི་མཐུན་དགྲ་བོ་ཡོད་ན་སྡུག་མི་དགོས།། གལ་ལ་ཐུག་དུས་གཅེས་ཞིང་སྐྱོང་བ་ཡི།། སྙིང་གྲོགས་གཅིག་གིས་མི་ཚེ་སྲུངས་གྱུར་ཅིག།
གཞོན་ནུ་ཟླ་མེད་ལགས། ཁྱོད་ལ་དཀའ་ལས་རེད་དེ། ཡང་བསྐྱར་ཡིག་ནོར་འདི་ཚོས་ཁྱོད་ཀྱིས་གང་ཞིག་བཤད་འདོད་པ་དེ་ཕྱིན་ཇི་ལོག་ཏུ་སྟོན་གྱི་འདུག་པས་ད་དུང་བྱིས་པའི་དག་ཡིག་རེ་རྒྱུན་དུ་ལག་པར་འཛིན་རོགས་ཞུ། ༢༥༽ གཞོན་ནུ་ཟླ་མེད་ནས། སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༢༤ གི་ཆུ་ཚོད་ ༡ སྐར་མ་ ༠༡ བསྟོད་ནས་དགོང་༼དགུང་༽ལ་བཏེགས་༼བཏེག་༽རུང་དགའ་མི་དགོས།། སྨད་ནས་ས་ལ་བརྡབ་རུང་སྡུག་མི་དགོས།། དགའ་དུས་དགའ་ནས་སྐེ་ལ་འཐམ་མཁན་ཞིག། སྡུག་དུས་མདུན་ནས་མཆི་མ་གཏོང་ནི་ཞིག། ཇ་ཁ་ཆང་ཁའི་གྲོགས་པོར་དགའ་མི་དགོས།། ཁྲག་༼ཕྲག་༽དོག་དགྲ་༼དགྲར་༽འཛིན་རིག་༼ རིགས་༽ལ་སྡུག་མི་དགོས།། ནང་རེ་དགོང་རེར་ཇ་རྒ་༼ལྒ་༽རྡུང་བ་བཞིན།། སྐྱིད་སྡུག་གཉིས་ཀ་མཉམ་པོར་རྡུང་༼བརྡུང་༽མཁན་ཞིག། མཁས་པ་ཡིན་རབས་གླེང་ན་དགའ་མི་དགོས།། བླུན་པོ་ཡིན་རབས་བཤད་ན་སྡུག་མི་དགོས།། རང་གི་༼ གིས་༽གང་ཤེས་གང་དྲན་ཤོག་བུའི་ཐོག། ནག་ཤར་ཤར་སེ་བཀོད་ན་དེ་གས་འགྲིག། མཛེས་མ་ཡིན་རབས་གླེང་ན་དགའ་མི་དགོས།། མདོག་ངན་ཡིན་རབས་བཤད་ན་སྐྱོ་མི་དགོས།། གཞོན་པའི་དུས་ནས་རྒས་ཞིང་འཁོགས་པའི་བར།། ཡིད་མཐུན་གྲོགས་ཞིག་༼ ཤིག་༽ཡོད་ན་དེ་གས་འཐུས།། ཁ་མཐུན་བརྒྱ་ཕྲག་ཡོད་ན་དགའ་མི་དགོས།། མི་མཐུན་དགྲ་བོ་ཡོད་ན་སྡུག་མི་དགོས།། གལ་ལ་ཐུག་དུས་གཅེས་ཞིང་༼ ཤིང་༽སྐྱོང་བ་ཡི།། སྙིང་གྲོགས་གཅིག་གིས་མི་ཚེ་སྲུངས་༼སྲུང་༽གྱུར་ཅིག།
བློ་གྲོས་མཐའ་ཡས་ལགས། གཤམ་གྱི་རྩོམ་ཡིག་འདི་ན་ཡང་ཡིག་ནོར་འདྲ་ཡོད་ན་ཞུ་དག་གཏོང་རོགས། 1. ༢༨༽ རིན་ཆེན་རིལ་བུ་ནས། སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༧ གི་ཆུ་ཚོད་ ༡༤ སྐར་མ་ ༢༡ རིན་ཆེན་རིལ་བུ། ༢༠༡༠/༡༡/༢༥ ཉིན་འདོན་སྤེལ་བྱས། བློ་གྲོས་མཐའ་ཡས་ཟེར་བ་འདིས་ཁ་ནས་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཡོད་ མདོག་བྱེད་ན་ཡང་།དོན་གྱིས་སྐྱོན་བརྗོད་དང་ངན་བསྒྲགས་ཐང་མང་བྱས་ འདུག ཐེང་འདིར་ཁ་བརྡ་དྲ་ཐོག་དུ་ཡང་ཁོས་བློ་བཟང་སེང་གེ་ལགས་ ཀྱིས་ཆོལ་ཁ་དང་ལུང་ཚན་གྱི་ཞེན་ཁོག་བྱས་ཏེ་དཔུང་ཁག་སྒྲིག་ཡོད་པ་ གཞིར་བཞག་བྱས་ནས།དེ་ཁོང་གི་འཚོ་གནས་ཀྱི་ ཆེད་དུ་རེད་ཅེས་ཁ་ཡག་ཁོག་བཙོག་གི་ངན་གཡོ་བྱས་འདུག ཉེ་སྔོན་ཕྱི་ ཟླ་༩བའི་ནང་ཡང་ཁོས་༼བློ་བཟང་སེང་གེ་ཕམ་ན་བོད་ཀྱི་མི་རབས་གསར་ བ་ཕམ་པ་ཡིན།༽ཞེས་མི་རབས་ཕྱོགས་ཁག་བསྒྲིག་དགོས་མདོག་བྱས་ནས། ལྡོག་ཕྱོགས་ཀྱི་མིས་བློ་བཟང་སེང་གེར་རྒྱབ་སྐྱོར་མི་བྱེད་ཐབས་བྱས་ཡོད། ཁོ་ལ་མི་ནག་པོ་བཟོ་བའི་ཐབས་ལམ་མང་པོ་ཡོད།དཔེར་ན་ལོ་ཤས་སྔོན་ དྲ་མིང་གཞན་གྱི་ཐོག་ནས་སྒོམ་སྡེ་ལྷ་རིམ་པ་ལ་དོལ་རྒྱལ་གྱི་མངོན་རྟོགས་ དང་འབྲེལ་བའི་ངན་བསྒྲགས་བྱེད་མཁན་ཡང་ཁོ་རང་རེད། མ་རྩ་ཁོ་ནི་དོགས་ཟོན་དགོས་སའི་མི་ཞིག་ཡིན་པ་རེད།གང་ཟེར་ན། ཁོ་རྣམ་གྲོལ་གླིང་གི་མཁན་པོའི་མིང་ཐོག་ནས་ཨ་རི་ལ་ཆོས་ཚོགས་མཁན་ པོར་སོང་བ་རེད།ཁོས་ཆོས་ཚོགས་ཀྱི་ཕྱག་ཡོང་སྒོར་མང་པོ་བཟུང་ནས་ལོ་ རྟག་པར་རྒྱ་ནག་ནང་ལ་ཕར་འགྲོ་ཚུར་འོང་མང་པོ་བྱེད་ཀྱིན་ཡོད་ལ་ རྒྱ་ནག་དཔོན་རིགས་མཐོ་ཁག་དང་འབྲེལ་བ་ཡོད་པ་དང་།རྒྱ་མོ་ཞིག་ལ་ ལྐོག་ནས་ལུས་འབྲེལ་བྱས་པར་མ་ཟད་མོ་ལ་ཁང་པ་བཟང་བོ་ཞིག་ཉོས་ནས་ རྒྱ་ནང་གི་ཁོའི་རང་ཁྱིམ་བྱས་ཡོད་འདུག ངོ་མ་བཤད་ན་ཁོ་ཨ་རི་ལ་ གཏོང་མཁན་རྣམ་གྲོལ་གླིང་དགོན་པ་ཡིན་ལ་ཆོས་ཚོགས་དེའང་ རྣམ་གྲོལ་གླིང་གི་མིང་ཐོག་ནས་བཙུག་པ་རེད། དེས་ཕྱག་ཡོང་སྒེར་བདག་གིས་རྒྱ་མོར་ཁང་བ་སོགས་ཉོས་ན་ག་འདྲ་འདུག ཨ་རི་དང་།རྒྱ་གར།བོད་ནང་སོགས་ནས་ཡང་སྡོམ་པ་ཡོད་མདོག་གི་མཁན་པོ་བྱས་དང་བྱེད་བཞིན་ཡོད།ཁོ་རྒྱ་ལ་དགའ་བའི་མ་ཚད་ཁོས་ ལུང་འདྲེན་ཞིག་བྱས་ཀྱང་མའོ་འམ་ཏིན་ཡིན་འདུག༼ མའོ་ཙེ་ཏུང་གིས། འཛམ་གླིང་འདི་ང་ཚོའི་རེད་དམ་ཡང་ན་ཁྱོད་ཚོའི་རེད།མཐར་གཏུགས་ན་ཁྱོད་ཚོས་རེད་ཅེས་བཤད་མྱོང་བ་ལྟར།༽ཁོས་ལུང་འདྲེན་འདི་ཚོ་ཚིག་འཛིན་ དོགས་སློང་མིན་ལ་ཚད་མར་འཛིན་ཁུལ་རེད།མདོར་ན་ཁོ།ངོ་ལོག་པ་ཀཿ ཐོག་དྲི་མེད་ཞིང་དང་རྒྱ་ནང་ནས་ངན་འབྲེལ་ཚབ་ཆེན་ཡོད།ང་ཚོས་དུས་ ནམ་ཡང་ཁོ་ལ་དོགས་པ་ནན་མོ་བྱེད་དགོས
ང་ཨ་མདོ་ཡིན་པས་ངས་ཨམ་སྐད་ཀྱི་ཨེ་ཤ་རླུང་འཕྲིན་ཁང་ལ་ཉན་གྱིན་ཡོད།མཚམས་རེ་ལ་རྩོམ་པ་པོ་འདྲ་བོ་ངོ་སྤྲོད་བྱེད་བཞིན་པ་དེ་དགོས་པ་མི་འདུག་ལ།དེའི་ནང་ལ་ངེས་དོན་གྱི་རྩོམ་པ་པོ་ཚོ་ཐོན་ཐུབ་ཀྱི་མི་འདུགདེ་གཅིག་ཡིན།གཉིས་ནས་དབུས་གཙང་གི་སྐད་ཀྱི་སྡེ་ཚན་ལ་ཅིག་ལྟོས་དང་དེ་འདྲའི་རྒྱལ་སྤྱིའི་རྣམ་པའི་དོན་ཏག་གལ་ཆེན་བོད་དོན་འབྲེལ་བ་ཡོད་པ་དེ་འདྲ་ངོ་སྤྲོད་ཡག་པོ་གནང་གི་འདུག་གཨམ་སྐད་སྡེ་ཚན་ལ་ཅི་ཞིག་མ་འགྲིག་པ་རེད།ངས་ཨ་ཤ་ཡ་རླུང་འཕྲིན་ཁང་གི་འགན་འཛིན་ལ་དེའི་སྐོར་ནས་འཕྲིན་ཞིག་གཏོང་དགོས་བསམ་བསྡད་ཡོད།ད་དེ་ཙམ་ཡིན།
ཨོ་ཧོ་ཧོ་ཧོ། གཞོན་ནུ་ཟླ་མེད་དམ་རིན་ཆེན་རིལ་བུ་ལགས། ངས་ཁྱོད་རིན་ཆེན་རིལ་བུ་རུ་གོ་འཕོས་པ་ཁར་སང་དགོང་མོ་ཤེས་པ་ཡིན། དེ་ཁྱོད་ཀྱི་གློག་ཀླད་དང་ས་གནས་ཀྱི་དྲ་རྒྱའི་ཨང་གྲངས་ཐོག་ནས་ཤེས་སོང་། འོན་ཀྱང་དེ་ལ་སྐྱོན་མི་འདུག ད་ནངས་སྔ་དྲོ་ངས་ཁྱོད་ལ་མཆན་ཞིག་བྲིས་པ་ཡིན། མཆན་དེའི་ནང་དོན་ནི། ངས་ཁྱོད་ལ་ཡིག་ནོར་ཐེར་འདོན་བྱས་སྟབས་ཁྱོད་ཀྱིས་སྡུག་ནད་མ་ཁྱོག་པར་རིན་ཆེན་རིལ་བུ་ཟེར་བའི་མིང་ཐོག་ནས་ང་ལ་སྐུར་འདེབས་བྱེད་ཁུལ་བྱས་པའི་སྐོར་བྲིས་ཡོད། ང་ལ་སྐུར་འདེབས་དགོས་ཀྱང་རྣམ་གྲོལ་གླིང་སོགས་ལ་སྐུར་འདེབས་མ་བྱེད་ཅེས་བྲིས་ཡོད། འོན་ཀྱང་ཚིག་རྩུབ་མོ་འགའ་ཞིག་ཡོད་སྟབས་ཡང་ཁ་བརྡ་སང་གིས་བསུབ་སོང་ཟིག ད་མཐོང་ས་ན་བསྡད་མི་འདུག དེ་ནས་ཁྱོད་ཀྱི་རེ་བ་བཞིན་གོང་གི་རྩོམ་དེ་ལ་ངས་ཉིན་ཁ་ཤས་ཀྱི་གོང་ནས་ཞུས་དག་བཏང་ཚར། བློ་ལ་བྱང་རྒྱུ་ཞིག་གློག་ཚར་རུང་ད་དུང་མཐོང་མེད་ན་འདི་རེད། བློ་གྲོས་མཐའ་ཡས། ༢༠༡༠/༡༢/༡༨ ཉིན་འདོན་སྤེལ་བྱས། ཧ་ཧ་ཧ་ཧ་ཧ། རིན་ཆེན་རིལ་བུ་ལགས་སུ། ཉིད་ཀྱིས་བདག་ལ་ཁ་གཡང་ཆེན་པོ་བསྒྲགས་པར་ཐུགས་རྗེ་ཆེ་ཞུ། ཁོ་བོ་ལ་མཚོན་ན་ཨ་རིའི་ས་ཆ་ཁུག་ཀྱོག་ཅིག་ཏུ་ཟླ་བ་རེའི་ཁང་གླ་ཙམ་ལ་ཡང་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་། ངའི་ལག་ཏུ་རྣམ་གྲོལ་གླིང་གི་ཆོས་ཚོགས་རྒྱ་ཆེན་པོ་ཡོད་པའི་མ་ཚད། ངས་སྦྱིན་བདག་བྱས་ནས་དགའ་རོགས་རྒྱ་མོ་ལ་ཡང་ཁང་བ་ཉོས་ཡོད་པ་དང་། ཡང་ཡིག་ཆའི་དཀའ་ངལ་དང་འཕྲད་ནས་ངུ་ལ་ཐུག་ཡོད་རུང་། ལོ་རྟག་པར་རྒྱ་ནག་ནང་ལ་ཕར་འགྲོ་ཚུར་འོང་མང་པོ་བྱེད་ཀྱིན་ཡོད་ཐོག རྒྱ་ནག་དཔོན་རིགས་མཐོ་ཁག་དང་འབྲེལ་བ་ཡོད་པ་སོགས་ཀྱི་ཁ་གཡང་བསྒྲགས་པར་ཐུགས་རྗེ་ཆེ་ཞུ། མ་མཐའ་ཡང་སེམས་གསོ་ཙམ་ལ་ཕན་གྱི་འདུག དྲིན་ཅན་པོ། ངའི་ཨ་མ་ལོ་དགུ་བཅུ་གོ་གཅིག་ཡིན། བོད་ནས་ཆབ་སྲིད་ཀྱི་ལས་ཀ་བྱས་པས་བོད་དུ་སྡོད་ས་མེད། ད་ཨ་མ་ལ་ཐུག་པར་ཐེངས་གཅིག་འགྲོ་བསམ་རུང་ད་དུང་ཡིག་ཆ་མ་རག་པས་སྨྱོ་གྲབས་བྱས་ནས་བསྡད་ཡོད། དངོས་གནས་ཡོད་མ་མྱོང་བའི་མི་ལ་ཡོད་རབས་བཤད་ན་སེམས་དགའ་ནི་ཞིག་རེད། ཐུགས་རྗེ་ཆེ། བློ་བཟང་སེང་གེ་ནི་ངའི་སེམས་ནང་གི་བཀའ་ཁྲི་ཡིན་པས་ང་ཤི་ཡང་སྐྱོན་བརྗོད་བྱེད་ཀྱི་མེད་ལ། ངས་ཁོང་གི་འབུར་དུ་ཐོན་པའི་ཡོན་ཏན་མ་གཏོགས་སྐྱོན་ཤེས་མྱོང་ཡང་མེད་པས་སྐྱོན་བརྗོད་བྱེད་དགོས་ཀྱང་སྐྱོན་གླེང་མི་ཤེས། ཁྱོད་ཀྱིས་ང་ལ་སྐྱོན་བཀལ་བ་ལྟ་བུ་རྨི་ལམ་ལ་ཡང་རྨིས་མ་མྱོང་བ་ཤ་སྟག་ངས་ནི་དུས་ནམ་ཡིན་ཡང་བྱེད་ཀྱི་མ་རེད། གང་ཡིན་ཟེར་ན་ཆོས་སྒྲ་མང་པོ་རྣ་བས་གོ་མྱོང་བས་ལས་རྒྱུ་འབྲས་ཟེར་བ་དེ་ལ་ང་སྐྲག་གི་ཡོད། ང་ནི་ཁྱོད་ལྟ་བུ་ལས་རྒྱུ་འབྲས་ལ་ཡང་མི་སྐྲག་པའི་བུ་རྒོད་ཅིག་མིན། མྱི་སྐྱག་ཤོར་ཞིག་ཡིན། སྒོམ་སྡེ་ལྷ་རམས་ལ་ཅིག་བྲིས་རབས་སོགས་ལ་ང་ལ་ཡིན་མིན་གྱི་གསལ་བཤད་གང་ཡང་བྱེད་འདོད་མེད། གང་ཡིན་ཟེར་ན་སྒོམ་སྡེ་དང་དོལ་རྒྱལ་གཉིས་ཀ་དགའ་རུང་མ་དགའ་རུང་ང་ལ་ནི་གལ་ཆེན་པོ་གང་ཡང་མིན། རིན་ཐང་ཆེན་པོ་ཞིག་ཏུ་ཡང་མཐོང་གི་མེད། ངོ་མ་བཤད་ན་ལོ་བརྒྱ་ཕྲག་མང་པོར་དོལ་རྒྱལ་དང་ཤ་འདྲེས་སྤགས་འདྲེས་ཀྱི་དགོན་པ་ཞིག་ནས་ཡོང་བའི་མི་ལ་དོལ་རྒྱལ་གྱི་མངོན་རྟོགས་ཡོད་རབས་བཤད་ཀྱང་ཧང་སངས་རྒྱུ་ཅི་ཞིག་ཡོད། དེ་ལས་ཁྱེད་ཀྱིས་མཆན་དེའི་ནང་ཁྱེད་རང་རྣམ་གྲོལ་གླིང་དང་། ཀཿཐོག་སོགས་ལ་མི་དགའ་བའི་རུས་པ་འབུར་དུ་ཐོན་འདུག་པས་རང་གིས་རང་ལ་ཞུ་དག་བྱོས། གལ་སྲིད་ཁྱེད་རྣམ་གྲོལ་གླིང་དང་། ཀཿཐོག བློ་བཟང་སེང་གེ་སོགས་ལ་མི་དགའ་བ་ཡིན་ན་ཁོང་རྣམ་པའི་སར་ཐད་ཀར་སོང་ན་ཡག་གི་རེད། གཡོག་པོ་ཞིག་གི་གོ་ས་ཡང་མེད་པའི་མི་ང་ལ་རྣམ་གྲོལ་གླིང་དང་ཀཿཐོག་སོགས་ཀྱི་སྙིང་ནད་རྩོད་ས་བྱས་ན་ཁྱོད་དགོད་མ་ཤོར་ཡང་། འཁྲིས་ཀྱི་མི་དེ་ཚོ་དགོད་ཁ་ཤོར་སྲིད་པས་ཐུགས་ལ་ཟུངས། གྲོགས་པོ་དྲིན་ཅན་པོ། ང་ཕྱུག་པོ་དང་འཇོན་པོ་རེད་ཟེར་མཁན་ཁྱོད་གཅིག་པོ་ལས་མེད། ཁྱོད་ངོ་མ་ཐུགས་རྗེ་ཆེ།
ཟླ་མེད་རིལ་བུ་ལགས། ངས་ཁྱོད་ལ་ཡིག་ནོར་ཐེར་འདོན་བྱས་པ་དེ་ཁྱོད་ཀྱི་ཡར་རྒྱས་ཀྱི་ཆེད་དུ་ཡིན། དཔེར་ན་གོང་དུ་ཁྱོད་ཀྱིས་ནམ་མཁའི་དོན་གྱི་དགུང་ལ་དགོང་། ཕྲག་དོག་ལ་ཁྲག་དོགས་སོགས་སུ་བྲིས་འདུག་པ་དེ་རྨོངས་པའི་དབང་གིས་ཡིན་པར་ངོས་ཟིན་ན། ཕྱིན་ཆད་ཡང་བསྐྱར་ཡིག་ནོར་དེ་འབྲི་གི་མ་རེད། དྲིན་ལན་འཇལ་རྒྱུའི་ཚབ་ལ་སྐུར་འདེབས་བྱེད་རྒྱུ་འདི་ཁྱོད་ཀྱི་སློབ་སྦྱོང་བྱེད་སྟངས་ཤིག་གི་བག་ཆགས་ཡིན་རྒྱུ་རེད་པ། ཞེ་འཁོན་མ་འཛིན། སློབ་སྦྱོང་བྱོས།
བློ་གྲོས་མཐའ་ཡས། ཡང་ཚོད་ཚོད་བཤད་ཡོང་གི་འདུག་ཀ རིན་ཆེན་རིལ་བུ་དང་ངེད་གཉིས་གཅིག་པ་རེད་ཟེར། འདིའི་འདི་འདྲ་བ་རྫུན་མ་བཤད་རྒྱུ་ག་ནས་སྦྱང་བ་ཡིན་ན། རྐྱང་བཤད་བསྡད་ཡོད་པ་རེད། ང་ཁྱོད་ནང་བཞིན་མ་རེད། རྫུན་མ་བཤད་ཤེས་ཀྱི་མེད་པ་རེད། ཁྱེད་རང་གིས་དྲ་ལམ་ལས་ཤེས་སོང་ཟེར། དྲ་བདག་ཡིན་མདོག་མདོག་བྱེད་བཞིན་འདུག་མོད། ངའི་ས་གནས་འདི་ན་ཕལ་ཆེར་རིན་ཆེན་རིལ་བུའི་མིང་བཀོད་མཁན་འདི་ཡོད་མི་སྲིད། དེ་ནས་ཁྱོད་ངའི་ལག་ནོར་ཐེབ་པའི་ཡིག་ནོར་དག་བྱས་བྱས་པ་དག་ལ་དགའ་བསུ་ཡོད། འོན་ཀྱང་ཁྱེད་ཀྱིས་དུས་གསུམ་སྐོར་ཤེས་ཀྱི་མི་འདུག་པས། ཁ་ཏྭས་མི་གཙང་ཟོས་པའི་མཆུ།། གཙང་པའི་ས་ལ་མ་འཕྱི་རོགས། ཡང་བྱ་ཚིག་ལས་མིང་ཚིག་གྲུབ་སྟངས་སྐོར་ཀྱང་ཁྱེད་རང་གིས་ཤེས་ཀྱི་མི་འདུག་པས། བཟོ་བཅོས་མ་སྐྱོན་རོགས། མིང་རྐྱང་ནོར་བའི་རིགས་བཟོ་བཅོས་རྒྱབ་ན་འགྲིག་གི་རེད། དེ་བསམ་འཆར་ཡིན་ལ་དྲང་བཤད་ཡིན།
ཁྱེད་རང་གི་མི་དེ་མི་འདི་རེད་སོགས་མང་པོ་ཞིག་བཤད་པ་འདིས། གསང་བའི་དྲ་ལམ་ལ་ཉུལ་བ་འདིས། རིན་ཆེན་རིལ་བུའི་མཆན་བུ་དེའི་དཔང་པོར་འགྲོ་བཞིན་ཡོད་པ་རེད། དེ་རེད་དམ་མ་རེད།
ཨ་ཡ། གཞོན་ནུ་རིལ་བུ་དྲིན་ཅན་པོ། ༼ ངའི་ལག་ནོར་ཐེབ་པའི་ཡིག་ནོར་དག་༽ཟེར་བ་ནི་ཁྱེད་ངོ་ཚ་རྒྱུ་མེད་པའི་སྐད་ཆ་རང་རེད། གཅིག་ལག་ནོར་ལ་སོང་། གཉིས་ལག་ནོར་ལ་སོང་། གསུམ་ལག་ནོར་ལ་སོང་། དེ་འདྲ་ལོས་སྲིད། ངས་ཀྱང་ཁར་སང་ཕྱིན་ཅི་ལོག་ཟེར་བ་ཕྱིན་ཇི་ཞེས་ལག་ནོར་འདུག འཕྲལ་དུ་ནོར་བཅོས་བྱས་པ་ཡིན། ད་དུང་ཁར་ཉིན་གཤམ་ལ་ཡང་གཤམས་ཞེས་ནོར་འདུག དེ་འདྲ་ཁ་ཤས་ལོས་ཡོད། འོན་ཀྱང་མཆན་ཐུང་ཐུང་གཅིག་གི་ནང་དུ་ལག་ནོར་ཉི་ཤུ་སུམ་ཅུ་རེ་རྒྱུན་དུ་ཡོང་བ་དང་། རྩོམ་ཐུང་རེ་ལ་རྒྱུན་དུ་ལག་ནོར་ལྔ་བཅུ་ལས་བརྒལ་བ་ཞིག་ཧ་ལམ་ཡོང་སྲིད་ཀྱི་མ་རེད། ཁྱེད་རང་གིས་མིག་བཙུམས་ནས་རྐང་པའི་མཛུབ་མོས་ཡི་གེ་གཏགས་ཀྱིན་ཡོད་ན་མི་ཤེས། དེ་ནས་༼འོན་ཀྱང་ཁྱེད་ཀྱིས་དུས་གསུམ་སྐོར་ཤེས་ཀྱི་མི་འདུག༽ཅེས་དང་། ༼ཡང་བྱ་ཚིག་ལས་མིང་ཚིག་གྲུབ་སྟངས་སྐོར་ཀྱང་ཁྱེད་རང་གིས་ཤེས་ཀྱི་མི་འདུག་༽ཟེར། ངས་གང་ན་ཁྱོད་ཀྱིས་བཤད་པ་ནང་བཞིན་བཟོ་བཅོས་ལོག་པ་བརྒྱབ་འདུག གཅིག་གཉིས་ཤིག་སྟོན་དང་། འདི་དང་འདི་རེད་ཅེས་བསྟན་རྒྱུ་མེད་ན་རང་ཉིད་ཀྱི་ངོ་ཚ་གཡོལ་ཆེད་ཧམ་བཤད་བྱས་ཀྱང་ཕན་ཐོག་གི་མ་རེད། ཡང་དེ་ནས་ང་དྲ་བདག་མིན་ལ་དྲ་ཐོག་གི་ཉུལ་མ་ཡང་མིན། འོན་ཀྱང་ཤེས་བྱ་ཁ་ཅིག་ཁྱོད་ལས་ལྷག་ཙམ་ཤེས་ཀྱི་ཡོད་པས་རེད། རྣ་བ་ལ་མ་སོང་ན་གཡུག་ཞོག དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལྟར། མངར་ཆ་ཡིན་ན་འོ་མ་ཡིན་དགོས་པ་དང་། འོ་མ་མིན་ན་མངར་ཆ་མིན་པའི་ཨུ་ཚུགས་རྒྱག་མཁན་ཚོ་དང་མཉམ་དུ་རྩོད་པ་བྱེད་པ་ལས་འཛུམ་ཞིག་བསྟན་ནས་འདུག་འདོད་ཡོད། ཧ་ཧ་ཧ། ད་དུང་བཤད་རྒྱུ་གཅིག་ཡོད། ཁར་སང་ཞོགས་པར་དྲ་བདག་གིས་བསུབ་པའི་ངའི་མཆན་དེའི་ནང་དུ་ལུང་བསྟན་ཞིག་ཡོད། ལུང་བསྟན་དེ་མདང་དགོང་མངོན་དུ་གྱུར་སོང་། ལུང་བསྟན་དེ་འདི་རེད། ༼ལྟོས་དང་ཉི་མ་གཅིག་ལ་གཞོན་ནུ་ཟླ་མེད་ཀྱི་མིང་ཐོག་ནས། རིན་ཆེན་རིལ་བུའི་མིང་ཐོག་ནས་སྐུར་འདེབས་བྱས་པ་དེ་ཚོའི་ལུང་དྲངས་ནས་ང་གཞལ་བྱེད་ཀྱི་ཐིག་ཤིང་བྱེད་ཁུལ་བྱེད་ཀྱི་རེད། ཁ་ཐབས་སྐྱོ་བོའི་ལས་ཀ་དེ་ནམ་བྱེད་རྒྱུ་ཡིན་ནམ། ཧ་ལམ་དོ་དགོང་། སང་ཉིན། གཅིག་བྱས་ན་ཉི་མ་ཁ་ཤས་ཀྱི་རྗེས་ནས་ཡིན་རྒྱུ་རེད།༽
ཨ་མའི་བུ་མོ། དེ་ལྟར་འབད་པ་བྱེད་དགོས་རེད། གཞན་གྱིས་ཅི་བཤད་ལ་ཉན་ནས་དོན་མེད་དུས་ཚོད་མ་བརླག མཐར ཁྱེད་རང་བསམ་བློའི་དཔལ་དུ་ཕྱུག་ནས་ཀུན་གྱིས་ཡང་རྩེ་སོན་པས་སྨོན་ལམ་དང་ཡིད་ཆེས་ཡོད།
ཡ་ཡ། བློ་གྲོས་མཐའ་ཡས། རིན་ཆེན་རིལ་བུ་ང་ཡིན་པར་ཧམ་བཤད་གཅིག་བྱས། དེ་ནས་ཡང་ཁྱོད་ཀྱི་དག་ཆའི་སྐོར་ལ་ཞུ་དག་གཏོང་མཁན་གཞན་ཞིག་སྟེ། (བསྟན་འཛིན་ཚེ་དཔག ༢༠༡༠/༡༢/༡༩ ཉིན་འདོན་སྤེལ་བྱས། ད་ནི་བདེ་འཇགས་རྐང་ཚ་གླེང་མཁན་གྱིས་ཀྱང་ཡིག་ནོར་སྤེལ་གྱི་ཡོད་འདྲ། ཨ་ལ་ཀུ་རེ་ཡིན་ཏེ། སྤུས་ཇེ་དག་ཏུ་གཏོང་ན་ནི། གཤམ་གྱི་འདི་ཚོར་བསྐྱར་ཞིབ་ཅིག་དགོས་ནས་འདུག ཁྱི་སྨྱོན་༼ཀྱི༽་ཁ་ཆུ་ལྟར་འཛེམས་མེད་དུ་གཏོང་བཞིན་པ་ནི་ཆེས་མ་འོས་པ་ཞིག་རེད། ༼བརྙས༽་བརྐོ་བ་ལྟ་བུ་ཞིག་ལས་མ་མཐོང་ དཔེ་མཚོན་གཅིག་བཀོད་ན་༼གཤམས༽་ཀྱི ) ཅེས་ཁྱོད་ཀྱི་དག་ཆ་ནོར་བ་རྣམས་ལས་ཁ་ཤས་ཟུར་དུ་བཏོན་འདུག་ན། གོང་གསལ་བསྟན་འཛིན་ཚེ་དཔག་ཟེར་བ་དེ་ཡང་ང་ཨེ་རེད། དྲ་བའི་གསང་ལམ་ཉུལ་ནས་གཅིག་ལྟོས་དང་། ཁྱོད་ལ་ཞུ་དག་གཏོང་མཁན་ཡོངས་སུ་རྫོགས་པ་ང་ཡིན་རྒྱུ་རེད། རང་གི་ངོ་ལ་གཡག་རྒྱུགས་པ་མ་མཐོང་བར། གཞན་གྱི་གདོང་གི་ཤིག་བཙལ་ཟེར་བ་དེ་མ་རེད་དམ། དེ་ནས་ཁྱོད་ཀྱིས་ཞུ་དག་བཏང་བའི་སྐོར་ནས། ༡༽དང་བོ་༼དང་པོ༽་ལ་བཟོས་འདུག འོན་ཀྱང་ཁྱོད་རང་གི་ཞུ་དག་ལ་ཡང་དན་དན་མེད་པ་ཞིག་ནི་ཚངས་དབྱངས་ངེད་གཉིས་ཀྱི་རྩོད་པའི་སྐབས་སུ་ངས་ཀྱང་༼དང་པོ་ཞེས་ཤོར་བ་ལ་དང་བོ་ཞེས་ཁྱོད་ཀྱི་བཟོ་བཅོས་མི་འདྲ་བ་ཞིག་རྒྱབ་འདུག༽འདི་ལ་རྩ་བར་ཕོ་ཡིས་ཕོ་ཡིས་མིང་མཐའ་དྲང་།། མོ་ཡིས་མོ་ཡི་མིང་མཐའ་དྲང་།། མ་ནིང་གིས་ནི་མ་ནིང་ངོ་།། གསུངས་པ་དང་། ཡང་སུམ་འགྲེལ་མཁན་པོ་འགས། སྤྱིར་ན་པ་བ་འཇུག་ཚུལ་ནི།། ག་ད་བ་ས་ན་མ་པ།། ང་འ་ར་ལ་མཐའ་མེད་བ།། གསུངས་པ་ལྟར་བདག་སྒྲ་མ་ཡིན་པ་དག་ལ་བ་འདྲེན་དགོས་གསུངས་འདུག ཁྱེད་ཀྱིས་པ་འབྲི་དགོས་པའི་སྒྲུབ་བྱེད་གང་ཞིག་ཡོད་དམ། འདི་ལ་དྲང་མོར་བཤད་ན། སྔར་གྱི་ཡིག་སྲོལ་དང་། དག་ཡིག་བར་ན་འགལ་ཟླ་ཁ་ཤས་ཡོད་པ་ནི། སྟོང་བ་ཉིད། སྟོང་པ་ཉིད། འབྱུང་བ་བཞི། འབྱུང་པ་བཞི། སློང་བ། སློང་པ། གསང་པ། གསང་བ། ཁང་བ། ཁང་པ། སོགས་ཐུའུ་བཀན་གྲུབ་མཐའ་ཤིང་དཔར་དང་། ཟི་ལིང་དཔར་མ་གཉིས་བསྡུར་ན་གྲངས་ལས་འདས། དེ་ནས་ཁྱེད་ཀྱིས་རྗེས་འབྲངས་དང་རྗེས་སུ་འབྲངས་གཉིས་ཀ་ལ་རྗེས་འབྲང་ཟེར་ནས་ཚར་མང་པོར་ཞུ་དག་བཏང་སོང་། དེ་གཉིས་ནི་ཁྱེད་ཀྱིས་ངའི་མཆན་ལ་ཞུ་དག་གཏོང་ས་ཡོད་ན་མེད་ན་ཞིག་རེད། དག་གསར་སོགས་ན་སྔོན་གྱི་ལྡོག་ཟླ་སྟེ། རྗེས་སུ་འབྲངས་ཟེར་ནས་ས་མཐའ་ཡོད་པ་བྲིས་འདུག རིགས་པ་འདིས་ཁྱེད་ཀྱིས་ལན་འདེབས་སོགས་ལ་༼ལན་འདེབ༽ཅེས་ཚངས་དབྱངས་དང་ངེད་གཉིས་ཀའི་རྩོད་པའི་སྐབས་སུ་ཞུ་དག་ལན་མང་བྱས་པ་ཐམས་ཅད་ཀྱང་མོན་པའི་རྡོར་གཅོད་ལ་ཞུ་དག་བཏང་བའི་སྒྲུང་རྣམས་དྲན་པར་གྱིས། འདིའི་སྐོར་ལ་ཁྱོད་ལ་ཡིད་བརྟན་རྩ་ནས་མི་འདུག ངའི་བསམ་པ་ཞེས་བྲིས་ན་ཁྱོད་ཀྱིས་ངའི་བསམས་པ་ཞེས་བཟོས་འགྲོ བསམ་བློ་ལ་ཁྱོད་ཀྱང་བསམ་བློ་ཟེར་ནས་འབྲི་རྒྱུ་མ་རེད་དམ། བསམ་པ་ཟེར་དུས་བྱ་ཚིག་དང་མིང་ཚིག་གཉིས་ཀའི་ངོ་བོ་ན་ཡོད་པ་རེད། དེ་ཡང་བཟའ་བ་དང་བཏུང་བ་ལྟ་བུ། དེ་ཚོ་ཁྱོད་ལ་བཤད་ན་ཡང་ཕན་ག་རེ་ཐོག་གི་རེད། དེ་ནས་གསར་བུ་འགོ་སྟོང་སྟེ། འགོ་ཁྲིད་ཀྱི་འོག་ནས་ལས་ཀ་བྱས་མ་མྱོང་བའམ། འགོ་ཁྲིད་ཀྱི་སྟོང་བ་བརྗོད་འདོད་པ་ལ། བརྗོད་པ་པོའི་ཁ་ནས་འཕྲོག་སྟེ། གསར་བུ་མགོ་སྟོང་སྟེ་ཀླད་པ་མེད་མཁན་ལ་བཟོ་བཅོས་བརྒྱབ་པ་ནི་ངའི་བརྗོད་འདོད་དམ། སྨྲ་བརྗོད་ལ་བཅོས་བསྒྱུར་བྱས་པ་ཞིག་རེད། འདི་ཁྲིམས་འགལ་ཡིན་པ་ཤེས་པར་གྱིས། དེ་ནས་དགེ་བསྐོས། འདི་ལ་ཡི་མཁན་གྱི་འབྲི་སྲོལ་མི་འདྲ་བ་གསུམ་འདུག དགེ་སྐུལ། དགེ་བསྐོས། དགེ་སྐོས་སོགས་འབྲི་སྲོལ་འདུག ཁྱོད་ཀྱིས་མཐོང་བ་དེ་ཁོ་ན་བདེན་གྱི་གཞན་དག་ནི་གཏི་མུག་གོ་ཟེར་ན་ང་ལ་བྱས་ཡ་མེད། དེ་མ་གཏོགས་འབྲི་སྲོལ་གཞན་དག་ཡོད་པ་རྣམས་ལ་ནག་བསུབས་མ་བཏང་ན་ཡག་ག་མེད་དམ། དེ་མིན་ཤད་འཇོག་སྟངས་སྐོར་ལ་རེད། ཆོག་མི་ཡོང་ངོ་། ལྟ་བུ་རྫོགས་ཚིག་ལ་གོ་བ་བླངས་ནས་ཡོད་ཚད་ལ་ཉིས་ཤད་བརྒྱབ་ཡོང་ན། ལེགས་བཤད་ལྗོན་དབང་གི་ཚིག་ཟིན་ལ་འགྲིག་ཙམ་ཡོད་པ་ངས་ཀྱང་ཤེས། འོན་ཀྱང་ལོ་གྲགས་ཟེར་གསུམ་མ་རངས་ཚིག་ཟེར་ནས་གསུངས་རྒྱུན་ཡོད་པ་གཞི་ལ་བཞག་ནས་བཤད་ན་དེ་དག་ཡོད་ཚད་རྫོགས་ཚིག་མ་ཡིན་པས་ཉིས་ཤད་མི་དགོས། མི་བདེན་བསམ་ན་མཛོད་རྩའི་འགྲེལ་བ་རྣམས་ལ་གཟིགས། གོང་དུ་ཁྱོད་ཀྱི་རེ་བ་བཞིན་གཅིག་གཉིས་ཤིག་མཚོན་པར་བཀོད་ཡོད་དོ།།
ཡ་ཡ་ད་དག་ཆ་དང་བརྡ་སྤྲོད་པའི་སྐོར་གླེང་ན་ངས་གོང་གི་མཆན་འདི་ཆེད་དུ་བརྗོད་པའི་ཚོམས་ཀྱི་འོག་ཏུ་འགོད། དེར་ཤོག་དང་བགྲོ་གླེང་བྱེད་གོ་སོང་ངམ།
ཡ་ཡ། གཞོན་ནུ་རིལ་བུ། བསྟན་འཛིན་ཚེ་དཔག་ཁྱོད་མ་རེད། ཁོང་གིས་ང་ལ་ཡིག་ནོར་གསུམ་བཏོན་འདུག དེའི་དང་པོ་ན་ཡི་རྗེས་སུ་ཀྱི་བྲིས་པ་དང་གཤམ་ལ་གཤམས་བྲིས་པ་གཉིས་ལག་ནོར་རེད། དེ་ཡིན་མིན་ངའི་རྩོམ་ཡིག་སྔ་མ་ཚོ་ལ་ལྟོས་དང་ཤེས་ནི་རེད། ངས་འཕྲལ་དུ་ནོར་བཅོས་བཏང་བ་ཡིན་ཏེ་བཀོད་མི་འདུག་པས་ཐབས་ཤེས་རྫོགས་སོང་། ཡིག་ནོར་གཉིས་པ་བརྙས་བརྐོ་བ་ཟེར་བ་དེ་རེད། དེ་ལ་ཁོང་གིས་བསྙད་བརྐོ་བ་ལྟ་བུ་ལ་དགོངས་ཡོད་ས་རེད། འོན་ཀྱང་བརྙས་བརྐོ་བ་ཟེར་བ་འདི་བརྙས་བཅོས་ཀྱི་དོན་རེད། དེ་ཡིག་ནོར་མ་རེད། ངས་ཁོང་ལ་ལན་ཞིག་བྲིས་པ་ཡིན་ཏེ་བསམ་བློ་ཞིག་གི་རྗེས་ནས་བཏང་མེད། ལག་ནོར་ན་ནོར། མ་ཤེས་ནས་ནོར་ན་ནོར། གང་ལྟར་ནོར་བ་རེད། ཁོང་བདེན་བསམས་སོང་། དེ་ནས་འུ་གཉིས་ཀྱི་སྐོར་ཡིན། ངས་དང་བོ་ཡོད་ཚད་༼དང་པོ་༽་ལ་བཟོ་བཅོས་བྱས་པ་ཡིན། དེ་ལ་སྤྱིར་སྟོང་བ་ཉིད་དང་སྟོང་པ་ཉིད། ལྟ་བུ་གདམ་ང་ཅན་ནམ་ཡང་ན་རྩོད་གཞི་ཅན་ཡིན་པ་ལོས་ཤེས། འོན་ཀྱང་ཁྱོད་ཀྱིས་སྐབས་རེར་དང་པོ་དང་སྐབས་རེར་དང་བོ་ཞེས་འབྲི་གིན་འདུག་པས་ངས་ཁྱོད་ལ་རང་ཚུགས་མེད་པར་མཐོང་ནས་དེང་སང་གྲགས་ཆེ་བའི་སྲོལ་ལྟར་དང་པོ་རུ་བཅོས་པ་ཡིན། རྗེས་འབྲང་དང་། ལན་འདེབ། བསམ་པ་རྣམས་ཁྱོད་ཀྱིས་ནོར་བ་རེད། གང་ཡིན་ཟེར་ན་རྗེས་སུ་འབྲངས་སོ་ལྟ་བུ་སའི་ཡང་མཇུག་ཅན་རེད་མ་གཏོགས། མིང་རྐྱང་གི་རྗེས་འབྲང་ལ་ཡང་མཇུག་ཡོད་ནི་མ་རེད། ལན་འདེབ་ཀྱང་ལན་འདེབ་ཆོག་ཟེར་བ་ལྟ་མ་འོངས་པ་ཡིན་པས་སའི་ཡང་མཇུག་མེད། འདི་དུས་གསུམ་གཟུགས་འགྱུར་རེད། དེ་ཙམ་ཡང་མི་ཤེས་སམ། གླེན་པ་ཨུ་ཚུགས་ཅན་ལགས། བསམ་ཟེར་བ་དེ་ཡང་དེ་དང་གཅིག་མཚུངས་རེད། བསམ་བློ་ལྟ་བུ་མིང་རྐྱང་ཡིན་པས་སའི་ཡང་མཇུག་མེད། ངས་བསམས་སོ་ལྟ་བུ་ལ་སའི་ཡང་འཇུག་དགོས་པ་རེད། དཔེར་ན་སངས་རྒྱས་ཀྱི་གསུང་ལྟ་བུ་དང་། སངས་རྒྱས་ཀྱིས་གསུངས་ལྟ་བུ་རེད། འདི་ཚོ་ཁྱེད་ལ་མཚོན་ན་རིན་བྲལ་གྱི་ལེགས་བཤད་ཡིན་པས་ད་དགེ་རྒན་རིན་པོ་ཆེ་ལ་ཕྱག་ཚོལ་ཅིག དེ་ནས་གསར་བུ་འགོ་སྟོང་ཟེར་བ་དེ་འགོ་ཁྲིད་ཀྱི་འོག་ནས་ལས་ཀ་བྱས་མ་མྱོང་བའམ། འགོ་ཁྲིད་ཀྱིས་སྟོང་པ་ལ་བརྗོད་འདོད་པ་ཡིན་ན་ཁྱོད་ཀྱི་ཀུན་སློང་བདེན་རྒྱུ་བྱོས། འོན་ཀྱང་ཡོངས་གྲགས་ལ་ཀླད་པ་མེད་མཁན་ལ་མགོ་སྟོང་ཟེར་བ་ལས། མགོ་ཁྲིད་མེད་མཁན་ལ་འགོ་སྟོང་མི་ཟེར། མི་བདེན་བསམ་ན་དེ་འདྲ་བྲིས་ཡོད་པ་གཅིག་ཁུར་ཤོག་དང་། དེ་ནས་དགེ་སྐོས་ཀྱི་དོན་ད་དུང་ཁྱོད་ལ་གོ་བརྡ་འཕྲོད་མི་འདུག དགེ་སྐོས་དང་པོ་དེ་ཁྱོད་ཀྱིས་མིང་རྐྱང་དང་བྱ་ཚིག་ནོར་བ་དང་། གཉིས་པ་དེ་ར་མགོ་དང་ས་མགོ་ནོར་བ་ངས་བཅོས་པ་རེད། ལྟོས་དང་འདི་རེད། (གཞོན་ནུ་ཟླ་མེད་དགེ་བསྐོས་༼ སྐོས་༽ལ་བརྐོས་༼བསྐོས་༽པའི་ཇ་ཐུན་དང་པོའི་) ད་ངོ་འཕྲོད་སོང་ངམ། གལ་ཆེ་ཤོས་ཤིག་ལ་ཤད་ཀྱི་སྐོར་འདི་ད་དུང་ཁྱོད་ཀྱི་རྣ་བ་ལ་ཡང་གོ་མྱོང་མི་འདུག་པས་ཁྱོད་ངོ་མ་འདི་འདྲའི་མི་ཤེས་རྒྱ་ཆུང་ཆུང་ཅན་ཞིག་རེད། དཔེར་ན་དང་པོ། དཀར་པོ། སེར་བོ། མིག་གི་དབང་པོ། ལྟ་བུ་རྫོགས་ཚིག་མ་ཡིན་པའི་གོ་ངོ་དོ་ནོ་སོགས་ལ་ཉིས་ཤད་མི་དགོས་ཀྱང་། རྫོགས་ཚིག་རྣམས་ལ་དགོས་པ་རེད། ངས་བལྟས་ན་ད་དུང་ཁྱོད་ཀྱིས་མིང་གི་ཆ་དང་རྫོགས་ཚིག་གཉིས་ཁ་ཁར་ཤེས་མི་འདུག དེ་རིང་གི་ལེགས་བཤད་ཐང་མར་བརྡལ་བའི་དྲིན་འདི་ལ་བརྟེན་ནས་ཁྱོད་ཀྱིས་ཤེས་རབ་ཀྱི་མིག་གསར་བ་རེ་རག་པའི་སྨོན་ལམ་འདེབས། བུ་རབ་པོ། ད་དུང་རིན་ཆེན་རིལ་བུ་དང་། རིལ་བུ་རིན་ཆེན་སོགས་ཟེར་ནས་དགེ་རྒན་རིན་པོ་ཆེ་ལ་སྐུར་འདེབས་མ་བྱེད་པར་ཡང་ཡང་ཤོག་དང་། ངས་ཁྱོད་ལ་རིན་བྲལ་གྱི་ལེགས་བཤད་མང་པོ་ཕངས་མེད་དུ་སྟེར་ཡ། འོ་དེ་ནས་ཁྱོད་ཀྱིས་ཟེར་བའི་ཆེད་དུ་བརྗོད་པའི་ཚོམས་ཟེར་བ་དེ་གར་ཡོད་མ་ཤེས་ཐལ། དྲ་ཐག་འདིར་ཞོགས་དང་ཡང་འུ་གཉིས་ཀྱིས་དེ་ནས་འཛིན་གྲྭ་ཚུགས་རྒྱུ་བྱེད་ཡ། གཅེས་ཕྲུག ངས་ཁྱོད་ངོ་མ་ཅིག་གཅེས་ཡ།
བློ་གྲོས་མཐའ་ཡས། ངས་ཁྱེད་རང་གིས་ཡིག་ནོར་རེ་རེ་བཞིན་སྒྲུབ་བྱེད་དང་ཡིག་སྲོལ་ཁུངས་བཅས་དྲང་ཡོད། འོན་ཀྱང་ཁྱེད་ཀྱིས་ཁུངས་གཅིག་ཀྱང་མེད་པར་རང་ཉིད་ཀྱི་འདོད་པ་རྐྱང་བཤད་ཡོང་གི་འདུག དེ་ག་དུས་ཡིན་ན་ཡང་་ཁྱེད་རང་བློ་བསྐྱེད་གང་ཡང་རེག་གི་མེད་པ་རེད། ད་ང་ཁྱོད་ཀྱི་སྒྲུབ་བྱེད་ལ་སྒུག་བསྡད་ཡོད། སྒྲུབ་བྱེད་མེད་པ་དག་ལ་ངས་ཁུངས་ལུང་མེད་པ་ཟེར་གྱི་ཡོད། དཔེ་མཚོན་གཅིག་ལ་ལྟོས། དོ་ཡོད་ཚད་རྫོགས་ཚིག་མ་རེད་ཟེར་ན། རྫོགས་ཚིག་གི་རྗེས་སུ་ཤད་གཉིས་དགོས་པ་རེད་ཟེར་ནས་ཨུ་ཚུགས་རྒྱག་གི་འདུག འབྲེལ་ག་རེ་འདུག རྗེས་འབྲངས་སོགས་ལ་དག་གསར་ཁུངས་བཀོད་ན། ཁུངས་མེད་བསམ་ཚུལ་ཅིག་བཤད་ཡོང་གི་འདུག ངས་ད་དུང་ཡང་བསྐྱར་དྲན་གསོ་ཞིག་བྱེད། རྒྱ་ནག་གི་ཡིག་ཆའི་ནང་དུ་ཏྰ་ལའི་རྗེས་འབྲང་ཟེར་ནས་ས་ཡང་འཇུག་མེད་པ་བྲིས་འདུག ང་ཚོའི་ཆོས་གཞུང་རྣམས་སུ་དྲང་སྲོང་རྐང་མིག་གི་རྗེས་འབྲངས་ཟེར་ནས་ས་ཡང་འཇུག་ཡོད་པ་བྲིས་འདུག དེ་བས་ན་ངས་ཡི་གེ་མང་པོ་མཐོང་ཡོད་པ་རེད། ངས་བསམ་ཚུལ་གཅིག་བུ་ཤོད་ཀྱི་མ་རེད། ད་གཡུག་ཞོག མི་གཞན་ལ་རྒྱུ་མཚན་བཤད་པར་ང་དོ་སྣང་ཡོད་མོད། ཁྱོད་ལ་བཤད་ཡོང་དུས་ཉོབ་ཡོང་གི་འདུག རྒྱུ་མཚན་བཤད་ས་ནི་ཁྱོད་ལ་མེད། ཁུངས་འགོད་བྱེད་ས་ནི་ཁྱོད་ལ་མེད། རང་གིས་ནི་ཅི་ཡང་མི་ཤེས་པ་དེ་ལས་གཞན་ཚང་མ་གཏི་མུག་ཟེར། དེ་ལས་ངས་ཁྱོད་ལ་བཤད་པ་བཞིན། མིང་རྐྱང་རིག་གཞན་གྱིས་བཏགས་ནོར་ཐེབས་ཡོད་ན་གང་ཐུབ་ཐུབ་བཟོ་བཅོས་རྒྱོབས། དེ་མིན་ཤེས་ལ་མི་ཤེས་མ་བྱེད། མི་ཤེས་པ་དེ་ཚོ་དཔེ་ཆ་གཞན་དག་དང་གོ་བསྡུར་ནས་ཤོད། དེ་ག་ཡིན།
ངས་གོང་གི་མཆན་རྣམས་རིམ་པས་ཀློག་ཁོམ་ཀྱང་མི་འདུག རྒྱུ་མཚན་ནི་ལྟོ་གོས་དང་ཁང་གླའི་ཆེད་དེ་རིང་བར་ཟ་ཁང་དུ་ལས་ཀ་ལས་ཏེ་ད་ལྟ་རང་ནང་དུ་ཡོང་བ་ཡིན། ཨ་ཁུ་ཡེ་ཤེས། ཁ་སྔོན་ངས་བཤད་པ་སྟེ་ཞོར་འཕྲོས་ཙམ་ལས་ཉི་ཟླ་དང་ཚེ་སྐྱིད་ཀྱི་གསང་བའི་རྒྱབ་ལྗོངས་ལ་ཇུས་གཏོགས་བྱ་འདོད་པ་དང་བྱས་པ་གཏན་ནས་མིན། འོན་ཀྱང་ཁོང་གཉིས་ཀྱི་སྒྲུང་མང་པོ་ཞིག་ངས་ཤེས་ཡོད། ཉི་ཟླའི་ངོ་གདོང་ངོ་གདོང་དྲ་དེབ་ཏུ་ཚར་གཅིག་ལྟོས་དང་། ཁྱོད་ལ་ངས་བཤད་པའི་སྐད་ཆ་ལ་ཡིན་མིན་གྱི་ཐེ་ཚོམ་ཞིག་སྐྱེ་ཡོང་། འདི་ཁོང་གི་དྲ་གནས་རེད། http://www.facebook.com/?ref=home#!/album.php?id=564382906&aid=78181 ལྷག་པར་ཟླ་གཅིག་སྔོན་ཡིན་པ་ཡོད། ཉི་ཟླ་ཝ་ཤེན་ཏྲོན་དུ་སོང་ནས་ཚེ་སྐྱིད་དང་ཐབས་ཀྱིས་འབྲེལ་བ་བྱས་ཚུལ་ཞིག་ཀྱང་གོ་རྒྱུ་འདུག བདེན་མིན་ཡུམ་དུམ་པ་ཤེས་ན། ཉི་ཟླ་ལ་གཟའ་ཟླ་དང་ཞ་ཞི་གཅིག་གཉིས་ཤིག་ཡོད་དཔེ་བསགས་སོང་ནི་རེད། ད་སྡེ་གི་སྐོར་ལ་ངེད་གཉིས་ཕྲག་དོག་ཟོས་ནས་ཡོང་གི་མ་རེད། སེམས་པ་ན་རོགས་རེད། དེ་ལས་སྙན་ངག་རེ་བྲིས་དང་། ཁྱོད་ཀྱི་སྙན་ངག་རྣམས་ངའི་ཉལ་གྲོགས་དང་གཉིད་གྲོགས། ཐ་ན་སྦྱོར་རོགས་ལྟ་བུའི་ཚོར་བ་ཡོང་བས་ཁྱོད་ཀྱི་སྙན་ངག་མང་པོ་ཞིག་ངའི་དགའ་མ་ཡིན་ཞེས་བཤད་ཀྱང་ཆོག་གི་གོ། ཉལ་ས་བདེ་མོ། སང་ཉིན་སྔ་ལངས་རྒྱབ་ནས་འགྲོ་དགོས་ཡོད།
ཐོན་མིའི་བུ་ཞེས་པར་ཞུ་དོན། སྲང་ལམ་སྐོར་ལམ་འཐུས་ཡོང་བའི་སྐད་ཆ་གང་བྱུང་བཤད་ན་དེ་ནི་མ་གཞི་ནས་རང་ཉིད་རྒྱུ་སྤུས་མེད་པ་སྟོན་གྱིན་འདུག ཉི་ཟླ་དང་ཉི་ཟླའི་སྤུན་ཆུང་བ་ཧུམ་ཆེན་སོགས་ནི་ངས་སྤྱི་ལོ་༢༠༠༦ལོ་ནས་ངོ་ཤེས་ཀྱིན་ཡོད་ལ་དེ་ཡང་བོད་རིག་པའི་ཞིབ་མཇུག་ཚོགས་འདུ་རྒྱུད་དེ་ངོ་ཤེས་པ་ཡིན། བོད་ནས་ཡོང་བའི་ཚོགས་ཞུགས་པ་མང་པོ་སྐབས་དེ་དུས་ངོ་ཤེས་པ་ཡིན། ཁྱེད་ཀྱིས་ཉོག་གླེང་མ་བྱོས་ན་ལེགས།
ཐོན་མིའི་བུ་ནས་མཛེས་མ་གདན་འདྲེན་ཞུས་འདུག ཡིན་ན་ཡང་གདན་འདྲེན་ཞུ་སྟངས་ཡག་པོ་ཞིག་མ་རེད་ཀོ སྡེ་གཞན་པ་དེ་ལ་ནང་མི་ཡོད་ན། སྐད་ཆ་འདི་འདྲས་ནང་མི་དཀྲུགས་སྲིད་པ་རེད་། ད་རུང་མཛེས་མ་ལ་ཡང་ནང་ཚགས་ཡོད་ཀྱི་རེད། དེ་ཚོ་དཀྲུགས་གི་བསྡད་ན་མི་ཧྲ་ཀ དེ་ལས་ཐབས་ལམ་གཞན་པ་ཞིག་གི་ཐོག་ནས་གདན་འདྲེན་ཞུས་ན་ཡང་འགྲིག་ཀི ཁ་སང་ཟིག་ཀ་མཛེས་མ་ནེའུ་ཡོག་ན་བླ་མ་ཕེབས་ཕེབས་བྱེད་ཀྱི་འདུག་ཟེར། བལྟ་གི་འགྲོ་བསམ་ནས་ཕྱི་ལ་གཅིག་བུད་དུས། ཙག་བསེར་བསེར་བུས་ལྒོག་ལྡོག་ཁེངས་རྒྱུ་ནི་འདྲ་ཟིག་རེད། དེ་བས་བལྟ་གི་སོང་མེད།
ཨ་ལག་ཡེ་ཤེས་འདི་བ་ཚང་ད་མཛེས་མའི་རྩིབ་ནས་ཀ་ལངས་ལངས་རེད། བསེར་བུ་གཅིག་ལ་ཤོར་མི་འཇུག་གི གོང་ནས་བློ་གྲོས་མཐའ་ཡས་ངེད་གཉིས་ཀས་ཆ་ལ་ཆོ་ལེ་འདྲ་བཤད་བསྡད་ཡོད་ད་ཡང་འདིས་བཀག་སོང་། ངེད་གཉིས་ཀྱི་རྩོད་པ་དེ་མཛེས་མའི་མི་གཤིས་དང་སྒེར་གྱི་དོན་དག་དང་འབྲེལ་བ་རྩ་ནས་མེད་ཀྱང་། བཀག་སོང་། སྐུ་སྲུང་ངར་མ་ཟིག་རེད། ད་ཁྱོད་གཅིག་བུས་སྐུ་སྲུང་བྱས་ནས་སྡོད་ཡ། ང་ཁོམ་སོང་ན་ཁྱོད་ལ་རོགས་པ་ཡོང་། ཧཧ
མཛེས་ལ་ཚེ་རིང་སྐྱིད་ལ་བསྔགས་བརྗོད་དང་ང་ཤིན་ཏུ་དགའ། གང་ཡིན་ཞེ་ན་ཁོང་ལ་ཤེས་ཡོན་དང་འཇོན་ཐང་། དེ་མི་ཚད་སྐྱེ་གཟུགས་ཀྱང་ཡོད་པས་བོད་པའི་བུ་མོའི་དབུ་འཕངས་དགུང་ལ་བཏེགས་ནུས། འདི་འདྲ་བའི་བུ་མོ་སྐོར་གཅིག་བོད་པ་ཚང་ལ་ཡོད་ན་ཅི་འདྲའི་དགའ་འོས་པ་ཞིག་ཨ། ང་ཁྱོད་ལ་དགའ་གི། དུང་གི བརྩེ་གི བརྩི་གི ཞེ་འདང་ཆེ་གི ཚེ་རིང་མ་ཁྱོད། ལོ་བརྒྱ་མ་ཁྱོད། ཁྱོད་ད་དུང་མེ་ཏོག་མ་ཡིན་ན་ཆོག་ཡ།
ཚེ་རིང་སྐྱིད་ལགས་ྙན་ངག་པ་ཡིན་མིན་ལ་ཁྱད་པར་གང་ཡང་མི་འདུག འོན་ཀྱང་ཁྱེད་ཀྱིས་ཡི་གེ་འབྲི་སྐབས་བརྡ་དག་དང་སྡེབ་སྦྱོར་ལ་ཡིད་གཟབ་གནང་རོགས། གོང་དུ་ཁྱེད་ཀྱིས་ཐོན་མིའི་བུ་ལ་བྲིས་པའི་ཡི་གེ་ཐུང་ཐུང་དེ་ཙམ་ཞིག་གི་ནང་ཡིག་ནོར་ག་ཚོད་ཙམ་ཞིག་འདུག་ལེགས་པར་དཔྱོད། དེ་མིན་ཆེ་ཆུང་དང་། རིང་ཐུང་། ཡག་སྡུག་སོགས་གང་བྲིས་ཀྱང་བསམ་འཆར་མེད། ད་བདེ་མོ་བྱོས། །
ཨ་རོགས་གཞོན་ནུ་ཟླ་མེད། ངས་ཁྱོད་ལ་ལུང་རིགས་ཀྱི་ལན་ཚ་ཐག་ཆོད་ཅིག་བྲིས་ནས་ཐེངས་གཉིས་ལ་གཏང་ཡང་འགྲོ་གི་མི་འདུག དེ་ནས་གཡུག་བཞག་པ་ཡིན། ད་བྱས་ན་སྤྲུལ་སྤྲུ་ཀླུ་ཚང་གིས་མཛེས་མའི་སྐུ་སྲུང་གནང་ནས་བཀག་བཞག་པ་ཡིན་ས་རེད། སྤྲུལ་སྐུ་ལགས། ཁྱོས་དེ་འདྲའི་སྐུ་སྲུང་ལྷོད་མེད་ཅིག་བྱེད་རྒྱུ་ཡིན་དུས་ཉི་མ་གཅིག་ལ་ངས་ཚེ་སྐྱིད་ལ་འོ་ཞིག་བསྐྱལ་མ་ཐུབ་ན་ང་ཡོད་ཀ་ཟེ། འོ་ལེ། ཁྱོས་ལྟོས་འ་སྡོད།
བོད་སྐད་གློག་བརྙན་འདིའི་ནང་གི་ཁྱི་རྒན་དེ་སྤྲུལ་སྐུ་སང་དང་། བྱི་ལ་དེ་ང་། ཁྱི་མོ་ཡིན་ན་བྱི་ལ་མོ་ཡིན་ན་ཅིག་ཡོད་པ་དེ་ཚེ་སྐྱིད། མ་ཧེ་དེ་གཞོན་ནུ་ཟླ་མེད་ཡིན་རྒྱུ་བྱོས། http://www.youtube.com/watch?v=mVs2mjFhYsA&feature=related
བློ་གྲོས་ལགས། ངས་ཅི་ཡང་བཀག་མེད། ཁ་བརྡའི་དྲ་དཔོན་གྱིས་བཀག་པ་ཡིན་རྒྱུ་རེད་འདོད། ཁྱེད་གཉིས་ཀྱི་རྩོད་པ་འདི་ཆོས་ཕྱོགས་སུ་ཞི་བའི་སྨོན་ལམ་འདེབ། ང་ལ་མཚོན་ན་ཚེ་རིང་སྐྱིད་ནི་ས་མཐའི་བུ་མོ་བདག་མེད་ཅིག་ཡིན་པས་ཁྱོད་འོ་ཀྱིས་བསྐྱལ་བ་མ་ཟད་མནའ་མར་བླངས་ན་ཡང་མེ་ཏོག་ཅིག་ཁྱེར་ནས་རྟེན་འབྲེལ་ཞུ་གི་ཡོང་རྐྱང་ཡིན། ཡིན་ན་ཡང་སློབ་དཔོན་ཡབ་ཡུམ་གསུམ་ལ་གསོལ་བ་འདེབ་དགོས་མིན་ནི་དོན་དག་གཞན་པ་ཞིག་རེད།
སློབ་དཔོན་ཡབ་ཡུམ་གསུམ་ལ་གསོལ་བ་འདེབས་དགོས་མིན་ནི་དོག་དག་གཞན་པ་ཞིག་ཟེར་བའི་དོན་མ་གོ་ཐལ། གསང་བ་ཞིག་མིན་ན་ཕྱོགས་ཙམ་གསུངས་རོགས།
འདི་ནི་གསང་བ་ཞིག་ཡིན་པས་རྗེས་སུ་ཞུ་ཆོག གང་ལྟར་ཉིད་ཀྱིས་བཞག་པའི་གློག་བརྙན་དེར་བལྟས་པ་ཡིན། མཐའ་མར་ཚེ་སྐྱིད་ངའི་ལག་ལ་ཡོང་རྒྱུའི་རྟེན་འབྲེལ་བསྒྲིགས་པར་བཀའ་དྲིན་ཆེ་ཞུ། ཀུ་རེ་ཡིན། ཚེ་སྐྱིད་ཀྱིས་མི་རྒན་རྩིབས་ཀྱི་ཆུང་མ་སྐྱིད་ཅེས་པའི་སྲིད་པའི་གཏམ་དཔེ་དམར་ལྡང་མ་དེའི་གོ་དོན་རྟོགས་རྒྱུ་ད་དུང་ཐག་རིང་གི་ཡ།
ང་ལ་དཔལ་སྤྲུལ་ཚང་གི་ཚིག་གསུམ་གནད་བརྡེགས་དང་དེའི་རྩ་བ་ལྟ་བུའི་དགའ་རབ་རྡོ་རྗེའི་གསུང་དེ་གཅིག་མཁོ་སོང་བས། འདྲ་བཤུས་རེ་ཡོད་ན་ཅིག་བསྐུར་རོགས་ཞུ། གསུང་རབ་དཔེ་མཛོད་ཚང་གིས་གསང་ཨང་ཞིག་སྟེར་ཟེར་ཡང་ཐོ་འགོད་བྱེད་སྟངས་ཤིག་མ་འགྲིགས་པས་ཡིན་ནམ་ཅང་སྟེར་རྒྱུ་མི་འདུག
ཀླུ་སྨྱོན་ལགས། ཁྱེད་ཀྱིས་གསུངས་པ་དེ་རིག་འཛིན་གྱི་འདས་རྗེས་བཞིའི་ནང་དུ། དགའ་རབ་རྡོ་རྗེའི་འདས་རྗེས་ཚིག་གསུམ་གནད་དུ་བརྡེག་པ་ཟེར་བ་ཞིག་ཡོད་པ་དེ་ཡིན་ནམ། དེ་ཡིན་ན་དེ་ནི་བི་མ་སྙིང་ཐིག་གི་ཡ་པོད་ཀྱི་དབུ་ནས་མར་ཅུང་ཡོང་ས་ཡོད། གལ་ཏེ་ཉིད་ལ་བི་མ་སྙིང་ཐིག་མེད་ན་ངས་དོ་དགོངས་འདས་རྗེས་དེ་དུམ་ཆོད་བྱས་ནས་བསྐུར་ཆོག ད་དུང་དཔལ་སྤྲུལ་སང་གི་ཚིག་གསུམ་གནད་བརྡེག་དེ་ཡང་དགོས་ན་བསྐུར་ཆོག འོ་ཉིད་ཀྱིས་དཔལ་སྤྲུལ་སང་གི་ཚིག་གསུམ་གནད་བརྡེག་དེ་ལ་གཟིགས་འདོད་ཡོད་ན། ཁང་གསར་བསྟན་པའི་དབང་ཕྱུག་གིས་ཟབ་ཁྲིད་ཧ་ཅང་ཡག་པོ་ཞིག་འདུག་པས་ངས་འོད་སྡེར་ཁྱེད་ལ་བསྐུར་ཆོག ཁང་གསར་བསྟན་པའི་དབང་ཕྱུག་ནི་དེང་སང་བོད་ནང་ན་རྫོགས་ཆེན་གྱི་སྐྱལ་བ་ཡོད་ན་མེད་ན་ཞིག་རེད། ཚོད་མེད་པའི་མཁས་པ་ཆེན་པོ་ཞིག་རེད། ཆོས་དབྱིངས་མཛོད་ཀྱི་འགྲེལ་བ་སོགས་གསུང་འབུམ་པོ་ཏི་བཅུ་ཁ་ཞིག་འདུག ང་ནི་ཧང་སང་སོང་།
ཨ་ཨ་ཨ། རྟགས་རྟེན་འབྲེལ་ཚང་མ་མ་བསྒྲིགས་རང་འགྲིག་རེད་ལ། ང་ཚོ་སྔགས་པའི་བུ་རྒྱུད་འདི་ངོ་མ་འདྲ་ས་ཞིག་མེད་ཡ། མི་མོའི་གཙུག་རྒྱན་ཌྰ་ཀི་མ། ། སྐད་ཅིག་ཉིད་ལ་འགུག་མཛད་པའི། ། ངེད་ཅག་སྔགས་པའི་བུ་རྒྱུད་འདི། ། རིག་འཛིན་དཔའ་བོའི་གདུང་འཛིན་དངོས། །
ཚེ་རིང་སྐྱིད་ལགས། ཁྱེད་ཡར་གཡུག་མར་གཡུག་ག་ལ་བྱེད། ང་ནི་དུས་རྣམས་ཀུན་ཏུ་ཁྱེད་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་ཞིག་ཡིན། ད་སྔོན་ཁྱེད་ཀྱི་ཆེན་དུ་མི་ཉི་ཤུ་ལ་ཁ་རྩོད་བྱས་པའི་ཚད་ས་མེད་ཡ། ད་དུང་ཁྱེད་ལ་ནམ་ཡིན་རུང་ངའི་ལག་ཏུ་འོས་ཤོག་གཅིག་ཡོད་ཡོད་པ་ཡིན། མི་ཐོས་བརྩོན་ཤེས་རབ་ཅན་གཅིག་གི་རྒྱབ་སྐྱོར་ཡོད་ན་མི་ཕལ་བ་སྟོང་ལས་ལྷག་གི་མ་རེད་དམ། ཧ་ཧ་ཧ།
འོ་ཡ། བདེ་ཆེན་ཡེ་ཤེས་རྒྱས་པའི་རང་རྟགས་སུ།། ཡིད་ཀྱི་བརྟན་པ་འཕྲོག་པའི་ལང་ཚོར་བཅས།། ཌཀྐཱིའི་འདུ་བ་སྤྲིན་བཞིན་སྡུད་གྱུར་པ།། ལས་བཞིའི་གླིང་ལ་དབང་བའི་འཁོར་བསྒྱུར་ཡིན།།
ཐུགས་རྗེ་ཆེ། འདི་ན་གདམས་ངག་མཛོད་དང་སྒྲུབ་ཐབས་ཀུན་བཏུས་ལྟ་བུ་ཙམ་ཞིག་ལས་མི་བཞུགས་ཀི ཅིག་བསྐུར་ཐུབ་ན་གང་མགྱོགས་སྐུར་རོགས།
བློ་མཐའ་ལགས། ཉིད་ལ་skype ཡོད་དམ། ཡོད་ན་ངའི་གློག་འཕྲིན་ནང་ཁ་བྱང་ཞིག་འཇོག་རོགས། དོ་དགོང་སང་དགོང་ཞིག་ལ་ཞུ་རྒྱུ་གལ་ཆེན་འགའ་འདུག
ས་མཐའ་ནས་གཡས་སྐྱོར་གཡོན་སཀྱོར་བྱེད་མཁན་བྱེད་མཁན་ཡང་ཁྱེད་ཚོ་ཡིན་ལ་ཡར་གཡུག་མར་གཡུག་བྱེད་མཁན་ཡང་ཁྱེད་ཚོ་ཡིན། ཡིན་ཡང་ངས་རྐང་པས་སྔར་གྱི་ས་གཞི་མནན་ནས་བརྟན་པོར་ལངས་ཡོད་པས། ཡག་བཤད་བཙོག་བཤད་བྱེད་མཁན་ཚང་མར་བཀའ་དྲིན་ཆེ་ཞུ།
གཡས་སྐྱོར་གཡོན་སྐྱོར་བྱེད་མ་མྱོང་ལ་ཡར་གཡུག་མར་གཡུག་བྱེད་མི་འདོད། ། གོ་སྐབས་བྱུང་ན་ར་མ་ཎ་ཡིས་སི་ཏ་བཞིན་དུ་ཁྱོད་ཁྲིད་དེ། ། ཨ་ལ་སི་ཀའི་ནགས་གསེབ་ཅིག་ཏུ་ལོ་ངོ་སྟོང་ལ་མཚམས་བསྡམས་ནས། ། བདེ་བ་ཆེན་པོའི་ཉམས་མགུར་འཐེན་བཞིན་བརྟུལ་ཞུགས་སྤྱོད་པ་སྐྱོང་ན་འདོད། །
ཀླུ་སྨྱོན་ལགས། ཉིད་ལ་དགོས་པ་རྣམས་ཕུལ་ཡོད་པས་གཟིགས་རོགས་ཞུ། ཚེ་རིང་སྐྱིད་ལགས་གཟིམས་ས་བདེ། སེམས་ཤུགས་བསྐྱེད་དགོས་ཡ། ཕྲག་ཁ་ན་མཁན་ཚོས་ཅིག་བཤད་ཀྱི་ཡོད་དུས་འགྲིག་ཡོང་གི་ཡོད་པའི་རྟགས་རེད། གང་ལྟར་ཁྱོད་ལས་ལྷག་པའི་བོད་པའི་བུ་མོ་ཉུང་ཉུང་ཡིན་ནི་རེད། དངོས་ཡོད་གནས་ཚུལ་གྱིས་ནམ་ཡང་བསླུ་གི་མ་རེད། ད་བདེ་མོ།
ཁ་བ་ཅན་གྱི་ཞི་ལི་ཁ་ཤས་ཞིག། ཁ་བའི་བུ་མོ་མཛངས་མ་མཐོང་ཙམ་གྱིས།། ཁ་ཚིག་འོ་མ་རང་དབང་མེད་པར་འཇོ།། ཁ་འདི་མཛོ་མོ་ཞིག་གི་ནུ་མ་འདྲ།། ཁ་ལས་རླུང་རྟ་འཕུར་བའི་མཛེས་མ་ནི། ཁ་ནས་བསྟོད་པ་བཏང་རུང་མ་བཏང་རུང་།། ཁ་བཤད་དོན་ལ་གནས་པ་བདག་ལྟ་བུར།། ཁ་ཁོག་གཉིས་ཀ་འདྲེས་ནོ་ཁོ་ཐག་ཡིན།།
བློ་གྲོས་མཐའ་ཡས་མཆོག་ལགས། ཉིད་ཀྱིས་བསྐུར་གནང་བ་དེ་དག་གུས་པར་འབྱོར་སོང་། ཀློག་རྒྱུར་དཀའ་ངལ་ཅི་ཡང་མི་འདུག ཐུགས་རྗེ་ཆེ། ད་ནི་སྐུ་ངལ་གཉིས་པ་དེ་བཟོ་རྩིས་ཡོད་པས་གློག་ཡིག་ལ་གཟིགས་རོགས་ཞུ།
ཡ་དེ་རིང་ང་ཡི་དགའ་ཤོས་བོད་ཀྱི་བུ་མོ་ངོ་མ་ཚེ་རིང་སྐྱིད་ཁ་བརྡའི་ནང་ནས་ཐུགས་སོང་། ད་ངོ་མ་ཡིན་ན་ཞེ་མོ་ཁྱོད་རང་ལ་བཤད་རྒྱུ་ཅང་མེད་ཁི། ཞེ་མོ་ལ་དགོས་པའི་རྣམ་པ་ནི་ཡོད་ཁི། ཞེ་ལུ་ལ་དགོས་པའི་བློ་ཁོག་ནི་ཡོད་ཁི། བོད་པ་ལ་དགོས་པའི་སློབ་སྦྱོང་ནི་ཡོད་ཁི། མི་ལ་དགོས་པའི་བཟང་སྤྱོད་ནི་ཡོད་ཁི། ང་ནི་ངོ་ཁྱེད་ལ་དགའ། ཁ་སང་ངོས་ཀྱི་གདོང་དེབ་ནང་ནས་ཕོ་བརྒྱས་མཐོང་ན་འདོད་ཆགས་ཀྱིས་སེམས་པ་ཤོར་ཞིང་། མོ་བརྒྱས་མཐོང་ན་ཕྲག་དོགས་ཀྱིས་སྙིང་རླུང་ལངས་པའི་ཁྱེད་རང་གི་པར་དེ་ངས་མཐོང་སོང་། མུ་མཐུད་ནས་འབྲེལ་བ་བྱེད་ཡོང་། སེམས་ཤུགས་མ་ཆགས། ང་རྟག་པར་ཁྱོད་རང་གི་རྒྱབ་ལ་ཡོད།
རྒྱ་སྒོག་སང་གི་བཀག་དང་ནོ་མིན་ནས་། བོད་ནང་ན་ད་་བོད་ཡིག་དྲ་བརྒྱའི་ནང་ལ། བོད་པའི་བུ་མོ་མང་ང་ཡོང་གི་ཡོད་རེད་ཡ་། ཁྱེད་རང་ཚོ་ཇི་འདྲའི་རྒན་པོ་ལས་ངན་དག་དག་རེད་།
ཉི་མ་སེར་པོ་འདྲ་འདྲའི་དྲོད་ཆེན།། ཟླ་བ་དཀར་པོ་ལྟ་བའི་མདོག་མཛེས།། བུ་མོ་སྐར་མ་འདྲ་འདྲ་ཚེ་སྐྱིད།། གླུ་སྨྱོན་ཚང་གི་ཡུམ་སྐལ་བསམ་གི།
འདི་ཚོ་ལ་ཅི་ཟིག་བྱུང་བ་ཡིན་ནམ། མཛངས་མ་ཡིན་མིན། མཁས་པ་ཡིན་མིན། འདི་དག་རྩོད་དགོས་དོན་འདུག་གམ། ཁོ་མོས་བྲིས་པའི་རྩོམ་ཡིག་དང་དེའི་དག་ཆར་ལྟོས་དང་ཤེས་ངེས་རེད། མིག་བཙུམ་ནས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ན་དེ་ལ་རྒྱུ་མཚན་གཅིག་མ་གཏོགས་ཡོད་མི་སྲིད། དེ་ནི་སེམས་པ་ཤོར་བ་རེད།
བུ་མོ་ཚེ་རིང་སྐྱིད་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་མ་ཟད་ཁྱེད་ཀྱི་རྩོམ་ཡིག་ཁག་ལ་ངས་དོ་སྣང་མང་པོ་བྱས་མྱོང་དེ་རྟེན་མ་འོངས་པ་ཡིན་ནའང་རྒྱབ་སྐྱོར་ཡོད།
སྙན་ངག་འབྲི་ལ་དགའ་བ་མ།། སེམས་ཤུགས་ཆེན་པོ་སྙིང་སྟོབས་ཅན།། བུད་མེད་རྣམས་ཀྱི་ནང་ན་མཛེས།། མཛེས་པའི་མདངས་ཀྱིས་ཕོ་མང་བཀུག། ཆགས་པ་ཆེན་པོ་བརླ་ཡངས་མ།། ཧང་སྒྲ་ཆེན་པོ་བདེ་སྦྱིན་མ།། གང་ནས་ལྟོས་ཀྱང་ཏག་ཏག་རེད།།
བུ་མོ་ཚེ་རིང་སྐྱིད་ནི་དངོས་གནས་མཛངས་མའི་ཁྱད་ཆོས་དང་ལྡན་པའི་དེང་བུས་བོད་པ་ཚང་གི་རྒྱན་གྱི་བུ་མོ་ཞིག་རེད་འདུག མོ་རང་ཨེ་ཤ་ཡའི་རླུང་ཕྲིན་ཁང་ནང་ནས་༼དྲ་ནང་གི་བོད་༽ཅེས་པའི་ལེའུ་ཚན་རྒྱངས་སྲིང་གནང་བའི་སྐབས་སུ་སྒེགས་ཉམ་དང་ལྡན་པའི་ངང་ནས། ཚིག་ལྷད་མེད་ཅིང་སྒྲ་དག་པ། བརྗོད་བྱ་ཉུང་ལ་དོན་འདུས་པ། བཞིན་རས་མཛེས་ལ་སྐུ་ལུས་ལྡེམ་པ་བཅས་ཧ་ཅང་ཡག་པོ་འདུག
ཨ་ལགས། ཐུགས་རྗེ་ཆེ། སྙན་ངག་སྐོར་གྱི་བཅར་འདྲིའི་གླེང་མོལ་ལ་ཉན་ཟིན། མ་གཞི་བཅར་འདྲིའི་དུས་ཚོད་ཐུང་ངུའི་སྟེང་དུ་ཀེ་ཐོའི་ངོ་སྤྲོད་ཅུང་རྒྱས་དྲགས་ནས་མཁོ་སོད་མོ་ཞིག་མ་ཡོང་ཐལ།
ལང་འཚོའི་འཁྲི་ཤིང་སྨྱུང་མས་ཕོ་གསར་སྟོང་གི་སྙིང་ཁམས་བརྐུས།
ཞལ་རས་བཅོ་ལྔའི་དུང་ཟླས་མགོ་སེར་བརྒྱ་ཡི་གནང་གནས་བརླངས།
སྙན་ངག་ཚིག་གི་བསྡེབས་སྦྱོར་དེ་ཡིས་ར་མ་ཎ་ཡང་རྨོངས་པར་བྱས།
ཁྱོད་ནི་གངས་རིའི་མཛེས་རྒྱན་ཡིན་ལ་ཡ་རབས་ཁ་བའི་མཛེས་མ་ཡིན།
མ་གཞི་ནས་དྲ་བ་ཚང་མ་ལན་ལས་རྒྱས་པ་ཡོད་པ་མ་ཤེས་སམ།
ཀྲམ་ཡེ་ཤེས་ཀྱི་སྐད་ཆ་རེ་ཟུང་བདེན་པ་མ་རེད། གཅིག་ཨེ་ཤ་ཡའི་རླུང་ཕྲིན་ཁང་ནང་ནས་༼དྲ་ནང་གི་བོད་༽ཟེར་བ་མ་རེད། ཨ་རིའི་རླུང་འཕྲིན་ཁང་རེད། གཉིས། ཚིག་ལྷད་མེད་ཅིང་སྒྲ་དག་པ་ཞེས་ན་མི་ཤེས། སྒྲ་དག་མོ་ཞིག་ནི་མ་རེད། འོན་ཀྱང་ད་དུང་ཡར་རྒྱས་དང་བྱང་ཆ་ལྡན་པའི་ལམ་དུ་འགྲོ་རྒྱུ་ཡོད་པ་རེད།
གཞན་སྒེག་ཉམས་ཡོད་མེད་མཛེས་དང་མི་མཛེས་ཟེར་བ་དེ་རང་རང་སོ་སོའི་འདོད་མོས་རེད།
ངས་ནི་སྐད་ཆ་དྲང་མོར་བཤད་པ་ཡིན།
༄༎ ངའི་བོད་པའི་མཛེས་མ་ཟེར་གྱི་མེད། བློ་བཟང་དབང་རྒྱལ་གྱི་མཛེས་མ་ཟེར་གྱི་ཡོད། སྤྱིར་སྟང་མཛེས་དང་མི་མཛེས་ཟེར་བ་འདི་སོ་སོའི་སེམས་ནང་གི་འཆར་སྣང་ཞིག་རེད་སྙམ། དྲ་ནང་གི་བོད་ཀྱི་ལེན་ཚན་དེ་སྙན་པོ་དེ་ཙམ་མི་འདུག ཡར་རྒྱས་འགྲོ་རྒྱུ་ཡོད་སྲིད།
༄༎ སྙན་ངག་མ་ཡིན་མིན་མི་ཤེས། བོད་ཀྱི་མཛེས་མ་མ་རེད། སུའི་མཛེས་མ་རེད་ཞེས་ན། བློ་བཟང་དབང་རྒྱལ་གྱིས་མཛེས་མ་རེད། སྤྱིར་སྟང་མཛེས་མ་ཞེས་པ་དེ་ནི་མི་སོ་སོ་ལྟ་སྣང་ཞིག་གི་ཐོག་ནས་བཤད་ན་མི་འོས་པ་ཞིག་མེད། གང་ཟག་རང་རང་སོ་སོ་འདོད་མོས་རེད།
xxxxxxxxxxxxxxx
འདྲི་མཁན་གྱིས་ཡག་པོ་དྲིས་འདུག་ལ། ལན་ཡང་ཡག་པོ་འཁྱོངས་འདུག གཉིས་ཀར་རྟེན་འབྲེལ་ཞུ།
བོད་ཀྱི་བུ་མོ་ཞིག་གིས་བྲིས་པར་སྙན་པོ་ཡོད་ཀྱང་རུང་མེད་ཀྱང་རུང་ང་ཚོས་བོད་ཀྱི་བུད་མེད་རྣམས་ལ་ངོ་གསོ་དང་རྒྱབ་སྐྱོར་ཞུས་ན་ལེགས། རིམ་བཞིན་བོད་མོ་རྣམས་རིག་པའི་གནས་ལ་སྦྱང་བརྩོན་གྱིས་སྐྱེས་པ་དང་འདྲ་མཉམ་གྱི་གནས་སྟངས་ཤིག་ཏུ་སླེབ་ངེས། དེ་དུས་སྙན་དང་མི་སྙན་ལེགས་དང་མི་ལེགས་ཀྱིས་དགག་བཞག་གནང་ན་འོས་ཤིང་འཚམས་པར་མཐོང་ངོ།
བུ་མོ་ཁྱེད་རང་རང་ལ་ཡོད་པའི་བཞིན་གཟུགས་ཀྱི་རྣམ་པར་དང་འདོད་བྱེད་དེ་མི་བཞུགས་པར་རིག་གནས་ལ་སྔར་ལས་ལྷག་པའི་འབད་བརྩོན་གནང་ནས་འདི་ཚོར་ཁ་གཏད་གཅོག་ཐུབ་པ་ཞིག་གནང་རོགས་ཞུ་བཞིན་ཡོད།
གཞི་ནས་ཁྱེད་ཉིད་ཕྱི་ཡི་མཛེས་སྡུག་དང་ནང་གི་མཁྱེན་རྩལ་གཉིས་འདུས་ཀྱིས་སྟག་ཤར་ཐམས་ཅད་ཀྱི་ཡིད་འཕྲོག་པ་དང་སྨན་ཤར་རྣམས་ཀྱིས་མིག་དཔེ་བལྟ་ས་ཞིག་ཏུ་འགྱུར་ངེས་སོ།
http://www.youtube.com/watch?v=C1qz5HCq0ew
Tsering kyi program on voa lacks the content.
She is attractive but not her program.
ངས་ནི་དྲི་བ་དྲི་ལན་གཉིས་ཀ་རྒྱས་བསྡུས་འཚམ་པ་ཞིག་ཏུ་མཐོང་སོང་། དེ་མིན་བོད་པའི་རླུང་འཕྲིན་ལས་བྱེད་རེ་ཟུང་གིས་རང་གི་ཤེས་ཡོན་ངོམས་པའི་གོ་སྐབས་བཟུང་སྟེ་དྲི་བ་དངོས་དེའི་སྟེང་དུ་མ་བསླེབས་ནས་དུས་ཚོད་རྫོགས་འགྲོ་བའི་སྣང་ཚུལ་དེ་ངོ་མ་ཅིག་མི་བཟོད་ཀི ཀེ་ཐོའི་དྲི་བ་འདྲི་སྟངས་དེར་རླུང་འཕྲིན་ལས་བྱེད་གང་མང་ཞིག་གིས་ངོ་མ་མིག་དཔེ་བྱེད་དགོས་ཀྱི་འདུག
ཀེ་ཐོའི་སྔོན་འགྲོའི་ངོ་སྤྲོད་རིང་སོང་ཟིག།
དངོས་གཞིའི་དྲི་བ་དྲིས་ལན་ཐུང་སོང་ཟིག།
སེམས་པ་དགའ་གི་ཡོད་ནོ་ཤེས་ཐུབ་ཀི།
ལོས་དགའ་བོད་པའི་བུ་མོའི་ཡང་རྩེ་རེད།།
དགའ་ན་དགའ་གི་ཟེར་ནས་ཤོད་རྡ་ཐོངས།།
ཕོ་གསར་སྟག་འདྲ་ཞིག་གི་འགྲོ་སྟངས་རེད།།
ངོས་ལེན་བྱེད་དང་མི་བྱེད་མོ་ལ་རག།
དེ་འདྲ་ཨེ་རེད་གེ་སར་ཐོ་ལོ་ལགས།།
ཨ་ལ་རྩེད་མོ་ཡིན། གྲོགས་པོ་གེ་ཐོ་དང་གྲོགས་མོ་ཚེ་སྐྱིད་གཉིས་ལ་ཡུན་རིང་མ་ཐུག་པས་འོ་ཇ་ཞིག་གི་ཚབ་ཡིན། རྣམ་པ་གཉིས་སྐུ་ཁམས་བདེ་བར་བཞུགས་ཡིན་པ་དགའ་སྤྲོ་ཆེ།
མི་ཁ་ཅིག་གིས་ཚེ་རིང་སྐྱིད་ཀྱི་ཡིད་དབང་འཕྲོག་པའི་སྙན་ངན་རྣམས་མོ་རང་གིས་བྲིས་པ་མ་རེད། བློ་བཟང་དབང་རྒྱལ་གྱིས་བྲིས་པ་རེད་ཟེར་ལུགས་ལ་བལྟས་ན། མོའི་གསེར་གྱི་མེ་ཏོག་ལྟར་མཛེས་ཤིང་གཟི་མདངས་འབར་བའི་ལང་ཚོ་དེ་ཡང་མོ་རང་གི་མ་རེད། ངེད་སང་གི་ཨ་ཅེས་གཡར་བ་རེད་ཟེར་སྲིད་ས་རེད། མིང་རྫུན་མ་འདིའི་འོག་ནས་ཅི་ཞིག་བྲིས་ཀྱང་ཆོག་ནོ་འདི་ངོ་མ་ཡ་མཚན་རེད་ཡ།
ཕྲག་དོག་ཡིན་ན་འདིའི་ཁ་ཐལ་བས་ཆོད།
ཨ་རོགས་ཀླུ་སྤྲུལ་སྐུ་སང་། ཁྱེད་ཀྱིས་ང་ལ་བཀྱོན་གྱི་ཡོད་དམ། ངས་ཕྲག་དོག་བྱས་མེད་ཀི་མོ།
མིན་མིན། མོའི་སྙན་ངག་ཚོ་ཡང་མོའི་ཁ་ལག་བར་ནས་འཕྲོགས་ཏེ་བློ་བཟང་དབང་རྒྱལ་ལ་སྤྲོད་མཁན་ཚོར་ཟེར་གིན་ཡོད།
མཁྱེན་གསལ་ལྟར། ཚེ་རིང་སྐྱིད་ནི་འགྲན་ཡ་གཅིག་ཀྱང་མེད་པར་མཛེས་མའི་འགྲན་སྡུར་ནས་མཛངས་མའི་དབུ་རྒྱན་ཐོབ་པའི་བོད་མོ་ཞིག་རེད།་གང་ལྟར་ད་བར་བོད་ཀྱི་མཛེས་མའང་མཛངས་མའི་འགྲན་སྡུར་ཁྲོད། མོ་ལས་ལྷག་པའི་བོད་ཀྱི་རིག་གནས་སློབ་གཉེར་ཅན་ཞིག་སླེབ་མ་སོང་། འདི་ནི་སྐད་ཆ་དྲང་མོ་ཡིན། མོ་ཡི་སྙན་ངག་ཀྱང་བློ་བཟང་དབང་རྒྱལ་གྱིས་བྲིས་ཟེར་བར་བལྟས་ན། ཅི་བྱེད་འདི་བྱེད་པའི་ཕྲག་དོག་རང་རེད། བློ་བཟང་ཟེར་བ་ཚིག་བཅད་གཅིག་ཀྱང་འབྲི་མྱོང་བའི་ཤེས་ཡོན་ཡོན་པ་ཞིག་ཡིན་རབས་ཐོས་མ་མྱོང་། ད་ངོ་མ་ཕྲག་དོག་འདིའི་ངོ་ཅིག་རྫོགས།
ཨ་ཁུ་ཀླུ་སྨྱོན་གྱི་རྩོམ་གྱི་བྱ་དགའ་དང་པོ་དེ་སྙན་ངག་མ་ཚེ་རིང་སྐྱིད་ལ་གནང་རྒྱུའི་རེ་བ་འདུག
སྙན་ངག་མ་ཚེ་རིང་སྐྱིད་ལགས་ཕྱི་ཤུགས་ནང་ཤུགས་ཅུང་ཙམ་རྒྱབ་གནོང་དང་གཏན་གཏན་གྱི་བྱ་དགའ་དེ་ཁྱེད་ལ་ཐོབ་ངེས་རེད་འདུག
མཛེས་མ་ཡིན་མིན་སོ་སོའི་ལྟ་སྟངས་ཡིན་ན། སྙན་ངག་ཡིན་མིན་ཡང་སོ་སོའི་མྱོང་སྟངས་ཡིན་རྒྱུ་རེད། ལར་ནས་ཚེ་རིང་སྐྱིད་ཀྱི་སྙན་ངག་འཕྲོག་མཁན་ཚོ་ལ་ལས་ཀ་མེད་སོང་བའམ་ཡང་ན་བྱེད་ཐབས་མ་སྙེད་པ་ལྟ་བུ་རེད། བློ་བཟང་དབང་རྒྱལ་གྱིས་བོད་ཡིག་གི་སྙན་ངག་ཅིག་འབྲི་ཐུབ་མི་ཐུབ་ཕར་བལྟས་ཚུར་གསལ་རེད། དབྱིན་ཡིག་གི་སྙན་ངག་ཅིག་བྲིས་ན་དེའང་བོད་བསྒྱུར་བྱེད་དགོས་པ་རེད། དེ་བསྒྱུར་མཁན་གྱིས་ཚེ་རིང་སྐྱིད་ཀྱི་རྩོམ་གཤིས་དང་དབྱེ་བ་མེད་པ་ཞིག་བསྒྱུར་ཐུབ་རྒྱུ་ཨེ་རེད།
དྲ་ནང་གི་བོད་ཟེར་བའི་ལེ་ཚན་འདིར་བལྟས་པ་ཡིན། སྨྲ་སྒོ་དག་མོ་ཞིག་མ་རེད། དེའི་སྒང་ལ་ཨ་མདོའི་དབུས་གཙང་སྐད་དེ་དབུས་གཙང་པས་གོ་ཁག་སེ་འདུག ཁམས་པའི་དབུས་གཙང་སྐད་ཀྱང་དེ་བཞིན་རེད། ད་ལོ་ཆེན་པོ་ཆགས་ཟིན་དུས་སྐད་ལ་འགྱུར་བ་གཏོང་ཐུབ་མིན་མི་ཤེས་མོད། དབུས་གཙང་སྐད་བཤད་ན་གཙང་མ་ཞིག་དང་ཨ་མདོའི་སྐད་བཤད་ན་གཙང་མ་ཞིག་བཤད་རྒྱུ་གལ་ཆེ། འདི་ཚེ་རིང་སྐྱིད་གཅིག་པོའི་སྐྱོན་མ་རེད། མདོ་འཛིན་པ་ཨ་མདོ་བ་དང་ཁམས་པ་མང་ཆེ་བའི་སྐྱོན་རེད།
ངེད་ཙང་གི་བུ་མོ་རེད། ངེད་ཚང་གི་བོད་པའི་བུ་མོ་རེད་ཅེས་ངོམས་ཀྱིན་ཡོད། སྔོན་ཆུ་སྐྱེས་སྒྲོལ་མའི་རྩོམ་དེ་བཟའ་ཟླ་རྡོ་རྗེ་དབང་ཕྱུག་གིས་བྲིས་པ་རེད་ཅེས་ཨ་མདོ་བ་ཚོས་བཤད། ད་ཡང་ཚེ་རིང་སྐྱིད་ཀྱི་སྙན་ངག་དེ་ཡང་གཞན་གྱིས་བྲིས་པ་རེད་ཟེར་ན། ཚེ་རིང་སྐྱིད་ཀྱིས་དགའ་རོགས་ཚོའི་ནང་དུ་བོད་ཡིག་ཤེས་མཁན་དང་ཡང་ན་སྙན་ངག་འབྲི་ཤེས་མཁན་ཡོད་དམ།
ཨ་མདོ་འདི་ཚོས་ཨ་མདོ་བ་ཞིག་ལ་རང་བརྩི་ཡི་བསམ་བློ་ཞིག་འབུས་ཐབས་མེད་པར་ནམ་ཡིན་ཡང་དེ་ལྟར་བཤད་རྐྱང་རེད།
སེམས་ལ་ཤར་ཤར་འདྲ་བའི་མིག་ཟུང་ཞིག
བློ་ལ་འབབ་འབབ་འདྲ་བའི་སྐྱེས་གཟུགས་ཤིག
ཡིད་ལ་དྲན་དྲན་འདྲ་བའི་མཇོ་སྒེག་ཅིག
ངག་ནས་ཡང་ཡང་འབོད་པའི་གཤིས་བཟང་མ།།
ལ་ལས་མཛེས་རབས་ཡག་རབས་གླེང་གླེང་ཡང་།།
ལ་ལས་སྡུག་རབས་ཐུ་རབས་བཤད་བཤད་ཀྱང་།།
ང་ཡི་ཡིད་དུ་འབབ་པའི་བུ་མོ་ཁྱོད།།
ཁ་ཡ་ན་ཟླའི་གྲས་ན་དོ་མཁན་མེད།།
མྱི་ལྡང་། ཉི་ཟླ་ལ་བཟའ་ཟླ་དང་བྱིས་པ་གཉིས་ཡིན་ནམ་ཞིག་ཡོད་པ་མིན་ནམ།
བསྟོད་ནས་དགོང་ལ་བཏེགས་རུང་དགའ་མི་དགོས།།
སྨད་ནས་ས་ལ་བརྡབ་རུང་སྡུག་མི་དགོས།།
དགའ་དུས་དགའ་ནས་སྐེ་ལ་འཐམ་མཁན་ཞིག།
སྡུག་དུས་མདུན་ནས་མཆི་མ་གཏོང་ནི་ཞིག།
ཇ་ཁ་ཆང་ཁའི་གྲོགས་པོར་དགའ་མི་དགོས།།
ཁྲག་དོག་དགྲ་འཛིན་རིག་ལ་སྡུག་མི་དགོས།།
ནང་རེ་དགོང་རེར་ཇ་རྒ་རྡུང་བ་བཞིན།།
སྐྱིད་སྡུག་གཉིས་ཀ་མཉམ་པོར་རྡུང་མཁན་ཞིག།
མཁས་པ་ཡིན་རབས་གླེང་ན་དགའ་མི་དགོས།།
བླུན་པོ་ཡིན་རབས་བཤད་ན་སྡུག་མི་དགོས།།
རང་གི་གང་ཤེས་གང་དྲན་ཤོག་བུའི་ཐོག།
ནག་ཤར་ཤར་སེ་བཀོད་ན་དེ་གས་འགྲིག།
མཛེས་མ་ཡིན་རབས་གླེང་ན་དགའ་མི་དགོས།།
མདོག་ངན་ཡིན་རབས་བཤད་ན་སྐྱོ་མི་དགོས།།
གཞོན་པའི་དུས་ནས་རྒས་ཞིང་འཁོགས་པའི་བར།།
ཡིད་མཐུན་གྲོགས་ཞིག་ཡོད་ན་དེ་གས་འཐུས།།
ཁ་མཐུན་བརྒྱ་ཕྲག་ཡོད་ན་དགའ་མི་དགོས།།
མི་མཐུན་དགྲ་བོ་ཡོད་ན་སྡུག་མི་དགོས།།
གལ་ལ་ཐུག་དུས་གཅེས་ཞིང་སྐྱོང་བ་ཡི།།
སྙིང་གྲོགས་གཅིག་གིས་མི་ཚེ་སྲུངས་གྱུར་ཅིག།
ཁ་ཏ་བསླབ་བྱ་བྱེད་རྒྱུར་ཇེ་དགའ་ཡིན་པ་འདི་ཡང་ལོ་རྟགས་ཤིག་རེད་ཡ། ང་ལ་མཚོན་ན།
གཞོན་ནུ་ཟླ་མེད་ལགས། ཁྱོད་ལ་དཀའ་ལས་རེད་དེ། ཡང་བསྐྱར་ཡིག་ནོར་འདི་ཚོས་ཁྱོད་ཀྱིས་གང་ཞིག་བཤད་འདོད་པ་དེ་ཕྱིན་ཇི་ལོག་ཏུ་སྟོན་གྱི་འདུག་པས་ད་དུང་བྱིས་པའི་དག་ཡིག་རེ་རྒྱུན་དུ་ལག་པར་འཛིན་རོགས་ཞུ།
༢༥༽ གཞོན་ནུ་ཟླ་མེད་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༢༤ གི་ཆུ་ཚོད་ ༡ སྐར་མ་ ༠༡
བསྟོད་ནས་དགོང་༼དགུང་༽ལ་བཏེགས་༼བཏེག་༽རུང་དགའ་མི་དགོས།།
སྨད་ནས་ས་ལ་བརྡབ་རུང་སྡུག་མི་དགོས།།
དགའ་དུས་དགའ་ནས་སྐེ་ལ་འཐམ་མཁན་ཞིག།
སྡུག་དུས་མདུན་ནས་མཆི་མ་གཏོང་ནི་ཞིག།
ཇ་ཁ་ཆང་ཁའི་གྲོགས་པོར་དགའ་མི་དགོས།།
ཁྲག་༼ཕྲག་༽དོག་དགྲ་༼དགྲར་༽འཛིན་རིག་༼ རིགས་༽ལ་སྡུག་མི་དགོས།།
ནང་རེ་དགོང་རེར་ཇ་རྒ་༼ལྒ་༽རྡུང་བ་བཞིན།།
སྐྱིད་སྡུག་གཉིས་ཀ་མཉམ་པོར་རྡུང་༼བརྡུང་༽མཁན་ཞིག།
མཁས་པ་ཡིན་རབས་གླེང་ན་དགའ་མི་དགོས།།
བླུན་པོ་ཡིན་རབས་བཤད་ན་སྡུག་མི་དགོས།།
རང་གི་༼ གིས་༽གང་ཤེས་གང་དྲན་ཤོག་བུའི་ཐོག།
ནག་ཤར་ཤར་སེ་བཀོད་ན་དེ་གས་འགྲིག།
མཛེས་མ་ཡིན་རབས་གླེང་ན་དགའ་མི་དགོས།།
མདོག་ངན་ཡིན་རབས་བཤད་ན་སྐྱོ་མི་དགོས།།
གཞོན་པའི་དུས་ནས་རྒས་ཞིང་འཁོགས་པའི་བར།།
ཡིད་མཐུན་གྲོགས་ཞིག་༼ ཤིག་༽ཡོད་ན་དེ་གས་འཐུས།།
ཁ་མཐུན་བརྒྱ་ཕྲག་ཡོད་ན་དགའ་མི་དགོས།།
མི་མཐུན་དགྲ་བོ་ཡོད་ན་སྡུག་མི་དགོས།།
གལ་ལ་ཐུག་དུས་གཅེས་ཞིང་༼ ཤིང་༽སྐྱོང་བ་ཡི།།
སྙིང་གྲོགས་གཅིག་གིས་མི་ཚེ་སྲུངས་༼སྲུང་༽གྱུར་ཅིག།
ཕྱིན་ཅི་ལོག
བློ་གྲོས་མཐའ་ཡས་ལགས། གཤམ་གྱི་རྩོམ་ཡིག་འདི་ན་ཡང་ཡིག་ནོར་འདྲ་ཡོད་ན་ཞུ་དག་གཏོང་རོགས།
1. ༢༨༽ རིན་ཆེན་རིལ་བུ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༧ གི་ཆུ་ཚོད་ ༡༤ སྐར་མ་ ༢༡
རིན་ཆེན་རིལ་བུ།
༢༠༡༠/༡༡/༢༥ ཉིན་འདོན་སྤེལ་བྱས། བློ་གྲོས་མཐའ་ཡས་ཟེར་བ་འདིས་ཁ་ནས་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཡོད་
མདོག་བྱེད་ན་ཡང་།དོན་གྱིས་སྐྱོན་བརྗོད་དང་ངན་བསྒྲགས་ཐང་མང་བྱས་
འདུག ཐེང་འདིར་ཁ་བརྡ་དྲ་ཐོག་དུ་ཡང་ཁོས་བློ་བཟང་སེང་གེ་ལགས་
ཀྱིས་ཆོལ་ཁ་དང་ལུང་ཚན་གྱི་ཞེན་ཁོག་བྱས་ཏེ་དཔུང་ཁག་སྒྲིག་ཡོད་པ་
གཞིར་བཞག་བྱས་ནས།དེ་ཁོང་གི་འཚོ་གནས་ཀྱི་
ཆེད་དུ་རེད་ཅེས་ཁ་ཡག་ཁོག་བཙོག་གི་ངན་གཡོ་བྱས་འདུག ཉེ་སྔོན་ཕྱི་
ཟླ་༩བའི་ནང་ཡང་ཁོས་༼བློ་བཟང་སེང་གེ་ཕམ་ན་བོད་ཀྱི་མི་རབས་གསར་
བ་ཕམ་པ་ཡིན།༽ཞེས་མི་རབས་ཕྱོགས་ཁག་བསྒྲིག་དགོས་མདོག་བྱས་ནས།
ལྡོག་ཕྱོགས་ཀྱི་མིས་བློ་བཟང་སེང་གེར་རྒྱབ་སྐྱོར་མི་བྱེད་ཐབས་བྱས་ཡོད།
ཁོ་ལ་མི་ནག་པོ་བཟོ་བའི་ཐབས་ལམ་མང་པོ་ཡོད།དཔེར་ན་ལོ་ཤས་སྔོན་
དྲ་མིང་གཞན་གྱི་ཐོག་ནས་སྒོམ་སྡེ་ལྷ་རིམ་པ་ལ་དོལ་རྒྱལ་གྱི་མངོན་རྟོགས་
དང་འབྲེལ་བའི་ངན་བསྒྲགས་བྱེད་མཁན་ཡང་ཁོ་རང་རེད།
མ་རྩ་ཁོ་ནི་དོགས་ཟོན་དགོས་སའི་མི་ཞིག་ཡིན་པ་རེད།གང་ཟེར་ན།
ཁོ་རྣམ་གྲོལ་གླིང་གི་མཁན་པོའི་མིང་ཐོག་ནས་ཨ་རི་ལ་ཆོས་ཚོགས་མཁན་
པོར་སོང་བ་རེད།ཁོས་ཆོས་ཚོགས་ཀྱི་ཕྱག་ཡོང་སྒོར་མང་པོ་བཟུང་ནས་ལོ་
རྟག་པར་རྒྱ་ནག་ནང་ལ་ཕར་འགྲོ་ཚུར་འོང་མང་པོ་བྱེད་ཀྱིན་ཡོད་ལ་
རྒྱ་ནག་དཔོན་རིགས་མཐོ་ཁག་དང་འབྲེལ་བ་ཡོད་པ་དང་།རྒྱ་མོ་ཞིག་ལ་
ལྐོག་ནས་ལུས་འབྲེལ་བྱས་པར་མ་ཟད་མོ་ལ་ཁང་པ་བཟང་བོ་ཞིག་ཉོས་ནས་
རྒྱ་ནང་གི་ཁོའི་རང་ཁྱིམ་བྱས་ཡོད་འདུག ངོ་མ་བཤད་ན་ཁོ་ཨ་རི་ལ་
གཏོང་མཁན་རྣམ་གྲོལ་གླིང་དགོན་པ་ཡིན་ལ་ཆོས་ཚོགས་དེའང་
རྣམ་གྲོལ་གླིང་གི་མིང་ཐོག་ནས་བཙུག་པ་རེད། དེས་ཕྱག་ཡོང་སྒེར་བདག་གིས་རྒྱ་མོར་ཁང་བ་སོགས་ཉོས་ན་ག་འདྲ་འདུག
ཨ་རི་དང་།རྒྱ་གར།བོད་ནང་སོགས་ནས་ཡང་སྡོམ་པ་ཡོད་མདོག་གི་མཁན་པོ་བྱས་དང་བྱེད་བཞིན་ཡོད།ཁོ་རྒྱ་ལ་དགའ་བའི་མ་ཚད་ཁོས་
ལུང་འདྲེན་ཞིག་བྱས་ཀྱང་མའོ་འམ་ཏིན་ཡིན་འདུག༼ མའོ་ཙེ་ཏུང་གིས། འཛམ་གླིང་འདི་ང་ཚོའི་རེད་དམ་ཡང་ན་ཁྱོད་ཚོའི་རེད།མཐར་གཏུགས་ན་ཁྱོད་ཚོས་རེད་ཅེས་བཤད་མྱོང་བ་ལྟར།༽ཁོས་ལུང་འདྲེན་འདི་ཚོ་ཚིག་འཛིན་
དོགས་སློང་མིན་ལ་ཚད་མར་འཛིན་ཁུལ་རེད།མདོར་ན་ཁོ།ངོ་ལོག་པ་ཀཿ
ཐོག་དྲི་མེད་ཞིང་དང་རྒྱ་ནང་ནས་ངན་འབྲེལ་ཚབ་ཆེན་ཡོད།ང་ཚོས་དུས་
ནམ་ཡང་ཁོ་ལ་དོགས་པ་ནན་མོ་བྱེད་དགོས
ང་ཨ་མདོ་ཡིན་པས་ངས་ཨམ་སྐད་ཀྱི་ཨེ་ཤ་རླུང་འཕྲིན་ཁང་ལ་ཉན་གྱིན་ཡོད།མཚམས་རེ་ལ་རྩོམ་པ་པོ་འདྲ་བོ་ངོ་སྤྲོད་བྱེད་བཞིན་པ་དེ་དགོས་པ་མི་འདུག་ལ།དེའི་ནང་ལ་ངེས་དོན་གྱི་རྩོམ་པ་པོ་ཚོ་ཐོན་ཐུབ་ཀྱི་མི་འདུགདེ་གཅིག་ཡིན།གཉིས་ནས་དབུས་གཙང་གི་སྐད་ཀྱི་སྡེ་ཚན་ལ་ཅིག་ལྟོས་དང་དེ་འདྲའི་རྒྱལ་སྤྱིའི་རྣམ་པའི་དོན་ཏག་གལ་ཆེན་བོད་དོན་འབྲེལ་བ་ཡོད་པ་དེ་འདྲ་ངོ་སྤྲོད་ཡག་པོ་གནང་གི་འདུག་གཨམ་སྐད་སྡེ་ཚན་ལ་ཅི་ཞིག་མ་འགྲིག་པ་རེད།ངས་ཨ་ཤ་ཡ་རླུང་འཕྲིན་ཁང་གི་འགན་འཛིན་ལ་དེའི་སྐོར་ནས་འཕྲིན་ཞིག་གཏོང་དགོས་བསམ་བསྡད་ཡོད།ད་དེ་ཙམ་ཡིན།
ཨོ་ཧོ་ཧོ་ཧོ། གཞོན་ནུ་ཟླ་མེད་དམ་རིན་ཆེན་རིལ་བུ་ལགས། ངས་ཁྱོད་རིན་ཆེན་རིལ་བུ་རུ་གོ་འཕོས་པ་ཁར་སང་དགོང་མོ་ཤེས་པ་ཡིན། དེ་ཁྱོད་ཀྱི་གློག་ཀླད་དང་ས་གནས་ཀྱི་དྲ་རྒྱའི་ཨང་གྲངས་ཐོག་ནས་ཤེས་སོང་། འོན་ཀྱང་དེ་ལ་སྐྱོན་མི་འདུག ད་ནངས་སྔ་དྲོ་ངས་ཁྱོད་ལ་མཆན་ཞིག་བྲིས་པ་ཡིན། མཆན་དེའི་ནང་དོན་ནི། ངས་ཁྱོད་ལ་ཡིག་ནོར་ཐེར་འདོན་བྱས་སྟབས་ཁྱོད་ཀྱིས་སྡུག་ནད་མ་ཁྱོག་པར་རིན་ཆེན་རིལ་བུ་ཟེར་བའི་མིང་ཐོག་ནས་ང་ལ་སྐུར་འདེབས་བྱེད་ཁུལ་བྱས་པའི་སྐོར་བྲིས་ཡོད། ང་ལ་སྐུར་འདེབས་དགོས་ཀྱང་རྣམ་གྲོལ་གླིང་སོགས་ལ་སྐུར་འདེབས་མ་བྱེད་ཅེས་བྲིས་ཡོད། འོན་ཀྱང་ཚིག་རྩུབ་མོ་འགའ་ཞིག་ཡོད་སྟབས་ཡང་ཁ་བརྡ་སང་གིས་བསུབ་སོང་ཟིག ད་མཐོང་ས་ན་བསྡད་མི་འདུག
དེ་ནས་ཁྱོད་ཀྱི་རེ་བ་བཞིན་གོང་གི་རྩོམ་དེ་ལ་ངས་ཉིན་ཁ་ཤས་ཀྱི་གོང་ནས་ཞུས་དག་བཏང་ཚར། བློ་ལ་བྱང་རྒྱུ་ཞིག་གློག་ཚར་རུང་ད་དུང་མཐོང་མེད་ན་འདི་རེད།
བློ་གྲོས་མཐའ་ཡས།
༢༠༡༠/༡༢/༡༨ ཉིན་འདོན་སྤེལ་བྱས།
ཧ་ཧ་ཧ་ཧ་ཧ། རིན་ཆེན་རིལ་བུ་ལགས་སུ། ཉིད་ཀྱིས་བདག་ལ་ཁ་གཡང་ཆེན་པོ་བསྒྲགས་པར་ཐུགས་རྗེ་ཆེ་ཞུ།
ཁོ་བོ་ལ་མཚོན་ན་ཨ་རིའི་ས་ཆ་ཁུག་ཀྱོག་ཅིག་ཏུ་ཟླ་བ་རེའི་ཁང་གླ་ཙམ་ལ་ཡང་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་། ངའི་ལག་ཏུ་རྣམ་གྲོལ་གླིང་གི་ཆོས་ཚོགས་རྒྱ་ཆེན་པོ་ཡོད་པའི་མ་ཚད། ངས་སྦྱིན་བདག་བྱས་ནས་དགའ་རོགས་རྒྱ་མོ་ལ་ཡང་ཁང་བ་ཉོས་ཡོད་པ་དང་། ཡང་ཡིག་ཆའི་དཀའ་ངལ་དང་འཕྲད་ནས་ངུ་ལ་ཐུག་ཡོད་རུང་། ལོ་རྟག་པར་རྒྱ་ནག་ནང་ལ་ཕར་འགྲོ་ཚུར་འོང་མང་པོ་བྱེད་ཀྱིན་ཡོད་ཐོག རྒྱ་ནག་དཔོན་རིགས་མཐོ་ཁག་དང་འབྲེལ་བ་ཡོད་པ་སོགས་ཀྱི་ཁ་གཡང་བསྒྲགས་པར་ཐུགས་རྗེ་ཆེ་ཞུ། མ་མཐའ་ཡང་སེམས་གསོ་ཙམ་ལ་ཕན་གྱི་འདུག དྲིན་ཅན་པོ། ངའི་ཨ་མ་ལོ་དགུ་བཅུ་གོ་གཅིག་ཡིན། བོད་ནས་ཆབ་སྲིད་ཀྱི་ལས་ཀ་བྱས་པས་བོད་དུ་སྡོད་ས་མེད། ད་ཨ་མ་ལ་ཐུག་པར་ཐེངས་གཅིག་འགྲོ་བསམ་རུང་ད་དུང་ཡིག་ཆ་མ་རག་པས་སྨྱོ་གྲབས་བྱས་ནས་བསྡད་ཡོད། དངོས་གནས་ཡོད་མ་མྱོང་བའི་མི་ལ་ཡོད་རབས་བཤད་ན་སེམས་དགའ་ནི་ཞིག་རེད། ཐུགས་རྗེ་ཆེ། བློ་བཟང་སེང་གེ་ནི་ངའི་སེམས་ནང་གི་བཀའ་ཁྲི་ཡིན་པས་ང་ཤི་ཡང་སྐྱོན་བརྗོད་བྱེད་ཀྱི་མེད་ལ། ངས་ཁོང་གི་འབུར་དུ་ཐོན་པའི་ཡོན་ཏན་མ་གཏོགས་སྐྱོན་ཤེས་མྱོང་ཡང་མེད་པས་སྐྱོན་བརྗོད་བྱེད་དགོས་ཀྱང་སྐྱོན་གླེང་མི་ཤེས། ཁྱོད་ཀྱིས་ང་ལ་སྐྱོན་བཀལ་བ་ལྟ་བུ་རྨི་ལམ་ལ་ཡང་རྨིས་མ་མྱོང་བ་ཤ་སྟག་ངས་ནི་དུས་ནམ་ཡིན་ཡང་བྱེད་ཀྱི་མ་རེད། གང་ཡིན་ཟེར་ན་ཆོས་སྒྲ་མང་པོ་རྣ་བས་གོ་མྱོང་བས་ལས་རྒྱུ་འབྲས་ཟེར་བ་དེ་ལ་ང་སྐྲག་གི་ཡོད། ང་ནི་ཁྱོད་ལྟ་བུ་ལས་རྒྱུ་འབྲས་ལ་ཡང་མི་སྐྲག་པའི་བུ་རྒོད་ཅིག་མིན། མྱི་སྐྱག་ཤོར་ཞིག་ཡིན། སྒོམ་སྡེ་ལྷ་རམས་ལ་ཅིག་བྲིས་རབས་སོགས་ལ་ང་ལ་ཡིན་མིན་གྱི་གསལ་བཤད་གང་ཡང་བྱེད་འདོད་མེད། གང་ཡིན་ཟེར་ན་སྒོམ་སྡེ་དང་དོལ་རྒྱལ་གཉིས་ཀ་དགའ་རུང་མ་དགའ་རུང་ང་ལ་ནི་གལ་ཆེན་པོ་གང་ཡང་མིན། རིན་ཐང་ཆེན་པོ་ཞིག་ཏུ་ཡང་མཐོང་གི་མེད། ངོ་མ་བཤད་ན་ལོ་བརྒྱ་ཕྲག་མང་པོར་དོལ་རྒྱལ་དང་ཤ་འདྲེས་སྤགས་འདྲེས་ཀྱི་དགོན་པ་ཞིག་ནས་ཡོང་བའི་མི་ལ་དོལ་རྒྱལ་གྱི་མངོན་རྟོགས་ཡོད་རབས་བཤད་ཀྱང་ཧང་སངས་རྒྱུ་ཅི་ཞིག་ཡོད། དེ་ལས་ཁྱེད་ཀྱིས་མཆན་དེའི་ནང་ཁྱེད་རང་རྣམ་གྲོལ་གླིང་དང་། ཀཿཐོག་སོགས་ལ་མི་དགའ་བའི་རུས་པ་འབུར་དུ་ཐོན་འདུག་པས་རང་གིས་རང་ལ་ཞུ་དག་བྱོས། གལ་སྲིད་ཁྱེད་རྣམ་གྲོལ་གླིང་དང་། ཀཿཐོག བློ་བཟང་སེང་གེ་སོགས་ལ་མི་དགའ་བ་ཡིན་ན་ཁོང་རྣམ་པའི་སར་ཐད་ཀར་སོང་ན་ཡག་གི་རེད། གཡོག་པོ་ཞིག་གི་གོ་ས་ཡང་མེད་པའི་མི་ང་ལ་རྣམ་གྲོལ་གླིང་དང་ཀཿཐོག་སོགས་ཀྱི་སྙིང་ནད་རྩོད་ས་བྱས་ན་ཁྱོད་དགོད་མ་ཤོར་ཡང་། འཁྲིས་ཀྱི་མི་དེ་ཚོ་དགོད་ཁ་ཤོར་སྲིད་པས་ཐུགས་ལ་ཟུངས། གྲོགས་པོ་དྲིན་ཅན་པོ། ང་ཕྱུག་པོ་དང་འཇོན་པོ་རེད་ཟེར་མཁན་ཁྱོད་གཅིག་པོ་ལས་མེད། ཁྱོད་ངོ་མ་ཐུགས་རྗེ་ཆེ།
ཟླ་མེད་རིལ་བུ་ལགས། ངས་ཁྱོད་ལ་ཡིག་ནོར་ཐེར་འདོན་བྱས་པ་དེ་ཁྱོད་ཀྱི་ཡར་རྒྱས་ཀྱི་ཆེད་དུ་ཡིན། དཔེར་ན་གོང་དུ་ཁྱོད་ཀྱིས་ནམ་མཁའི་དོན་གྱི་དགུང་ལ་དགོང་། ཕྲག་དོག་ལ་ཁྲག་དོགས་སོགས་སུ་བྲིས་འདུག་པ་དེ་རྨོངས་པའི་དབང་གིས་ཡིན་པར་ངོས་ཟིན་ན། ཕྱིན་ཆད་ཡང་བསྐྱར་ཡིག་ནོར་དེ་འབྲི་གི་མ་རེད། དྲིན་ལན་འཇལ་རྒྱུའི་ཚབ་ལ་སྐུར་འདེབས་བྱེད་རྒྱུ་འདི་ཁྱོད་ཀྱི་སློབ་སྦྱོང་བྱེད་སྟངས་ཤིག་གི་བག་ཆགས་ཡིན་རྒྱུ་རེད་པ། ཞེ་འཁོན་མ་འཛིན། སློབ་སྦྱོང་བྱོས།
བློ་གྲོས་མཐའ་ཡས། ཡང་ཚོད་ཚོད་བཤད་ཡོང་གི་འདུག་ཀ རིན་ཆེན་རིལ་བུ་དང་ངེད་གཉིས་གཅིག་པ་རེད་ཟེར། འདིའི་འདི་འདྲ་བ་རྫུན་མ་བཤད་རྒྱུ་ག་ནས་སྦྱང་བ་ཡིན་ན། རྐྱང་བཤད་བསྡད་ཡོད་པ་རེད། ང་ཁྱོད་ནང་བཞིན་མ་རེད། རྫུན་མ་བཤད་ཤེས་ཀྱི་མེད་པ་རེད། ཁྱེད་རང་གིས་དྲ་ལམ་ལས་ཤེས་སོང་ཟེར། དྲ་བདག་ཡིན་མདོག་མདོག་བྱེད་བཞིན་འདུག་མོད། ངའི་ས་གནས་འདི་ན་ཕལ་ཆེར་རིན་ཆེན་རིལ་བུའི་མིང་བཀོད་མཁན་འདི་ཡོད་མི་སྲིད།
དེ་ནས་ཁྱོད་ངའི་ལག་ནོར་ཐེབ་པའི་ཡིག་ནོར་དག་བྱས་བྱས་པ་དག་ལ་དགའ་བསུ་ཡོད། འོན་ཀྱང་ཁྱེད་ཀྱིས་དུས་གསུམ་སྐོར་ཤེས་ཀྱི་མི་འདུག་པས། ཁ་ཏྭས་མི་གཙང་ཟོས་པའི་མཆུ།། གཙང་པའི་ས་ལ་མ་འཕྱི་རོགས། ཡང་བྱ་ཚིག་ལས་མིང་ཚིག་གྲུབ་སྟངས་སྐོར་ཀྱང་ཁྱེད་རང་གིས་ཤེས་ཀྱི་མི་འདུག་པས། བཟོ་བཅོས་མ་སྐྱོན་རོགས། མིང་རྐྱང་ནོར་བའི་རིགས་བཟོ་བཅོས་རྒྱབ་ན་འགྲིག་གི་རེད། དེ་བསམ་འཆར་ཡིན་ལ་དྲང་བཤད་ཡིན།
ཁྱེད་རང་གི་མི་དེ་མི་འདི་རེད་སོགས་མང་པོ་ཞིག་བཤད་པ་འདིས། གསང་བའི་དྲ་ལམ་ལ་ཉུལ་བ་འདིས། རིན་ཆེན་རིལ་བུའི་མཆན་བུ་དེའི་དཔང་པོར་འགྲོ་བཞིན་ཡོད་པ་རེད། དེ་རེད་དམ་མ་རེད།
ཨ་ཡ། གཞོན་ནུ་རིལ་བུ་དྲིན་ཅན་པོ། ༼ ངའི་ལག་ནོར་ཐེབ་པའི་ཡིག་ནོར་དག་༽ཟེར་བ་ནི་ཁྱེད་ངོ་ཚ་རྒྱུ་མེད་པའི་སྐད་ཆ་རང་རེད། གཅིག་ལག་ནོར་ལ་སོང་། གཉིས་ལག་ནོར་ལ་སོང་། གསུམ་ལག་ནོར་ལ་སོང་། དེ་འདྲ་ལོས་སྲིད། ངས་ཀྱང་ཁར་སང་ཕྱིན་ཅི་ལོག་ཟེར་བ་ཕྱིན་ཇི་ཞེས་ལག་ནོར་འདུག འཕྲལ་དུ་ནོར་བཅོས་བྱས་པ་ཡིན། ད་དུང་ཁར་ཉིན་གཤམ་ལ་ཡང་གཤམས་ཞེས་ནོར་འདུག དེ་འདྲ་ཁ་ཤས་ལོས་ཡོད། འོན་ཀྱང་མཆན་ཐུང་ཐུང་གཅིག་གི་ནང་དུ་ལག་ནོར་ཉི་ཤུ་སུམ་ཅུ་རེ་རྒྱུན་དུ་ཡོང་བ་དང་། རྩོམ་ཐུང་རེ་ལ་རྒྱུན་དུ་ལག་ནོར་ལྔ་བཅུ་ལས་བརྒལ་བ་ཞིག་ཧ་ལམ་ཡོང་སྲིད་ཀྱི་མ་རེད། ཁྱེད་རང་གིས་མིག་བཙུམས་ནས་རྐང་པའི་མཛུབ་མོས་ཡི་གེ་གཏགས་ཀྱིན་ཡོད་ན་མི་ཤེས།
དེ་ནས་༼འོན་ཀྱང་ཁྱེད་ཀྱིས་དུས་གསུམ་སྐོར་ཤེས་ཀྱི་མི་འདུག༽ཅེས་དང་། ༼ཡང་བྱ་ཚིག་ལས་མིང་ཚིག་གྲུབ་སྟངས་སྐོར་ཀྱང་ཁྱེད་རང་གིས་ཤེས་ཀྱི་མི་འདུག་༽ཟེར། ངས་གང་ན་ཁྱོད་ཀྱིས་བཤད་པ་ནང་བཞིན་བཟོ་བཅོས་ལོག་པ་བརྒྱབ་འདུག གཅིག་གཉིས་ཤིག་སྟོན་དང་། འདི་དང་འདི་རེད་ཅེས་བསྟན་རྒྱུ་མེད་ན་རང་ཉིད་ཀྱི་ངོ་ཚ་གཡོལ་ཆེད་ཧམ་བཤད་བྱས་ཀྱང་ཕན་ཐོག་གི་མ་རེད།
ཡང་དེ་ནས་ང་དྲ་བདག་མིན་ལ་དྲ་ཐོག་གི་ཉུལ་མ་ཡང་མིན། འོན་ཀྱང་ཤེས་བྱ་ཁ་ཅིག་ཁྱོད་ལས་ལྷག་ཙམ་ཤེས་ཀྱི་ཡོད་པས་རེད། རྣ་བ་ལ་མ་སོང་ན་གཡུག་ཞོག དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལྟར། མངར་ཆ་ཡིན་ན་འོ་མ་ཡིན་དགོས་པ་དང་། འོ་མ་མིན་ན་མངར་ཆ་མིན་པའི་ཨུ་ཚུགས་རྒྱག་མཁན་ཚོ་དང་མཉམ་དུ་རྩོད་པ་བྱེད་པ་ལས་འཛུམ་ཞིག་བསྟན་ནས་འདུག་འདོད་ཡོད།
ཧ་ཧ་ཧ། ད་དུང་བཤད་རྒྱུ་གཅིག་ཡོད། ཁར་སང་ཞོགས་པར་དྲ་བདག་གིས་བསུབ་པའི་ངའི་མཆན་དེའི་ནང་དུ་ལུང་བསྟན་ཞིག་ཡོད། ལུང་བསྟན་དེ་མདང་དགོང་མངོན་དུ་གྱུར་སོང་། ལུང་བསྟན་དེ་འདི་རེད། ༼ལྟོས་དང་ཉི་མ་གཅིག་ལ་གཞོན་ནུ་ཟླ་མེད་ཀྱི་མིང་ཐོག་ནས། རིན་ཆེན་རིལ་བུའི་མིང་ཐོག་ནས་སྐུར་འདེབས་བྱས་པ་དེ་ཚོའི་ལུང་དྲངས་ནས་ང་གཞལ་བྱེད་ཀྱི་ཐིག་ཤིང་བྱེད་ཁུལ་བྱེད་ཀྱི་རེད། ཁ་ཐབས་སྐྱོ་བོའི་ལས་ཀ་དེ་ནམ་བྱེད་རྒྱུ་ཡིན་ནམ། ཧ་ལམ་དོ་དགོང་། སང་ཉིན། གཅིག་བྱས་ན་ཉི་མ་ཁ་ཤས་ཀྱི་རྗེས་ནས་ཡིན་རྒྱུ་རེད།༽
ཨ་མའི་བུ་མོ། དེ་ལྟར་འབད་པ་བྱེད་དགོས་རེད། གཞན་གྱིས་ཅི་བཤད་ལ་ཉན་ནས་དོན་མེད་དུས་ཚོད་མ་བརླག
མཐར ཁྱེད་རང་བསམ་བློའི་དཔལ་དུ་ཕྱུག་ནས་ཀུན་གྱིས་ཡང་རྩེ་སོན་པས་སྨོན་ལམ་དང་ཡིད་ཆེས་ཡོད།
ཡ་ཡ། བློ་གྲོས་མཐའ་ཡས། རིན་ཆེན་རིལ་བུ་ང་ཡིན་པར་ཧམ་བཤད་གཅིག་བྱས། དེ་ནས་ཡང་ཁྱོད་ཀྱི་དག་ཆའི་སྐོར་ལ་ཞུ་དག་གཏོང་མཁན་གཞན་ཞིག་སྟེ། (བསྟན་འཛིན་ཚེ་དཔག ༢༠༡༠/༡༢/༡༩ ཉིན་འདོན་སྤེལ་བྱས། ད་ནི་བདེ་འཇགས་རྐང་ཚ་གླེང་མཁན་གྱིས་ཀྱང་ཡིག་ནོར་སྤེལ་གྱི་ཡོད་འདྲ། ཨ་ལ་ཀུ་རེ་ཡིན་ཏེ། སྤུས་ཇེ་དག་ཏུ་གཏོང་ན་ནི། གཤམ་གྱི་འདི་ཚོར་བསྐྱར་ཞིབ་ཅིག་དགོས་ནས་འདུག ཁྱི་སྨྱོན་༼ཀྱི༽་ཁ་ཆུ་ལྟར་འཛེམས་མེད་དུ་གཏོང་བཞིན་པ་ནི་ཆེས་མ་འོས་པ་ཞིག་རེད། ༼བརྙས༽་བརྐོ་བ་ལྟ་བུ་ཞིག་ལས་མ་མཐོང་
དཔེ་མཚོན་གཅིག་བཀོད་ན་༼གཤམས༽་ཀྱི ) ཅེས་ཁྱོད་ཀྱི་དག་ཆ་ནོར་བ་རྣམས་ལས་ཁ་ཤས་ཟུར་དུ་བཏོན་འདུག་ན། གོང་གསལ་བསྟན་འཛིན་ཚེ་དཔག་ཟེར་བ་དེ་ཡང་ང་ཨེ་རེད། དྲ་བའི་གསང་ལམ་ཉུལ་ནས་གཅིག་ལྟོས་དང་། ཁྱོད་ལ་ཞུ་དག་གཏོང་མཁན་ཡོངས་སུ་རྫོགས་པ་ང་ཡིན་རྒྱུ་རེད། རང་གི་ངོ་ལ་གཡག་རྒྱུགས་པ་མ་མཐོང་བར། གཞན་གྱི་གདོང་གི་ཤིག་བཙལ་ཟེར་བ་དེ་མ་རེད་དམ།
དེ་ནས་ཁྱོད་ཀྱིས་ཞུ་དག་བཏང་བའི་སྐོར་ནས། ༡༽དང་བོ་༼དང་པོ༽་ལ་བཟོས་འདུག འོན་ཀྱང་ཁྱོད་རང་གི་ཞུ་དག་ལ་ཡང་དན་དན་མེད་པ་ཞིག་ནི་ཚངས་དབྱངས་ངེད་གཉིས་ཀྱི་རྩོད་པའི་སྐབས་སུ་ངས་ཀྱང་༼དང་པོ་ཞེས་ཤོར་བ་ལ་དང་བོ་ཞེས་ཁྱོད་ཀྱི་བཟོ་བཅོས་མི་འདྲ་བ་ཞིག་རྒྱབ་འདུག༽འདི་ལ་རྩ་བར་ཕོ་ཡིས་ཕོ་ཡིས་མིང་མཐའ་དྲང་།། མོ་ཡིས་མོ་ཡི་མིང་མཐའ་དྲང་།། མ་ནིང་གིས་ནི་མ་ནིང་ངོ་།། གསུངས་པ་དང་། ཡང་སུམ་འགྲེལ་མཁན་པོ་འགས། སྤྱིར་ན་པ་བ་འཇུག་ཚུལ་ནི།། ག་ད་བ་ས་ན་མ་པ།། ང་འ་ར་ལ་མཐའ་མེད་བ།། གསུངས་པ་ལྟར་བདག་སྒྲ་མ་ཡིན་པ་དག་ལ་བ་འདྲེན་དགོས་གསུངས་འདུག ཁྱེད་ཀྱིས་པ་འབྲི་དགོས་པའི་སྒྲུབ་བྱེད་གང་ཞིག་ཡོད་དམ། འདི་ལ་དྲང་མོར་བཤད་ན། སྔར་གྱི་ཡིག་སྲོལ་དང་། དག་ཡིག་བར་ན་འགལ་ཟླ་ཁ་ཤས་ཡོད་པ་ནི། སྟོང་བ་ཉིད། སྟོང་པ་ཉིད། འབྱུང་བ་བཞི། འབྱུང་པ་བཞི། སློང་བ། སློང་པ། གསང་པ། གསང་བ། ཁང་བ། ཁང་པ། སོགས་ཐུའུ་བཀན་གྲུབ་མཐའ་ཤིང་དཔར་དང་། ཟི་ལིང་དཔར་མ་གཉིས་བསྡུར་ན་གྲངས་ལས་འདས།
དེ་ནས་ཁྱེད་ཀྱིས་རྗེས་འབྲངས་དང་རྗེས་སུ་འབྲངས་གཉིས་ཀ་ལ་རྗེས་འབྲང་ཟེར་ནས་ཚར་མང་པོར་ཞུ་དག་བཏང་སོང་། དེ་གཉིས་ནི་ཁྱེད་ཀྱིས་ངའི་མཆན་ལ་ཞུ་དག་གཏོང་ས་ཡོད་ན་མེད་ན་ཞིག་རེད། དག་གསར་སོགས་ན་སྔོན་གྱི་ལྡོག་ཟླ་སྟེ། རྗེས་སུ་འབྲངས་ཟེར་ནས་ས་མཐའ་ཡོད་པ་བྲིས་འདུག རིགས་པ་འདིས་ཁྱེད་ཀྱིས་ལན་འདེབས་སོགས་ལ་༼ལན་འདེབ༽ཅེས་ཚངས་དབྱངས་དང་ངེད་གཉིས་ཀའི་རྩོད་པའི་སྐབས་སུ་ཞུ་དག་ལན་མང་བྱས་པ་ཐམས་ཅད་ཀྱང་མོན་པའི་རྡོར་གཅོད་ལ་ཞུ་དག་བཏང་བའི་སྒྲུང་རྣམས་དྲན་པར་གྱིས། འདིའི་སྐོར་ལ་ཁྱོད་ལ་ཡིད་བརྟན་རྩ་ནས་མི་འདུག ངའི་བསམ་པ་ཞེས་བྲིས་ན་ཁྱོད་ཀྱིས་ངའི་བསམས་པ་ཞེས་བཟོས་འགྲོ བསམ་བློ་ལ་ཁྱོད་ཀྱང་བསམ་བློ་ཟེར་ནས་འབྲི་རྒྱུ་མ་རེད་དམ། བསམ་པ་ཟེར་དུས་བྱ་ཚིག་དང་མིང་ཚིག་གཉིས་ཀའི་ངོ་བོ་ན་ཡོད་པ་རེད། དེ་ཡང་བཟའ་བ་དང་བཏུང་བ་ལྟ་བུ། དེ་ཚོ་ཁྱོད་ལ་བཤད་ན་ཡང་ཕན་ག་རེ་ཐོག་གི་རེད།
དེ་ནས་གསར་བུ་འགོ་སྟོང་སྟེ། འགོ་ཁྲིད་ཀྱི་འོག་ནས་ལས་ཀ་བྱས་མ་མྱོང་བའམ། འགོ་ཁྲིད་ཀྱི་སྟོང་བ་བརྗོད་འདོད་པ་ལ། བརྗོད་པ་པོའི་ཁ་ནས་འཕྲོག་སྟེ། གསར་བུ་མགོ་སྟོང་སྟེ་ཀླད་པ་མེད་མཁན་ལ་བཟོ་བཅོས་བརྒྱབ་པ་ནི་ངའི་བརྗོད་འདོད་དམ། སྨྲ་བརྗོད་ལ་བཅོས་བསྒྱུར་བྱས་པ་ཞིག་རེད། འདི་ཁྲིམས་འགལ་ཡིན་པ་ཤེས་པར་གྱིས།
དེ་ནས་དགེ་བསྐོས། འདི་ལ་ཡི་མཁན་གྱི་འབྲི་སྲོལ་མི་འདྲ་བ་གསུམ་འདུག དགེ་སྐུལ། དགེ་བསྐོས། དགེ་སྐོས་སོགས་འབྲི་སྲོལ་འདུག ཁྱོད་ཀྱིས་མཐོང་བ་དེ་ཁོ་ན་བདེན་གྱི་གཞན་དག་ནི་གཏི་མུག་གོ་ཟེར་ན་ང་ལ་བྱས་ཡ་མེད། དེ་མ་གཏོགས་འབྲི་སྲོལ་གཞན་དག་ཡོད་པ་རྣམས་ལ་ནག་བསུབས་མ་བཏང་ན་ཡག་ག་མེད་དམ།
དེ་མིན་ཤད་འཇོག་སྟངས་སྐོར་ལ་རེད། ཆོག་མི་ཡོང་ངོ་། ལྟ་བུ་རྫོགས་ཚིག་ལ་གོ་བ་བླངས་ནས་ཡོད་ཚད་ལ་ཉིས་ཤད་བརྒྱབ་ཡོང་ན། ལེགས་བཤད་ལྗོན་དབང་གི་ཚིག་ཟིན་ལ་འགྲིག་ཙམ་ཡོད་པ་ངས་ཀྱང་ཤེས། འོན་ཀྱང་ལོ་གྲགས་ཟེར་གསུམ་མ་རངས་ཚིག་ཟེར་ནས་གསུངས་རྒྱུན་ཡོད་པ་གཞི་ལ་བཞག་ནས་བཤད་ན་དེ་དག་ཡོད་ཚད་རྫོགས་ཚིག་མ་ཡིན་པས་ཉིས་ཤད་མི་དགོས། མི་བདེན་བསམ་ན་མཛོད་རྩའི་འགྲེལ་བ་རྣམས་ལ་གཟིགས།
གོང་དུ་ཁྱོད་ཀྱི་རེ་བ་བཞིན་གཅིག་གཉིས་ཤིག་མཚོན་པར་བཀོད་ཡོད་དོ།།
ཡ་ཡ་ད་དག་ཆ་དང་བརྡ་སྤྲོད་པའི་སྐོར་གླེང་ན་ངས་གོང་གི་མཆན་འདི་ཆེད་དུ་བརྗོད་པའི་ཚོམས་ཀྱི་འོག་ཏུ་འགོད། དེར་ཤོག་དང་བགྲོ་གླེང་བྱེད་གོ་སོང་ངམ།
ཡ་ཡ། གཞོན་ནུ་རིལ་བུ། བསྟན་འཛིན་ཚེ་དཔག་ཁྱོད་མ་རེད། ཁོང་གིས་ང་ལ་ཡིག་ནོར་གསུམ་བཏོན་འདུག དེའི་དང་པོ་ན་ཡི་རྗེས་སུ་ཀྱི་བྲིས་པ་དང་གཤམ་ལ་གཤམས་བྲིས་པ་གཉིས་ལག་ནོར་རེད། དེ་ཡིན་མིན་ངའི་རྩོམ་ཡིག་སྔ་མ་ཚོ་ལ་ལྟོས་དང་ཤེས་ནི་རེད། ངས་འཕྲལ་དུ་ནོར་བཅོས་བཏང་བ་ཡིན་ཏེ་བཀོད་མི་འདུག་པས་ཐབས་ཤེས་རྫོགས་སོང་། ཡིག་ནོར་གཉིས་པ་བརྙས་བརྐོ་བ་ཟེར་བ་དེ་རེད། དེ་ལ་ཁོང་གིས་བསྙད་བརྐོ་བ་ལྟ་བུ་ལ་དགོངས་ཡོད་ས་རེད། འོན་ཀྱང་བརྙས་བརྐོ་བ་ཟེར་བ་འདི་བརྙས་བཅོས་ཀྱི་དོན་རེད། དེ་ཡིག་ནོར་མ་རེད། ངས་ཁོང་ལ་ལན་ཞིག་བྲིས་པ་ཡིན་ཏེ་བསམ་བློ་ཞིག་གི་རྗེས་ནས་བཏང་མེད། ལག་ནོར་ན་ནོར། མ་ཤེས་ནས་ནོར་ན་ནོར། གང་ལྟར་ནོར་བ་རེད། ཁོང་བདེན་བསམས་སོང་།
དེ་ནས་འུ་གཉིས་ཀྱི་སྐོར་ཡིན། ངས་དང་བོ་ཡོད་ཚད་༼དང་པོ་༽་ལ་བཟོ་བཅོས་བྱས་པ་ཡིན། དེ་ལ་སྤྱིར་སྟོང་བ་ཉིད་དང་སྟོང་པ་ཉིད། ལྟ་བུ་གདམ་ང་ཅན་ནམ་ཡང་ན་རྩོད་གཞི་ཅན་ཡིན་པ་ལོས་ཤེས། འོན་ཀྱང་ཁྱོད་ཀྱིས་སྐབས་རེར་དང་པོ་དང་སྐབས་རེར་དང་བོ་ཞེས་འབྲི་གིན་འདུག་པས་ངས་ཁྱོད་ལ་རང་ཚུགས་མེད་པར་མཐོང་ནས་དེང་སང་གྲགས་ཆེ་བའི་སྲོལ་ལྟར་དང་པོ་རུ་བཅོས་པ་ཡིན།
རྗེས་འབྲང་དང་། ལན་འདེབ། བསམ་པ་རྣམས་ཁྱོད་ཀྱིས་ནོར་བ་རེད། གང་ཡིན་ཟེར་ན་རྗེས་སུ་འབྲངས་སོ་ལྟ་བུ་སའི་ཡང་མཇུག་ཅན་རེད་མ་གཏོགས། མིང་རྐྱང་གི་རྗེས་འབྲང་ལ་ཡང་མཇུག་ཡོད་ནི་མ་རེད། ལན་འདེབ་ཀྱང་ལན་འདེབ་ཆོག་ཟེར་བ་ལྟ་མ་འོངས་པ་ཡིན་པས་སའི་ཡང་མཇུག་མེད། འདི་དུས་གསུམ་གཟུགས་འགྱུར་རེད། དེ་ཙམ་ཡང་མི་ཤེས་སམ། གླེན་པ་ཨུ་ཚུགས་ཅན་ལགས། བསམ་ཟེར་བ་དེ་ཡང་དེ་དང་གཅིག་མཚུངས་རེད། བསམ་བློ་ལྟ་བུ་མིང་རྐྱང་ཡིན་པས་སའི་ཡང་མཇུག་མེད། ངས་བསམས་སོ་ལྟ་བུ་ལ་སའི་ཡང་འཇུག་དགོས་པ་རེད། དཔེར་ན་སངས་རྒྱས་ཀྱི་གསུང་ལྟ་བུ་དང་། སངས་རྒྱས་ཀྱིས་གསུངས་ལྟ་བུ་རེད། འདི་ཚོ་ཁྱེད་ལ་མཚོན་ན་རིན་བྲལ་གྱི་ལེགས་བཤད་ཡིན་པས་ད་དགེ་རྒན་རིན་པོ་ཆེ་ལ་ཕྱག་ཚོལ་ཅིག
དེ་ནས་གསར་བུ་འགོ་སྟོང་ཟེར་བ་དེ་འགོ་ཁྲིད་ཀྱི་འོག་ནས་ལས་ཀ་བྱས་མ་མྱོང་བའམ། འགོ་ཁྲིད་ཀྱིས་སྟོང་པ་ལ་བརྗོད་འདོད་པ་ཡིན་ན་ཁྱོད་ཀྱི་ཀུན་སློང་བདེན་རྒྱུ་བྱོས། འོན་ཀྱང་ཡོངས་གྲགས་ལ་ཀླད་པ་མེད་མཁན་ལ་མགོ་སྟོང་ཟེར་བ་ལས། མགོ་ཁྲིད་མེད་མཁན་ལ་འགོ་སྟོང་མི་ཟེར། མི་བདེན་བསམ་ན་དེ་འདྲ་བྲིས་ཡོད་པ་གཅིག་ཁུར་ཤོག་དང་།
དེ་ནས་དགེ་སྐོས་ཀྱི་དོན་ད་དུང་ཁྱོད་ལ་གོ་བརྡ་འཕྲོད་མི་འདུག དགེ་སྐོས་དང་པོ་དེ་ཁྱོད་ཀྱིས་མིང་རྐྱང་དང་བྱ་ཚིག་ནོར་བ་དང་། གཉིས་པ་དེ་ར་མགོ་དང་ས་མགོ་ནོར་བ་ངས་བཅོས་པ་རེད། ལྟོས་དང་འདི་རེད། (གཞོན་ནུ་ཟླ་མེད་དགེ་བསྐོས་༼ སྐོས་༽ལ་བརྐོས་༼བསྐོས་༽པའི་ཇ་ཐུན་དང་པོའི་) ད་ངོ་འཕྲོད་སོང་ངམ།
གལ་ཆེ་ཤོས་ཤིག་ལ་ཤད་ཀྱི་སྐོར་འདི་ད་དུང་ཁྱོད་ཀྱི་རྣ་བ་ལ་ཡང་གོ་མྱོང་མི་འདུག་པས་ཁྱོད་ངོ་མ་འདི་འདྲའི་མི་ཤེས་རྒྱ་ཆུང་ཆུང་ཅན་ཞིག་རེད། དཔེར་ན་དང་པོ། དཀར་པོ། སེར་བོ། མིག་གི་དབང་པོ། ལྟ་བུ་རྫོགས་ཚིག་མ་ཡིན་པའི་གོ་ངོ་དོ་ནོ་སོགས་ལ་ཉིས་ཤད་མི་དགོས་ཀྱང་། རྫོགས་ཚིག་རྣམས་ལ་དགོས་པ་རེད། ངས་བལྟས་ན་ད་དུང་ཁྱོད་ཀྱིས་མིང་གི་ཆ་དང་རྫོགས་ཚིག་གཉིས་ཁ་ཁར་ཤེས་མི་འདུག དེ་རིང་གི་ལེགས་བཤད་ཐང་མར་བརྡལ་བའི་དྲིན་འདི་ལ་བརྟེན་ནས་ཁྱོད་ཀྱིས་ཤེས་རབ་ཀྱི་མིག་གསར་བ་རེ་རག་པའི་སྨོན་ལམ་འདེབས། བུ་རབ་པོ། ད་དུང་རིན་ཆེན་རིལ་བུ་དང་། རིལ་བུ་རིན་ཆེན་སོགས་ཟེར་ནས་དགེ་རྒན་རིན་པོ་ཆེ་ལ་སྐུར་འདེབས་མ་བྱེད་པར་ཡང་ཡང་ཤོག་དང་། ངས་ཁྱོད་ལ་རིན་བྲལ་གྱི་ལེགས་བཤད་མང་པོ་ཕངས་མེད་དུ་སྟེར་ཡ། འོ་དེ་ནས་ཁྱོད་ཀྱིས་ཟེར་བའི་ཆེད་དུ་བརྗོད་པའི་ཚོམས་ཟེར་བ་དེ་གར་ཡོད་མ་ཤེས་ཐལ། དྲ་ཐག་འདིར་ཞོགས་དང་ཡང་འུ་གཉིས་ཀྱིས་དེ་ནས་འཛིན་གྲྭ་ཚུགས་རྒྱུ་བྱེད་ཡ།
གཅེས་ཕྲུག ངས་ཁྱོད་ངོ་མ་ཅིག་གཅེས་ཡ།
བློ་གྲོས་མཐའ་ཡས། ངས་ཁྱེད་རང་གིས་ཡིག་ནོར་རེ་རེ་བཞིན་སྒྲུབ་བྱེད་དང་ཡིག་སྲོལ་ཁུངས་བཅས་དྲང་ཡོད། འོན་ཀྱང་ཁྱེད་ཀྱིས་ཁུངས་གཅིག་ཀྱང་མེད་པར་རང་ཉིད་ཀྱི་འདོད་པ་རྐྱང་བཤད་ཡོང་གི་འདུག དེ་ག་དུས་ཡིན་ན་ཡང་་ཁྱེད་རང་བློ་བསྐྱེད་གང་ཡང་རེག་གི་མེད་པ་རེད།
ད་ང་ཁྱོད་ཀྱི་སྒྲུབ་བྱེད་ལ་སྒུག་བསྡད་ཡོད། སྒྲུབ་བྱེད་མེད་པ་དག་ལ་ངས་ཁུངས་ལུང་མེད་པ་ཟེར་གྱི་ཡོད། དཔེ་མཚོན་གཅིག་ལ་ལྟོས། དོ་ཡོད་ཚད་རྫོགས་ཚིག་མ་རེད་ཟེར་ན། རྫོགས་ཚིག་གི་རྗེས་སུ་ཤད་གཉིས་དགོས་པ་རེད་ཟེར་ནས་ཨུ་ཚུགས་རྒྱག་གི་འདུག འབྲེལ་ག་རེ་འདུག
རྗེས་འབྲངས་སོགས་ལ་དག་གསར་ཁུངས་བཀོད་ན། ཁུངས་མེད་བསམ་ཚུལ་ཅིག་བཤད་ཡོང་གི་འདུག ངས་ད་དུང་ཡང་བསྐྱར་དྲན་གསོ་ཞིག་བྱེད། རྒྱ་ནག་གི་ཡིག་ཆའི་ནང་དུ་ཏྰ་ལའི་རྗེས་འབྲང་ཟེར་ནས་ས་ཡང་འཇུག་མེད་པ་བྲིས་འདུག ང་ཚོའི་ཆོས་གཞུང་རྣམས་སུ་དྲང་སྲོང་རྐང་མིག་གི་རྗེས་འབྲངས་ཟེར་ནས་ས་ཡང་འཇུག་ཡོད་པ་བྲིས་འདུག དེ་བས་ན་ངས་ཡི་གེ་མང་པོ་མཐོང་ཡོད་པ་རེད། ངས་བསམ་ཚུལ་གཅིག་བུ་ཤོད་ཀྱི་མ་རེད།
ད་གཡུག་ཞོག མི་གཞན་ལ་རྒྱུ་མཚན་བཤད་པར་ང་དོ་སྣང་ཡོད་མོད། ཁྱོད་ལ་བཤད་ཡོང་དུས་ཉོབ་ཡོང་གི་འདུག རྒྱུ་མཚན་བཤད་ས་ནི་ཁྱོད་ལ་མེད། ཁུངས་འགོད་བྱེད་ས་ནི་ཁྱོད་ལ་མེད། རང་གིས་ནི་ཅི་ཡང་མི་ཤེས་པ་དེ་ལས་གཞན་ཚང་མ་གཏི་མུག་ཟེར།
དེ་ལས་ངས་ཁྱོད་ལ་བཤད་པ་བཞིན། མིང་རྐྱང་རིག་གཞན་གྱིས་བཏགས་ནོར་ཐེབས་ཡོད་ན་གང་ཐུབ་ཐུབ་བཟོ་བཅོས་རྒྱོབས། དེ་མིན་ཤེས་ལ་མི་ཤེས་མ་བྱེད། མི་ཤེས་པ་དེ་ཚོ་དཔེ་ཆ་གཞན་དག་དང་གོ་བསྡུར་ནས་ཤོད། དེ་ག་ཡིན།
ཨ་རོགས་གཉིས་ཀ མཛེས་མའི་འཁྲིས་ནས་ཁ་རྩོད་ཞེ་དྲགས་མ་རྒྱག་མ་གཏོགས་མཛེས་མ་སུན་ནས་འབྲོ་ན་ཐང་ཀི
ངས་གོང་གི་མཆན་རྣམས་རིམ་པས་ཀློག་ཁོམ་ཀྱང་མི་འདུག རྒྱུ་མཚན་ནི་ལྟོ་གོས་དང་ཁང་གླའི་ཆེད་དེ་རིང་བར་ཟ་ཁང་དུ་ལས་ཀ་ལས་ཏེ་ད་ལྟ་རང་ནང་དུ་ཡོང་བ་ཡིན། ཨ་ཁུ་ཡེ་ཤེས། ཁ་སྔོན་ངས་བཤད་པ་སྟེ་ཞོར་འཕྲོས་ཙམ་ལས་ཉི་ཟླ་དང་ཚེ་སྐྱིད་ཀྱི་གསང་བའི་རྒྱབ་ལྗོངས་ལ་ཇུས་གཏོགས་བྱ་འདོད་པ་དང་བྱས་པ་གཏན་ནས་མིན། འོན་ཀྱང་ཁོང་གཉིས་ཀྱི་སྒྲུང་མང་པོ་ཞིག་ངས་ཤེས་ཡོད། ཉི་ཟླའི་ངོ་གདོང་ངོ་གདོང་དྲ་དེབ་ཏུ་ཚར་གཅིག་ལྟོས་དང་། ཁྱོད་ལ་ངས་བཤད་པའི་སྐད་ཆ་ལ་ཡིན་མིན་གྱི་ཐེ་ཚོམ་ཞིག་སྐྱེ་ཡོང་། འདི་ཁོང་གི་དྲ་གནས་རེད། http://www.facebook.com/?ref=home#!/album.php?id=564382906&aid=78181 ལྷག་པར་ཟླ་གཅིག་སྔོན་ཡིན་པ་ཡོད། ཉི་ཟླ་ཝ་ཤེན་ཏྲོན་དུ་སོང་ནས་ཚེ་སྐྱིད་དང་ཐབས་ཀྱིས་འབྲེལ་བ་བྱས་ཚུལ་ཞིག་ཀྱང་གོ་རྒྱུ་འདུག བདེན་མིན་ཡུམ་དུམ་པ་ཤེས་ན། ཉི་ཟླ་ལ་གཟའ་ཟླ་དང་ཞ་ཞི་གཅིག་གཉིས་ཤིག་ཡོད་དཔེ་བསགས་སོང་ནི་རེད། ད་སྡེ་གི་སྐོར་ལ་ངེད་གཉིས་ཕྲག་དོག་ཟོས་ནས་ཡོང་གི་མ་རེད། སེམས་པ་ན་རོགས་རེད། དེ་ལས་སྙན་ངག་རེ་བྲིས་དང་། ཁྱོད་ཀྱི་སྙན་ངག་རྣམས་ངའི་ཉལ་གྲོགས་དང་གཉིད་གྲོགས། ཐ་ན་སྦྱོར་རོགས་ལྟ་བུའི་ཚོར་བ་ཡོང་བས་ཁྱོད་ཀྱི་སྙན་ངག་མང་པོ་ཞིག་ངའི་དགའ་མ་ཡིན་ཞེས་བཤད་ཀྱང་ཆོག་གི་གོ། ཉལ་ས་བདེ་མོ། སང་ཉིན་སྔ་ལངས་རྒྱབ་ནས་འགྲོ་དགོས་ཡོད།
ཐོན་མིའི་བུ་ཞེས་པར་ཞུ་དོན།
སྲང་ལམ་སྐོར་ལམ་འཐུས་ཡོང་བའི་སྐད་ཆ་གང་བྱུང་བཤད་ན་དེ་ནི་མ་གཞི་ནས་རང་ཉིད་རྒྱུ་སྤུས་མེད་པ་སྟོན་གྱིན་འདུག
ཉི་ཟླ་དང་ཉི་ཟླའི་སྤུན་ཆུང་བ་ཧུམ་ཆེན་སོགས་ནི་ངས་སྤྱི་ལོ་༢༠༠༦ལོ་ནས་ངོ་ཤེས་ཀྱིན་ཡོད་ལ་དེ་ཡང་བོད་རིག་པའི་ཞིབ་མཇུག་ཚོགས་འདུ་རྒྱུད་དེ་ངོ་ཤེས་པ་ཡིན། བོད་ནས་ཡོང་བའི་ཚོགས་ཞུགས་པ་མང་པོ་སྐབས་དེ་དུས་ངོ་ཤེས་པ་ཡིན། ཁྱེད་ཀྱིས་ཉོག་གླེང་མ་བྱོས་ན་ལེགས།
ཐོན་མིའི་བུ་ནས་མཛེས་མ་གདན་འདྲེན་ཞུས་འདུག ཡིན་ན་ཡང་གདན་འདྲེན་ཞུ་སྟངས་ཡག་པོ་ཞིག་མ་རེད་ཀོ སྡེ་གཞན་པ་དེ་ལ་ནང་མི་ཡོད་ན། སྐད་ཆ་འདི་འདྲས་ནང་མི་དཀྲུགས་སྲིད་པ་རེད་། ད་རུང་མཛེས་མ་ལ་ཡང་ནང་ཚགས་ཡོད་ཀྱི་རེད། དེ་ཚོ་དཀྲུགས་གི་བསྡད་ན་མི་ཧྲ་ཀ དེ་ལས་ཐབས་ལམ་གཞན་པ་ཞིག་གི་ཐོག་ནས་གདན་འདྲེན་ཞུས་ན་ཡང་འགྲིག་ཀི
ཁ་སང་ཟིག་ཀ་མཛེས་མ་ནེའུ་ཡོག་ན་བླ་མ་ཕེབས་ཕེབས་བྱེད་ཀྱི་འདུག་ཟེར། བལྟ་གི་འགྲོ་བསམ་ནས་ཕྱི་ལ་གཅིག་བུད་དུས། ཙག་བསེར་བསེར་བུས་ལྒོག་ལྡོག་ཁེངས་རྒྱུ་ནི་འདྲ་ཟིག་རེད། དེ་བས་བལྟ་གི་སོང་མེད།
ཨ་ལག་ཡེ་ཤེས་འདི་བ་ཚང་ད་མཛེས་མའི་རྩིབ་ནས་ཀ་ལངས་ལངས་རེད། བསེར་བུ་གཅིག་ལ་ཤོར་མི་འཇུག་གི གོང་ནས་བློ་གྲོས་མཐའ་ཡས་ངེད་གཉིས་ཀས་ཆ་ལ་ཆོ་ལེ་འདྲ་བཤད་བསྡད་ཡོད་ད་ཡང་འདིས་བཀག་སོང་། ངེད་གཉིས་ཀྱི་རྩོད་པ་དེ་མཛེས་མའི་མི་གཤིས་དང་སྒེར་གྱི་དོན་དག་དང་འབྲེལ་བ་རྩ་ནས་མེད་ཀྱང་། བཀག་སོང་། སྐུ་སྲུང་ངར་མ་ཟིག་རེད། ད་ཁྱོད་གཅིག་བུས་སྐུ་སྲུང་བྱས་ནས་སྡོད་ཡ། ང་ཁོམ་སོང་ན་ཁྱོད་ལ་རོགས་པ་ཡོང་། ཧཧ
མཛེས་ལ་ཚེ་རིང་སྐྱིད་ལ་བསྔགས་བརྗོད་དང་ང་ཤིན་ཏུ་དགའ། གང་ཡིན་ཞེ་ན་ཁོང་ལ་ཤེས་ཡོན་དང་འཇོན་ཐང་། དེ་མི་ཚད་སྐྱེ་གཟུགས་ཀྱང་ཡོད་པས་བོད་པའི་བུ་མོའི་དབུ་འཕངས་དགུང་ལ་བཏེགས་ནུས། འདི་འདྲ་བའི་བུ་མོ་སྐོར་གཅིག་བོད་པ་ཚང་ལ་ཡོད་ན་ཅི་འདྲའི་དགའ་འོས་པ་ཞིག་ཨ། ང་ཁྱོད་ལ་དགའ་གི། དུང་གི བརྩེ་གི བརྩི་གི ཞེ་འདང་ཆེ་གི ཚེ་རིང་མ་ཁྱོད། ལོ་བརྒྱ་མ་ཁྱོད། ཁྱོད་ད་དུང་མེ་ཏོག་མ་ཡིན་ན་ཆོག་ཡ།
ཚེ་རིང་སྐྱིད་ལགས་ྙན་ངག་པ་ཡིན་མིན་ལ་ཁྱད་པར་གང་ཡང་མི་འདུག འོན་ཀྱང་ཁྱེད་ཀྱིས་ཡི་གེ་འབྲི་སྐབས་བརྡ་དག་དང་སྡེབ་སྦྱོར་ལ་ཡིད་གཟབ་གནང་རོགས། གོང་དུ་ཁྱེད་ཀྱིས་ཐོན་མིའི་བུ་ལ་བྲིས་པའི་ཡི་གེ་ཐུང་ཐུང་དེ་ཙམ་ཞིག་གི་ནང་ཡིག་ནོར་ག་ཚོད་ཙམ་ཞིག་འདུག་ལེགས་པར་དཔྱོད། དེ་མིན་ཆེ་ཆུང་དང་། རིང་ཐུང་། ཡག་སྡུག་སོགས་གང་བྲིས་ཀྱང་བསམ་འཆར་མེད། ད་བདེ་མོ་བྱོས། །
ཨ་རོགས་གཞོན་ནུ་ཟླ་མེད། ངས་ཁྱོད་ལ་ལུང་རིགས་ཀྱི་ལན་ཚ་ཐག་ཆོད་ཅིག་བྲིས་ནས་ཐེངས་གཉིས་ལ་གཏང་ཡང་འགྲོ་གི་མི་འདུག དེ་ནས་གཡུག་བཞག་པ་ཡིན། ད་བྱས་ན་སྤྲུལ་སྤྲུ་ཀླུ་ཚང་གིས་མཛེས་མའི་སྐུ་སྲུང་གནང་ནས་བཀག་བཞག་པ་ཡིན་ས་རེད། སྤྲུལ་སྐུ་ལགས། ཁྱོས་དེ་འདྲའི་སྐུ་སྲུང་ལྷོད་མེད་ཅིག་བྱེད་རྒྱུ་ཡིན་དུས་ཉི་མ་གཅིག་ལ་ངས་ཚེ་སྐྱིད་ལ་འོ་ཞིག་བསྐྱལ་མ་ཐུབ་ན་ང་ཡོད་ཀ་ཟེ། འོ་ལེ། ཁྱོས་ལྟོས་འ་སྡོད།
སྤྲུལ་སྐུ་ཀླུ་ཚང་།
བོད་སྐད་གློག་བརྙན་འདིའི་ནང་གི་ཁྱི་རྒན་དེ་སྤྲུལ་སྐུ་སང་དང་། བྱི་ལ་དེ་ང་། ཁྱི་མོ་ཡིན་ན་བྱི་ལ་མོ་ཡིན་ན་ཅིག་ཡོད་པ་དེ་ཚེ་སྐྱིད། མ་ཧེ་དེ་གཞོན་ནུ་ཟླ་མེད་ཡིན་རྒྱུ་བྱོས། http://www.youtube.com/watch?v=mVs2mjFhYsA&feature=related
བློ་གྲོས་ལགས། ངས་ཅི་ཡང་བཀག་མེད། ཁ་བརྡའི་དྲ་དཔོན་གྱིས་བཀག་པ་ཡིན་རྒྱུ་རེད་འདོད། ཁྱེད་གཉིས་ཀྱི་རྩོད་པ་འདི་ཆོས་ཕྱོགས་སུ་ཞི་བའི་སྨོན་ལམ་འདེབ། ང་ལ་མཚོན་ན་ཚེ་རིང་སྐྱིད་ནི་ས་མཐའི་བུ་མོ་བདག་མེད་ཅིག་ཡིན་པས་ཁྱོད་འོ་ཀྱིས་བསྐྱལ་བ་མ་ཟད་མནའ་མར་བླངས་ན་ཡང་མེ་ཏོག་ཅིག་ཁྱེར་ནས་རྟེན་འབྲེལ་ཞུ་གི་ཡོང་རྐྱང་ཡིན། ཡིན་ན་ཡང་སློབ་དཔོན་ཡབ་ཡུམ་གསུམ་ལ་གསོལ་བ་འདེབ་དགོས་མིན་ནི་དོན་དག་གཞན་པ་ཞིག་རེད།
ཁྱོད་ཀྱིས་འོ་བསྐྱལ་་་་་
སློབ་དཔོན་ཡབ་ཡུམ་གསུམ་ལ་གསོལ་བ་འདེབས་དགོས་མིན་ནི་དོག་དག་གཞན་པ་ཞིག་ཟེར་བའི་དོན་མ་གོ་ཐལ། གསང་བ་ཞིག་མིན་ན་ཕྱོགས་ཙམ་གསུངས་རོགས།
འདི་ནི་གསང་བ་ཞིག་ཡིན་པས་རྗེས་སུ་ཞུ་ཆོག གང་ལྟར་ཉིད་ཀྱིས་བཞག་པའི་གློག་བརྙན་དེར་བལྟས་པ་ཡིན། མཐའ་མར་ཚེ་སྐྱིད་ངའི་ལག་ལ་ཡོང་རྒྱུའི་རྟེན་འབྲེལ་བསྒྲིགས་པར་བཀའ་དྲིན་ཆེ་ཞུ། ཀུ་རེ་ཡིན། ཚེ་སྐྱིད་ཀྱིས་མི་རྒན་རྩིབས་ཀྱི་ཆུང་མ་སྐྱིད་ཅེས་པའི་སྲིད་པའི་གཏམ་དཔེ་དམར་ལྡང་མ་དེའི་གོ་དོན་རྟོགས་རྒྱུ་ད་དུང་ཐག་རིང་གི་ཡ།
ང་ལ་དཔལ་སྤྲུལ་ཚང་གི་ཚིག་གསུམ་གནད་བརྡེགས་དང་དེའི་རྩ་བ་ལྟ་བུའི་དགའ་རབ་རྡོ་རྗེའི་གསུང་དེ་གཅིག་མཁོ་སོང་བས། འདྲ་བཤུས་རེ་ཡོད་ན་ཅིག་བསྐུར་རོགས་ཞུ། གསུང་རབ་དཔེ་མཛོད་ཚང་གིས་གསང་ཨང་ཞིག་སྟེར་ཟེར་ཡང་ཐོ་འགོད་བྱེད་སྟངས་ཤིག་མ་འགྲིགས་པས་ཡིན་ནམ་ཅང་སྟེར་རྒྱུ་མི་འདུག
ཁྱེད་ཚོས་ང་མེད་ས་ནས་གཡར་གཡུག་མར་གཡུག་བྱེད་ཀྱིན་འདུག་གཱ་ ལྟད་མོ་སྐྱིད་པོ་ཞིག་འདུག
ཀླུ་སྨྱོན་ལགས། ཁྱེད་ཀྱིས་གསུངས་པ་དེ་རིག་འཛིན་གྱི་འདས་རྗེས་བཞིའི་ནང་དུ། དགའ་རབ་རྡོ་རྗེའི་འདས་རྗེས་ཚིག་གསུམ་གནད་དུ་བརྡེག་པ་ཟེར་བ་ཞིག་ཡོད་པ་དེ་ཡིན་ནམ། དེ་ཡིན་ན་དེ་ནི་བི་མ་སྙིང་ཐིག་གི་ཡ་པོད་ཀྱི་དབུ་ནས་མར་ཅུང་ཡོང་ས་ཡོད། གལ་ཏེ་ཉིད་ལ་བི་མ་སྙིང་ཐིག་མེད་ན་ངས་དོ་དགོངས་འདས་རྗེས་དེ་དུམ་ཆོད་བྱས་ནས་བསྐུར་ཆོག ད་དུང་དཔལ་སྤྲུལ་སང་གི་ཚིག་གསུམ་གནད་བརྡེག་དེ་ཡང་དགོས་ན་བསྐུར་ཆོག འོ་ཉིད་ཀྱིས་དཔལ་སྤྲུལ་སང་གི་ཚིག་གསུམ་གནད་བརྡེག་དེ་ལ་གཟིགས་འདོད་ཡོད་ན། ཁང་གསར་བསྟན་པའི་དབང་ཕྱུག་གིས་ཟབ་ཁྲིད་ཧ་ཅང་ཡག་པོ་ཞིག་འདུག་པས་ངས་འོད་སྡེར་ཁྱེད་ལ་བསྐུར་ཆོག ཁང་གསར་བསྟན་པའི་དབང་ཕྱུག་ནི་དེང་སང་བོད་ནང་ན་རྫོགས་ཆེན་གྱི་སྐྱལ་བ་ཡོད་ན་མེད་ན་ཞིག་རེད། ཚོད་མེད་པའི་མཁས་པ་ཆེན་པོ་ཞིག་རེད། ཆོས་དབྱིངས་མཛོད་ཀྱི་འགྲེལ་བ་སོགས་གསུང་འབུམ་པོ་ཏི་བཅུ་ཁ་ཞིག་འདུག ང་ནི་ཧང་སང་སོང་།
ཨ་ཨ་ཨ། རྟགས་རྟེན་འབྲེལ་ཚང་མ་མ་བསྒྲིགས་རང་འགྲིག་རེད་ལ། ང་ཚོ་སྔགས་པའི་བུ་རྒྱུད་འདི་ངོ་མ་འདྲ་ས་ཞིག་མེད་ཡ།
མི་མོའི་གཙུག་རྒྱན་ཌྰ་ཀི་མ། །
སྐད་ཅིག་ཉིད་ལ་འགུག་མཛད་པའི། །
ངེད་ཅག་སྔགས་པའི་བུ་རྒྱུད་འདི། །
རིག་འཛིན་དཔའ་བོའི་གདུང་འཛིན་དངོས། །
ཚེ་རིང་སྐྱིད་ལགས། ཁྱེད་ཡར་གཡུག་མར་གཡུག་ག་ལ་བྱེད། ང་ནི་དུས་རྣམས་ཀུན་ཏུ་ཁྱེད་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་ཞིག་ཡིན། ད་སྔོན་ཁྱེད་ཀྱི་ཆེན་དུ་མི་ཉི་ཤུ་ལ་ཁ་རྩོད་བྱས་པའི་ཚད་ས་མེད་ཡ། ད་དུང་ཁྱེད་ལ་ནམ་ཡིན་རུང་ངའི་ལག་ཏུ་འོས་ཤོག་གཅིག་ཡོད་ཡོད་པ་ཡིན། མི་ཐོས་བརྩོན་ཤེས་རབ་ཅན་གཅིག་གི་རྒྱབ་སྐྱོར་ཡོད་ན་མི་ཕལ་བ་སྟོང་ལས་ལྷག་གི་མ་རེད་དམ། ཧ་ཧ་ཧ།
འོ་ཡ།
བདེ་ཆེན་ཡེ་ཤེས་རྒྱས་པའི་རང་རྟགས་སུ།།
ཡིད་ཀྱི་བརྟན་པ་འཕྲོག་པའི་ལང་ཚོར་བཅས།།
ཌཀྐཱིའི་འདུ་བ་སྤྲིན་བཞིན་སྡུད་གྱུར་པ།།
ལས་བཞིའི་གླིང་ལ་དབང་བའི་འཁོར་བསྒྱུར་ཡིན།།
ཐུགས་རྗེ་ཆེ། འདི་ན་གདམས་ངག་མཛོད་དང་སྒྲུབ་ཐབས་ཀུན་བཏུས་ལྟ་བུ་ཙམ་ཞིག་ལས་མི་བཞུགས་ཀི ཅིག་བསྐུར་ཐུབ་ན་གང་མགྱོགས་སྐུར་རོགས།
བློ་མཐའ་ལགས། ཉིད་ལ་skype ཡོད་དམ། ཡོད་ན་ངའི་གློག་འཕྲིན་ནང་ཁ་བྱང་ཞིག་འཇོག་རོགས། དོ་དགོང་སང་དགོང་ཞིག་ལ་ཞུ་རྒྱུ་གལ་ཆེན་འགའ་འདུག
ས་མཐའ་ནས་གཡས་སྐྱོར་གཡོན་སཀྱོར་བྱེད་མཁན་བྱེད་མཁན་ཡང་ཁྱེད་ཚོ་ཡིན་ལ་ཡར་གཡུག་མར་གཡུག་བྱེད་མཁན་ཡང་ཁྱེད་ཚོ་ཡིན། ཡིན་ཡང་ངས་རྐང་པས་སྔར་གྱི་ས་གཞི་མནན་ནས་བརྟན་པོར་ལངས་ཡོད་པས། ཡག་བཤད་བཙོག་བཤད་བྱེད་མཁན་ཚང་མར་བཀའ་དྲིན་ཆེ་ཞུ།
གཡས་སྐྱོར་གཡོན་སྐྱོར་བྱེད་མ་མྱོང་ལ་ཡར་གཡུག་མར་གཡུག་བྱེད་མི་འདོད། །
གོ་སྐབས་བྱུང་ན་ར་མ་ཎ་ཡིས་སི་ཏ་བཞིན་དུ་ཁྱོད་ཁྲིད་དེ། །
ཨ་ལ་སི་ཀའི་ནགས་གསེབ་ཅིག་ཏུ་ལོ་ངོ་སྟོང་ལ་མཚམས་བསྡམས་ནས། །
བདེ་བ་ཆེན་པོའི་ཉམས་མགུར་འཐེན་བཞིན་བརྟུལ་ཞུགས་སྤྱོད་པ་སྐྱོང་ན་འདོད། །
ཀླུ་སྨྱོན་ལགས། ཉིད་ལ་དགོས་པ་རྣམས་ཕུལ་ཡོད་པས་གཟིགས་རོགས་ཞུ། ཚེ་རིང་སྐྱིད་ལགས་གཟིམས་ས་བདེ། སེམས་ཤུགས་བསྐྱེད་དགོས་ཡ། ཕྲག་ཁ་ན་མཁན་ཚོས་ཅིག་བཤད་ཀྱི་ཡོད་དུས་འགྲིག་ཡོང་གི་ཡོད་པའི་རྟགས་རེད། གང་ལྟར་ཁྱོད་ལས་ལྷག་པའི་བོད་པའི་བུ་མོ་ཉུང་ཉུང་ཡིན་ནི་རེད། དངོས་ཡོད་གནས་ཚུལ་གྱིས་ནམ་ཡང་བསླུ་གི་མ་རེད། ད་བདེ་མོ།
ཁ་བ་ཅན་གྱི་ཞི་ལི་ཁ་ཤས་ཞིག།
ཁ་བའི་བུ་མོ་མཛངས་མ་མཐོང་ཙམ་གྱིས།།
ཁ་ཚིག་འོ་མ་རང་དབང་མེད་པར་འཇོ།།
ཁ་འདི་མཛོ་མོ་ཞིག་གི་ནུ་མ་འདྲ།།
ཁ་ལས་རླུང་རྟ་འཕུར་བའི་མཛེས་མ་ནི།
ཁ་ནས་བསྟོད་པ་བཏང་རུང་མ་བཏང་རུང་།།
ཁ་བཤད་དོན་ལ་གནས་པ་བདག་ལྟ་བུར།།
ཁ་ཁོག་གཉིས་ཀ་འདྲེས་ནོ་ཁོ་ཐག་ཡིན།།
བློ་གྲོས་མཐའ་ཡས་མཆོག་ལགས། ཉིད་ཀྱིས་བསྐུར་གནང་བ་དེ་དག་གུས་པར་འབྱོར་སོང་། ཀློག་རྒྱུར་དཀའ་ངལ་ཅི་ཡང་མི་འདུག ཐུགས་རྗེ་ཆེ། ད་ནི་སྐུ་ངལ་གཉིས་པ་དེ་བཟོ་རྩིས་ཡོད་པས་གློག་ཡིག་ལ་གཟིགས་རོགས་ཞུ།
ཡ་དེ་རིང་ང་ཡི་དགའ་ཤོས་བོད་ཀྱི་བུ་མོ་ངོ་མ་ཚེ་རིང་སྐྱིད་ཁ་བརྡའི་ནང་ནས་ཐུགས་སོང་། ད་ངོ་མ་ཡིན་ན་ཞེ་མོ་ཁྱོད་རང་ལ་བཤད་རྒྱུ་ཅང་མེད་ཁི། ཞེ་མོ་ལ་དགོས་པའི་རྣམ་པ་ནི་ཡོད་ཁི། ཞེ་ལུ་ལ་དགོས་པའི་བློ་ཁོག་ནི་ཡོད་ཁི། བོད་པ་ལ་དགོས་པའི་སློབ་སྦྱོང་ནི་ཡོད་ཁི། མི་ལ་དགོས་པའི་བཟང་སྤྱོད་ནི་ཡོད་ཁི། ང་ནི་ངོ་ཁྱེད་ལ་དགའ།
ཁ་སང་ངོས་ཀྱི་གདོང་དེབ་ནང་ནས་ཕོ་བརྒྱས་མཐོང་ན་འདོད་ཆགས་ཀྱིས་སེམས་པ་ཤོར་ཞིང་། མོ་བརྒྱས་མཐོང་ན་ཕྲག་དོགས་ཀྱིས་སྙིང་རླུང་ལངས་པའི་ཁྱེད་རང་གི་པར་དེ་ངས་མཐོང་སོང་།
མུ་མཐུད་ནས་འབྲེལ་བ་བྱེད་ཡོང་།
སེམས་ཤུགས་མ་ཆགས། ང་རྟག་པར་ཁྱོད་རང་གི་རྒྱབ་ལ་ཡོད།
ཞི་མོ་ཉུང་ན། དཀའ་ཐ་རེས། ལ་ལ།
རྒྱ་སྒོག་སང་གི་བཀག་དང་ནོ་མིན་ནས་། བོད་ནང་ན་ད་་བོད་ཡིག་དྲ་བརྒྱའི་ནང་ལ། བོད་པའི་བུ་མོ་མང་ང་ཡོང་གི་ཡོད་རེད་ཡ་། ཁྱེད་རང་ཚོ་ཇི་འདྲའི་རྒན་པོ་ལས་ངན་དག་དག་རེད་།
ཉི་མ་སེར་པོ་འདྲ་འདྲའི་དྲོད་ཆེན།།
ཟླ་བ་དཀར་པོ་ལྟ་བའི་མདོག་མཛེས།།
བུ་མོ་སྐར་མ་འདྲ་འདྲ་ཚེ་སྐྱིད།།
གླུ་སྨྱོན་ཚང་གི་ཡུམ་སྐལ་བསམ་གི།
བཀྲ་ཤིས་བདེ་ལེགས་
འདི་ཚོ་ལ་ཅི་ཟིག་བྱུང་བ་ཡིན་ནམ། མཛངས་མ་ཡིན་མིན། མཁས་པ་ཡིན་མིན། འདི་དག་རྩོད་དགོས་དོན་འདུག་གམ། ཁོ་མོས་བྲིས་པའི་རྩོམ་ཡིག་དང་དེའི་དག་ཆར་ལྟོས་དང་ཤེས་ངེས་རེད། མིག་བཙུམ་ནས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ན་དེ་ལ་རྒྱུ་མཚན་གཅིག་མ་གཏོགས་ཡོད་མི་སྲིད། དེ་ནི་སེམས་པ་ཤོར་བ་རེད།
བུ་མོ་ཚེ་རིང་སྐྱིད་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་མ་ཟད་ཁྱེད་ཀྱི་རྩོམ་ཡིག་ཁག་ལ་ངས་དོ་སྣང་མང་པོ་བྱས་མྱོང་དེ་རྟེན་མ་འོངས་པ་ཡིན་ནའང་རྒྱབ་སྐྱོར་ཡོད།
སྙན་ངག་འབྲི་ལ་དགའ་བ་མ།། སེམས་ཤུགས་ཆེན་པོ་སྙིང་སྟོབས་ཅན།། བུད་མེད་རྣམས་ཀྱི་ནང་ན་མཛེས།། མཛེས་པའི་མདངས་ཀྱིས་ཕོ་མང་བཀུག། ཆགས་པ་ཆེན་པོ་བརླ་ཡངས་མ།། ཧང་སྒྲ་ཆེན་པོ་བདེ་སྦྱིན་མ།། གང་ནས་ལྟོས་ཀྱང་ཏག་ཏག་རེད།།