༄༅། །མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་ལྷན་རྒྱས་མཆོག་ལ།
ཆེད་ཞུ།
ཁ་སྔོན་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་སྐོར་ལ་སྙན་ཞུ་ཞིག་ཕུལ་ཡོད་པར་གཟིགས་ཞིབ་ཀྱིས་གནང་ཕྱོགས་ཅི་དགེ་ཕྱག་ལེན་འཁེལ་ཐབས་ཀྱི་འབད་པ་ལྷུར་བཞེས་མཛད་བཞིན་ཡོད་ཤག་ལ། ངེད་ཅག་ས་གནས་རྒྱུན་ལས་ནས་ཀླུ་མཁར་བྱམས་ཀྱིས་བྲིས་པའི་རྩོམ་ཡིག་ལག་པར་གང་སོན་ཞིག་བསྡུ་རུབ་ཀྱིས་ལྟ་བསྡུར་བྱས་པར། མི་དེའི་བཤད་སྟངས་ལ་བལྟས་ན། རྒྱ་གུང་ཁྲན་ལས་ཐུ་བ་མེད་ན་སྙམ་པའི་ཚོད་དུ་འདུག་པས། གཤམ་དུ་ཟུར་འདོན་ཞུས་པའི་བཤད་དོན་རྣམས་ལ་གཟིགས་དཔྱད་གནང་རོགས་ཞུ་རྒྱུ་དང་། སྤྱིར་ན་ཀླུ་མཁར་བྱམས་འདི་བ་བོད་ནང་གཞི་རིམ་སློབ་གྲྭའི་ཤེས་ཚད་ལས་མེད་པའི་མི་ཞིག་ཡིན་པ་དང་། རྒྱ་གར་དུ་སླེབས་ནས་བདེ་སྲུང་ཉམས་ཞིབ་ཁང་དུ་ལས་ཀ་བྱེད་སྐབས། གསར་འགྱུར་ཐིག་ཕྲེང་ཁ་ཤས་བསྒྱུར་དགོས་བྱུང་ན་བཟོ་བཅོས་མ་བརྒྱབ་པར་གོ་བརྡ་མི་འཕྲོད་པ་ཞིག་ཡིན་རབས་ཀུན་ལ་གྲགས་ཤིང་། ཕྱིས་སུ་ཉམས་ཞིབ་ཁང་ནས་རྩ་དགོངས་ཞུ་རུ་བཅུག་རྗེས། ཧོབ་སྟེ་ཚོགས་པ་འདྲ་མིན་གྱི་ལྡིངས་ཆ་ཁག་དང་། གསར་འགྱུར་བརྒྱུད་ལམ་ཁག་ཏུ་མཁས་པའི་མིང་རྫིག་པོ་ཞིག་གཡོགས་ཏེ། གང་སར་གཏམ་བཤད་དང་། རྩོམ་ཡིག་འདྲ་མིན་སྤེལ་འདུག་པར། ཉན་མཁན་དང་ལྟ་མཁན་ཅི་ཡོད་མི་ཤེས་མོད། ཁ་གྲགས་ཚད་དང་ལག་འགུལ་ཚད་ཚང་མ་བཀྲ་མི་ཤིས་པ་རྐྱང་རྐྱང་ལས་མེད་ཅིང་། དེ་ཡང་བློ་ཕྱིར་གཏད་གྲོད་པ་ནང་དུ་གཏད་དེ་བཙན་བྱོལ་བོད་གཞུང་ལ་གཞི་མེད་ སྐྱོན་བརྗོད་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཚན་ནས་སྨོས་རྒྱུར་མ་འདོད་པར། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་དང་བོད་རང་སྐྱོང་ལྗོངས་ཀྱི་རྗོད་ཚིག་སྤྱད་དེ། ཏཱ་ལའི་ཞེས་འབོད་པ་མ་ཟད། བླ་རྒན་དང་ཨམ་ཕྲུག་སོགས་དམའ་འབེབས་དང་ཟུར་ཟ། ཁྱད་གསོད་ཀྱི་མིང་འདྲ་མིན་བྱུང་རྒྱལ་དུ་སྤྱོད་པ་འདི་དག་འཇིག་རྟེན་ཡ་རབས་ཀྱི་ལུགས་ལའང་ཤིན་ཏུ་མཚང་ཆེ་བས། དབུས་རྒྱུན་ནས་དེའི་ཐད་དགོངས་བཞེས་ཟབ་ནན་གནང་གལ་ཆེ་བ་དང་། ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༡ ཉིན་འཁོད་མདོ་སྨད་མི་མང་ཡོངས་རྫོགས་ཀྱི་གྲོས་ཆོད་ཅེས་པ་ཁྱོན་བསྡོམས་དོན་ཚན་ ༡༡ ཡོད་པ་དེའི་ནང་གི་དོན་ཚན་༤ པར། ༼མདོ་སྨད་ཆོལ་ཁའི་སེར་སྐྱ་མི་དམངས་ཡོངས་རྫོགས་ནས་གྲོས་ཆོད་སྔ་རྗེས་བསྣོལ་འཇོག་གནང་བའི་འབྲུ་དོན་ལྟར། ༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་དབང་དང་སྐུ་ཕྱྭ་མཛད་འཕྲིན་དགོངས་གཞི་དང་བཅས་པར་འགལ་རྐྱེན་སྒྲུབ་པ་དང་། མཚན་སྨད་ཞུ་མཁན་ནམ་བྱུང་ལ་མདོ་སྨད་ཆོལ་ཁའི་དབུས་རྒྱུན་དང་ཕྱོགས་མཐའི་སེར་སྐྱ་མི་དམངས་ཡོངས་རྫོགས་རྡོག་རྩ་ཆིག་སྒྲིལ་གྱིས་དུས་ཐོག་གདོང་ལེན་མཐར་ སྐྱེལ་བྱ་རྒྱུ༽ཞེས་དང་། དེ་བཞིན་དེའི་སྔ་རྗེས་ཀྱི་ཚོགས་ཆེན་རིམ་པའི་གྲོས་ཆོད་དུ་གསལ་པོ་ཡོད་སྟབས། ངེད་ཅག་མདོ་སྨད་པ་ཡོངས་ལ་འདིའི་ཐད་འགན་ཁུར་ཡོད་པ་གོར་མ་ཆག
ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་བཤད་ཚད་དང་བྲིས་ཚད་ལ་བརྩད་ཞིབ་བྱེད་དགོས་བྱུང་ན་དོན་མེད་དུས་ཚོད་ཆུད་ཟོས་ཀྱི་རྒྱུ་ལས་མེད་ཀྱང་། འདིར་དཔེ་མཚོན་ཙམ་ངོ་སྤྲད་ན། ད་ལོི་ཟླ་བ་ ༡༠ ཚེས་ ༡༦ ཉིན་བོད་ཀྱི་དུས་བབ་དྲ་ཚགས་སྟེང་། ༼ངོས་རང་བགྲེས་ཡོལ་ཆ་ཚང་བྱ་རྒྱུར་རེ་བ་བྱེད་ཀྱི་ཡོད༽ཅེས་པའི་གསར་གནས་སྤེལ་བ་དེའི་མཇུག་གི་བསམ་ཚུལ་འདོན་ཡུལ་དེར། ཀླུ་མཁར་བྱམས་ཀྱིས་༼དེ་རིང་གི་ཏཱ་ལའི་བླ་མ་དང་། གནའ་བའི་ཕོ་བྲང་པོ་ཏཱ་ལ། ད་དུང་ཡུམ་བུ་བླ་སྒང་སོགས་ནི་ལོ་རྒྱུས་ཀྱི་སྐྱོ་གར་རམ། ཡང་ན་གཟི་བརྗིད་དུའང་དྲངས་ཆོག་པའི་དད་བརྟེན་ཙམ་ལས་སེངས་ཉིན་གྱི་རེ་བ་བརྒྱག་སོ་མིན་སྟབས། བགྲོས་ཡོལ་གྱི་སྐད་ཆ་འདི་གསར་འགྱུར་ཙམ་ཞིག་ལས། བོད་ཀྱི་དོན་ཆེན་ཞིག་ལ་བརྩི་རིན་མི་འདུག ཡིན་ནའང་། ༸གོང་ས་མཆོག་བགྲོས་ཡོལ་ལ་ཕེབས་དགོས་ཕྱིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་པ་ འགྱུར་བ་གཏོང་དགོས་པ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་། བཅའ་ཁྲིམས་ནང་འཁོད་པའི་ཁོང་གི་སྐུ་དབང་ཆེན་པོ་བརྒྱད་དགུ་ཞིག་ཡོད་པ་དེ་རེ་རེ་བཞིན་བཟོ་བཅོས་བརྒྱབས་ན་མ་གཏོགས། བླ་རྒན་ལ་བགྲོས་ཡོལ་གྱི་ལམ་ཁ་ཞིག་མེད་པ་གསལ་པོ་རེད། འོན་དེ། འུ་ཚང་གི་སྤྱི་འཐུས་ཚོའི་མཚོན་པས་ལས་ཀྱི་སྣེ་མོ་བ་རྣམས་ལ་འདིར་ལག་པ་འཆིངས་རྒྱུའི་བློ་ཁོག་འདུག་གམ། ངས་བལྟས་ན་ཕར་རིའི་སྤང་རྒྱན་རེད་དོ་་་་་་༽ཞེས་བྲིས་འདུག
ཀླུ་མཁར་བྱམས་ཀྱིས་གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱིས་གསེར་གྱི་གཟེངས་རྟགས་འབུལ་བཞེས་ཀྱི་སྐོར་ལ། དབུ་མའི་ལམ་གྱི་སྲིད་བྱུས་ལ་གཟེངས་རྟགས་དེ་ཕུལ་བ་ཡིན་ན། རྟགས་མ་དེ་འདྲ་ཞིག་ང་ལ་སྤྲད་པའི་དབང་དུ་བཏང་ཡང་གཏན་ནས་ལེན་མི་ སྲིད༌༌༌༌༌༌འདིས་བོད་མི་རིགས་འདི་ལ་དེང་སྐབས་བཙན་རྒོལ་རྒྱལ་སྐྱོབ་ཀྱི་བསམ་བློ་དོར་ནས། གང་ཞིག་ནས་ཟ་རྒྱུ་རག་རེ་རག་སོང་ན་འགྲིག་འདུག་བསམ་པའི་མི་གཤིས་འགྱུར་བཞིན་པ་འདིར་རམ་འདེགས་ཀྱི་རོལ་དབྱངས་འཐེན་བཞིན་འདུག༼དུས་བབ་འདོན་ཐེངས་ ༤༧༦ ༽ཅེས་དང་།
ཡང་། དུས་བབ་དྲ་ཚིགས་ཀྱི་ཟིན་བྲིས་༼ཨ་ཚོགས་ཚང་གི་གཏམ་ཚོགས་༽ཟེར་བ་དེའི་ནང་། ༼ཉི་མའི་སྲིབ་འཁྱག་གླེང་བ༽ཞེས་པ་ཞིག་ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས ༡༡ ཉིན་སྤེལ་འདུག་པའི་ནང་། གོང་ས་མཆཽག་གཙོས། ས་ཡི་སེམས་དཔའ་རྣམ་པར་འགྲོ་བ་མིའི་རང་མོས་ཐོབ་ཐང་སྤྲོད་འོས་མིན་གྱི་མཚམས་ ཚིགས་ནི། ཕྱི་རྐྱེན་ལས་ཀྱང་ནང་རྐྱེན་གལ་ཆེན་པོ་ཆགས་འདུག གང་ཡིན་ཟེར་ན། ཐོག་མར་ཁོང་ཚོའི་རང་ཉིད་ལྷ་མིན་པ་ཁ གསལ་གཏིང་གསལ་བྱ་རྒྱུའི་མཚོན། གཞན་གྱི་ཕྲུ་གུ་འཁོས་ཞན་ཚོར་གན་ཚང་གི་ཡང་སྲིད་དང་། འདི་ཚང་གི་སྐྱེས་སྤྲུལ་ལ་ཐུགས་དམ་རྩེ་མཐུན་བྱུང་རབས་ཀྱི་ལྷ་སྒྲུང་བཟོ་མཚམས་ འཇོག་དགོས་ཤིང་། བྱུང་ན་ཉིན་མོ་དེ་ནས་བཟུང་ང་ཚོས་ལྷ་མི་རྟེན་གཅིག་གི་སྐྱེས་ཆེན་ཚོར་མིའི་རང་ མོས་རང་དབང་གི་ཐོབ་ཐང་སྤྲོད་འོས་མིན་གཞུང་ལུགས་ཀྱི་གཞི་འཛྀན་ས་ཞིག་རྙེད་ མདོག་ཁ་བ་རེད། མ་གཏོགས་ལྷ་སྒྲུང་རང་མགོར་ལྷུང་དུས་སུན་སྣང་སྐྱེས་ཀྱིན་ཡོད་མདོག་མདོག་དང་། གཞན་གྱི་མགོར་ལྷ་སྒྲུང་སྤེལ་རྐྱང་རང་གནང་ཚེ། ལས་དེ་ལྟར་བགྱི་བའི་ཉེར་ལེན་གྱིས། ལྷན་རྒྱས་ཚོར་ཚེ་ཚེ་རབས་རབས་ལ་འགྲོ་བ་མིའི་ཐོབ་ཐང་ཅིག་རག་རྒྱུ་སེམས་ཐག་ཡིན་ པ་མ་ཟད། དུས་ནམ་ཞིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་གི་བསྒྲགས་ཡིག་ནང་ལྟར། བྱིས་པ་ལྷ་སྒྲུང་བཟོས་པའི་ཉེས་པ་བརྩད་གཅོད་བྱེད་མཁན་འབྱུང་མི་སྲིད་པ་མིན།༽ཅེས་བཤད་ཡོད།
༢༠༠༨/༠༦/༣༠ ཉིན་དུས་བབ་དྲ་རྒྱའི་སྟེང་སྤེལ་བའི་རྩོམ་ཡིག་ལ་མོ་ཕར་རྒྱབ་ཚུར་རྒྱབ། ལས་ཀ་རྒྱལ་གཅེས་ཆོས་གཅེས་ཟེར་བ་ཚན་དུམ་གསུམ་བཀོད་དེ། རྒྱ་གཞུང་གིས་བོད་ནང་ཆོས་དད་རང་མོས་ཀྱི་ཐོབ་ཐང་བཙན་འཕྲོག་གི་ལས་འགུལ་གདུག་རྩུབ་ཆེ་ཤོས་རྒྱལ་གཅེས་ཆོས་གཅེས་ཟེར་བ་དང་ཤུགས་ལྡན་དམ་བསྒྲགས་གཉིས་མཚུངས་བསྡུར་བྱས་པའི་ནང་། ལས་འགུལ་འདི་གཉིས་ཀྱི་ལོག་སྤྱོད་རང་བཞིན་ལ་ཧེ་བག་སྤུ་ཙམ་མེད་ཅེས་ཚིག་ཐག་བཅད་དེ་སྡོམ་བརྒྱབ་པ་དང་སྦྲགས། ལ་ཕར་རྒྱབ་གྱི་པེ་ཅིན་གཞུང་དང༌། ལ་ཚུར་རོལ་གྱི་གངས་ཅན་སྐྱིད་གཞུང་གཉིས་ལ་ལྷ་འདྲེ་ཡན་ཆད་རྩ་མེད་གཙང་གཤེར་བྱེད་རྒྱུའི་བློ་ཁོག་ཡོད། ཡང་བྱ་བའི་མཇུག་འབྲས་སོ་སོའི་ཞེ་འདོད་ལྟར་མ་བྱུང་ན། ལས་འགུལ་དེ་དག་མང་ཚོགས་རང་འགུལ་གྱིས་སྤེལ་བ་རེད་ཅེས་མི་མང་ཉམས་ཆུང་མགོར་གཡུགས་རྐྱང་བྱེད་པའང་གཞུང་དེ་གཉིས་ཀྱི་མཐུན་ས་གལ་ཆེན་ཞིག་ཡིན་ཞེས་དང་།
ཐ་ན་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་རྒྱ་གར་སྐོར་སྲུང་བ་དང་ལག་འབྲེལ་གྱིས་ཕར་སློག་པ་་་། ༌༌༌ལོ་ ཤས་གོང་འདི་གའི་གྲོང་དགོན་གཉིས་ཀར་ཤུགས་ལྡན་སྐུ་བརྙན་གཏོར་རྒྱུའི་ཟིང་ལངས་ སྐབས་གཞུང་གིས་དེར་སྟངས་འཛིན་བྱེད་རྒྱུའི་ཚབ་ལ་རྗེས་སུ་ཡི་རངས་བྱས་ཤིང༌། ཞེས་བཙན་བྱོལ་གཞུང་ལ་ཀླན་འདེབས་སྐྱོན་འཛུགས་འདི་ལྟར་བྱས་འདུག་པ་དང་།
ཤུགས་ལྡན་འདི་བར་ལམ་ཞིག་ནས་སྲུང་མ་དམར་ནག་གཉིས་དང་ཨབ་སྲས་འཁྱམས་པའི་(ཤུགས་ལྡན་གྱི་མིང་གཞན)བར་དགེ་ལུགས་ཚང་གི་དཀོར་བདག་རྩོད་ཀྱི་ཡོད་པའི་བཟོ་འདྲ་བོ་ཞེས་དོན་གནད་ཀྱི་ངོ་བོ་ཁ་བསྒྱུར་དང་། དོལ་རྒྱལ་བྱུང་སྟངས་ནི། མ་གཞི་ཤུགས་ལྡན་རྩོད་རྙོག་གི་མགོ་ཤུགས་ལྡན་མ་འཁྲུངས་པའི་ཡར་སྔོན་ནས་བསླངས་ཤིང༌། ཐོག་མར་འབྲས་སྤུངས་དགོན་པའི་ནང་གི་མི་དང་མིའི་བར་གྱི་འགལ་བ་ཞིག་སྟེ། གཟིམ་ཁང་གོང་གི་སྐུ་སྐྱེས་གྲགས་པ་རྒྱལ་མཚན་གཟིམ་ཁང་འོག་མས་དར་བརྫོང་བརྒྱབ་ནས་བསད་པའི་རྣམ་ཤེས་དྲེགས་པར་བཞེངས་བར་བཤད་ཅེས་དང་།
དེ་བཞིན། ཆབ་སྲིད་དང་ཆོས་ལུགས་ཀྱི་དགོས་མཁོ་སྦྲེལ་མའི་ཁ་རྩ་ནས། རྒྱལ་བ་སྐུ་ཕྲེང་བཅུ་བཞི་པས་ཀྱང་ཤུགས་ལྡན་བསྟེན་མཚམས་མི་འཇོག་ཀ་མེད་ཆགས་ཅེས་དང་། གནས་ཆུང་དང་། དཔལ་ལྡན་ལྷ་མོ་གཉིས་ཨབ་སྲས་འཁྱམས་པོར་སྔོན་ནས་འཆམས་པོ་མེད་གཤེས། ྋགོང་ས་མཆོག་གིས་ཁོང་གཉིས་དཔང་བོར་བཞག་ནས་ཟན་བསྒྲིལ་བ་སོགས་གནང་ན་འདུམ་ཐབས་འདི་མགོ་ནས་འཁྱོག་སོང་ཙང༌། བྱེད་ཐབས་དེ་འདྲས་རྟོག་མཐོན་ཚོར་གོ་རྒྱུ་ཞིག་སྟེར་ན་མ་གཏོག ཨ་ཕོ་ལུག་རྫིའི་འདུམ་དཔང་དེའི་གྲས་ཁྱོན་ནས་ཁེས་ལེན་གྱི་མ་རེད། དེ་བས་མང་ཚོགས་ཁྲོད་ྋགོང་ས་མཆོག་སྐུ་སྒེར་གྱིས་ལྷ་སྤང་བླང་བྱས་པའི་ཀུན་སློང་ལ་དོགས་འདྲི་བྱེད་མཁན་མེད་མོད། ཁོང་གིས་སྤང་བླང་གནང་བས་ཐབས་ཀྱི་ཆ་ལ་ཕྱི་ནང་མི་རིགས་ནང་བསམ་ཚུལ་ཡོད་པ་དངོས་གནས་རེད་ཅེས་ ༸གོང་ས་མཆོག་གིས་དོལ་རྒྱལ་སྤང་བླང་གནང་ཕྱོགས་ལ་ལོག་འགྲེལ་དང་། ཐུགས་བརྟག་མཛད་ཕྱོགས་ལ་འཁྱོག་བཤད་དང་བཅས་དོགས་སློང་བྱས་ཡོད་པ་དང་།
འོ་ན་གནད་དོན་འདི་གཞི་རིམ་མང་ཚོགས་ཀྱི་དཀའ་ངལ་ཞིག་ལ་ཇི་ལྟར་གྱུར་བ་ཟེར་ན། ྋགོང་ས་མཆོག་གིས་ཤུགས་ལྡན་བསྟེན་ན་ངོས་སར་ཆོས་ཞུ་མི་ཆོག་ལ། ངོས་ཀྱི་སར་ཆོས་ཞུས་ན་ཤུགས་ལྡན་བསྟེན་མི་ཆོག་ཅེས་བཀའ་ཕེབས་པ་དེས་རྩོད་རྙོག་འདི་དགོན་པའི་ཆོས་ར་ནས་ཁྱིམ་པའི་སྒོ་ཁར་ལྷུང༌ཞེས་དང་། གཞུང་ངོས་ནས་རང་གི་མི་སེར་ནང་ལྷ་གང་དང་གང་བསྟཻན་མཁན་ལ་ངོ་སོ་བྱེད་པ། ལྷ་གང་དང་གང་བསྟེན་མཁན་ལ་མངོན་ལྐོག་གང་རུང་ནས་མཐོང་ཆུང་བྱས། དེར་བརྟེན་གནད་དོན་འདི་རིམ་བཞིན་གཞུང་དང་མང་ཚོགས་བར་གྱི་འགའ་ཟླར་ཡང་སྒྱུར་ཞེས་དོལ་རྒྱལ་འདི་གཞི་རིམ་མང་ཚོགས་ཀྱི་དཀའ་ངལ་ཞིག་ཏུ་ཐག་བཅད། དཀའ་ངལ་དེ་བཟོ་མཁན་༸གོང་ས་མཆོག་ཡིོན་ལུགས་བསྒྲུབས་ཡོད་པ་དང་། དོལ་རྒྱལ་གྱི་རྐྱེན་ལས་གཞུང་དང་མང་ཚོགས་དབར་འགལ་ཟླ་ཡོད་རབས་དང་དེ་བཟོ་མཁན་གཞུང་ཡིན་པ་ཟད་། རྒྱུ་མཚན་མཐོང་ཆུང་བྱས་རྐྱེན་བཞག་ཡོད།
མཇུག་ཏུ་ད་དུང་། མ་མཐར་ཡང་བཙན་བྱོལ་གཞུང་གིས་ལ་ཕར་རྒྱབ་ཀྱི་རྒྱལ་གཅེས་ཆོས་གཅེར་ལད་མོ་བྱས་ཏེ། མིའི་རིགས་ཀྱི་དཔལ་ཡོན་ཕྱིར་གཞོལ་བྱེད་པའི་ལས་འགུལ་དེ་འདྲ་མི་སྤེལ་རྒྱུ་དང༌། སྔོན་དེ་ལྟར་འགྱེས་པར་འགྱོད་བཤགས་བྱེད་རྒྱུ་ཙམ་ཞིག་ད་ཆ་འཇོན་དགོས་ཚད་རེད་ལ་ཞེས་སྐུལ་མ་ཡིན་ཁུལ་གྱིས། འགྱོད་བཤགས་བྱེད་དགོས་ཚུལ་ཁ་ཕོ་བསྒྲགས་ཡོད།
ད་ དུང་པཎ་ཆེན་ཨེར་ཏི་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གིས་སྤེལ་བའི་ཆེད་དེབ༼པཎ་ ཆེན་ཨེར་ཏི་ནི་གླེང་བ༽ཞེས་པ་དེའི་ནང། ཀླུ་མཁར་བྱམས་ཀྱིས་ཁ་བྱང་ལ་༼བྱིས་བློའི་ནམ་མཁའ་ནས་རྨས་པའི་༸པཎ་ཆེན་དུང་གི་ ཟླ་བ༽ཞེས་པ་དེའི་ནང་། ༼༸པན་ཆེན་ཡང་སྲིད་རྩོད་རྙོག་ལ་ཆ་བཞག་ན། ༌༌༌རྒྱ་གཞུང་གི་སྟངས་འཛིན་འོག་ཡོད་པའི་ཕྲུ་གུ་ཞིག་འདི་ནས་འོལ་ཚོད་ཀྱིས་༸པཎ་ ཆེན་སྐྱེ་སྲིད་དུ་དྲིལ་བསྒྲགས་ན། ཁོང་ལ་དབུ་ཉེས་ཕོགས་རྒྱུ་ཡིན་པ་ཐབས་ཅད་མཁྱེན་མཁན་ཚོས་མཁྱེན་དང་མཁྱེན། སྤྱིར་བཤད་ན་༸གོང་ས་མཆོག་དང་། བོད་གཞུང་ལ་བོད་ཀྱི་བླ་མ་ཐུགས་ཐག་གཅོད་རྒྱུའི་ཐོབ་ཐང་ཡོད་མོད། ཐུགས་ཐག་གཅོད་རྒྱུ་ཙམ་ལས་སྤྲུལ་སྐུའི་བདེ་སྡུག་གནས་སྟངས་ལ་སེམས་ཁུར་མི་དགོས་པ་ཞིག་མིན། དེ་ལྟར་མ་གནང་བ་དེས་འདི་གའི་བྱེད་སྟངས་ལ་བྱ་བྲལ་རིན་པོ་ཆེས་ཚང་ཡང་ཡིད་ ཐང་ཆད་ཡོད།༽ཅེས་དང་། ༼༸རྒྱལ་བ་༸པཎ་ཆེན་གཉིས་གཙོས། འུ་ཚང་གི་བླ་ཆེན་དཔོན་ཆེན་རྣམ་པས་རྒྱ་དམར་ནག་གཞུང་གོ་ཐོབ་བཞེས་རྒྱུར་འཚེར་ སྣང་དང་། ངོ་གནོང་འདྲ་སྐྱེ་གནང་གི་མེད་ཚོད་རེད་ལ། དཔེར་ན། ལོ་རབས་ལྔ་བཅུ་བ་ནས་བཟུང་༸རྒྱལ་བ་༸པཎ་ཆེན་ལྷན་རྒྱས་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུར་ཞུགས་སྟེ། ལས་རིམ་གྱི་ཆ་ཤས་བླངས་ཁར་ཐ་ན་ཀྲུང་དབྱིང་གིས་བསྩལ་བའི་དཔོན་ཐོབ་བཞེས་པ་སོགས་ལ་ཕྱིར་དྲན་རེ་བྱས་ན། བསམ་གྱིན་བསམ་གྱིན་ངུ་ཡང་བྲོ་ལ། བསམ་གྱིན་བསམ་གྱིན་དགོད་ཀྱང་འཆོར་༽ཞེས་དང་།
དེ་བཞིན་པཎ་ཆེན་རིན་པོ་ཆེ་ཕྱི་ལོ་ ༡༩༨༦ ལོར་འཛམ་གླིང་ནང་པའི་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་མགོན་དུ་བལ་ཡུལ་ནང་ཕེབས་ པའི་སྐོར་གླེང་བའི་ཟོལ་གྱིས། ༼བཙན་བྱོལ་ནང་གི་གནད་ཡོད་མི་སྣ་ཞིག་གིས་ང་ལ་ནང་མོལ་གྱི་ཚུལ་དུ་སྐད་འདི་འདྲ་ཞིག་བཤད་མྱོང་། བོད་གཞུང་གིས་ཨ་ལགས་འཇིགས་མེད་ཚང་༸པཎ་ཆེན་ལ་འཚམས་འདྲིར་བཏང་བ་དང་། ཁོང་གིས་༸གོང་ས་མཆཽག་གིས་བསྩལ་བའི་འཚམས་རྟགས་བསྣམས་ནས་ཕྱིན། འོན་ཀྱང་ཁོང་ལ་བོད་གཞུང་གིས་ འོས་འགན་གཞན་ཞིག་བསྩལ་ཡོད་པ་ནི། ལྐོག་ནས་བལ་ཡུལ་ནང་གི་བོད་མིའི་ཚོགས་སྐྱིད་ཁག་སྐུལ་སློང་བྱས་ཏེ་༸པཎ་ཆེན་ལ་ངོ་རྒོལ་བརྒྱག་རྒྱུ་དེ་ཡིན་པ་དང་། དེ་དུས་ང་ཚོས་དར་ནག་འཕྱར་ནས་ངོ་རྒོལ་བྱས་ཡོད་པ་རེད་ཟེར། ༸པཎ་ཆེན་སྐུ་འཚོ་བཞུགས་སྐབས་སུ་ང་ཚོའི་སྲིད་དོན་པ་ཚོས་བོད་གཞིས་བྱེད་གཉིས་ནས་འདི་འདྲའི་ངོ་ལྐོག་རྒྱབ་མདུན་མི་མཚུངས་པའི་ལས་ཀ་རྐྱང་བྱས་ཤིང་། དེ་ནི་དགུང་ན་གཞོན་པའི་༸པཎ་ཆེན་འཇིག་རྟེན་གཞན་དུ་སྔ་བཞུད་དགོས་པའི་རྒྱུ་རྐྱེན་གྱི་ཆ་ཤས་སུ་དྲངས་ཆོག་པར་སེམས་༽ཞེས་བྲིས་འདུག་པའི་ཐད། འབྲེལ་ཡོད་བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེའི་སར་ཆེད་བཅར་གྱིས་བཀའ་འདྲི་ཞུས་པར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང་ནས་ང་ལ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་འཚམས་ཞུའི་ལས་དོན་རྣམས་བཀའ་སློབ་ལམ་སྟོན་བསྩལ་བ་ལས་གཞན་ལྐོག་ནས་ཚོགས་སྐྱིད་ལ་ངན་སྐུལ་གྱིས་ཀུན་གཟིགས་རིན་པོ་ཆེར་ངོ་རྒོལ་རྒྱག་རྒྱུ་ཟེར་བ་རིགས་བཀའ་མངགས་གནང་བ་ཐོས་ མྱོང་མེད་ལ། ངས་ཀྱང་བྱས་མྱོང་མེད་པ་མ་ཟད། བལ་ཡུལ་དུ་སྡོད་རིང་ཚོགས་པ་སྐྱིད་སྡུག་ནས་ངོ་རྒོལ་བྱས་ལུགས་དང་། དར་ཆ་ནག་པོ་འཕྱར་ཚུལ་སྦྲང་སྐད་ཙམ་ཡང་གོ་ཐོས་མེད་ཅེས་དང་། འདིའི་ཐད་བཀའ་ཤག་ལའང་དོ་བདག་ལ་བརྩད་ཞིབ་ཀྱིས་ཁུངས་སྐྱེལ་གསལ་པོ་གནང་ཐབས་གནང་རོགས་ཞེས་ཡིག་ཐོག་ནས་སྙན་ཞུ་ཕུལ་ཟིན་པ་ཡིན་ཞེས་བཀའ་གསལ་གནང་སོང་བ་དང་། སྐབས་དེའི་བལ་ཡུལ་དོན་གཅོད་ལས་ཐོག་དང་ད་ལྟའི་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་ལ་བཅར་འདྲི་ཞུས་སྐབས་ཀྱང་དར་ཆ་ནག་པོ་འཕྱར་བ་དང་ངོ་རྒོལ་བྱེད་རིགས་གཏན་ནས་བྱུང་མྱོང་མེད་ལ། འཛིན་བཟུང་བྱས་པ་ཡོང་ཤེས་སྟངས་མེད་ཅེས་ཚིག་ཐག་བཅད་ནས་གསུངས་སོང་།(པཎ་ཆེན་ཞབས་ཞུ་ལྟེ་གནས་ཁང་གིས་བྲིས་པའི་མཛད་རྣམ་དུའང་། སེམས་ཚོར་དྲག་པོའི་སྒོ་ནས། བོད་མི་ཚོས་ངོ་རྒོལ་བྱས་ལུགས་དང་། དར་ནག་འཕྱར་ལུགས། བཙོན་དུ་བཟུང་བ་ཚོ་༸ཀུན་གཟིགས་མཆོག་གིས་བལ་ཡུལ་རྒྱལ་པོར་གསུངས་ནས་གློད་གྲོལ་བཏང་ཚུལ་གྱི་བརྩམས་སྒྲུང་དེའང་བདེན་པ་མིན་པའི་ར་འཕྲོད་ཡོད།)
འོ་ན་ཀླུ་མཁར་བྱམས་ཀྱིས་ཉི་མ་ཁ་དཀར་ངོ་དཀར་ལ་འདི་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་མཛད་ཐབས་དང་བཙན་བྱོལ་བོད་གཞུང་གི་སྲིད་ཇུས་གལ་ཆེན་ཁག་ལ་རྒྱ་དམར་གཞུང་དང་གཅིག་མཚུངས་ཀྱི་ལངས་ཕྱོགས་བཟུང་སྟེ། གུང་ཁྲན་དམར་པོའི་བཤད་སྟངས་དང་ལྟ་སྟངས་ཀྱི་སྒོ་ནས་ལོག་འགྲེལ་རྒྱག་བཞིན་པ་མ་ཟད། ༸གོང་ས་མཆོག་དང་ཀུན་གཟིགས་པཎ་ཆེན་བར་དང་། བོད་གཞུང་དང་ཀུན་གཟིགས་པཎ་ཆེན་བར་ལ་དབྱེན་དཀྲུག་དང་། རྒྱལ་བ་ཡབ་སྲས་བར་བདེན་མེད་རྫུན་སྒྲུང་བཟོས་ཏེ་ལ་ཕར་རྒྱབ་ནས་བཤད་མི་ཐུབ་ པའི་སྐད་ཆ་རྣམས་འདི་ལྟར་བཤད་ཀྱི་ཡོད་ལ། བཤད་སའང་བཞུགས་སྒར་ཡིན་པས། སྲང་བར་དག་ན་ཉིན་མོ་འཁྱམས། མཚན་མོ་མྱུལ། ཇ་ཁ་ཆང་ཁ་ནས་གཏམ་འཆལ་གཡས་སྒྲུག་གཡོན་སྒུམ་གྱིས་ཁ་འཁྲུག་གིས་ལྟོ་གོས་འཁྱོངས་མཁན་འདིར་སྙིང་ཁམས་འདི་ལྟ་བུ་ཞིག་གང་ནས་ཡོང་མིན་དོགས་པ་ངང་གིས་འཆར་ཞིང་། མཚམས་ཚིགས་མེད་པར་ཕུ་དཀྲུགས་མདའ་དཀྲོགས་དང་། དགྲ་དགའ་གཉེན་སྡུག་གི་བྱ་བར་ཡ་ང་བག་ཚ་གཏན་ནས་མེད་པའི་མི་འདི་རིགས་ད་དུང་དགུ་བཅུ་གསུམ་ལྟ་བུ་ཚོགས་པ་གལ་ཆེན་གྱི་ཚོགས་གཞོན་དང་། མདོ་སྨད་ཆོལ་ཁའི་སྤྱི་འཐུས་འོས་གཞིའི་ནང་ཡོང་སྟངས་ལ་རོབ་ཙམ་བལྟས་པ་ཡིན་ན། ད་ནི་མར་མེ་རླུང་གིས་བསྐྱོད་ཀྱང་འཛུམ་དམུལ་དམུལ། ཁ་ཟས་ཁྱི་ཡིས་ཟོས་ཀྱང་ འཛུམ་དམུལ་དམུལ་ཟེར་བའི་ཚོད་དུ་དངོས་གནས་སླེབས་འདུག་པས། མདོ་སྨད་མི་མང་ནས་ནམ་རྒྱུན་རྒྱལ་བ་དོན་གྱི་བདག་པོའི་སྐུ་རྩ་སྐུ་བདག་ཡིན་ཞེས་སྤོབས་པ་ཆེན་པོ་བྱེད་ཀྱི་ཡོད་པའི་སྤོབས་པ་དེ་དོན་ལ་གནས་ཐུབ་པ་ཞིག་དང་། གྲོས་ཆོད་སྔ་རྗེས་བཞག་པ་ཡིག་ཐོག་ནས་མ་བསྐྱུར་བར་ལག་ལེན་དུ་བསྟར་གལ་ཆེ་ཞེས་ཞུ་སྐུལ་དུ།
རྡ་ས་མདོ་སྨད་ས་གནས་རྒྱུན་ལས་ཁང་ནས།
ཕྱི་ལོ་༢༠༡༠ ཟླ་༡༢ ཚེས་༡༧ ཉིན།
མཆན།
• ཀླུ་མཁར་བྱམས་ཀྱི་ཡིག་ནོར་སོགས་རང་སོར་བཞག་སྟེ་ཇི་མ་ཇི་བཞིན་བཀོད།
• བཀའ་ཟུར་འཇིཊ་མེད་རིན་པོ་ཆེ་དང་བཀའ་བློན་དཔལ་འབྱོར་ཚེ་རིང་གི་བཀའ་ལན་སྒྲ་འཇུག་ཞུས་ཡོད།
• ཀླུ་མཁར་བྱམས་ནས་༸རྒྱལ་བ་རིན་པོ་ཆེ་ལོ་རྒྱུས་ཀྱི་ཉེས་ཅན་པ་རེད་ཅེས་སོགས་རླུང་ འཕྲིན་ཁག་ཏུ་བཤད་པའི་སྐད་ཆ་རྣམས་གནས་སྐབས་འདིར་དྲངས་མེད།
ངོ་བཤུས།
སྐུ་སྒེར་ཡིག་ཚང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་། བཀའ་ཟུར་ཀིརྟི་རིན་པོ་ཆེ། བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེ། མདོ་སྨད་ཆོལ་ཁའི་སྤྱི་འཐུས་རྣམ་པ། བཀའ་ཤག སྤྱི་འཐུས་རྒྱུན་ལས། བདེ་སྲུང་ལས་ཁུངས། ཆོས་རིག་ལས་ཁུངས། ནང་སྲིད་ལས་ཁུངས།
མདོ་སྨད་ས་གནས་རྒྱུན་ལས་ཁང་ཁག འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་། བྱེས་འཁོད་བཀྲ་ཤིས་ལྷུན་པོ། པཎ་ཆེན་ཞབས་ཞུ་ལྟེ་གནས་ཁང་།
ཨ་ཚོགས་ཀླུ་ཆམས་ནི་གོང་ས་མཆོག་གི་སྐུ་ཆ་ལ་གནོད་པའི་ལས་ཀ་འདྲ་བོ་བྱེད་ཐུབ་ཀི་མ་རེད་ལ། རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་ཞིག་བྱེད་དགོས་ཀྱི་ཡང་མ་རེད། གནས་ཚུལ་འདིའི་རྒྱབ་ཏུ་མི་སྒེར་གྱི་དགོས་མཁོ་ཞིག་གི་ཕྱིར་དུ་ས་བསྒྲགས་གནམ་སྒྲགས་བྱེད་ཀྱི་ཡོད་ན་ངས་ཧ་གོ་མ་སོང་། དེ་འདྲ་ཡིན་ན་མདོ་སྨད་ས་གནས་དེ་ཡང་ཇི་འདྲའི་ེཁེ་ཆུང་ཞིག་རེད་འང།
མང་ཐོག་ཆིག་ཅིག་འདུག ཆ་ཚང་ཀློག་ཐུབ་མ་སོང་། ཡིན་ན་ཡང་༸གོང་ས་མཆོག་གི་མིང་ལ་ཡོངས་གྲགས་སུ་ཏཱ་ལའི་བླ་མ་ཞེས་འཛམ་བུ་གླིང་གི་མི་ཚང་མས་འབོད་ཀྱི་ཡོད་ཙང་དེ་སྐྱོན་ཆེན་པོ་རང་ཨེ་ཡོད་ན་བསམ། གལ་སྲིད་ཏཱ་ལའི་བླ་མ་ཞེས་བྲིས་པ་སྐྱོན་དུ་འགྱུར་ན་མིང་འདི་ཐོག་མར་། མིང་རྒྱལ་རབས་ཀྱི་ཧྲིན་ཙུང་ཁྲི་ལོ་བརྒྱད་པར། མཚོ་སྔོན་གྱི་སོག་པོ་ཨལ་ཐན་རྒྱལ་པོས་བོད་ཀྱི་དགེ་ལུགས་པའི་བླ་མ་བསོད་ནམས་རྒྱ་མཚོར་ཆེ་བསྟོད་ཀྱི་མཚན་གསོལ་བ་ཞི་ཡིན་པ་རེད། དུས་དེ་ནས་ད་བར་བོད་གཞུང་དང་མི་མང་ཚང་མས་ཆེ་བསྟོད་ཀྱི་མཚན་འདི་བེད་སྤྱོད་བྱས། འཛམ་བུ་གླིང་དུ་ཏཱ་ལའི་བླ་མ་ཞེས་པའི་མཚན་སྙན་གྱི་གྲགས་པས་ཁྱབ་ཡོད་པ་རེད། མིང་ཁོང་ལ་མ་གུས་པ་ཞིག་ཡིན་ཚེ་ཐོག་མར་མདོ་སྨད་ས་རྒྱུན་ནས་སོག་རྒྱལ་ལ་ཁ་མཆུ་རྒྱོབ། དེ་ནས་འཛམ་བུ་གླིང་གི་མི་ཚང་མ་ལ་ཁ་མཆུ་རྒྱོབ།
རྒྱ་མཚོའི་བླ་མ་འམ་ཏཱ་ལའི་བླ་མ་ཞེས་འབོད་མཁན་ཚང་མ་ལ་ཁ་མཆུ་རྒྱོབ། ད་རུང་འཛམ་གླིང་གི་ཚོག་མཛོད་རྩོམ་སྒྲིག་ཚོགས་པ་ཁག་ལ་སྙན་ཞུ་ཕུལ།
དོན་མེད་བསྙོན་འཛུགས།
ཀླུ་མཁར་བྱམས་ནི་སློབ་སྦྱོང་ཚད་མཐོན་པོ་མིན་རུང་། སོ་སོའི་བསམ་ཚུལ་དྲང་བདེན་གྱི་ཐོག་ནས་བཤད་ཐུབ་མཁན་ཞིག་ཡིན། འོན་ཀྱང་དེང་སྐབས་དྲང་པོ་བཤད་ན་མི་མི་དགའ་ཞེས་པའི་དཔེ་ལྟར་ཁོང་ལ་སྐྱོན་བརྗོད་བྱེད་མཁན་ཇེ་མང་རེད། དྲང་པོ་བཤད་ན་མགོ་གནོན་པ་དེ་འུ་ཚང་གི་གཤིས་ཀ་ཡིན་ཚོད་འདུག
དེ་ཨ་མདོ་བ་མང་པོ་ཞིག་གིས། ༧གོང་ས་མཆོག་ལ་ཨམ་ཕྲུག་ཅེས་ཨ་མདོར་སྐྱེས་པའི་རླབས་ཆེན་གྱི་མི་སྣ་ཞིག་ཡིན་པ་ར་སྤྲོད་ཆེད། ཨ་མདོ་བ་མང་པོས་བསད་རྒྱུན་དུ་ཡོད། ཏཱ་ལའི་བླ་མ་ནི་བོད་ཀྱི་ལོ་རྒྱུས་ནང་དུ་༧གོང་ས་མཆོག་ལ་ཆེ་བསྟོད་ཀྱིས་སོག་པོ་མི་རིགས་ཀྱིས་བཏག་པ་ཞིག་ཡིན་པས། དེ་བརྗོད་པ་སྐྱོན་མེད་མོད། བརྗོད་མཁན་གྱི་ཁྱད་པར་གྱིས་ཀླུ་མཁར་བྱམས་ལ་སྐྱོན་བརྗོད་བྱས་པ་ཞིག་རེད།
ད་དུང་བརྗོད་འདོད་པ་ཞིག་ལ་ཨ་མདོ་བ་སྐབས་འཚོལ་རིང་ལུགས་པ་རེ་ཟུང་(ཨ་མདོ་བ་མི་མང་ཚང་མ་ལ་གོ་མི་ཉ།)གིས་མདོ་སྨན་ཕྱོགས་ཀྱི་མི་ཞིག་ལ་སྐྱོན་བརྗོད་བྱས་ན་དེའི་མགོ་གནོན་ཐབས་གང་ཐུབ་བྱེད་ལ། དབུས་དང་ཁམས་ཀྱི་མི་ཞིག་ལ་དོན་མེད་སྐྱོན་བརྗོད་བྱས་ཀྱང། དེ་ལ་རྒྱབ་སྐྱོར་བྱེད་པ་བདེན་པའི་ལན་འདེབས་མི་བྱེད།
དཔལ་ལྡན་རྡ་ས་མདོ་སྨད་རྒྱུན་ལས་པ་རྣམ་པར་ཆེད་ཞུ།
ཁྱེད་ཅག་གིས་འདི་སྲིད་དོན་འཁྲབ་པ་ཡིན་ན་ཞུ་རྒྱུ་གང་ཡང་མེད། ཁྱེད་ཅག་གིས་གང་གནང་བཞིན་པ་འདི་ཡང་གཡེན་དཀྲུགས་ཀྱི་ལས་ལ་སྣུམ་བླུག་པ་དང་མཚུངས་བས་དེ་ལུགས་མི་གནང་བར་ཞུ། ཀླུ་མཁར་བྱམས་མི་རྐྱང་ཞིག་གིས་བོད་གངས་ལྗོངས་ཀྱི་གཞུང་དང་། ༧རྒྱལ་མཆོག་མི་ཡི་ཉི་མ་གཉིས་ལ་གནོད་ཅིག་ཐང་གི་རེད་བསམ་གྱི་འདུག་གམ། ཤིག་གིས་ལ་བརྒྱབ་རུང་གོང་བ་ཡིན་པ་དང་། དུག་སྦྲང་གིས་གླང་ཆེན་ལ་འགྲན་བཙུག་པ། མར་གྱིས་རྡོ་ལ་ཞུས་ན་མར་དང་། རྡོ་བས་མར་ལ་ཞུས་ན་མར་ཟེར་བ་མིན་ནམ། ཀླུ་མཁར་བྱམས་མི་རྐྱང་རྟ་རྐྱང་ཞིག་གིས་རང་གི་བསམ་ཚུལ་གང་འཛིན་པ་དང་། དེ་ཇི་ལྟར་བརྗོད་པའི་རང་དབང་ཡོད་པར་དགོས་པར་སྙམ། ཀླུ་མཁར་གྱིས་རང་གིས་གང་བཤད་ཀྱི་འགན་རང་གིས་འཁུར་དགོས་ཤིང་འཁུར་གྱི་ཡང་ལོས་ཡོད། དམངས་གཙོའི་སྤྱི་ཚོགས་སུ་རློམ་པའི་ནང་དུ་འདི་འདྲའི་རིགས་ལ་བཟོད་སྒོམ་མ་ཐུབ་ན་རང་ཅག་གིས་དམངས་གཙོའི་གོ་རྟོགས་ཅིག་ལ་སླེབས་ཡོད། ཚད་ཉིག་ལ་སླེབས་ཡོད་སོགས་བཤད་པ་དེ་ཁ་སྟོང་ཙམ་དུ་གྱུར་བ་མིན་ནམ།
འདི་མུར་རང་ཚོད་འཛིན་མ་ཐུབ་ན་ཁྱེད་ཅག་གིས་ཁོང་གི་སྐུ་ལུས་ལ་གནོད་པ་བྱེད་དྲན་མི་སྲིད་པ་མིན་པས་དེ་ལུགས་བསམ་བློར་ཡང་མི་འཁོར་བའི་སྐྱབས་འཇུག་ཞུ།
ཀླུ་མཁར་བྱམས་ཀྱིས་དུས་བབ་དྲ་ཚིགས་ནང་ལ།
༼དེ་རིང་གི་ཏཱ་ལའི་བླ་མ་ དང་། གནའ་བའི་ཕོ་བྲང་པོ་ཏཱ་ལ། ད་དུང་ཡུམ་བུ་བླ་སྒང་སོགས་ནི་ལོ་རྒྱུས་ཀྱི་སྐྱོ་གར་རམ། ཡང་ན་གཟི་བརྗིད་དུའང་དྲངས་ཆོག་པའི་དད་བརྟེན་ཙམ་ལས་སེངས་ཉིན་གྱི་རེ་བ་བརྒྱག་ སོ་མིན་སྟབས། བགྲོས་ཡོལ་གྱི་སྐད་ཆ་འདི་གསར་འགྱུར་ཙམ་ཞིག་ལས། བོད་ཀྱི་དོན་ཆེན་ཞིག་ལ་བརྩི་རིན་མི་འདུག ཡིན་ནའང་། ༸གོང་ས་མཆོག་བགྲོས་ཡོལ་ལ་ཕེབས་དགོས་ཕྱིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་པ་ འགྱུར་བ་གཏོང་དགོས་པ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་། བཅའ་ཁྲིམས་ནང་འཁོད་པའི་ཁོང་གི་སྐུ་དབང་ཆེན་པོ་བརྒྱད་དགུ་ཞིག་ཡོད་པ་དེ་རེ་ རེ་བཞིན་བཟོ་བཅོས་བརྒྱབས་ན་མ་གཏོགས། བླ་རྒན་ལ་བགྲོས་ཡོལ་གྱི་ལམ་ཁ་ཞིག་མེད་པ་གསལ་པོ་རེད། འོན་དེ། འུ་ཚང་གི་སྤྱི་འཐུས་ཚོའི་མཚོན་པས་ལས་ཀྱི་སྣེ་མོ་བ་རྣམས་ལ་འདིར་ལག་པ་འཆིངས་ རྒྱུའི་བློ་ཁོག་འདུག་གམ། ངས་བལྟས་ན་ཕར་རིའི་སྤང་རྒྱན་རེད་དོ་་་་་་༽
ཞེས་རིག་པ་འདོན་ས་དེར་བྲིས་པ་རེད། ཀླུ་མཁར་བྱམས་ཀྱིས་གོང་ས་མཆོག་ལ་བླ་རྒན་ཞེས་སྨད་ཚིག་གིས་བརྗོད་པ་དེར་ཚིག་པ་མི་ཟ་མཁན་གྱི་བོད་པ་ཕལ་ཆེར་ཡོད་མི་སྲིད་པ་འདྲ་བོ་རེད། སྐབས་དེར་བོད་ཀྱི་དུས་བབ་དྲ་ཚིགས་ཀྱི་སྟངས་འཛིན་པ་ཚོས་ ༼ མཆན་ལ་ཞིབ་བཤེར་བྱས་རྗེས་བརྗོད་གཞི་དང་འཚམ་པའི་རིགས་དྲ་ངོས་ལ་འདོན་འཇུག་རྒྱུ་ཡིན།༽ཞེས་པའི་ལྟ་སྟངས་ཀྱི་འོག་ནས་དེར་གཞོགས་འདེགས་ལྟ་བུས་སྐད་ཆ་དེ་ཡར་བཀོད། དྲ་ངོས་ནས་དུས་ཚོད་གང་འཚམ་ཞིག་གི་རིང་ལ་བཞག་སོང་། དེ་རྗེས་བསུབ་བཞག་སོང་། ད་ལྟ་སླར་ཡང་ཛ་དྲག་གི་རྣམ་པ་ཞིག་ནས་ཡོངས་ཁྱབ་ཀྱིས་ཀློག་རྒྱུ་ཡོད་པ་ཆགས་ཡོང་དུས། བོད་ཀྱི་དུས་བབ་ཀྱིས་བསུབ་ན་རྦད་དེ་བསུབ་རྐྱང་མ་གནང་བར་གཞན་ལ་མཁོ་འདོན་བེད་སྟངས་འདི་ཡག་པོར་མཐོང་མ་སོང་།
མི་གཅིག་གི་སྒང་ལ་མི་དམག་ཅིག ཤ་གཅིག་གི་སྒང་ལ་གྲི་དམག་ཅིག་རྒྱག་ཡོང་གི་ཡོད་ན། ཀླུ་མཁར་བྱམས་ལ་འགྲོ་བ་མིའི་ཐོབ་ཐང་ཡོད་ཀྱི་རེད་དཱ། སྨྲ་བརྗོད་ཀྱི་རང་དབང་ཡོད་ཀྱི་རེད་དཱ།
༧གོང་ས་མཆོག་ལ་དད་པ་ཡོད་མདོག་གིས་ཀླུ་མཁར་བྱམས་སྐྱག་དོང་ནང་གཡུགས་རྩིས་བྱས་ན། དེ་ཡང་མི་གཤིས་དང་འགལ་བ་ཞིག་མ་ཡིན་ནམ།
༡) ཀླུ་མཁར་བྱམས་ཀྱིས། ཏཱ་ལ་ཞེས་རྒྱ་མིའི་འབྲི་སྟངས་དང་བཤད་སྟངས་ལྟར་བྲིས་འདུག་མ་གཏོགས། ཏཱ་ལའི་བླ་མ་ཞེས་བྲིས་མི་འདུག
༢) དབུ་མའི་ལམ་དང་དོལ་རྒྱལ། སྤྲུལ་སྐུ་ངོས་འཛིན་ཚུན་ནས་རྒྱུ་མཚན་ཚད་ལྡན་མེད་པ་ལུང་པ་གང་བྲིས་འདུག
༣) ད་དུང་དཀྲོག་གཏམ་དང་མཚན་དམས་ཀྱང་མང་པོ་བྱས་འདུག
རེད། དེ་ཚོ་དམའ་བརྗོད་རང་དབང་ཡིན་གྱི་རེད། ཡིན་ནའང་། རྒྱ་མིས་འདི་ཚོ་བྲིས་ཡོང་དུས་ང་ཚོས་དགག་པ་རྒྱག་གི་ཡོད་རེད། ད་ཀླུ་མཁར་བྱམས་ཀྱིས་བྲིས་ཡོང་དུས་ཁ་བཙུམ་གྱི་ཡིན་ནམ། ཁྱེད་རང་ཚོའི་བཤད་སྟངས་ལྟར་ན་རྒྱ་མི་ལ་འགྲོ་བ་མིའི་ཐོབ་ཐང་མེད་དམ།
དམང་གཙོ་གོང་འཕེལ་ལ་དགའ་ན་སྨྲ་བརྗོད་ཀྱི་རང་དབང་མ་འཕྲོགས།
སྔོན་མ། འཇམ་དབྱངས་ནོར་བུས། ཁོང་སྒེར་ངོས་ནས་ཏཱ་ལའི་བླ་མ་དང་འབྲེལ་བ་བཅད་པ་ཡིན། ཞེས་སོགས་བྲིས་པ་ཙམ་ལ། ཧོར་གཙང་འཇིགས་མེད་ཀྱིས་གཙོ་བོ་བྱས་ཏེ། འཇམ་དབྱངས་ནོར་བུ་ལ་དགག་པ་ག་ཚོད་བརྒྱབ་པ་རེད། མདོ་སྨད་ཆོལ་ཁའི་སྒྲིག་འཛུགས་ཀྱིས་ཇི་ཙམ་ངར་བ་རེད། དེ་དུས་འཇམ་དབྱངས་ནོར་བུའི་སྒང་ལ་ངར་དོན། འཇམ་ནོར་ཁམས་པ་ཡིན་པས་ཨེ་རེད།
ད་ཀླུ་མཁར་བྱམས་ཀྱིས་རྫབ་ཆེན་འདི་འདྲ་བཤད། འདི་འདྲ་བྲིས་ཡོང་དུས། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁ་བཙུམ་ནས་སྡོད་དོན་དེ། ཁོ་ཨ་མདོ་ཡིན་པས་ཨེ་རེད།
སྨྲ་བརྗོད་རང་དབང་ཟེར་བ་དེ། གང་དྲན་དྲན་བཤད་ཆོག་པ་ཞིག་ལ་ཟེར་གི་མ་རེད། སྨྲ་བརྗོད་ལ་འགན་ཁུར་དགོས་རེད། ཀླུ་མཁར་བྱམས་ད་ལྟ་ཚོགས་པ་ཞིག་གི་ཚོགས་གཞོན་རེད། དེས་འདི་ལྟར་བྲིས་ཡོང་དུས། རང་བཞིན་གྱིས་འགན་ཁུར་དང་འབྲེལ་བའི་དྲི་བ་མང་པོ་སླེབས་ཡོང་གི་ཡོད་རེད།
ཁྱོད་ཅག་ཁག་ཅིག་གི་བཤད་སྟངས་ལྟར་ན། ཡེ་དོར་ཟེར་བས་༸གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུགས་མང་པོ་བྱས་པ་དེ་ཚོ་ལ་ང་ཚོས་དགག་པ་རྒྱག་དགོས་དོན་ཅི་འདུག
ཀླུ་མཁར་བྱམས་ཀྱིས་དམངས་གཙོའི་ཁེ་ཕན་ལོངས་སུ་སྤྱོད་ཀྱི་ཡོད། ཁྱེད་དང་བལྟ་ཚུལ་མ་མཐུན་པ་རེད། ཁྱེད་རང་གིས་འདི་ལྟར་བཤད་ན་མི་འོས་པར་མཐོང་ན་དེ་ལྟར་བཤད་མིན་ཉན། དེ་ནི་དམངས་གཙོའི་འོས་འགན་ཡིན། ཁྱེད་ཀྱི་ངོར་ཁོས་གང་བཤད་ལ་ཁུངས་མེད། དེས་ཕྱིར་ཁྱེད་ཀྱིས་དེ་ལྟར་མི་བཤད། ཁོ་དང་ཁྱེད་བལྟ་ཚུལ་མ་མཐུན་པ་རེད། ཀླུ་མཁར་གྱིས་འདི་ལྟར་བཤད་པ་ལ་ཁུངས་ལུང་ཡོད་མེད་གང་ལྟར་ཡང་དམངས་གཙོའི་སྤྱི་ཚོགས་ནང་དུ་འདི་འདྲ་ལ་འདི་འདྲའི་རིན་ཐང་ཞིག་ཡོད། ཁོས་རང་ས་ན་གོ་ཞིག་སྤྱོད་བཞིན་ཡོད། གནའ་མི་བོད་ཀྱི་གཏམ་དཔེ་ལ། ཁྲོ་ཐུང་ཁྲོ་ཞིག་མ་ཐུང་ན། གེ་སར་གེ་ཞིག་མི་སར་། ཟེར་བའི་རང་རེ་བོད་ཀྱི་གཏམ་དཔེ་དེ་ཐོས་མྱོང་ངམ། རྒྱ་ནག་དང་ཀླུ་བྱམས་བསྡུར་བ། ད་དུང་ཆོལ་ཁའི་རྩོད་པ་ནང་དུ་འདྲེན་པ་ནི་དེ་ལས་ཀྱང་རང་འཚང་རང་གིས་བྲུས་པ་ཡིན།
རང་རིགས་འདི་རང་གི་ཐོག་ལ་སྟག་ལྟར་ངར། ཕྱི་དགྲའི་ཐོག་ལ་ཝ་ལྟར་གཡོ་་་་དངོས་གནས་སྐྱོ་བ་ལ། རང་དབང་དང་མང་གཙོ་ཡིན་ཟེར་བ་དེ་གང་ལ་བརྗོད་ཀྱི་ཡོད་ན།
༸གོང་ས་མཆོག་ལ་མཚན་དམོད་ཞུ་ཕོད་པའི་མང་གཙོའི་སྨྲ་བརྗོད་རང་དབང་ཐོན་སའི་ཁ་ལ་ངའི་སྐྱག་པ་བླུག
xxxxxxxxxxxxxxxxxxxx
ངས་ནི་རྒྱལ་བ་རེན་པོ་ཆེར་དད་པ་བྱེད་དང་མ་བྱེད་དེ་གལ་ཆེན་པོ་རྩི་གི་མེད་། སོ་སོ་རང་ཉིད་བོད་མི་རིགས་ཅིག་ཡིན་པའི་ཆ་ནས་འགན་འཁྱེར་དང་མི་ཁྱེར་དེ་གལ་ཆེན་པོ་མཐོང་གི་འདུག་། མི་ཁ་ཤས་གི་ཁ་ནས་ཉིན་རྟག་པར་རྒྱལ་བ་རེན་པོ་ཆེ་ཟེར་ནས་རང་དོན་ཁོ་ན་སྒྲུབ་ཏེ་བོད་མི་རིགས་ལ་གནོད་གཞིའི་ལས་ཀ་བྱེད་ཁན་ཡོད་པ་རེད་དེ་ཡག་པོ་མ་རེད།
འདིའི་ནང་ན་མཆན་འདེབས་མཁན་མང་ཆེ་ཤོས་ཀྱིས་ཀླུ་མཁར་བྱམས་ལ་སྐྱོན་བརྗོད་བྱས་ན་སྨྲ་བརྗོད་རང་དབང་འཕྲོག་པ་དང་། ནང་དམེ་བྱས་པ་རེད་ཟེར་ནས་བརྒྱ་ཆ་སྤྲད་ཡོང་གི་འདུག འོ་ན་ཀླུ་མཁན་བྱམས་ཀྱིས་ ༧གོང་ས་མཆོག་ལ་མཚན་སྨད་ཞུ་ན། ཁོས་ནང་དམེ་བྱས་པ་མིན་ནམ། ཡང་གཅིག་བཤད་ན་ ༧གོང་ས་མཆོག་ལ་སྨྲ་བརྗོད་རང་དབང་མི་དགོས་པ་ཞིག་ཡིན་ནམ། བསྐལ་བ་དུས་ཉུག་གི་མཐའ་མ་ཀླུ་མཁར་བྱམས་ལྟ་བུས་ཀྱང་ ༧གོང་ས་མཆོག་ལ་ཁ་གཏོང་ཁ་བྱེད་བཞིན་པ་རེད་ཟེར། འདི་དགོད་སྤྱད་འེ་རེད། རྡ་ས་ན་སྨྱོན་པ་སྐོར་ཞིག་འདུག སྨྱོན་པ་དེ་ཚོ་སྨྱོ་ཁང་ནང་ལ་བསྐྱལ་དགོས་པ་རེད། རྒྱ་གར་སྐད་མ་ཤེས་ན་ པྰ་སྒལ་ཧ་སི་ཕེ་ཊལ་ཟེར་བ་རེད། དེའི་ནང་དུ་གཡུག་ཞོག་དང་། ཟླ་གཅིག་མ་འགོར་བ་དྲན་པ་གསལ་བོ་ཆགས་འགྲོ་གི་རེད།
please do not make big problem .we must stop.
ལེགས་བཤད་ལས། ཁྱི་རྒན་ཀུ་ཅོ་འདོན་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུགས། །ཞེས་པའི་འབྲུ་དོན་འདི་ལྟ་བུ་ལ་དམིགས་ནས་གསུངས་པ་རེད། བོད་ཀྱི་གཏམ་དཔེ་ལ། ངན་པ་དཔུང་སྒྲིལ་ཏེ་རྐུན་རྒྱབ་རྫུན་གྱིས་བྱས་ཞེས་པ་དེ་ཅིས་མ་བདེན། ག་རེའི་སྨྲ་བརྗོད་རང་དབང་དང་། ག་རེའི་དམངངས་གཙོ། སྨྲ་བརྗོད་རང་དབང་དང་དམངས་གཙོའི་དོན་དག་འོལ་སྤྱི་ཙམ་ཡང་མ་གོ་ནའང་། མཚམས་ཚིགས་མེད་པར་བྱུང་རྒྱལ་དུ་སྨྲ་བ་ནི་གཏམ་འཆལ་རང་རེད། སྨྲ་བརྗོད་རང་དབང་ཡོད་ཀྱང་གཞི་མེད་ཀྱི་གཏམ་བརྗོད་བྱེད་པའི་ཐོབ་ཐང་མེད། ལྷག་དོན་སྐྱེ་བོ་སྒེར་གྱི་མཚན་དོན་ལ་རྒྱར་གཙིགས་སུ་འཛིན་དགོས། དེ་བས་ཀྱང་གཟབ་དགོས་པ་ནི་གྲགས་ཅན་གྱི་མི་སྣ་རྣམས་ཀྱི་སྙན་གྲགས་ལ་ངེས་པར་དུ་འགན་སྼུང་བྱེད་དགོས། ཨ་ཁ། ད་མང་པོ་མི་བཤད། ངས་དམངས་གཙོའི་ཁེ་དབང་བཤད་ཀྱང་ཁྱེད་ཚོས་ཧ་གི་ཡི་མ་རེད།་དུས་ཚོད་ཆུས་བཟོས་རེད། ཀུླུ་བྱམས་ཞེས་པའི་མི་འདི་གཤིས་རྒྱུད་ཉོན་མོངས་པའི་གདོན་གྱིས་གཟིར། སྣང་བ་དགྲ་རུ་ལངས་པས་ན་འདི་ལ་ཁ་ཡ་བྱ་རྒྱུ་ནི་སྐྱག་པར་ལག་པ་འཇུས་པ་དང་ཁྱད་མེད། དྲི་ངན་ཚ་རོགས་རེད། མི་འདི་འུ་ཅག་བོད་པ་ཚང་གི་མི་མ་རེད། རྒྱ་ཡི་རྒྱུགས་ཁྱི་རེད། ངས་ཁོ་ལ་བཤད་ན་མི་འདོད་ཀི།
xxxxxxxxxxxxxxxxxxxxxxxx
ཀླུ་མཁར་གྱིས་སུ་ལ་སྐྱོན་རྗོད་ན་རྗོད་དུ་འཇུག་པ་དེ་དེའི་ཆེ་བ་རེད། ཀླུ་མཁར་གྱི་ཆེ་བ་མ་རེད། ལྡིང་ཆ་དང་གོ་སྐབས་འོས་མཚམས་ཀྱི་སྐབས་སུ་ཁོ་ལ་སུན་འབྱིན་ཇི་ལྟར་བྱ་དགོས་རུང་བྱེད་འོས་པ་ཞིག་རེད། དེ་ནི་འུ་ཅག་གི་འོས་འགན་ཡང་རེད། དེ་མིན་འདི་ལྟར་བསམ་ཚུལ་དང་སྨྲ་རྗོད་འགོག་པ་ནི་དམངས་གཙོའི་སྤྱི་ཚོགས་ལ་འོས་འཚམས་ཤིག་ཡེ་ནས་མིན་ལགས། གལ་སྲིད་ཁོས་༧གོང་ས་མཆོག་ལ་སྐྱོན་རྗོད་བྱས་ཡོད་ན་དེ་ནི་༧གོང་ས་མཆོག་གི་གཟི་བརྗིད་དང་ཆེ་བ་ཡིན་པ་ལས་༧ཁོང་ལ་ཉེན་ཁ་ཞིག་མིན། དེ་ལ་མི་བཟོད་མཁན་སུ་ཡོད་ན་དེ་ནི་དེའི་ཆེ་བའི་རང་བཞིན་མིན་པར་དམར་བོའི་རང་བཞིན་རེད།
སྨྲ་རྗོད་རང་དབང་ཟེར་བའི་ས་མཚམས་དེ་འདི་འདྲ་ཞིག་ན་ཡོད་པ་ལས་ཐིག་དམར་བོ་ཞིག་གྲིས་བཏུབ་ལྟར་སུས་ཀྱང་མཐོང་ཆོག་ཅིག་མེད། ཁྱོད་དང་ངའི་བློ་ཁར་མི་མཐུན་པ་ཞིག་བཤད་ན་དེ་ལ་གུས་བརྩི་བྱེད་པའི་སྒོ་ནས་སུན་འབྱིན་བྱེད་དགོས་པ་ལས་ཁོས་བཤད་པ་ལ་ཁུང་ལུང་མེད་ཅེས་ཧར་གྱིས་རང་ཐག་བཅད་ནས་སྡིག་དམོད་བྱེད་པ་དེ་ཡར་ཐོན་ཅན་གྱི་བསམ་ཚུལ་དང་བཤད་ཚུལ་ཞིག་ཡེ་ནས་མིན།
ཁུང་ལུང་ཟེར་བ་དེ་ཡང་མི་སོ་སོའི་སེམས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ལ་རག་ལས་ཡོད། མདོར་ན་སྤྱི་ཚོགས་ཤིག་ན་ང་ཚོ་དང་བསམ་ཚུལ་མི་མཐུན་པ་གཅིག་ཀྱང་མཐོང་རྒྱུ་མེད་ན་དེ་ནི་བློ་བདེ་བདེ་ཞིག་ཏུ་མཐོང་ན་ཡང་ངོ་མ་བཤད་ན་དེ་ནི་ཉེན་ཁ་ཆེ་ཤོས་དེ་ཡིན།
དྲ་གྲོགས་ཚོ། རང་ཅག་ནི་དུད་འགྲོ་ལས་ཁྱད་དུ་འཕགས་པ་རྣམ་དཔྱོད་ཅན་གྱི་སེམས་ཅན་མི་ཞེས་པ་འདི་ཡིན་པས་བསམ་ཚུལ་མི་མཐུན་པ་ཡོད་ཆོག་ལ་ཡོད་ཀྱང་དགོས། གལ་ཆེ་བ་ནི་བསམ་ཚུལ་མི་མཐུན་པ་དེའི་རྒྱབ་ལོག་ན་བསམ་པ་ངན་པ་འདྲ་འདུག་མིན་བལྟ་རྒྱུ་དེ་ཡིན།
དྲ་གྲོགས་ཚོས་ཀླུ་མཁར་ལ་སྡིག་པ་སོགས་གང་བཤད་པ་དེ་ཚོ་ཡང་ཁྱེད་ཅག་གི་སྨྲ་བརྗོད་རང་དབང་རེད། ངས་ཞུ་བ་ནི་རྡ་ས་མདོ་སྨད་རྒྱུན་ལས་ཁང་གི་བྱེད་སྟངས་འདི་མི་འོས་པར་བཤད་པ་ཡིན།
ཀླུ་མཁར་བྱམས་ཀྱིས་བཤད་པ་མི་འགྲིག་པ་ཡོད་ཀྱང་ཁོ་རང་གིས་འགན་ཁུར་གི་རེད་མ་གཏོགས་གཞན་སུ་ཞིག་གི་ཡང་ཁུར་གི་མ་རེད།ཡིན་ན་ཡང་མདོ་སྨན་རྒྱུན་ལས་ཚང་གིས་ཁོང་གི་ཐོག་ལ་འདི་འདྲའི་སྙན་པའི་སྙན་ཞུ་ཞིག་གང་ནས་ཐོན་སོང་། རྒྱུན་ལས་ཚང་གི་ཀླུ་ལ་ཡོན་ཏན་མེད་རབ་དང་སྐྱོན་ཆ་མང་བོ་གླེང་འདུག་ཁྱོད་ཚོ་ནང་མཁས་བའི་ལྡིང་ཁང་ཡིན་ནི་མིན་ན། མི་ལ་མཐོང་ཆུང་དེ་འདྲ་བྱེད་པ་ལས་ས་གནས་མི་མང་བོ་དེ་ཚོ་རོགས་པ་རེ་བྱེད་ཨེ་ཐུབ་དང་བཟང་།
xxxxxxxxxxxxxxxxxxxxxxx
ཨ་ལགས་འཇིགས་མེད་ཟེར་བ་དེ་དང་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་ཟེར་བ་ཁྱེད་གཉིས་ཀྱི་ཁྲམ་པ་མི་ཤོད་རོགས། ༸ཀུན་གཟིགས་རིན་པོ་ཆེ་བལ་ཡུལ་ཕེབས་དུས་བོད་པས་དར་ཆ་ནག་པོ་འཁྱེར་ཏེ་ངོ་རྒོལ་བྱས་དངོས་ཡོད་གནས་ཚུལ་ཡིན།
xxxxxxxxxxxxxxxxxxxxxxxxxx
༼བལ་ཡུལ་དུ་སྡོད་རིང་ཚོགས་པ་སྐྱིད་སྡུག་ནས་ངོ་རྒོལ་བྱས་ལུགས་དང་། དར་ཆ་ནག་པོ་འཕྱར་ཚུལ་སྦྲང་སྐད་ཙམ་ཡང་གོ་ཐོས་མེད་ཅེས་དང་། སྐབས་དེའི་བལ་ཡུལ་དོན་གཅོད་ལས་ཐོག་དང་ད་ལྟའི་འཕྲོད་བསྟེན་བཀའ་བློན་དཔལ་ འབྱོར་ཚེ་རིང་མཆོག་ལ་བཅར་འདྲི་ཞུས་སྐབས་ཀྱང་དར་ཆ་ནག་པོ་འཕྱར་བ་དང་ངོ་རྒོལ་ བྱེད་རིགས་གཏན་ནས་བྱུང་མྱོང་མེད་ལ།༽
དྲ་གྲོགས་ཁྱེད་ཚོས་བལ་ཡུལ་བགྲེས་སོང་རྣམས་ལ་སྐད་ཆ་དྲིས་དང་དེ་ནས་ཁོང་གཉིས་ཀྱི་ཚིག་དེ་དག་ཁྲམ་བཤད་ཡིན་པ་ར་སྤྲོད་བྱེད་ཐུབ།
སྨྲ་བརྗོད་རང་དབང་དང་དེའི་ས་མཚམས་ལེགས་པར་རྟོགས་དགོས་པ་ལས། བདག་ཉིད་དད་པ་ཡོད་པའི་རྒྱུ་མཚན་གྱིས་གཞན་གྱིས་དེར་དད་པ་བྱེད་དགོས་ཟེར་བ་ནི་ཅིས་ཀྱང་བཙན་ཚུགས་དང་བླུན་རྟགས་ཤིག་རེད། ཀླུ་མཁར་བྱམས་ཀྱིས་ བླ་རྒན་ ཟེར་བ་དང་ ཏཱ་ལ་ ཟེར་བ་སོགས་ལ་དེ་ཙམ་ངར་དགོས་དོན་གང་ཡིན། བླ་རྒན་ཟེར་ན་དེ་ནི་གྲྭ་བ་རྒན་པའམ་བླ་མ་རྒན་པ་ལ་ཟེར་བ་རེད། ཏཱ་ལཱ་ ནི་རྒྱ་མཚོ་ཟེར་བ་རེད། རྒྱུ་མཚན་གྱིས་ཁ་གཏད་གཅོག་ཐུབ་ན་དེ་ལ་དོན་གྱི་དགག་པ་ཟེར་བ་ལས་སྒེར་གྱི་མི་གཤིས་ལ་དམའ་འབེབ་བྱེད་པ་ནི་ཆེས་ཐ་ཤར་གྱི་བྱེད་སྟངས་ཤིག་རེད། ༸སྐྱབས་མགོན་རིན་པོ་ཆེར་དད་པ་ཡོད་མེད་དང་བོད་ཀྱི་བཙན་བྱོལ་གཞུང་ལ་དགའ་མོས་ཡོད་མེད་ནི་དེ་བས་ཀྱང་རང་དབང་རེད། རྒྱ་ཁབ་གང་ཞིག་ཡིན་རུང་དེའི་གཞུང་འཛིན་པར་དགའ་མོས་མེད་པ་ཙམ་གྱིས་རྒྱལ་ཁབ་དེར་དགའ་མོས་མེད་པ་མཚོན་མི་ཐུབ་ལ། རྒྱལ་ཁབ་དེའི་འོག་གི་ཐོབ་ཐང་དང་ཁེ་ཕན་རྣམས་ལོངས་སུ་སྤྱོད་མི་ཆོག་པ་དེ་བས་ཀྱང་མིན་ཏེ་དེའི་དཔེ་མཚོན་འུ་ཚང་གི་གནས་ཚང་རྒྱ་གར་ལ་བལྟས་པས་ཀྱང་ཤེས། ན་ཚོད་མ་སྨིན་པའི་ཆབ་སྲིད་པའི་གཏམ་གླེང་ལ་སྣུམ་ཁུ་ཞིག་བཙིར་རྒྱུ་མེད་མོད། ན་ཚོད་མ་སྨིན་པའི་སྤྱི་ཚོགས་འདིའི་ཁྲོད་དུ་ཆེས་བྲིན་ཤོས་ཀྱི་གཏམ་དེ་ཁོང་ཚོའི་བླུན་གཏམ་རྣམས་ཡིན་པས། འདི་ཚོ་ཡན་པོར་བཏང་ན་ནམ་ཡང་འདི་ལྟར་བྱེད་རྒྱུ་ལས་མ་འདས་པས་རང་གི་བསམ་ཚུལ་ཙམ་གླེང་བ་ལགས།
རྡ་ས་མདོ་སྨད་རྒྱུན་ལས་ཚོའི་ཀླུ་གར་བྱམས་ལྟ་བུའི་མི་སྒེར་བ་ཞིག་གིས་སོ་སོའི་ཚུར་སྣང་དག་རྩོམ་ཡིག་དུ་སྤེལ་བ་ལ་དེ་ཙམ་གྱི་ཚ་ཚ་འུར་འུར་བྱས་བ་ནི་དགོས་མེད་རེད་སྙམས། གལ་དེ་ཁྱེད་རང་ཚོའི་བཙན་བྱོལ་གཞུང་དེ་དམངས་གཙོ་ཡང་དག་པའི་གཞུང་ཞིག་དུ་ངོས་འཛིན་བྱེད་རྒྱུ་ཡིན་ན་སྨྲར་བརྗོད་གྱི་རང་དབང་ཡོད་པ་ཡང་ངོས་ལེན་མི་བྱེད་ཐབས་མེད་རེད་། སྨྲར་བརྗོད་རང་དབང་ཡོད་པ་ངོས་ལེན་བྱས་ན་སྐྱེ་བོ་སྒེར་སོ་སོའི་རང་ཉིད་ཀྱི་དགའ་མོས་དགའ་ཚོར་གྱིས་རྩོམ་ཡིག་དང་སྐད་ཆ་བཤད་ཆོག་དགོས། གལ་ཏེ་རྒྱུན་ལས་ཚོས་ཀྱང་ཁོས་སྤེལ་པའི་རྩོམ་ཡིག་དང་བཤད་པའི་སྐད་ཆ་དག་ནོར་འཁྲུལ་དུ་མཐོང་ཚེ་ཐད་གར་བསྒྲིབས་བྱེད་བཀོད་དེ་ནོར་དག་ཐེར་འདོན་སྒེར་ངོས་ནས་བྱས་དེ་དགེག་ལན་བྲེས་ན་འོས་སྙམ། དེ་མུན་ཡར་དབུས་རྒྱུན་ལ་ཞུས་བ་དེ་ངས་བལྟས་ན་ནོར་འཁྲུལ་རེད་། སྐྱབས་མགོན་ཡིད་བཞིན་ནོར་བུ་ལྟ་བུའི་འཛམ་གླིང་གི་མི་རླབས་ཆེན་ཅིག་ལ་ཀླུ་གར་བྱམས་ལྟ་བུའི་མི་རྐྱང་དཀྱེས་མ་ཞིག་གིས་ཞེ་ས་མེད་པའི་ཐོག་ནས་སྐད་ཆ་ཅིག་བཤད་པ་ལ་དེ་ཙམ་གྱི་ཧང་སེངས་དགོས་བ་ཞིག་མ་རེད་བསམ་གི། ད་དུང་སྐྱབས་མགོན་རིན་པོ་ཆེ་ལ་རྒྱབ་རྩ་བྱེད་གི་ཡོད་འདོག་འདོག་གིས་སྤྱི་ཚོགས་ནང་ལ་འདྲའི་རྙོགས་དྲ་རིགས་བཟོས་བ་དེ་ཙམ་ཡག་པོ་མི་འདུག་བསམ་གི་། དོན་ངོ་མའི་ཁྱེད་ཚོ་རྒྱུན་ལས་ཚོས་ངོས་ནས་སྐྱབས་མགོན་རིན་པོ་ཆེ་ཤ་ཚ་སྙིང་ཉེ་ན་ཁོང་གིས་བཀའ་གསུང་དག་སྒྲིབས་དགོས་། དེ་ལྟར་བསྒྲིབས་ཀྱི་་ཡོད་མེད་ཁྱེད་ཚོས་མཁྱེན་རྒྱུ་རེད། གལ་དེ་སྐྱབས་མགོན་རིན་པོ་ཆེའི་གནད་དོན་འདིའི་རིགས་གསན་ན་ཁོང་གི་ཐུགས་དགྱེས་ཀི་ཡོད་མེད་ལ་བསམ་བློ་གཏོང་ཨེ་མྱོང་།འདི་ནི་ངས་བལྟས་ན་གནད་དོན་ཅིག་རེད།
xxxxxxxxxxxxxxxxxxxxxxxxx
༼མདོ་སྨད་ཆོལ་ཁའི་སེར་ སྐྱ་མི་དམངས་ཡོངས་རྫོགས་ནས་གྲོས་ཆོད་སྔ་རྗེས་བསྣོལ་འཇོག་གནང་བའི་འབྲུ་དོན་ ལྟར། ༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་དབང་དང་སྐུ་ཕྱྭ་མཛད་འཕྲིན་དགོངས་གཞི་དང་ བཅས་པར་འགལ་རྐྱེན་སྒྲུབ་པ་དང་། མཚན་སྨད་ཞུ་མཁན་ནམ་བྱུང་ལ་མདོ་སྨད་ཆོལ་ཁའི་དབུས་རྒྱུན་དང་ཕྱོགས་མཐའི་སེར་ སྐྱ་མི་དམངས་ཡོངས་རྫོགས་རྡོག་རྩ་ཆིག་སྒྲིལ་གྱིས་དུས་ཐོག་གདོང་ལེན་མཐར་ སྐྱེལ་བྱ་རྒྱུ༽ཟེར་བའི་གྲོས་ཆོད་འདི་རིགས་ད་བར་དུ་གང་ཞིག་ནས་ལྷག་སོང་བ་རེད། མཚན་སྨད་ཞུ་མཁན་ཀླུ་མཁར་བྱམས་གཅིག་པོ་ཡིན་ས་མེད། དུས་ཐོག་ཏུ་སུ་དང་གང་ལ་གདོང་ལེན་ག་ཚད་བྱས་ཡོད་དམ།
སྐྱོ་བ་ལ། རྡ་མདོ་སྨད་རྒྱུན་ལས་པ་ཚོ་སུ་སུ་རེད། ད་དབུས་ས་གཉིས་ཀྱིས་གཡོ་འཁྲབ་བྱེད་ཀྱིན་འདུག་ག། ཁ་རྒྱ་ནང་སྐོར་རྒྱུད་ཚོ། ཀླུ་མཁར་བྱམས་ལ་ཚོགས་གཙོ་ཞིག་གི་ས་མིག་ཐོབ་པ་དང་། མདོ་སྨད་སྤྱི་འཐུས་འོས་གཞི་མང་ཚོགས་དགའ་མོས་བྱ་ས་གཅིག་ཆགས་ཡོད་སྟབས། ཡང་རྡ་ས་མདོ་སྨད་ཚོགས་པས་ཆབ་སྲིད་འཁྲབ་སྟེ་མང་ཚོགས་ནང་དཀྲུགས་ཤིང་སློང་བཞིན་རང་རེད། ངས་བལྟས་ན་མདོ་སྨད་མི་མང་གིས་མདོ་སྨད་དབུས་ས་གཉིས་དོགས་པ་བྱ་དགོས་པ་ཞིག་ཆགས་འདུག
མདོ་སྨད་དབུས་རྒྱུན་ཡིན་ན་འདྲ། མདོ་སྨད་ས་གནས་རྒྱུན་ལས་ཡིན་ན་འདྲ། ཁྱེད་ཚོ་ལ་མདོ་སྨད་ཀྱི་ཁ་རྒོད་ལག་རྒོད་ཚང་མའི་ཁ་དང་ལག་པར་བདག་པོ་རྒྱག་མཁན་ཡིན་པའི་དབང་ཚད་སུས་སྤྲད་པ་རེད། དེ་ཡིན་ན་ཁྱེད་ཚོའི་གཉའ་ཁ་ལྷམ་མཐིལ་གྱིས་ཟུར་གི་མ་རེད། བཅོལ་བའི་སྐྲ་མི་བཞར་བར་མ་བཅོལ་བའི་ཁ་སྤུ་བཞར་བ་མཚར།
ཀླུ་མཁར་བྱམས་ཀྱིས་རང་གང་ནུས་ཀྱིས་འགན་ཞིག་འཁྱེར་ནས་མངོན་ལྐོག་དང་གཡོ་ཟོལ་མེད་པར་བསམ་ཚུལ་མང་བོ་ཞིག་རྗོད་བཞིན་པ་འདི་ནས་གོ་གི་འདུག དེ་དང་མཉམ་དུ། གང་ཞིག་ལ་རང་གི་བློ་འདོད་མ་ཚིམ་པའི་འཁང་ཚིག་དུ་མ་ཞིག་ཀྱང་ཡོང་དང་ཡོང་བཞིན་པ་ཚོར་གྱི་འདུག ངས་ཁྱོད་ལ་བསམ་ཤེས་བྱེད་ཐུབ་ཀྱི་འདུག
ཁྱེད་རང་གི སྲིན་པོ་སྦུག་དང་ཏང་རྒྱ་སྦུག་ཟེར་བའི་སྙན་ངག་ཅིག་དེ་སྔོན་ཞིག་ལ་བཀླགས་མྱོང་། སྙན་པོ་བྱུང་། ང་ཡོན་ཏན་ཡོད། ཁོ་ཡོན་ཏན་ཡོད་ཟེར་མཁན་མང་པོ་ཞིག་གིས་དེའི་ལད་ཟློས་ཙམ་ཡང་ཡོང་ས་མ་རེད། ཁྱེད་རང་གི་བཅོས་མ་མིན་པའི་སེམས་ཤུགས་ཚ་བོ་དེས། ཁོ་བོ་གངས་འཁྱག་གིས་བཟུང་བའི་ལུང་བ་ཞིག་ན་གནས་ཀྱང་ལུས་སེམས་གཉིས་ཀ་ཚ་སོབ་སོབ་བྱེད། འུ་གཉིས་ཀྱི་བར་བསམ་ཚུལ་མི་མཐུན་ས་མང་ཡང་ངས་ཁྱེད་ཀྱི་བསམ་ཚུལ་ལ་གུ་བཤངས་དང་བརྩི་འཇོག་བྱེད་ཐུབ་ཀྱི་འདུག
གོང་བུ་མཆན་འདེབས་མཁན་ཁ་ཤས་ཀྱིས་ཀླུ་མཁར་བྱམས་ཀྱི་སྐད་ཆ་རྣམས་ཚབས་ཆེན་མ་ཡིན་པ་རྒྱུ་མཚན་བགྲང་ནས་དག་འབུལ་བྱེད་རྒྱུའི་འབད་བརྩོན་བྱེད་ཀྱིན་པ་དག་མཐོང་ན་ང་སེམས་ནང་ནས་ཐང་ཆད་ཡོང་གི་འདུག འདི་ན་ཀླུ་བྱམས་ལ་ཐུབ་ཚོད་གཏོང་འདོད་པ་རེད། དེའི་ཕྱིར་རྒྱུ་མཚན་བཤད་ཁུལ་བྱེད་མཁན་བོད་མིའི་སྤྱི་ཚོགས་ལ་རྒྱུས་མངའ་མེད་པའི་སྡུག་གྱོང་ཉོ་མཁན་རྐྱང་རེད། ཏྰ་ལེ་བླ་མ་ཟེར་བ་མ་གུས་པ་དང་ནག་ཉེས་ཤིག་ཡིན་ན། འཛམ་གླིང་སྤྱི་དང་ལྷག་པར་དུ་༧གོང་ས་མཆོག་རང་གིས་ཀྱང་ཏྰ་ལའི་བླ་མ་ཞེས་མཚན་རྟགས་བརྒྱབ་གནང་གི་འདུག་པས་དེ་ཡང་ནག་ཉེས་ཆགས་པ་རེད། ༧རྒྱལ་བ་རིན་པོ་ཆེ་ལ་ཏྰ་ལེ་བླ་མ་ཞེས་འབྲི་ཆོག་གི་མེད་ཞུ་རོགས།
ཀླུ་བྱམས་ནི་བོད་ཞེན་ཆེ་བའི་མི་བུ་དྲང་པོ་ཞིག་ཡིན་པ་ལས་མཁས་པ་དང་ཆབ་སྲིད་པ་ཚད་ལྡན་ཞིག་མ་ཡིན་པར། བོད་དོན་ཆེད་རང་ཟོན་མི་ཤེས་པའི་གླེན་རྒན་ཨུ་ཚུགས་ཅན་ཞིག་ཡིན་སྟབས། ངས་མི་འདི་ལ་རྒྱབ་སྐྱོར་བྱེད་རིན་ཡོད་པ་ཞིག་ཏུ་བརྩི་གི་མེད་ཀྱང་། གང་དུ་སོང་ནའང་བོད་དོན་གྱི་ཆེད་དུ་བོད་དོན་བཤད་མ་ཤེས་པར་རང་སྡུག་རྐྱང་ཉོ་མཁན་སྐྱེས་པ་ལས་ངན་ཞིག་ཡིན་པས། གླེན་བུ་ཁོང་ལ་ཤ་ཚ་མཐའ་གཅིག་ཏུ་ཡོད།
ཨོ་རེད། མདོ་སྨད་ཚོར་བྱེད་རྒྱུའི་ནུས་པ་ཞིག་ཡོད་ན་སྔར་ལོ་གྲོས་ཚོགས་གཏོར་མཁན་དང་། ཆོལ་ཁའི་དམ་ཚིགས་རྙོགས་མཁན་སྤྱི་འཐུས་དམར་པོ་དེ་ཚོ་གཙང་མ་བཟོ་རོགས། ཀླུ་བྱམས་དེ་ཙམ་ཚབས་ཆེན་པོ་མ་རེད། གྲོས་ཚོགས་ནང་གི་མི་མངོན་གསལ་དོད་པོའི་ནག་ཆེན་ཡིན་མཁན་དེ་ཚོར་ལག་པ་འཆང་མི་ཕོད་པ་ག་རེ་ཡིན་ནམ། རྡ་སའི་མདོ་སྨད་རྒྱུན་ལས་མིང་ཁུར་ཚོར།
ཞུ་ཡིག་འདིའི་འགོ་ན། མི་གཞི་ལ་དམའ་འབེབས་བྱས་འདུག ཀླུ་མཁར་བྱམས་ཀྱི་མི་གཞི་ལ་དམའ་འབེབས་བྱེད་སྟངས་འདི་ཡག་པོ་མི་འདུག
ཀླུ་མཁར་བྱམས་ལྟ་བུ། སྐད་ཆ་ཁ་རུ་ཁ་ཐུག་ལ་བཤད་ཐུབ་མཁན། སོ་སོའི་ཀླད་པ་སོ་སོས་བེད་སྤྱོད་གཏོང་ཐུབ་མཁན།
ངོ་ལྐོག་རྒྱབ་མདུན་མེད་མཁན་རིགས་ལ་རྗེས་སུ་ཡི་རངས་ཡོད། བསམ་ཚུལ་མི་མཐུན་པ་ཡོང་གི་རེད། བསམ་ཚུལ་མི་མཐུན་པ་དེའི་རིགས་བདག་པོ་རྒྱག་དགོས་རེད།
བསམ་ཚུལ་མི་མཐུན་པ་དེ་ཚོ་འགྲོ་སའི་ལམ་ཁ་བཤངས་དགོས་རེད་མ་གཏོགས་། བསམ་ཚུལ་མི་མཐུན་པ་རེ་བྱུང་བ་དང་དེ་འབུར་འཇོམས་གཏོང་རྩིས་བྱས་ན།
དེ་ལྐུགས་པའི་ལས་ཀ་རེད། བསམ་ཚུལ་མི་མཐུན་པ་ཡོང་བ་འདི་མང་གཙོའི་ཁྱད་ཆོས་རེད། བསམ་ཚུལ་མི་མཐུན་པ་མེད་པར་ཚང་མ་ཕྱོགས་གཅིག་ཡིན་ན། མང་གཙོ་ཟེར་བའི་ལམ་ལུགས་འདི་ལ་ལས་ཀ་ཡོད་མ་རེད། མདོར་ན། མདོ་སྨད་རྒྱ་ཆེའི་མི་མང་གི་རྣམ་དཔྱོད་དང་རྐང་ལག་ལ་མདོ་སྨད་ས་གནས་རྒྱུན་ལས་དང་དབུས་རྒྱུན་ལས་སོགས་ཀྱིས་ཚོད་འཛིན་མ་བྱེད་རོགས།
མདོ་སྨད་ཀྱི་མི་ཀླད་པ་ཡོད་མཁན་གཅིག་རྩ་མེད་གཏོང་བ་ལས། མདོ་སྨད་ཀྱི་མི་ཀླད་པ་ཡོད་མཁན་གཅིག་གསོ་སྐྱོང་བྱས་ན་ཕན་ཐོགས་ཆེ་གི་རེད།
དེ་ཙམ་ཡིན།
གོང་གི་ཞུ་ཡིག་འདི་བྐླགས་པ་ཡིན། ྐླུ་མཁར་བྱམས་ཀྱི་ནག་ཉེས་ཟེར་ནའང་འདྲ། ཡང་ན། ཁོང་གི་མ་རབས་ཐ་ཤལ་གྱི་སྤྱོད་པ་ཡོད་ཚད་ཞུ་ཡིག་འདིའི་ནང་དུ་དྲངས་ཡོད་ན། འདིས་ྐླུ་མཁར་བྱམས་ནག་པོར་བཟོ་ཐུབ་ཀྱི་མི་འདུག གལ་སྲིད་མདོ་སྨད་དབུས་རྒྱུན་ལས་ཀྱིས་ྐླུ་མཁར་བྱམས་མདོ་སྨད་མི་དམངས་ཀྱི་གྲས་ནས་ཕྱིར་འབུད་གཏོང་གི་ཡིན་ནམ། ཕྱིར་འབུད་གཏོང་གི་མིན་ཞེས་འོས་ཤོག་ཅིག་ལྡུག་དགོས་ཚེ། ངས་ཁོང་ཕྱིར་འབུད་གཏོང་གི་ཡིན་ཞེས་འོས་ཤོག་འཕེན་ཐུབ་ས་མ་རེད།
ྐླུ་མཁར་བྱམས་ནི་ཆབ་སྲིད་བཙོན་ཟུར་ཞིག་རེད། བཙོན་ཟུར་ཞིག་ཡིན་པ་ཙམ་གྱིས་ཁོང་ལ་བརྩི་བཀུར་ཞིག་ཡོད། སྐབས་རེར་བརྙན་འཁོར་དང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ྐླུ་མཁར་བྱམས་ཀྱི་འབོད་སྒྲ་དང་། སེམས་ཤུགས་མཐོང་གི་འདུག སོ་སོའི་དགའ་ཕྱོགས་དང་འདོད་ཕྱོགས་མི་གཅིག་རུང་། རྒྱ་གཞུང་གི་བཙོན་ཁང་དུ་ྐླད་པ་བཙིར། གཅར་རྡུང་བྱས། སྡུག་རྩུབ་མྱངས་པའི་མི་འདི་ཚོར་རང་བཞིན་མེད་པར་དགའ་སྣང་ཞིག་འདུག
གནས་ལུགས་ཅི་ཡང་མེད་ཅིང་ཡོད་པ་ནི་གོང་ས་མཆོག་ལ་ཁ་གཡར་ནས་རང་དང་ལྟ་ཚུལ་མི་མཐུན་པ་ཀུན་རྩ་མེད་བཟོ་འདོད་རེད། དེ་སྔོན་སྟོན་པའི་བཀའ་ཟེར་ནས་བོད་མི་ཡོངས་ཀྱི་འགུལ་སྐྱོད་ཀྱི་རང་དབང་འཕྲོག་ཅིང་ད་ལྟའི་གནས་སྟངས་འདི་བྱུང་ལ་མ་འོངས་མུ་མཐུད་དུ་དེ་ལྟར་སོང་ཚེ་རེ་བ་མེད་དེ། སེམས་ཤུགས་ཆགས་བྱེད་ཀྱི་རྒྱུ་རེད། ད་ཆ་བོད་སྤྱི་ཚོགས་ཁྲོད་སྐུ་མདུན་ལ་རིན་ཐང་འབར་བའི་འགྲོས་དང་སྟུན་ནས་སྐུ་མདུན་གྱི་མཚན་སྙན་གྱི་དར་ཆ་ཁྱེར་ནས་རང་གི་ཞེན་འདོད་དང་མི་མཐུན་ཀུན་གྱི་རང་དབང་འཕྲོག མ་འོངས་བ་སུ་ཞིག་གི་མིང་ཚིག་སྤྱད་ནས་བོད་མིའི་རང་དབང་འཕྲོག་རྒྱུ་ཡིན་ནམ། བོད་པ་འདི་ལས་ངན་རེད། ས་གནས་གང་དུ་ཕྱིན་ཡང་རང་དབང་མེད་པས་ལས་ངན་རེད། འདི་ལྟར་གཞན་གྱི་རང་དབང་འཕྲོག་རྒྱུ་ནི་སྐུ་མདུན་གྱི་དགོངས་བ་དང་མཐུན་གྱི་མ་རེད་ལ་རྒྱལ་སྤྱིའི་ཁྲིམས་དང་མཐུན་པ་དཀའ། མཐུན་ས་ནི་རང་གི་གོ་གནས་དང་འབྲེལ་བའི་མཁྲེགས་འཛིན་མཁན་པོ་ཚོ་རེད། མི་འདི་ཚོས་རང་གི་ཁེ་ཕན་ལས་བོད་སྤྱིའི་བདེ་སྡུག་ལ་བསམ་བློ་བཏང་དཀའ་ལ་ཁོང་ཚོ་ཐོབ་ཐང་ཡོད་ན་རྒྱ་ནག་ལྟར་ཀླུ་མཁར་བྱམས་གཙོན་དུ་བཅུག་ངེས་རེད། གོང་ས་མཆོག་ནི་བོད་སྤྱིའི་བླ་མ་ལས་མདོ་སྨད་གཅིག་བུའི་བླ་མ་ག་ལ་ཡིན། གོང་ས་མཆོག་མདོ་སྨད་ནས་འཁྲུངས་བའི་དབང་དུ་བཏང་ཡང་གཞིས་ཁྱིམ་ལྷ་ས་ནས་ཡིན་པས་ལྷ་ས་ལ་མ་དབང་ན་མདོ་སྨད་ལ་མི་དབང་། འདི་ལྟར་གུ་དོག་གི་བསམ་བློ་བཟུང་ཏེ་བོད་མི་རྣམས་ཁ་ཐོར་དུ་མ་བཏང་། ཐུགས་རྗེ་ཆེ། ང་ཚོའི་མི་རབས་གསར་བ་རྣམས་ལ་ན་ཚ་དེ་དགོས་དོན་མེད་པས་མི་གནང་བའི་རེ་བ་སེམས་གཏིང་ནས་ཞུ།
རྡ་ས་མདོ་སྨད་རྒྱུན་ལས་ཟེར་བ་འདི་ཚོ་སྨྱོས་ཡོད་ས་རེད། ཀླུ་མཁར་བྱམས་ཉེན་ཁར་འདེད་ཁུལ་བྱེད་བཞིན་པ་མཐོང་ན་གད་མོ་ཤོར་གི་འདུག འདི་ནི་ཐུབ་ཚོད་གཏོང་སྟངས་རང་རེད། ང་ནི་རང་བཞིན་གྱིས་༧རྒྱལ་བ་རིན་པོ་ཆེར་དད་མོས་ཡོད་མཁན་ཡིན་པ་སྟབས་ཡག་པ་རེད་མ་གཏོགས། དེ་མིན་ཁྱེད་ཚོའི་འཇིགས་བསྐུལ་ལ་ཞེད་ནས་༧རྒྱལ་བ་རིན་པོ་ཆེར་དད་མོས་བྱེད་དགོས་བྱུང་ན་ཡོང་ས་མ་རེད། རྒྱ་མིས་༧རྒྱལ་བ་རིན་པོ་ཆེར་དད་མི་ཆོག་ཟེར་རྒྱུའི་ཐོབ་ཐང་མེད་པ་ནང་བཞིན། མདོ་སྨད་རྡ་རྒྱུན་ཚོས་༧རྒྱལ་བ་རིན་པོ་ཆེར་དད་པ་བྱེད་དགོས་ཞེས་བཙན་བསྐུལ་གཏོང་རྒྱུའི་དབང་ཚད་ཀྱང་ཡོད་མ་རེད།
རྒྱ་གར་གྱིས་བ་གླང་ལྷ་རུ་བརྩི་བ་དང་། བོད་པའི་གླང་ཤ་ཟ་མར་བརྩི་བ་སོགས་རང་རང་སོའི་སོའི་ལུགས་ཀྱི་རྗེས་སུ་འགྲོ་རུ་བཅུག་ནས་འཇོག་འོས་པ་ལས། གཅིག་གིས་གཅིག་ལ་ཞུ་དག་གཏོང་ཐབས་ཡོད་མ་རེད། དེ་བཞིན་ཁ་ཆེ་ཕག་ཤ་མི་ཟ་བ་དང་བོད་མིས་ཕག་ཤའི་སྡེར་ཁ་རི་ལྟར་བཤམས་ནས་ལོ་སར་གཏོང་བ་སོགས་གཅིག་གིས་གཅིག་ལ་ཞུ་དག་གཏོང་ཐབས་ཡོད་མ་རེད། ཟ་མཁན་གྱིས་ཟ་ཆོག་གི་རེད། དད་མཁན་གྱིས་དད་ཆོག་གི་རེད།
བོད་ཆོས་ནང། ངེས་ཤེས་ཀྱི་དད་པ། ཡིད་ཆེས་ཀྱི་དད་པ་སོགས་དད་པ་རིགས་ཁ་ཤས་བཤད་ཡོད་པ་ཀློག་མྱོང་། འོན་ཀྱང་བཙན་བསྐུལ་གྱི་དད་པ་ཟེར་བ་ཞིག་བཀའ་བསྟན་ནང་དུའང་གསུངས་མེད་ཚོད་རེད། དེང་སྐབས་བོད་པ་ཚོས་བཙན་བསྐུལ་གྱི་དད་པ་ཞེས་པ་ཞིག་གསར་སྤེལ་བྱེད་རྩིས་ཡིན་ས་རེད། དེ་ལས་ཁྱེད་ཚོས་རྡ་ས་ནས་གླང་ཤ་མ་ཟ་ལོ། ཡུལ་མིའི་གོམས་སྲོལ་ལ་འགལ་བ་རེད། དེས་བོད་པའི་སྤྱི་ཚོགས་དང་༧གོང་ས་མཆོག་གི་ཞབས་བརྟན་ལ་ཕན་གི་རེད། ལོ་སར་སྐབས་མཚན་ལ་གླང་ཤ་ཉོ་རུ་འགྲོ་གི་མེད་དམ། ད་དུང་རྡ་ནས་༧རྒྱལ་བའི་ཕོ་བྲང་གི་གཡས་གཡོན་དུ་རྒྱ་མའི་མ་ཅང་མ་རྩེ་ལོ། ཙི་མོ་བརྒྱག་ཨེ་ཐུབ་ལྟོས་ནས་་ཉིན་མཚན་མེད་པར་སྡུག་རུས་མ་བྱེད། དེ་ཡང་༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་དང་དངོས་སུ་འགལ་བ་རེད། དེ་ཚོ་ངོ་ནས་ཚབས་ཆེན་རེད། ཀླུ་བྱམས་ཀྱིས་དེ་འདྲ་བྱེད་ཀི་མ་རེད།
ཀླུ་མཁར་བྱམས་ཀྱིས་སྐབས་རེར་སྐད་ཆ་ཚོད་མེད་དུ་བཤད་པ་བདེན་པ་རེད། “བླ་རྒན་”ཞེས་པ་ཞེ་ཚིག་མིན་པ་ཡང་བདེན་པ་རེད། སྐབས་རེར་ཁོས་བོད་གཞུང་བཀའ་ཤག་དང་། ༧གོང་ས་མཆོག མདོར་ན་ཚོགས་པ་ཆེ་ཆུང་དང་མི་སྒེར་བཅས་ཀྱི་སྐོར་ལ་སྐད་ཆ་བཤད་དུས་ཐལ་ཆ་ཆེན་པོ་བཤད་འགྲོ་བ་ཡང་ཁོའི་ཞན་ཆ་ཆེ་ཤོས་ཤིག་རེད།
ལ་མོ་ཕར་རྒྱབ་ཚུར་རྒྱབ། ལས་ཀ་རྒྱལ་གཅེས་ཆོས་གཅེས་ཟེར་བ་དེ་ནས་ལུང་འདྲེན་ཞིག་བྱས་འདུག་པ་དེ་ཡང་མདོ་སྨད་ས་རྒྱུན་གྱིས་བཤད་པ་ལྟ་བུ་ཞིག་རེད་འདུག
འོན་ཀྱང་། ཀླུ་མཁར་བྱམས་དང་རྒྱ་དམར་གཉིས་མཉམ་དུ་བཞག་ནས་སྐད་ཆ་བཤད་པ་འདིར་བདེན་པ་གཏན་ནས་མི་འདུག་པ་མ་ཟད། ཀླུ་མཁར་བྱམས་ཀྱི་འཚོ་བ་སྐྱེལ་སྟངས་དང་། སློབ་སྦྱོང་ཡོད་མེད་སོགས་ཀྱི་སྐད་ཆ་འདི་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་པ་མ་ཟད། མདོ་སྨད་ས་རྒྱུན་གྱི་མིང་ཐོག་ནས་སྐད་ཆ་འདི་འདྲ་བཤད་པར་དེ་བས་ཀྱང་ངོ་རྒོལ་ཡོད།
ཉེ་ཆར་ཁང་གསར་རྡོ་རྗེའི་རྩོམ་ཡིག་དེ་མ་ཐོན་པའི་སྔོན་དང་། ཀླུ་མཁར་བྱམས་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་དུ་མི་ཐོན་པའི་གོང་ལ་སྐད་ཆ་འདི་དག་ཕྱིར་མ་ཐོན་པའི་རྒྱུ་མཚན་གང་ལ་ཐུག་སམ། འདིའི་ཐད་ས་གནས་རྒྱུན་ལས་ཀྱིས་ལན་ཁ་གསལ་ཞིག་འདེབས་རྒྱུ་གལ་ཆེ།
གལ་སྲིད་ཁྱོད་ཚོས་དོན་དངོས་ཐོག་ནས་༧གོང་ས་མཆོག་དང་བོད་གཞུང་གི་སྲིད་ཞུ་བསྒྲུབ་འདོད་པ་ཡིན་ན། མི་སྒེར་ཞིག་གི་སྟེང་དུ་འདི་ལྟར་དགྲ་རྒྱུག་བྱེད་རྒྱུ་མཚམས་བཞག་ནས། ད་ལྟའི་དབར་དུ་གཞན་གྱི་གདོང་དང་ལྕེ་གཡར་ནས་སྤྱི་ཚོགས་དཀྲུགས་མཁན་དག་ཐེར་འདོན་བྱེད་ན་རེད།
ཀླུ་མཁར་བྱམས་ཀྱིས་ཀྱང་གཞན་གྱི་ཁྱི་རྒྱག་གི་དབྱུག་པའི་དོད་དུ་སྡོད་ན་རང་གི་ཤེས་ཡོན་དང་མི་ཚེ་ཆུད་ཟོས་སུ་བཏང་བ་ཙམ་རེད། འདི་ཡང་སེམས་གཏིང་གི་སྐད་ཆ་ཡིན།
༧རྒྱལ་བའི་མཚན་སྙན་ལ་གླུན་རྒན་ཁྱེད་ཚོ་འདྲ་བོ་ཞིག་གིས་སེམས་ཁྲལ་བྱེད་དགོས་ཐུག་གི་མ་རེད།
མི་གཞན་ལ་སྐུར་འདེབས་དང་དམའ་འབེབས། ཚིག་རྩུབ་སྨྲ་བ་སོགས་བྱས་ན། དེའི་རིགས་ཀྱི་མཆན་དང་མཆན་རྒྱག་མཁན་གཉིས་ཀ་འགོག་པ་མ་ཟད།
རྩོམ་འདིའི་མཆན་སྒོ་རྒྱག་སྲིད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
ད་མགྱོགས་པོ་གཅིག་མ་བྲིས་ན་མཆན་སྒོ་རྒྱག་འགྲབ་འདུག
རྡ་ས་ས་གནས་རྒྱུན་ལས་ལ་འདྲི་བ་ཁ་ཤས་ཡོད།
ས་གནས་ཀྱི་ཡི་གེའི་མཇུག་དེ་ལ། “མདོ་སྨད་མི་མང་ནས་ནམ་རྒྱུན་རྒྱལ་བ་དོན་གྱི་བདག་པོའི་སྐུ་རྩ་སྐུ་བདག་ཡིན་ཞེས་སྤོབས་པ་ཆེན་པོ་བྱེད་ཀྱི་ཡོད་པའི་སྤོབས་པ་དེ་དོན་ལ་གནས་ཐུབ་པ་ཞིག་དང་། གྲོས་ཆོད་སྔ་རྗེས་བཞག་པ་ཡིག་ཐོག་ནས་མ་བསྐྱུར་བར་ལག་ལེན་དུ་བསྟར་གལ་ཆེ་ཞེས་ཞུ་སྐུལ་དུ།”ཞེས་བཀོད་འདུག་པ་དེས་གང་སྐུལ་མ་བྱེད་དམ།
ཨ་མདོ་དབུས་རྒྱུན་ལས་ལ་ཀླུ་མཁར་འབྱམས་རྡུང་དགོས་པར་རེ་བ་སྐུལ་ལམ།
ཡང་ན། ཀླུ་མཁར་འབྱམས་ལ་ཁ་གཏད་ལངས་ནས། ཁོ་རྩ་མེད་གཏོང་དགོས་སམ།
མདོར་ན། རེ་བ་འདི་གསལ་པོ་མིན་འདུག གསལ་པོ་འབྲི་རོགས། ང་ཚོས་བསམ་བློ་གཏང་གི་ཡིན།
སྔོན་ཆདུ་མདོ་སྨད་རྒྱུན་ལས་ནས་ཁོང་ཚོའི་ཕྱོགས་མཐུན་འོས་མི་བཅུ་གྲངས་ཤིག་གསལ་བསྒྲགས་བྱས་པ་དང་། སྐོར་ཞིག་གིས་ཀླུ་མཁར་བྱམས་དང་ལུང་རིགས་རྒྱལ་གཉིས་མདོ་སྨད་སྤྱི་འཐུས་འོས་གྲངས་མཐོ་ཤོས་ཆགས་ཡོད་རབས་བཤད་ཀྱིན་འདུག ད་ཐེངས་དབུས་ས་གཉིས་ཀྱི་ཞུ་ཡིག་འབུལ་ལེན་གྱི་ལས་འགུལ་སྤེལ་སྟངས་ལ་བལྟས་ན། སྤྱི་ཚོགས་ཐོག་གླེང་སློང་བདེན་ཤོས་དང་རྒྱུན་ལས་ལ་རང་བཞིན་དོགས་པ་ཞིག་ཟ་གིན་འདུག
ཅི་ཞིག་ལ་སྨྲ་བརྗོད་རང་དབང་ཟེར།
ཇི་སྐད་དུ། ཨ་མེ་རི་ཀའི་ཁྲིམས་ཞིབ་པ་ཆེན་མོ་པེན་ཇ་མེན་ ཁར་ཏོ་ཟོ་ན་རེ། གཏམ་བརྗོད་རང་དབང་ནི་རང་དབང་གཞན་དག་སྐྱེད་བྱེད་ཀྱི་མ་ལྟ་བུ་རེད་ཟེར། “གལ་ཏེ་ཐོབ་ཐང་ཡོད་ཚད་ལས་མཐོ་བའི་ཐོབ་ཐང་གཅིག་ཡོད་ན། དེ་ནི་གཏམ་བརྗོད་རང་དབང་གི་ཐོབ་ཐང་ཡིན”ཟེར་བའི་རྒྱུ་མཚན་ཡང་འདི་ལ་ཐུག་ཡོད་པ་རེད། གཏམ་བརྗོད་རང་དབང་ཞེས་པ་ནི། རང་ཅག་འགྲོ་བ་མི་སྤྱི་པར་འབྲེལ་ཡོད་ཀྱི་དོན་དག་ཐད། མི་བུ་རང་ཉིད་ཀྱི་བསམ་ཚུལ་དང་། དྲན་ཚུལ། འདོད་ཚུལ་བཅས་སོ་སོའི་འདོད་མོས་ལྟར་རང་དབང་དུ་འདོན་སྤེལ་ཆོག་པ་དང་། མི་བུ་གཞན་པའི་དེ་ཐད་ཀྱི་གཏམ་བརྗོད་ལ་ཉན་འཇོག་བྱེད་རྒྱུའི་ཐོབ་ཐང་ལ་གོ་དགོས། འོ་ན་སྤྱི་པའི་དོན་དག་གང་དག་ཐད་གཏམ་བརྗོད་ཀྱི་རང་དབང་ཡོད་དམ་ཞེ་ན། ཆབ་སྲིད་ལ་འབྲེལ་བའི་གཏམ་བརྗོད་དང་། ཆོས་ལུགས་ལ་འབྲེལ་བའི་གཏམ་བརྗོད་དང་། རིག་གནས་ལ་འབྲེལ་བའི་གཏམ་བརྗོད་དང་། སྒྱུ་རྩལ་ལ་འབྲེལ་བའི་གཏམ་བརྗོད་ལ་རང་དབང་ཡོད་པ་རེད། དེ་ལས་ཀྱང་ཅུང་ཞིབ་གསལ་དུ་བཀྲལ་ན། གོང་འཁོད་ཀྱི་ཆབ་སྲིད་སོགས་ཀྱི་ཐད་རང་ཉིད་ཀྱི་འདོད་ཚུལ་དག སེམས་ལ་དྲན་པའམ། ཁ་ནས་བརྗོད་པའམ། ཡི་གེའི་ལམ་ནས་འབྲི་བའམ། རི་མོའི་ལམ་ནས་བཞེང་བའམ། གློག་བརྙན་འཕྲིན་གྱི་ལམ་ནས་མཚོན་ཆོག་པ་དང་། དེས་མི་ཚད་དེ་རིགས་ཀྱི་བརྡ་འཕྲིན་གང་ཡང་ས་མཚམས་ཀྱི་དབྱེ་འགོག་མེད་པར་ཕར་གཞན་ལ་སྒྲོག་སྤེལ་ཆོག་ཅིང་། མི་གཞན་པའི་དེ་སྐོར་གྱི་བརྡ་འཕྲིན་ཚུར་རང་གིས་འཚོལ་ལེན་ཆོག་པ་ཞིག་ལ་ཟེར་བ་རེད། དེས་ཀྱང་མི་ཚད་དེ། ཁྲོམ་སྐོར་ལ་ཞུགས་པ་དང་ཚོགས་འཛོམས་ལ་ཞུགས་པ་དང་རྒྱལ་དར་མེ་ལ་སྲེག་པ་སོགས་ཀྱང་། མི་རྣམས་ཀྱིས་སོ་སོའི་རྣམ་འགྱུར་སྟོན་སྟངས་ཙམ་ཡིན་པས་ན་དེ་ཡང་གཏམ་བརྗོད་རང་དབང་གི་ནང་ཚན་ཞིག་ཏུ་བཞག་ཡོད་པ་རེད།
གཏམ་བརྗོད་རང་དབང་ལ་དགེ་མཚན་མང་དུ་ཡོད་པ་རེད། ཆབ་སྲིད་ཀྱི་ཐད་ནས་བཤད་ན། རང་དབང་གི་གཏམ་བརྗོད་ཡོད་པས། ཆེ་ས་ནས། སྲིད་གཞུང་གི་སྲིད་ཇུས་ལ་ཤན་ཤུགས་འཇུག་ཐུབ་པ་དང་སྲིད་གཞུང་གི་ནོར་འཁྲུལ་དུས་ཐོག་ཏུ་ཡོ་བསྲིང་ལ་གྲོགས་བྱེད་ཐུབ་པ་རེད། ཆུང་ས་ནས། དབང་འཛིན་པ་ཚོས་སོ་སོའི་འགན་དབང་ལ་བརྟེན་ནས་ཁྲིམས་མེད་ལུགས་མེད་དང་རང་དོན་སྦུག་འདྲེན་ལ་ལྟ་རྟོག་གིས། རུལ་སུངས་པ་ཚོ་སྲིད་ཀྱི་གོ་གནས་ལས་མར་འབེབས་པར་གླེང་ཕྱོགས་བཟོ་ཐུབ་པ་རེད། དེ་ལས་ལྡོག་སྟེ། མི་མང་ལ་གཏམ་བརྗོད་ཀྱི་རང་དབང་མེད་སོང་དུས། དབང་འཛིན་པ་དེ་དག་གིས་ཚམ་ཚོམ་དང་སེར་སྣ་གང་ཡང་མེད་པར་ང་ཚོ་ཁྲལ་འཇལ་མཁན་གྱི་དངུལ་ཟོག་ལྐོག་ཟ་དང་ཆུད་ཟོས་བྱེད་ངེས་ལ། རྒྱལ་ཁབ་ཀྱི་དབང་ཆ་དེ་ཁོ་ཚོའི་སྒེར་དོན་སྒྲུབ་བྱེད་ཀྱི་ལག་ཆ་རུ་བེད་སྤྱོད་བྱེད་ཤག་ཤག་ཡིན་པ་རེད། རིག་གནས་ཀྱི་ཐད་ནས་བཤད་ནའང་། གཏམ་བརྗོད་རང་དབང་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད། ང་ཚོས་ཤེས་གསལ་ལྟར། མའི་བྱང་ཁོག་བརྒྱུད་ནས་ཡོང་བའི་མི་ཞིག་ཡིན་ཕྱིན་ཆད་ཤེས་བྱ་མ་ལུས་མཁྱེན་ཐུབ་པ་ཞིག་དཔེ་མི་སྲིད་པས་ན། བདེན་དོན་གྱི་མདུན་སར་མི་ཐམས་ཅད་འདྲ་མཉམ་ཡིན་སོང་བ་རེད། མི་བུ་སུ་ལའང་སོ་སོའི་ལྟ་ཚུལ་ལྷུགས་བརྗོད་ཀྱི་གོ་སྐབས་ལྡན་དགོས་ཏེ། མང་མའི་ཤེས་རབ་ཀྱི་འོ་མ་མཉམ་བསྲེས་ཀྱིས་དཔྱད་བསྡུར་གྱི་འོ་རྟས་ཡང་ཡང་དཀྲོགས་ཚེ་བདེན་དོན་གྱི་མར་ལོ་གཞི་ནས་འཐོན་ཡོང་བ་རེད། དེ་བས་ན། གཏམ་བརྗོད་རང་དབང་ནི་བདེན་དོན་རྙེད་བྱེད་ཀྱི་ཐབས་ལམ་ཉག་ཅིག་ཀྱང་ཡིན་པ་རེད།
ཁྲིམས་ལུགས་ཀྱི་ངོས་ནས་བལྟས་ན། གཏམ་བརྗོད་རང་དབང་ཞེས་པ་དེ་གཙོ་བོ་ཆབ་སྲིད་དང་འབྲེལ་བའི་གཏམ་བརྗོད་ཀྱི་རང་དབང་ལ་ཟེར་བ་རེད། དེ་གང་ཡིན་ཞེ་ན། གལ་ཏེ་ཆབ་སྲིད་ཐད་ཀྱི་གཏམ་བརྗོད་ལ་རང་དབང་མེད་སོང་དུས། དམངས་གཙོའི་སྤྱི་ཚོགས་ཆགས་སའི་གཞི་རྟེན་མེད་འགྲོ་བས་རེད། དེའི་ཕྱིར་ཨ་རིའི་རྩ་ཁྲིམས་ཀྱི་བཟོ་བཅོས་ཁྲིམས་གཞི་དང་པོ་རུ། “གྲོས་ཚོགས་ཀྱིས། གཏམ་བརྗོད་རང་དབང་ངམ་གསར་འགྱུར་དང་དཔེ་སྐྲུན་གྱི་རང་དབང་ལ་ཚོད་འཛིན་བྱེད་པའི་བཅའ་ཁྲིམས་གང་ཡང་བཟོ་མི་ཆོག”ཅེས་གཏན་འབེབས་མཛད་ཡོད་པ་རེད།
མདོར་ན་གཏམ་བརྗོད་རང་དབང་གི་རྩ་དོན་ནི། “ང་ཚོ་དགའ་ཞེན་ཡོད་སའི་བསམ་བློར་རང་དབང་ཡོད་དགོས་པ་ཙམ་དུ་མ་ཟད། ང་ཚོ་ཞེ་སྡང་ལངས་སའི་བསམ་བློ་ལའང་རང་དབང་ཡོད་དགོས”ཞེས་པ་དེ་ཡིན། གནད་འགག་འདི་ང་ཚོས་ཅིས་ཀྱང་རང་གི་ཡིད་ལ་འཇགས་པར་བྱེད་དགོས་སོ།།
རྡ་སའི་མདོ་སྨད་ས་རྒྱུན་ནས་ཨ་ཆོག་ཚང་ལ་སྐྱོན་ཚང་དེར་རྒྱུ་མཚོན་མི་ལྡན་ཁར་སྲིད་དོན་གྱི་དམངས་གཙོ་ཡི་རང་དབང་
དང་ཆོས་ཕྱོགས་ཀྱི་བྱམས་པ་དང་སྙིང་བརྗེ་སོགས་དང་རྒྱབ་འགལ་མ་ཟད་ནང་རུལ་གྱི་སྐད་ངན་དེར་ད་ལན་ཙམ་མིན།
དེས་རྒྱལ་བ་རིན་པོ་ཆེས་མཉེས་པའི་རྒྱུ་ཕ་ཚད་རྒྱལ་བ་རིན་པོ་ཆེའི་བྱམས་སྙིང་བརྗེ་དང་དམངས་གཙོ་རང་དབང་སོགས་ཀྱི་
ཁྱད་ཆོས་མ་ཤེས་པའི་མངོན་རྟགས་གསལ་པོ་རེད། ནང་རུལ་པ་ཁྱེད་ཚོས་འཕགས་པ་སྤྱན་རན་གཛིགས་ཀྱི་རྗེས་འཇུག་པ་ཡིན་ཁུལ་དེར་ངོ་ཚ་མེད་པའི་སྐད་ཆ་རང་རེད། ཤེས་ཡོན་གྱི་ཕྱུག་པའི་ཆོལ་ཁ་གསུང་ཡ་དེ་ཡང་་རང་མདོག་རྗེན་པ་སྟོན་པ་རེད་པས། ཕྲྲག་དོག་དང་འགྲན་སེམས་ནང་རུལ་གྱི་བྱ་སྤྱོད་འདིའི་རིགས་ལ་སེམས་སྐྱོར། དགོངས་འགལ་མེད་པ་ཞུ།
ཤ་ཚའི་ཁ་ནས་སྙན་པོ་མེད་གསུང་བ་བཞིན་སེམས་ཀྱི་མ་གཟོད་པར་ཤོར་སོང་།
ད་ཅི་མི་ཤེས་ཁ་སང་་ཀླུ་མཁར་བྱམས་ཞེས་པའི་མི་སྤུ་སུད་དེ་ཚོགས་སྐྱིད་ཚང་མས་མཁས་དབང་ཡིན་ཟེར་ནས་གོང་དུ་བཀུར་ནས་བགྲོ་གླེང་ཚང་མར་གདན་འདྲེན་ཞུས་ཏེ་ཨ་རིའི་སྲིད་འཛིན་ལས་ཀྱང་མཛད་བྲེལ་ཆེ་བར་སྣང་ཞིང་། དེ་རིང་རྒྱ་དམར་གྱི་ཉུལ་མ་རེད་ཟེར་ནས་འཕྱ་བར་བྱེད། ཅི་མི་ཤེས་ཁ་ཁ་རག་བསྡད་ན་ཁ་མཆུ་ཉུང་། མི་དལ་བར་བསྡད་ན་ལས་ཀ་ཉུང་།
རྡ་ས་མདོ་སྨད་རྒྱུན་ལས་པ་ཚོ་ལ་ཞུ་རྒྱུ།
ཁྱེད་ཅག་གི་ཡི་གེ་དེ་ལ་ཆུ་ཚོད་༡༥་ཙམ་གྱི་ནང་དུ་མཆན་༤༤་ཙམ་ཐོན་འདུག་པ་ལས་ཁྱེད་ཅག་ལ་དགག་པ་བྱེད་མཁན་མི་གྲངས་ཉི་ཤུ་རྩ་གྲངས་ཤིག་དང་རྒྱབ་སྐྱོར་བྱེད་མཁན་མི་གྲངས་༤་མ་གཏོགས་བྱུང་མི་འདུག འདི་ལས་ཁྱེད་ཅག་གིས་བྱས་པ་དེ་ལེགས་པ་དང་ཉེས་པ་གང་ཡིན་ལམ་ཙམ་ཤེས་པར་བྱོས།
ངོ་མ་བཤད་ན་མངོན་ཤེས་མེད་པའི་མི་ང་འདྲ་བ་ཞིག་གིས་ཁྱེད་ཅག་གི་ཀུན་སློང་ལ་གདེངས་ཚོད་མེད་པ་བཞིན་ཀླུ་བྱམས་ཀྱི་ཀུན་སློང་ལ་ཡང་གདེངས་ཚོད་ཅི་ཡོད། འོན་ཀྱང་ཁོས་མ་རབས་ཀྱི་བསམ་བློ་ཞིག་བཟུང་ནས་དེ་ལྟར་བཤད་ཀྱི་ཡོད་པའི་ཡིད་ཆས་ད་དུང་ཡེ་ནས་བྱེད་ཀྱི་མེད།
བལྟ་ཕྱོགས་གཞན་ཞིག་ནས་བལྟས་ན་བསམ་ཕོད་པ་དང་བཤད་ཕོད་པའི་ཀླུ་མཁར་བྱམས་ལྟ་བུ་ལ་རང་ཅག་མདོ་སྨད་པས་སྤོབས་པ་བྱ་འོས་པ་ཞིག་ཀྱང་མ་ཡིན་ནམ། ཁྱེད་ཅག་གིས་ཞོགས་དུང་ལ་རྒྱབ་སྐྱོར་ཡོད་མདོག་དང་ཀླུ་བྱམས་ལ་དགག་པ་ཡོད་མདོག་འདི་ཐ་ཤལ་གྱི་སྲིད་དོན་ཙམ་དུ་མཐོང་།
“མདོ་སྨད་མི་མང་ནས་ནམ་རྒྱུན་རྒྱལ་བ་དོན་གྱི་བདག་པོའི་སྐུ་རྩ་སྐུ་བདག་ཡིན་ཞེས་སྤོབས་པ་ཆེན་པོ་བྱེད་ཀྱི་ཡོད་པའི་སྤོབས་པ་དེ་དོན་ལ་གནས་ཐུབ་པ་ཞིག”ཞེས་པ་འདིར་ཞུ་རྒྱུ་ཞིག་འདུག མདོ་སྨད་རྒྱུན་ལས་༧རྒྱལ་བ་རིན་པོ་ཆེའི་སྐུ་རྩ་སྐུ་བདག་ཡིན་ན་ཀླུ་བྱམས་ཀྱི་སྐུ་རྩ་སྐུ་བདག་ཅིའི་ཕྱིར་མིན། ༧རྒྱལ་བ་རིན་པོ་ཆེ་རླབས་ཆེན་གྱི་མི་ཡིན་པས་བདག་པོ་རྒྱག་དགོས་པ་ཞིག་དང་། ཀླུ་བྱམས་ཀླད་མེད་ཡིན་པས་འདོར་དགོས་མདོག་འདི་འདྲ་འོས་པ་ཞིག་རེད་འདུག་གམ།
སྔར་པན་ཆེན་རིན་པོ་ཆེས་”ཁྱེད་ཅག་གིས་བོད་མ་བཤད་ཀྱང་ཆོག བོད་ལྭ་མ་གོན་ཀྱང་ཆོག འོན་ཀྱང་ཁྱེད་ཅག་གི་ཤ་ཁྲག་ཇི་ལྟར་སྒྱུར”་ཞེས་བཀའ་བཀྱོན་གནང་བ་བཞིན། ཁྱེད་ཅག་གིས་་༧གོང་ས་མཆོག་གི་ཨ་མདོ་ནས་འཁྲུངས་བའི་བདག་པོ་རྒྱག་དགོས་ན་ཀླུ་བྱམས་ཀྱི་ཤ་ཁྲག་ཀྱང་ཨ་མདོ་བ་ཡིན་པས་དེ་ལྟར་བདག་པོ་རྒྱག་དགོས།
མདོ་སྨད་སྐྱིད་སྡུག་གི་བྱ་བ་ནི་མདོ་སྨད་མི་དམངས་ཀྱི་སྐྱིད་སྡུག་ལ་བལྟ་རྟོགས་བྱེད་རྒྱུ་དེ་ཡིན་པ་ལས་ཉེ་དགའ་ཕྱོགས་ལྷུང་བྱེད་རྒྱུ་དེ་ག་ལ་ཡིན། དཔེར་ན་ཁྱིམ་ཞིག་ལ་མཚོན་ན་ཕ་མའི་བྱ་བ་དེ་རེད། ཕ་མ་བཟང་པོ་ཞིག་ཡིན་ན་བུ་ཕྲུག་གཅིག་གིས་འཇོན་སོང་ཟེར་ན་བདག་པོ་རྒྱག་པ་དང་། གཞན་ཞིག་གིས་མི་བསད་སོང་། རྐུན་བྱས་སོང་ཟེར་ནས་མེད་དུ་འདོར་གྱི་མ་རེད། བུ་ཕྲུག་གིས་ནག་ཉེས་བསགས་ན་ཕ་མས་ཀྱང་འགན་མཉམ་ཁུར་བྱེད་པ་རེད། དཔེ་དེ་བཞིན་ཀླུ་མཁར་གྱིས་བྱས་ཉེས་ཤིག་བསགས་ཡོད་ན་ཁྱེད་ས་གནས་རྒྱུན་ལས་ཀྱིས་ཀྱང་ནག་མཉམ་ཁུར་བྱེད་འོས་པ་ལས་འདི་ལྟར་སྐྱོན་འཚང་སྐྱར་སྔོག་གིས་ཐེར་འདོན་བྱེད་པ་མིན།
སྨྱོན་པ་མིན་ན་མི་སུ་ཞིག་ཡིན་རུང་རྒྱུ་མཚན་མེད་པ་སྐད་ཆ་མི་བཤད། ཀླུ་བྱམས་ཀྱིས་སྐད་ཆ་གང་བཤད་པ་ལ་རྒྱུ་མཚན་མེད་པར་བཤད་པ་མི་སྲིད། གནད་དོན་ནི་རྒྱུ་མཚན་དེ་ཁྱེད་ཅག་དང་། ཡང་ན་རང་ཅག་གི་སྣང་བར་སོང་མ་སོང་ཙམ་རེད། འདི་ཙམ་གྱིས་ཁོའི་བྱས་པ་ཐ་ཤལ་དུ་སྒྲུབ་མི་ཐུབ་བོ།
xxxxxxxxxxxxxxx
རྡ་ས་ས་རྒྱུན་གྱི་ཡི་གེ་འདི་སྙན་ཞུ་ལྟ་བུ་ཞིག་འདུག་གམ། སྙན་ཞུ་ཟེར་བ་དེ་གནས་ཚུལ་བཀོད་པའི་རྒྱུན་སྤྱོད་ཡིག་རིགས་ཤིག་ཡིན་དགོས་ཚོད་ཡིན་མོད། ཡི་གེ་འདི་འགོ་བཟུང་མ་ཐག་ནས་སྤྱིར་ན་ཀླུ་མཁར་བྱམས་འདི་བ་བོད་ནང་གཞི་རིམ་སློབ་གྲྭའི་ཤེས་ཚད་ལས་མེད་པའི་མི་ཞིག་ཡིན་པ་དང་། རྒྱ་གར་དུ་སླེབས་ནས་བདེ་སྲུང་ཉམས་ཞིབ་ཁང་དུ་ལས་ཀ་བྱེད་སྐབས། གསར་འགྱུར་ཐིག་ཕྲེང་ཁ་ཤས་བསྒྱུར་དགོས་བྱུང་ན་བཟོ་བཅོས་མ་བརྒྱབ་པར་གོ་བརྡ་མི་འཕྲོད་པ་ཞིག་ཡིན་རབས་ཀུན་ལ་གྲགས་ཤིང་། ཕྱིས་སུ་ཉམས་ཞིབ་ཁང་ནས་རྩ་དགོངས་ཞུ་རུ་བཅུག་རྗེས། ཧོབ་སྟེ་ཚོགས་པ་འདྲ་མིན་གྱི་ལྡིངས་ཆ་ཁག་དང་། གསར་འགྱུར་བརྒྱུད་ལམ་ཁག་ཏུ་མཁས་པའི་མིང་རྫིག་པོ་ཞིག་གཡོགས་ཏེ། གང་སར་གཏམ་བཤད་དང་། རྩོམ་ཡིག་འདྲ་མིན་སྤེལ་འདུག་པར། ཉན་མཁན་དང་ལྟ་མཁན་ཅི་ཡོད་མི་ཤེས་མོད། ཁ་གྲགས་ཚད་དང་ལག་འགུལ་ཚད་ཚང་མ་བཀྲ་མི་ཤིས་པ་རྐྱང་རྐྱང་ལས་མེད་ཅིང་། ཞེས་གཞན་ལ་མཐོང་ཆུང་དང་དམའ་འབེབས་ཀྱི་ཉོག་གཏམ་ལྷུག་བརྗོད་བྱས་པ་དང་། གཞན་ད་དུང་ཀླུ་མཁར་བྱམས་རྒྱ་གུང་ཁྲན་འདྲ་ཚུལ་རྒྱག་བཤད་བྱས་འདུག་པ་བཅས་ལ་བལྟས་ན་ངས་ནི་སྙན་ཞུ་ཞིག་ཏུ་མ་མཐོང་ལ། ལྷག་པར་དུ་ཁོང་ཚོས་འདི་ལྟར་མི་བུ་ཞིག་གི་བླ་སྲོག་ལ་རྒོལ་སྟངས་མཐོང་དུས་གནའ་སྔ་མོའི་ཡུ་རོབ་གླིང་གི་རྒད་པོ་སོ་ཁི་རེ་ཐི་དང་བྷི་རོ་ནོ། ཐག་ཉེ་ས་ནས་དྲན་དབང་དགེ་ཆོས་དང་རྩིས་པ་ལོང་ཤར། དཔལ་དོན་གྲུབ་རྒྱལ་སོགས་དྲན་འོང་གི
ཡ་ད་བཤད་ན་མི་ཚར་གི་ སྔར་རྒྱུན་ལྟར་ལུང་ཞིག་འདྲེན་ ང་ནི་ཁྱོད་མ་ཡིན་པས།ང་ཁྱོད་དང་ཡོངས་སུ་མཐུན་དགོས་པའི་བདེན་པ་དང་གཏན་ཚིགས་སུ་ལ་ཡང་འདྲེན་རྒྱུ་མེད།
འདི་ཙམ་སྨྲ། འོ་༌༌༌བརྗེད་ཐལ། ངས་མང་གཙོ་མི་རིག་གི མང་གཙོ་གང་ན་ཡིད་གི
ཚ་ཚ་འུར་འུར་འདི་དགོས་དབང་ཞིག་མིན་པས།། སྐད་ཆ་བཤད་སྟངས་དེར་དམིགས་ཡུལ་ཞིག་མེད་པས།། ཞུ་ཡིག་དྲིལ་བསྒྲགས་འདི་དགོས་དབང་ཞིག་མིན་པས།། གཅིག་བརྒྱབ་གཅིག་ལངས་འདི་ནད་ཡམས་ཤིག་མིན་པས།། མང་གཙོ་ལུང་འདྲེན་དེ་ཉེས་འགེབས་ཤིག་མིན་པས།།
ཀླུ་མཁརམབྱམས་ཀྱིས། ཏཱ་ལཱ་ཞེས་ག་པ་བྲིས་ཁུར་ཤོག དྲ་གྲོགས་ཚོ་རྫུན་མ་བཤད། གཅིག་ཡིན།
མདོ་སྨད་ས་རྒྱུན་དང་དབུས་རྒྱུན། དབུས་གཙང་དབུས་རྒྱུན་ཟེར་བའི་སྐྱག་འབུ་འདི་ཚོས་ཅིག་ཤེས། མི་མཁས་པ་སུ་ཡིན་དང་བླུན་པོ་སུ་མི་ཤེས་པཱ།
ངས་བལྟས་ན་མདོ་སྨད་ལ་ཀླུན་མཁར་བྱམས་ལས་ལྷག་གི་ཆབ་སྲིད་པ་གོ་རྟོགས་ཡོད་མཁན་ཉུང་ཉུང་ཡིན་སྙམ། མདོ་སྨད་ཆོལ་ཁ་དང་ཕྱོ་གས་རིས་མེད་མཁན་གྱི་མི་གཅིག་གི་མཚན་གཞི་དགོས་ན་ཀླུ་མཁར་བྱམས་གཅིག་པུ་དང་། དེ་རྗེས་སྤྱི་འཐུསབསྟན་འཛིན་མགོན་པོ་ཡིན་གྱི་རེད།
ཆོལ་ཁའི་ཕྱོགས་རིས་ཀྱི་བྱེད་གཏེ་གཅིག་གི་མཚན་གཞི་དགོས་ན་ཨ་ལག་འཇིགས་མེད་xxxའཇོག མ་གཞི་བོད་པ་སྐྱགས་བཅོལ་བ་འདི་ཚོ་སུ་ཡིན་རུང་ཆོལ་ཁའམ་ཆོས་ལུགས་ཀྱི་ཕྱོགས་འཐེན་བྱེད་མ་ཐུབ་ཚེ་མྱི་གྲལ་དུ་མི་ཚུད་ཡ།
ཡི་གེ་ཞིག་ནོར་འདུག xxxxxxx
དུས་བབ་དྲ་ཐོག་གི་༼༼བསམ་ཤོག༽༽ཟེར་བའི་ནང་འདི་འདྲ་རེ་འདུག བསམ་བློ་རེ་ཐོང་དང་།
༧གོང་ས་མཆོག་གིས་བགྲེས་ཡོལ་ཆ་ཚང་གནང་རྒྱུ་ཡིན་གསུངས་པའི་ཐུགས་འདུན་དེ་ལ་ཁྱེད་རང་མོས་མཐུན་ཡོད་དམ།
ཡོད། (༡༥༣)
མེད། (༤༠)
མི་ཤེས། (༥)
མདོ་སྨད་དམ་བོད་ལ་གོ་རྟོགས་སེལ་ཞིང་དྲང་བདེན་སྐྱོང་མཁན་གྱི་མི་སྣ་མང་པ་མཆན་ལས་མཐོང་བས་རང་བཞིན་གྱིས་དགའ་སྣང་འཕེལ་བཞིན་འདུག
བླ་མ་མཁྱེན་སུ་བདེན་ན། ང་གང་དུ་འགྲོ་དགོས་ཡང་མི་ཤེས་ཀི འོན་ཀྱང་ཉམ་ཆུང་ལ་བརྙས་བཅོས་བྱེད་བཞིན་ཡོད་ནི་མིན་ན། ད་དུང་ཕྲག་དོག་གི་མེ་རི་འབར་བཞིན་ཡོད་ས་རེད།
རྒྱན་ལས་ཚོ་དེ་འདྲ་དཔྱད་ཞིབ་ལ་མོས་ཤིང་སྤྱི་དོན་ལ་སེམས་ན་བོད་རྒྱ་ཞི་མོལ་དང་སྟོང་བརྒྱད་ལས་འགུལ་ཆེན་མོ་མཉམ་ཞིབ་གནང་དང་། དེ་ནི་ཀླུ་མཁར་བྱམས་ཀྱི་གནད་དོན་ལས་བོད་ལ་ཕན་ཞིང་མང་པོ་ཞིག་གི་ཤེས་འདོད་ཀྱི་རེ་བ་རེད། ངས་བཤད་པ་ནི་སྟོང་བརྒྱད་ལས་འགུལ་ཀྱི་ལོ་རྒྱུས་བྲིས་ཟེར་བཞིན་མེད་པ་དེ་ལྟར་རྒྱུན་ལས་ཀྱིས་གནང་ཟིན་པས་ཐུགས་རྗེ་ལེགས་འབུལ་ཡོད། ང་ཚོར་དེ་ལས་ཀྱང་མཁོ་གལ་ཆེ་བ་ནི་སྟོང་ལས་འགུལ་ཆེན་མོའི་སྐབས་བོད་རྒྱའི་སྐུ་ཚབ་འབྲེལ་གཏུགས་ལས་བོད་གཞུང་གིས་ཕམ་ཁ་ཇི་ལྟར་མྱོང་བའི་དོན་ཡིན། ཇི་ལྟར་བྱས་ན་བོད་གཞུང་ཕམ་ཏེ་ཁེ་ཕན་ཚང་མ་རྒྱ་མིས་ཁྱེར་བ་ཡིན་ནམ། དྲི་བ་འདི་ངོ་ཚོའི་མི་རབས་འདིའི་བརྗེད་དུ་མེད་པའི་དྲི་བ་ཡིན། ཕམ་ཁ་ལ་ངོས་ལེན་བྱེད་པའི་བློ་སྤོབས་མེད་ན་དོན་ཆེན་འགྲུབ་པའི་བྱ་བ་ཉུང་བས་ཡིན།
ཡ་ང་ཞིང་ཡི་སྐྱོ་དགོས་པ་ཞིག་ལ་སྔར་ནས་ད་བར་མི་སྣ་འགས་གནས་ལུགས་ཅི་ཡང་མེད་ན་ཡང་ཡོད་པའི་ཚུལ་བཟོས་ཏེ་༸གོང་ས་མཆོག་ལ་ཁ་གཡར་ནས་རང་དང་ལྟ་ཚུལ་མི་མཐུན་པ་ཀུན་རྩ་མེད་བཟོས་དང་བཟོ་བཞིན་ཡོད།
དཔེར་ན་ལྷོ་ཨེ་ཤ་ཡ་སློབ་དཔོན་ཆེ་མོ་་མིང་དོན་མཚུངས་པའི་མཁས་དབང་ཟླ་བ་ནོར་བུ་སོགས་རང་མི་རིགས་ལ་དངས་གཙང་ལྷད་མེད་ལྷག་བསམ་ཡོད་མཁན་དག་རང་མི་རིགས་དང་ཁ་བྲལ་བཏང་ཡོད། ལས་ངན་དེའི་རིགས་ད་དུང་ཡང་མཇུག་རྫོགས་མི་འདུག ངོ་མ་བསམ་བཞིན་བསམ་བཞིན་མིག་ཆུ་ཡང་ཤོར།
ཁྱེད་ཀྱི་སྲིང་མོ་གཞན་གྱི་ཆུང་མར་སྤྱོད།།
གཞན་གྱི་ཆུང་མ་ཁྱེད་ཀྱི་སྲིང་མོ་ཡིན།།
ཁྱོ་ཤུག་མིང་སྲིང་སོ་སོས་བརྩི་བ་ལས།།
གཅིག་དཔེ་གཅིག་ལ་བཙན་འགེལ་མ་བྱེད་ལོ།།
རྒྱ་གར་ཆོས་པས་བ་གླང་ལྷ་རུ་བརྩི།།
སྐྱབས་བཅོལ་བོད་མིས་གླང་ཤ་ཚོད་མེད་ཟ།།
ལྷ་དང་དུད་འགྲོ་སོ་སོས་བརྩི་བ་ལས།།
གཅིག་གི་ཡིད་ཆེས་གཞན་ལ་མ་འགེལ་ལོ།།
ཁ་ཆེ་རྣམས་ནི་ཕག་ཤ་མཐོང་ན་འཇིགས།།
བོད་མི་རྣམས་ཀྱིས་ཕག་ཤའི་སྡེར་ཁར་ཟ།།
འདི་ཡང་མི་རིགས་སོ་སོའི་ཡིད་ཆེས་ལས།།
གཅིག་གིས་གཅིག་ལ་ཞུ་དག་མ་གཏོང་ལོ།།
བོད་མི་རྣམས་ཀྱིས་བླ་མ་སྐྱབས་སུ་འཛིན།།
ནུབ་ཕྱོགས་ཡུལ་དུ་བླ་མ་ཚོང་རྫས་ཡིན།།
འདི་ཡང་ཡུལ་ལུང་སོ་སོའི་གོམས་གཤིས་ལས།།
ཀུན་ལ་དད་པ་དགོས་པའི་ངེས་པ་མེད།།
དབྱར་གྱི་ཉི་མས་གོ་ལ་དྲོད་དུ་བཞུ།།
དགུན་གྱི་ཟླ་བས་གོ་ལ་འཁྱགས་པར་བསྡམ།།
འདི་ཡང་རྒྱུ་སྐར་སོ་སོའི་རང་བཞིན་ལས།།
དངོས་ཀུན་གཅིག་པ་དགོས་པའི་ཁྲིམས་ལུགས་མེད།།
ཁམས་པས་ནང་འཁྲུགས་བརྒྱབ་ན་དཔའ་པོར་མཐོང་།།
ལྷ་སས་རང་མི་བསླུས་ན་གྲུང་པོར་བརྩི།།
ཨ་མདོས་དད་པ་དགོས་ཞེས་འཇིགས་བསྐུལ་བྱེད།།
འདི་དག་མཐོང་ན་ཞེ་ནས་སྐྱུགས་མེར་ལངས།།
ཁ་ཆེ་རྣམས་ནི་ཕག་ཤ་མཐོང་ན་འཇིགས།།
བོད་མི་རྣམས་ཀྱིས་ཕག་ཤའི་སྡེར་ཁ་ཟ།།
འདི་ཡང་མི་རིགས་སོ་སོའི་ཡིད་ཆེས་ལས།།
གཅིག་གིས་གཅིག་ལ་ཞུ་དག་མ་གཏོང་ལོ།།
རྩོམ་འདི་ལ་མཆན་སྒོ་བཀག་ཚར་ཡོད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
khabdha@gmail.com
http://www.khabdha.org
http://www.khabdha.com