ལུང་རིགས་རྒྱལ།
ངས་འདི་ལྟ་བུ་ཞིག་གི་བསམ་གི་འདུག དེང་སྐབས་ཚན་རིག་དར་ནས་དར་ཚོད་མ་ཟིན་པའི་སྐབས་ཤིག་རེད། མི་རྣམས་ཀྱི་ལག་རྩལ་ཡང་དར་ནས་དར་ཚོད་མ་ཟིན་པའི་སྐབས་ཤིག་རེད། དྲན་རྒྱུ་རྒོད་པོ་ཡང་མང་བའི་སྐབས་ཤིག་རེད། ཡིན་ཡང་། ང་རང་གི་སེམས་པ་འདི་སྟོང་ལྷིང་ལྷང་རེད། ཁེར་རྐྱང་ཡིན་པ་ཕར་ཞོག ཐ་ན་བྱ་སྐད་བྱེའུ་སྐད་ལ་སྒུག་དགོས་པའི་ཚད་རེད།
༼ཚན་རིག་གིས་ངའི་སེམས་པ་མི་སྐྱོ་བའི་ཐབས་རེ་ཡང་གནང་རོགས༽
འཇིག་རྟེན་འདིའི་འདུ་འཛི་དང་ཟིང་ཆའི་ཁྲོད་ན་སོ་སོ་ལ་ཇི་འདྲའི་སྡུག་བསྔལ་རང་བཞིན་གྱི་ལྷིང་འཇགས་ཤིག་ཡོད་པ་རེད།
འདིའི་སྔོན་ཏག་ཏག་ལ་ཡུ་ཊོབ་ནང་ནས་བོད་གཞས་མང་པོར་ཉན་པ་ཡིན། གང་ཡིན་ཟེར་ན། ངའི་གཤིས་ཀ་འདི་ལ་གཞས་ཟེར་ན་འདྲ། གླུ་ཟེར་ན་འདྲ། གཞས་ཟེར་ན་འདྲ་་་་་གང་ལྟར་ང་དེའི་རིགས་ལ་ངོ་མས་དགའ་ཕྱོགས་ཤིག་ཡོད། སྔོན་མ་ངས་ཕ་ཡུལ་ནས་གླུ་བླངས་ཏེ་ངའི་ཨ་ཞང་ངུས་སོང་། ༼འདི་དེ་དུས་ཀྱི་ང་ལ་མཚོན་ན་ཁྱད་མཚར་བོ་བྱུང་།༽ དེང་སྐབས་བསམ་ན་མི་ཚང་མ་རྒས་གིན་ཡོད་པའི་རྟགས་ཤིག་རེད། འཇིག་རྟེན་འདི་ན་ཞེ་ཆགས་ས་མང་རུང་། གླུ་སྐད་འདི་ངོ་མས་ཞེ་ཆགས་ས་ཞིག་ཡིན། ༼གྲོང་ཁྱེར་གྱི་མི་ལ་དེ་འདྲ་ཡིན་མིན་མི་ཤེས། རོང་ཕྱོགས་ལ་ཡང་མི་ཤེས།༽ ད་ངས་གཞན་པ་ཞིག་བཤད།
ངས་བསམ་ན། ནུབ་ཕྱོགས་ན་བོད་པ་མང་པོ་རེད། མང་པོ་རེད། དངོས་གནས་མང་པོ་རེད། ཁོང་ཚོར་ཚང་མ་ཡོད་པ་རེད། ཁྱོས་བསམ་བློ་ཐོངས་དང་། ipod, iphone, ipad, and imac། ད་དུང་ཀུ་ཤུ་མ་ཡིན་པ་དེ་ཚོ་ཡང་རྫོགས་མེད་རེད། ཡིན་ཡང་། ཁོང་ཚོ་སྟོང་པ་རེད། ཁོང་ཚོར་ཡོད་པ་དེ་ཚོ་ལོ་ ༡༠ ཡར་སྔོན། ལོ་ ༥ ཡར་སྔོན། ༢ ཡར་སྔོན། ལོ་གཅིག་གི་ཡར་སྔོན་འདྲ་བོ་རེད། གཞས་གསར་པ་ཡོད་པ་མ་རེད། ༼བོད་ཕྲུག་ཚོས་གཞས་གཞན་པར་མ་ཉན་རང་ཉན་ཆགས་པ་འདྲ་བོ་ཡང་རེད།༽ ཡོད་པ་དེ་ཚོ་ནུབ་ཕྱོགས་དང་ལུང་པ་གཞན་གྱི་གཞས་དེ་ཚོ་རེད།
ད་སྒོ་རྒྱག་གི་ཡིན། ངའི་དམིགས་ཡུལ་ཆུང་ཆུང་ཡིན། གཞས་ཚིག་འདྲ་སློང་མོ་བརྒྱབ། རང་གིས་ཀྱང་བྲིས། དེ་ཚོ་དངོས་གནས་དྲང་གནས་མི་རིགས་ཀྱི་༼སྦྱར་རྩི་༽ངོ་མ་ཞིག་ལ་སྒྱུར་ན་འདོད་གི། མི་རིགས་འདི་མི་འཐོར་སྤྱད་ཀྱི་གདམ་ཀ་ལོག་ཀ་ཞིག་ཡིན་ཡང་སྲིད། མིན་ཀྱང་སྲིད། གང་ལྟར་་་་་་ སོ་སོའི་འདོད་པ་ནི་དེ་རང་རེད་འདུག
བོད་པ་རྩག་ཧྲུལ་འདྲ་བོ།
བོད་པའི་མི་རིགས་འདི་ནི་ཨ་མས་བཟོས་པའི་རྩག་ཧྲུལ་ཞིག་ཡིན་པའི་དབང་དུ་བཏང་ན། བོད་ཀྱི་སྐད་ཡིག་ནི་བཟོ་སྐུད་རེད། བོད་གཞས་ནི་རྩག་ཧྲུལ་དེའི་སྲུབས་བཟུང་རེད། རྩག་ཧྲུལ་འདིའི་སྐུད་པ་ག་ས་གང་ནས་ཆད་ཀྱིན་འདུག རྩག་པ་འདི་ལ་ད་སྐབས་ཨུ་ཁུང་ཡང་མང་པོ་འདུག སྲུབས་བཟུང་ཡང་ཆད་ཀྱིན་པ་མཐོང་གི་འདུག
ལུང་རིགས་ལགས་ཀྱིས་གསུངས་པ་དེ། སྤྱི་ཚོགས་གཅིག་གི་ནང་དུ་ཡོ་ལངས་ཤུགས་ཆེ་ཞིག་ལངས་པའི་རང་རྟགས་དུ་མཐོང། དེའང་ཡོ་ལངས་འདི་མར་ངོའི་ཚེས་ཟླ་བཞིན་འགྲོ་བཞིན་པའི་བོད་མི་རིགས་གཅིག་གི་ཡ་ང་བའི་ཡོ་ལངས་ཤིག་ཏུ་སྣང། སྨྱུ་ཐོགས་པ་རེ་འགའ་དང། ལྕེ་ཡངས་པའི་གཞུང་གི་སྣེ་མོ་བ། བྱམས་སྙིང་གོ་ལྡོག་པའི་ཕ་མ། བེད་མེད་ཀྱི་འཛུགས་བསྐྲུན་བསྐྱངས་མཁས་པའི་བླ་སྤྲུལ་དགེ་བཤེས་རྣམས་པ། དགེ་བའི་བཤེས་ཀྱི་མིང་སྐམ་པོར་རེ་ནས་འཚོ་བའི་དགེ་རྒན་རྣམས། ལྷག་པར་དུ་ཀླད་པ་སྟོང་ཀྱང་མཁས་ཉམས་ཆེ་བའི་བཙན་བྱོལ་བའི་མ་འོངས་པའི་ཡོད་ཚད་ཀྱི་ཡོད་ཚད་རེ་འདོགས་ཉིད་དུ་འགྱུར་བའི་གནའ་དེང་གི་ཤེས་ཡོན་གྱིས་ཡོངས་སུ་ཕོངས་པའི་ཤོག་བྱའི་སྐུད་པ་འཆད་པའི་ན་གཞོན་སློབ་གཉེར་བ། དེ་དག་གི་བྱས་རྗེས་ངོ་མ་དེ་རེད། ང་ཚོ་བཙན་བྱོལ་བར་འགྱུར་ནས་མི་ལོ་ལྔ་བཅུ་སོང་ཡང་དེང་དུས་སྐད་ཀྱི་གྲགས་པ་ས་སྟེང་དུ་ཁྱབ་ཅིང། འཛམ་གླིང་ཡོངས་ཀྱི་དབང་འགྱུར་དུ་གཏོང་ནུས་པའི་ཚན་རིག་པ་གཅིག་ཀྱང་བྱུང་མྱོང་མེད། ཡང་ན་སྐད་གསུམ་ལྔ་དྲུག་སོགས་ལ་ཐོག་པ་མེད་པར་ཡིག་ངག་གཉིས་ནས་བསམ་པའི་དཀྱིལ་འཁོར་ལས་བསྐྲུན་པ་དང་གཞན་གྱི་རིག་གསར་འཁྲུལ་མེད་ཐོག་ཕབ་བསྒྱུར་ཐུབ་པའི་སྤོབས་པ་ཅན་ཞིག་ཀྱང་མཐོང་རྒྱུ་མེད། རང་སྐད་ཐོག་ཏུ་རིག་གནས་གསར་པའི་གྲུབ་མཐའ་དང་ལྟ་སྟངས་སོགས་ཡོངས་སུ་ཕོངས་མེད་ཕབ་བསྒྱུར་ཐུབ་པའི་སྤོབས་པ་ཡོད་མཁན་གཅིག་ཀྱང་བསྐྲུན་ཐུབ་མེད། མདོར་ན་དེང་གི་ཆར་ང་ཚོ་བོད་རིགས་ནི་ཁ་རྒྱུན་དུ་གྲགས་པ་བཞིན། ཕ་རིའི་ལྕོ་བ་མེད། ཚུར་རིའི་སླད་པོ་མེད། བར་དུ་སླད་ཐག་ཀྱང་འཆད་ནས་ལོག་ཡོང། ཟེར་བ་ལྟར་ཆགས་འདུག
ངོ་མ་ཡ་ང་དགོས་པ་དེ་ང་ཚོ་རང་རེད།