ཀླུ་སྨྱོན།
ལོ་ངོ་མང་པོ་ཞིག་གི་ཡར་སྔོན་དུ།
ངས་རང་ཉིད་ཀྱི་ཤེས་རབ་ཀྱི་མེ་སྟག་ཆུང་ཆུང་དེ་དང་།
ལྷ་ཡི་བྱིན་རླབས་རྒྱང་ཐག་རིང་བ་དེ་གཉིས་ཀྱི་རམ་འདེགས་ལ་བརྟེན་ནས།
འཇིག་རྟེན་འདི་རུ་ཆེས་མཛེས་སྡུག་ལྡན་པའི་སྙན་ངག་ཅིག་འབྲི་ཨེ་ཐུབ་བལྟས་པ་ཡིན་ལ།
དེ་ཡང་ལོ་ལོན་ཚོས་སྐྱག་པ་བཙུར་སྟངས་ཁོ་ན་ལ་ལད་མོ་བྱས་ཏེ།
ཀ་རྩོམ་དང་ཀ་རྩོམ་རེ་རེ་བཞིན་བཙུར་ནས་བྲིས་པ་ཡིན་ལ།
སྐྱག་པ་བཞིན་བཙུར་པའི་སྙན་ངག་རེ་འཁྱོངས་དུས།
ང་རང་བཙོན་མ་ཞིག་བཙོན་ཁང་ནས་ཐར་བ་ཇི་བཞིན་ལྷོད་ཤིག་གེར་འགྲོ་མྱོང་།
ཡིན་ན་ཡང་ད་ལྟ།
ལོ་ངོ་དུ་མ་ཞིག་འདས་ཟིན་པའི་དེ་རིང་།
ངས་རང་ཉིད་ཀྱིས་མྱངས་ཟིན་པའི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་འདི་ཚོ་མ་རྩར་བཞག་སྟེ།
གསར་མོ་ཚོས་གཅིན་པ་གཏོང་སྟངས་ཀྱི་དམིགས་རྣམ་སྐྱོང་བཞིན།
སེམས་ཚོར་གློ་བུར་བ་རེ་གློག་ལྟར་མྱུར་བའི་སོར་རྩེ་རུ་དྲངས་ནས།
ཀློག་མཁན་དག་གི་དགའ་བསུ་ཐོབ་པའི་སྙན་ངག་རེ་ཟུང་འབྲི་བཞིན་ཡོད་ལ།
དེ་ཡང་ཞོགས་པ་དང་ཉིན་གུང་།
ཡང་ན་ཕྱི་དྲོ་དང་ནམ་གུང་གང་རུང་རེར།
འབྲི་འདོད་པ་དེ་དབུགས་ཐེངས་གཅིག་གིས་བྲིས་རྗེས།
ད་སོ་མ་འཁྲིག་པ་སྤྱད་ཟིན་པའི་སྨད་འཚོང་མ་ཞིག་ཇི་བཞིན།
མིག་གཉིས་བཙུམས་ནས་རང་གི་ལག་ཡོང་དེ་རྩི་བཞིན་སྡོད་པའི་གོམས་གཤིས་ཤིག་ཆགས་ཟིན།
ཡོང་བབ་དེ་ཨ་མའི་རུམ་དུ་བཞག་ནས་ཁྱིམ་ཚང་གི་འཚོ་བ་གཉེར་རྒྱུ་དེ་ནི།
སྔོན་ལྷ་སའི་སྲང་ལམ་ནས་རྙེད་པའི་མ་བུ་གཉིས་ཀྱི་གཏམ་རྒྱུད་དང་གཏན་ནས་མི་མཚུངས་པར།
བཙུན་དགོན་ཞིག་ཏུ་སོང་ནས་མཁན་མོ་ཞིག་གི་ལྟག་སྒོར་བརྫངས་རྒྱུའི་ཡོང་བབ་དངོས་དེ་རེད།
ཡག་པོ་ཞིག་མ་གོ་ཐལ། དོ་དགོང་ང་ཅུང་བཟི་བསྡད་ཡོད།
hGï-ºhÝm-M-¤±ôºÛ-¾ô-MãÅ-¼GÅ-zÇkÝÅü
ཁྱེད་རང་གི་སྙན་ངག་འབྲི་སྟངས་དེ་ཚོ། ད་ནི་ངས་རོལ་མྱོང་བྱེད་སྟངས་གཞན་ཞིག་གིས་རོལ་མྱོང་བྱེད་ཀྱིན་ཡོད། རོལ་མྱོང་བྱེད་སྟངས་གཞན་དེས་རོལ་མྱོང་བྱས་པས། ཕྱི་ཤུན་ནང་སྙིང་གཉིས་ཀའི་མཛེས་སྡུག་ཅིག་མཐོང་ཐུབ་ཀྱི་འདུག ང་ནི་སྙན་ངག་པ་ཞིག་མིན་ལ། སྙན་ངག་ཀློག་མཁན་ཚད་ལྡན་ཞིག་ཀྱང་མིན་ནའང་། ད་ནི་རོལ་མྱོང་བྱེད་སྟངས་རྙེད་ཡོད་མཁན་ཞིག་ཡིན།
དེ་རིང་གི་འདི་ནི་སྙན་ངག་ཅིག་རེད་ལབ་ཀྱང་འགྲིག་ལ། སྐད་ཆ་སྤྱིར་བཏང་བ་ཞིག་རེ་ལབ་ཀྱང་འགྲིག གང་དུ་དེད་ཀྱང་རུང་གི། ཁྱེད་རང་གི་འབྲི་སྟངས་གསར་པ་འདི་ཚོས། ལོ་ཤས་གོང་ལ་རང་མོས་སྙན་ངག་ཀློག་སྟངས་ཙམ་ཡང་མི་ཤེས་པའི་ང་ལ། ད་ཆ་རང་མོས་སྙན་ངག་ཀློག་སྟངས་ཤིག་རྙེད་བཅུག་སོང་། ཕྱོགས་འདི་ནས་ཁྱེད་རང་ལ་ཐུགས་རྗེ་ཆེ་ཞུ་འདོད།
ཁྱེད་ཀྱིས་གདེང་འཇོག་གནང་བར་ངས་ཐུགས་རྗེ་ཆེ་ཞུ། ང་ལ་ཁྱེད་ཅག་གི་སྐུལ་འདེད་འདི་ཧ་ཅང་མཁོ་གི དེ་ཡང་བར་དོའི་མུན་ནག་གི་ཁྲོད་ཀྱི་རྣམ་ཤེས་འཁྱམ་པོ་ཞིག་ལ་འབྲི་མར་སེར་པོའི་མཆོད་མེ་ཞིག་སྦར་བ་དང་ཧ་ཅང་འདྲ་གི་ཡ།
ཨ་རོགས། དེ་རིང་ཁྲིམས་བཅོལ་གཏོང་རྒྱུའི་གསར་སྐྱེམས་དེ་ལྷ་ཡི་ཞལ་ལ་མ་ཕུལ་བར་རང་གི་ཁོག་ལ་བླུག་དང་ཟིག་པ། གང་ལྟར་བློ་ངོར་འབྱར་འགྲོ་ནི་ལྕི་བ་འདྲ་ཟིག་བྲིས་ཡོད་ཀི
ཚོགས་འཁོར་རེར་ཁ་གཡར་ནས་རྒྱགས་ཚད་དེ་འཐུང་གིན་ཡོད། གཞན་ལ་མ་བཤད། ལྷག་པར་དུ་བདག་ཅག་གི་སྟོན་པ་དང་གཤིན་རྗེ་ཆོས་རྒྱལ་གཉིས་ལ་མ་བཤད་ལོ།
ཁོ་རེ། ཀླུ་སྨྱོན། སྐྱག་པ་བཙིར་སྟངས་ལབ་དགོས་ཀྱི་རེད། བཙུར་སྟངས་ཟེར་ན་ག་རེ་རེད། གོ་རྒྱུ་ག་རེ་ཡོད་རེད།
ཡ་ཡ་ཁྱེད་ཚོ་བཟང་གི་ཡ།
སྙན་ངག་བྲི་མཁན་ཞིག་ལ་མཚོན་ཀློག་མཁན་མི་རྙེད་པའི་དཀའ་ངལ་རེད། ང་ཀློག་མཁན་ཞིག་གི་ངོས་ནས་བཤད་ན། གླུ་སྨྱོན་གྱིས་སྐྱག་པ་བཙིར་སྟངས་དང་གཅུན་པ་གཏོང་སྟངས། ད་དུང་གཞང་བཙོང་མ་ལ་སྤྱར་ནས་བྲིས་པ་འདི་ཁོས་ནས་ཁོ་རང་གི་རང་རྣམ་དུམ་བུ་འདི་ཀློག་བཅུག་སོང་བས། ངས་བསམ་པར་ཁོའི་བསམ་དོན་འགྲུབ་ཡོད་རྒྱུ་རེད་བསམ་བྱུང་།
ད་ང་ཚོ་བོད་ཀྱི་བརྩོམས་པ་པོ་ཁྱེད་རྣམས་ཀྱིས་བརྩོམས་རྫོགས་ཚར་བ་ཡིན་པ་འདྲ།
གཅིན་དང་སྐྱག་པ་མིན་པ་གཞན་ཚིག་མེད་པ་ཨེ་རེད
གཅིན་སྐྱག་གཏོང་རྒྱུ་མེད་པའི་ཉིན་མོ་དེར། །
ང་ཚོ་གསོན་ནམ་ཤི་ཟིན་ད་སྨྲོས་ཤིག །
ཨ་རོགས་ཨ་རིག་མེ་འབར་ལགས། ངས་ཀླུ་སྨྱོན་ངོ་མི་ཤེས་ལ། མཐོང་ཀྱང་མ་མྱོང། ད་རིང་ཡེ་ཤུའི་འཁྲུངས་སྐར་དང་བསྟུན་ནས་ངའི་གྲོགས་པོ་འགའ་དང་ནུབ་ཟས་མཉམ་དུ་ལས་སྐབས། ངས་ལྟས་དབང་གིས་ཁོའི་རྩམ་ཆོས་དང་བརྗོད་བྱ་བཀོད་སྟངས་མདོར་ཙམ་བཤད་པ་ཡིན། ཡག་པོ་ཞིག་ལ་ངའི་གྲོགས་པོ་གཅིག་གིས་ཁོ་ངོ་ཤེས་ཀྱིན་འདུག ངའི་གྲོགས་པོའི་གསུངས་པ་བཞིན། ངས་ཞིབ་འདང་ཞིག་བརྒྱབ་དུས། ཁོའི་རྩམས་ཆོས་གང་བྱུང་མ་བྱུང་ལ་བརྟེན་ནས་ཁོ་མི་གང་བྱུང་མ་བྱུང་ཞིག་ཡིན་པ་ཚོད་དཔག་བྱས་པ་ཡིན། རྒྱུ་མཚན་དེས་ཕྱིར་ཁོས་སྐྱག་པ་དང་གཅིན་པ་སོགས། ག་རེ་བྲིས་ཀྱང་ཁོ་རང་ལ་དམིགས་བསལ་ཡིན་རྒྱུ་རེད། སྔོན་ང་དགོན་པར་ཡོད་དུས། དགེ་ཡེ་ཤེས་དབང་ཕྱུག་ལགས་ཀྱི་ཚད་མའི་དགོངས་རྒྱན་ནང་ན། ཁྱི་སྐྱག་ཆོས་ཅན་ལ་བཟུང་བ་ཞིག་ཡོད། ངའི་ཆོས་གྲོགས་ཁ་ཚ་བོ་ཞིག་གིས་ཤེས་བྱ་ཟད་ནས་ཁྱི་སྐྱག་ཆོས་ཅན་ལ་བཟུང་བ་ཡིན་ནམ་ལུས་ཀྱི་རྩ་མཁས་ལ་དེ་ལྟར་བརྗོད་རྒྱུ་གོམས་ལགས་སམ། ཟེར་བ་དྲན་བྱུང།
རྩ་ཁམས་