Geyshey Thupten Jinpa la, you are right 100 percent. We have to vote Kasur Tenzin Tethong la, by any how this kalon Tripa 2011.
my Katri is T Tethong la for sure. Bhod gyal lo
བློ་བཟང་སེང་གེ་མཆོག་གི་གདོང་དངོས་མ་ཕྱིར་བཏོན་བྱས་པའི་ཁོང་རང་ཉིད་ཀྱི་་ཆེད་བཪྩམ་ཁག་མང་གཅིག་འདིར་གསལ་བོ་ཡོད།།
ཆེད་བརྪོམ་་ཚང་མ་དབྱིན་ཡིག་གི་ཐོག་ཡོད་པའི་The Tibetan Political Review ནང་གསལ་བོ་ཡོདྲ
ད་དུང་ཁོང་ལ་རྒྱབ་གནང་མཁན་མང་ཆེ་བ་ཕྱོགས་རུས་ཅན་ཤ་རྟགས་ཡིན་པས་ཚང་མས་དོ་སྣང་བྱེད་དགོས་ྲ http://sites.google.com/site/tibetanpoliticalreview/project-updates/areviewofdrlobsangsangay%E2%80%99spublishedscholarlyworks
གོང་གསལ་གྱི་link འདི་ལ་གཟིགས་གནང་ཞུ་ྱྱ་ྱ་་་་་་་་་་མ་ཟེད་ྱ་ཁོང་ལ་རྒྱབ་བསྐྱོར་བྱ་མཁན་ཚང་མྱ་དངོས་འཛིན་གནང་དེ་ལས་གལ་ཆེན་ཡིན་པ་རེད
དེ་རིང་འདི་ནས་བོད་རིགས་དངོས་མ་ཞིག་ཡིན་པས་ཆ་ནས་ང་ཚོའི་ནང་འགོ་བོ་རྨོངས་ལ་ཕྱོགས་རུས་ཅན་གསར་ཐོམ་པ་གྲྭ་པ་འགའ་དང་གྲྭ་ལོག་པ་ཁྲོམ་པའི་ནང་སྤེལ་པ་འདི་ཚོ་ལ་གསལ་བཤད་ཞིག་ངེས་པར་དུ་དགོས་པར་འདུག་ྲྲྲྲྲྲྲྲྲྲྲྲྲ་་་་་་་་་་་་་་་་་་
ཐོག་མར་བློ་སེང་འདི་མཁས་དབང་མ་ཡིན་པ་་་་་་་ར་སྤྲོད་བྱ་གི་ཡིན་་་་་་་་་་་་་་་་ please see this links or visit website (the tibetan polical review )
2 ྱྱྱྱ་བློ་སེང་འདི་ཁམས་པ་ཕྱོགས་རུས་ཅན་པའི་ར་སྤྲོད་དུ་(་གསེར་རྟ་ཚུལ་ཁྲམས་་་བོད་ཀྱི་བང་ཆེན་་སོགས་ཀྱི་རྒྱུན་རམ་ྱ
ལོ་ཙཱ་བ་ཆེན་མོ་གསུང་སྐད་ཤོར་བ།
ང་ཚོ་ན་གཞོན་ཚོ་དང་གཡམ་རྒྱུགས་ལ་དགའ་བའི་རོང་མཚམས་ཀྱི་མི། ཕྱོགས་འཐེན་ལ་དགའ་བའི་དཔུང་ཁག བཅས་ཀྱིས་ད་ཆ་ལོ་ཙཱ་བ་ཆེན་མོའང་གསུང་སྐད་ཤོར་བ་བཟོས་འདུག ཨོ་ང་ཚོས་བྱས་པ་རྣམས་ཅུང་འགྲིགས་མེད་པ་འདྲ། ལོ་ཙཱ་བའི་གསུངས་སྟངས་ལ་བལྟས་ན་ཅུང་ཚབས་ཆེ་བའི་གནས་ལ་སླེབས་ཡོད་པ་འདྲ། ང་ཚོའི་བསམ་པར་སྲིད་དབང་གཞོན་པའི་ལག་ཏུ་སླེབས་ན་རྒྱ་ནག་གི་ཨོ་བྷ་མའི་འཁྲབ་གཞི་འདི་འཁྲུགས་པོ་ཞིག་ཡོང་གི་རེད་བསམ་སྟེ་རྒྱ་ནག་གི་ཨོ་བྷ་མའི་ཆེད་བྱ་བ་ཕྲན་ཙམ་བསྒྲུབས་པ་ཡིན། འོན་ཀྱང་ཨ་རིའི་ཨོ་བྷ་མ་ད་ཆ་འགྱེལ་ཏེ་སྤྱི་མཐུན་ཚོགས་པས་གཡས་སྐྱོར་གཡོན་སྐྱོར་བྱེད་བཞིན་འདུག བོད་ཀྱི་ཨོ་བྷ་མ་འདིའི་སྐོར་ལའང་སྤྱི་ཚོགས་གཉིད་སད་པ་ལྟར་གླེང་ཕྱོགས་འཁྲུག་ཏུ་སོང་འདུག ད་དུང་ཡང་ཚ་ཚ་འུར་འུར་གྱི་བགྲོ་གླེང་ཡོང་རྒྱུ་གདོན་མི་ཟ།
ད་བྱེད་དུས་གསུང་སྒྱུར་ཆེན་མོའང་མ་ཕེབས་རང་ཕེབས་ཆགས་པ་འདྲ། འདི་འདྲ་ཡིན་དུས་གནས་ཚུལ་འདི་ཚབས་ཆེན་པོ་ཞིག་ཡིན་པ་ཁོ་ཐག་རེད། འོན་ཀྱང་ཁོང་གིས་གསུངས་ཀྱང་ཕྱོགས་ལྷུང་ཅན་ཚོའི་རྣ་བར་འགྲོ་དཀའ་ནི་རེད། དེ་ལས་རོང་མཚམས་ཀྱི་མི་རྣམས་ལ་རོང་སྐད་ཤེས་པ་ཞིག་དང་། ཁམས་སྐད་དངས་མ་ཤེས་པའི་སྐད་སྒྱུར་ཞིག་གོ་སྒྲིག་བྱས་ན་ཅུང་དྲག་པ་མེད་དམ། གང་ལྟར་རྒྱ་ནག་གི་ཨོ་བྷ་མ་འདི་ནུས་པ་ཆེན་པོ་འདུག གསུང་སྒྱྱུར་ཆེན་མོ་ཡང་གདན་འདྲེན་ཞུ་ཐུབ་འདུག་ག
ད་ངོ་མ་སྤོབ་པ་བྱེད་དགོས་པ་ཞིག་རེད་ཡ།
བོད་རྒྱལ་ལོ་མཁས་དབང་བློ་བཟང་སེང་གེ་རྒྱལ་གྱུར་ཅིག
གསུང་སྒྱུར་བ་ཆེན་ཀྱིས་ལས་འགན་གསུང་སྒྱུར་མ་རྟོག་གཞན་དབང་ཆ་ཅི་ཨེ་ཡོད་ན།
སྐད་མ་ཤོར་རོགས།
བློ་བཟང་སེང་གེ་ཏན་ཏན་ཐོབ་རྒྱུ་ཡིན་པ་ལ་ཅབ་ཆུང་མི་མཛད་རོགས་ཞུ
བོད་མི་རིགས་དང་བོད་དོན་བདེན་པའི་འཐབ་བརྩོད་ཐོག་མཁེ་ཕན་དང་ནུས་ཤུགས་སུའི་ཆེ་ཤོས་བཟོ་ཐུབ་ལེའི་དོན་དུ་ མིག་གིས་བལྟས་ རྣ་བའི་ཉན་ རྟགས་ཞིབ་གྱིས་ བསམ་ལོ་བཏང་ ཀླད་པ་དཀྲུགས་ཏེ་རང་གི་འོས་ཤོག་གཅིག་པོ་དེ་རང་ཐག་རང་གི་བཅད་དེ་འཕེན་རྒྱུ་ཡིན་ལེ་མིན་ཚེ་ གཞན་གྱི་ཆི་ཟེར་འཛུབ་མོས་གར་འཁྲིད་ལ་འགོ་འཁོར་ཏེ་འགྱིག་ནང་བཞིན་ཕར་ར་འཐེན་ན་ཕར་ར་ནར་ ཚུར་ར་འཐེན་ན་ཚུར་ར་ནར་ལེ་དེ་འདྲ་བྱེད་ཤེས་ལེ་མིན་།
ད་ལྟའི་བོད་མིའི་དུས་བབ་ལ་བལྟས་ན། བློ་སེང་ལགས་བཀའ་ཁྲི་ཐོབ་རྒྱུ་ངེས་པ་དང་། ལོ་ལྔའི་རྒྱུན་འཁྱོངས་ཆ་ཚང་ཡོང་དཀའ་བའི་དཀའ་གནད་ཅིག་ཀྱང་བཟོས་བཞིན་འདུག བཀའ་ཁྲི་སུ་ལ་ཐོབ་ཀྱང་དགེའོ། །
བཀྲས་མཐོང་ཆིག་ཁྲིས་གཟིར་ནས། །
ཟླ་གསུམ་མཚམས་ལ་བསྡད་ཤག །
ཨོ་བྷ་མ་ཉིས་ཁྲིས་མ་རྒྱགས། །
ཤར་རྒྱུགས་ནུབ་རྒྱུགས་བྱེད་ཀྱིས། །
ད་དུང་སྣོན་པ་ཡིན་ཟེར། །
བཀའ་བློན་བཅོ་ལྔ་བསྣམས་འདུག
དམ་བཅའི་བཅའི་ཁུར་པོ་འདི་ཡིས། །
ཨོ་བྷ་མ་སྐྱིད་དུ་མི་འཇུག ། །
ད་ནི་བོད་ཀྱི་གཞོན་སྐྱེས་རྣམས་ཀྱིས་དུས་ལ་སླེབས་ཡོད་པ་རེད།
གོང་ས་༧་མཆོག་གིས་དམང་གཙོ་གནང་ནས་ད་ལྟ་ཐུག་ཐུག་ལ་ལག་ལེན་ཡག་པོ་ཞིག་ཁེར་མེད་པ་རེད།
ཡིན་ནའང་ད་ལོ་ང་ཚོ་བོད་པ་ཡོངས་ལ་ཕྱོགས་ལྷུང་མེད་པའི་འོས་འདེམས་ཡང་དག་ཞིག་གི་གོ་སྐབས་ཡོད་པ་དེ་ལ་གསུང་སྒྱུར་ཆེན་མོ་སོགས་སྔོན་ཀྱིས་གཞུང་རྙིང་གི་ན་ཚ་ཡོད་མཁན་རྣམས་ལ་ཐུགས་ཁག་མི་འདུག་ཀྱང་བྱ་ཐབས་བྲལ།
དེ་ལས་གསུང་སྒྱུར་བ་མཆོག་ཉིད་མི་ཆེན་པོས་མཚན་གནས་དེ་བཞེས་ནས་རྟན་པོ་བཞུགས་ན་ཡག་པོ་ཡོད་རེད།
མི་ཐམས་ཅད་ཀྱིས་མ་འོངས་པར་མཆོག་ཉིད་ལ་ཡིད་ཆེས་མི་བླག་པ་ཞིག་གནང་རྒྱུ་དེ་གལ་ཆེན་པོ་རེད།
ད་ལྟའི་བཀའ་ཁྲིའི་འོས་གཞི་འདི་ཉིད་སྔོན་དང་མི་འདྲ་བར་མི་དམངས་ལ་ཕན་པའི་བཀའ་ཁྲི་ཞིག་གལ་ཆེན་པོ་རེད་མ་རྟོག་ཕྱོགས་ལྷུང་ཅན་གྱི་རྣམ་པའི་སྒོ་ནས་རྒྱབ་སྐྱོར་དེ་ང་ཚོས་དུས་ནམ་ཡང་ངོས་ལེན་མེད་ཞུ་བ་ཡིན།
ཁོང་ནི་སྐུའི་གསུང་བསྒྱུར་རེད་དེ་རྒྱལ་བ་རེན་པོ་ཆེས་ད་ལྟའི་བཀའ་ཁྲི་དེ་གཞོན་སྐྱེས་ཞིག་བྱུང་ན་གསུང་པ་དེ་གོ་ཡོད་ནི་མ་རེད། དེང་དུས་ནི་ལྷག་བསམ་དང་ཤེས་ཡོན་གི་ཁ་ལོ་རྒྱུར་བའི་དུས་ཚོད་ཡིན་པ་ལས་ཉམས་མྱོང་ཉམ་མྱོང་གསུངས་ནས་བསྡད་ན་འགྲིག་གི་ཡོད་དམ། དང་པོ་ནས་ཉམ་མྱོང་ཡོད་པ་སུ་ཡང་ཡོད་པ་མ་རེད་། ད་མང་པོ་མི་བྲིས་ཡ་བཀའ་ཁྲི་ནི་བློ་བཟང་སེང་གེ་རེད་།
ནག་པོ་ཆེན་མོ་ཞེས་པའི་མདོ་ལས་བཏུས། གཟུངས་འདི་བཏོན་ན་ཕན་ཡོན་ཆེ།
༦༽ ནག་པོ་ཆེན་མོ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༢༤ གི་ཆུ་ཚོད་ ༩ སྐར་མ་ ༣༤
འདི་ལོའི་བཀའ་སྤྱིའི་འོས་བསྡུ་སྐབས་དོགས་གནད་ཆེན་པོ་འགའ་མཐོང་བ།
༡ ཐོག་མར་བུད་མེད་ཚོགས་པས་ཚོད་ལྟའི་འོས་བསྡུ་ས་གནས་གང་སར་བྱས་ཀྱང་དུས་ཐོག་འོས་ཐོབ་ཀྱི་གསལ་བསྒྲགས་མི་བྱེད་པར་ཐ་མ་གསར་བསྒྲགས་བྱས་ཀྱང་འོས་མཉམ་ཞུགས་བྱ་མཁན་ཇི་ཙམ་བྱུང་མིན་ཙམ་ལས་གསལ་ཁ་མེད་པའི་རྒྱུ་རྐྱེན་གང་ཞིག་ལ་ཐུག་ཡོད་མེད་དོགས་གནད་དང་པོ་རེད།
༢ དྲ་རྒྱ་ཁག་ཏུ་བློ་སེང་ལ་སྐྱོན་བརྗོད་ཀྱི་བསམ་འཆར་བཀོད་ཀྱང་ཉིན་གཉིས་རེ་མཚམས་ཆ་ཚང་ནག་སུབ་བཏང་ནས་མངོན་མེད་བཟོ་བ་དང་། བཀའ་བློན་འོས་དམིགས་གཞན་ལ་སྐྱོན་བརྗོད་བསམ་འཆར་བཀོད་ཀྱང་ཟླ་བ་གཅིག་ལྷག་ཙམ་མདུན་ཤོག་ལ་འགོད་པ་སོགས་ལ་གཏགས་ན་དྲ་རྒྱ་ཆ་ཚང་བསླུ་ཉེ་ཟིན་པ་དང་གཉིས།
༣ བལ་ཡུལ་ནང་འོས་ཤོག་བཙན་འཕྲོག་བྱས་ཀྱང་ཅུང་ཟད་ལྷག་པ་རྣམས་མདོ་སྟོད་ཀྱི་འོས་ཤོག་ལྷག་པ་སོགས་མི་མངོན་པའི་གཡོ་ཇུས་ཞིག་ཡོད་པ་དང་གསུམ།
༤ སྤྱིར་བལ་ཡུལ་ནང་བོད་པ་རྣམས་བསྡུ་འཛོམས་ཀྱི་རང་དབང་གཏན་ནས་མེད་པ་མ་ཟད་ལྷག་པར་བོད་ཀྱི་མཐུན་མོང་མ་ཡིན་པའི་དུས་དྲན་ཁག་ལ་དེ་བས་བཀག་སྡོམས་ནན་མོ་ཡོད་པ་མ་ཟད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དུས་དྲན་སྲུང་བརྩིས་ཞུ་རྒྱུའི་ཆེད་བསྡུ་འཛོམས་བྱས་ཀྱང་བཀག་སྡོམས་ནན་མོ་བྱ་བཞིན་ཡོད་ཀྱང་། ཡ་མཚན་པ་ཞིག་ལ་བལ་ཡུལ་ཁུལ་གྱི་མདོ་སྟོད་ཁམས་རིགས་ཀྱི་མཆོད་རྟེན་ས་གནས་འགོ་འཛིན་ལས་ཁུངས་སུ་སྤྲོད་སྐྱིད་ཐུལ་རོ་ཉིན་གསུམ་བཏང་ཀྱང་བཀག་འགོག་གང་ཡང་མེད་པ་དོགས་གནས་བཞི་པ་རེད། འོན་ཀྱང་ལོ་འདིར་ང་ཚོ་བོད་མི་སྤྱི་ལ་སྤྲོ་སྐྱིད་གཏོང་བའི་གནས་ཚུལ་བཟང་པོ་གང་ཡང་བྱུང་མེད་ལ་དེ་བས་ཀྱང་སྤྲོ་སྐྱིད་ཤོ་སྦག་རྒྱན་འཛུགས་ཤུགས་ཆེན་བྱས་ཏེ་མི་ཁ་ཤས་ཀྱི་ནེ་སྒོར་འབུམ་བཅུ་ལྷག་ཙམ་ཤོར་བ་སོགས་དེ་སྔ་བཙན་བྱོལ་སྤྱི་ཚོགས་ནང་བྱུང་མ་མྱོང་བའི་རྒྱན་འཛུགས་རྩེ་མོ་ཤུགས་ཆེ་ཤོས་དེ་བྱུང་ཡོད་པས་དེ་དག་ལ་ཚང་མས་དགོངས་པ་ཟབ་བཞེས་གནང་རོགས་ཐུགས་བརྩེ་གཟིགས་ཞུ་བཞིན་ཡོད།
བཀྲས་མཐོང་ཆིག་ཁྲིས་གཟིར་ནས། །
ཟླ་གསུམ་མཚམས་ལ་བསྡད་ཤག །
ཨོ་བྷ་མ་ཉིས་ཁྲིས་མ་རྒྱགས། །
ཤར་རྒྱུགས་ནུབ་རྒྱུགས་བྱེད་ཀྱིས། །
ད་དུང་སྣོན་པ་ཡིན་ཟེར། །
བཀའ་བློན་བཅོ་ལྔ་བསྣམས་འདུག
དམ་བཅའི་ཁུར་པོ་འདི་ཡིས། །
ཨོ་བྷ་མ་སྐྱིད་དུ་མི་འཇུག ། །
བསུབ་ཆོག་མི་ཡོང་། འདིས་སོ་བརྒྱབ་ན་སྨན་མེད།
ང་ནི་བོད་ལ་དགའ་བའི་བུ་ཡིན་ བློ་སེང་ང་ཡི་བཀའ་ཁྲི་ཡིན་་་་་་་་་་་་་་་་་་་
xxxxxxxxxxxxxxxxxxxxxxx
ངོ་སོ་ཆེ་མདོག་ཁ་བོ། ཁྱོད་གསུང་བསྒྱུར་ཡིན་པ་ལས་གསུང་མཁན་མ་རེད།
གསུང་བསྒྱུར་མཆོག་ནས་བོད་འབངས་ཞིག་དང་བཙན་བྱོལ་བ་ཞིག་གི་ཐུགས་འགན་བཞེས་ཏེ་དགོངས་ཚུལ་གསུངས་པར་རྒྱབ་བསྐྱོར་ཡོད་སྤྱིར་བཀའ་བློན་སུ་དང་སུ་ལ་འོས་འཕེན་མི་འཕེན་གྱི་དབང་ཚད་ཆ་ཚང་གང་ཟག་སྒེར་སོ་སོར་ཡོད་པ་ཡིན་པས་བླུན་པོ་ཆུ་སྣ་གར་འཁྲིད་ཀྱི་འོས་འཕེན་བྱས་ན་ཁེ་ལས་ཉེན་ཁ་ཆེ་བ་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་ཡིན་པས་དཔྱད་ཞིབ་ནན་མོ་དགོས་པ་ཡིན་ལགས།
འོན་ཀྱང་སོ་སོའི་འདོད་མོས་མེད་པའི་མི་ལ་འོས་སུ་གང་གི་མི་སྤྲོད་པ་ནི་ཆོས་ཉིད་ལགས་པས་སོ་སོའི་འདོད་མོས་མེད་པའི་མི་ལ་རྒྱབ་བསྐྱོར་བྱས་པ་ཙམ་གྱི་མི་འདོད་པའི་ནམ་གྱུར་ཤུགས་ཆེན་སྟོན་ནས་སྨྱོན་པ་དང་རྒྱ་མའི་གསོ་བ་ཟེར་བ་སོགས་ནི་དྲངས་བདེན་ཞིག་རྩ་བ་ནས་མིན་ལ་ཐ་ན་དེ་དག་གི་སེམས་པ་བསླུ་ཉོ་ཟིན་པ་མིན་ནམ་སྙམ་པའི་དོགས་འཆར་ཀྱང་ཡོངས་ངེས་པས་ཁེ་གྱོང་དཔྱད་ཞིབ་དང་འབྲེལ་མི་གཞན་གྱི་བཤད་པའི་སྐད་ཆ་མང་ཙམ་ཉན་ནས་རང་གིས་རྣམ་དཔྱོད་བློ་གྲོས་ཀྱིས་ཞིབ་དཔྱད་མཐར་ཕྱིན་པ་གནང་ནས་། མ་མགྱོད་མ་ནོར་བ་ཞིག་དགོས་པ་ལས་སྔོན་འགྲོ་འོས་ཤོག་གཅིག་གཅིག་ལ་སླུགས་པ་ཡིན་ཏེ་ད་ཆ་བཏགས་ན་ནོར་འདུག་ཟེར་མཁན་འགའ་བཤས་དྲྭ་བ་ཁག་ཏུ་ཡོངས་བཞིན་འདུག་པས་དེ་དག་དངོས་གཞི་ལ་མ་ནོར་མ་འགྱོད་པ་ཞིག་དགོས་པ་ནི་གལ་ཆེ་ནང་གི་དོན་ཆེན་ཡིན།
xxxxxxxxxxxxxxxx
དང་པོ་ངས་བློ་སེང་ཁོ་རང་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུས་པ་ཡིན། ངས་ཁོ་རང་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་འདི་ཡིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ང་རང་ཚོ་ལ་དམངས་གཙོའི་ལམ་ཡང་དག་པ་ཞིག་གནང་ཡོད་། དེ་ལ་བརྟེན་ནས་ང་ཚོའི་བཙན་བྱོལ་བོད་གཞུང་དམངས་གཉིས་ནས་ག་དུས་ཡིན་ནའང་དམངས་གཙོ་ཁ་ལ་གྱེར་ནས་བསྡད་ཡོད་ཚང་མས་དམངས་གཙོའི་སྐྱབས་བཅོལ་བའི་གཞུང་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དོན་ངོ་མར་བལྟས་པ་ཡིན་ན་ད་དུང་དམངས་གཙོའི་ལམ་སྲོལ་ཚད་དང་ལྡན་པ་ཞིག་ལ་འགྱུར་ཐུབ་མེད། དེ་ནི་ང་རང་ཚོ་བོད་པ་ཚང་ལ་གནའ་སྔ་མོ་ནས་སྲིད་དབང་སྒེར་འཛིན་རིང་ལུགས་སམ། བོད་ཀྱི་ཐ་སྙད་དུ་སྐུ་དྲག་རིང་ལུགས་ཀྱི་དུག་སྡོང་གི་རྩ་བ་དེ་བཅད་མ་ཐུབ་པས་ལན་པ་ཡིན། ད་དུང་བཙན་བྱོལ་བོད་གཞུང་གི་ནང་ལའང་དེ་འདྲའི་དུག་སྡོང་གི་ཡལ་ག་དང་ལོ་མ་མང་པོ་ཞིག་བཀྲམས་ནས་བསྡད་ཡོད། ཇི་སྲིད་ང་ཚོའི་བོད་ཀྱི་སྐུ་དྲག་རིང་ལུགས་ཀྱི་དུག་གི་སྡོང་པོ་དེ་རྣམས་རྩད་ནས་བཅོད་མ་ཐུབ་པར་དེ་སྲིད་དུ་ང་ཚོའི་བོད་དེ་དུས་ནམ་ཡང་དམངས་གཙོའི་ཁ་ཕྱོགས་ལ་བསྐྱོད་མི་ཐུབ། དེ་འདྲར་སོང་ཙང་ད་ལྟ་ཡོང་རྒྱུའི་བཀའ་བློན་ཁྲི་བ་དེ་ཉིད་དེང་སང་གཞོན་སྐྱེས་ལྷག་བསམ་ཤེས་ཡོན་དང་ལྡན་པ་ཞིག་ལ་རེ་སྒུག་བྱས་ནས་བསྡད་པ་ཡིན། མཐར་བཀའ་བློན་ཁྲི་བའི་འོས་གཞིའི་ནང་དུ་ཁོ་རང་སླེབས་བྱུང་། དེ་ནས་ང་ཁོ་རང་གི་སྐད་ཆ་བཤད་སར་མང་པོར་བཅར་ནས་དོགས་བཅོད་བྱས་པ་ཡིན། ཐོག་མར་ང་ཁོ་རང་དགའ་བྱུང་། བར་དུ་ང་ཁོ་རང་དོགས་པ་ཟ་བྱུང་། དེང་སང་ང་ཁོ་རང་ལ་ཞེན་པ་རྟིང་ནས་ལོགས་སོང་། གང་ཡིན་ཟེར་ན་ཁོ་རང་ལ་རྩ་བའི་ལངས་ཕྱོགས་གཏན་པོ་ཞིག་ངས་མཐོང་མ་སོང་། ཁོ་རང་བཀའ་བློན་ལ་ལངས་ཡ་དེ་ཁོ་རང་གི་མཚན་སྙན་དང་ཁོ་རང་གི་ཁེ་གསང་གི་ཆེད་དུ་ལས་བོད་མི་རིགས་ཀྱི་ལ་རྒྱ་དང་ཤ་ཞེན་ཕལ་ཆེར་མིན་པ་འདྲ། ཁོ་སྤྱི་ཚོགས་རེ་རེའི་ནང་ལ་སླེབས་དུས་སྐད་ཆ་རེ་བཤད་ཀྱི་འདུག དཔེར་ན་རང་བཙན་དང་གཞོན་ནུའི་མདུན་དུ་རང་བཙན་དང་། རྡ་སའི་ས་གནས་དང་མི་མང་གི་མདུན་དུ་དབུ་མའི་ལམ་ཞེས་གང་ལྟར་ཀྱང་ཁོ་རང་ལངས་ཕྱོགས་གཏན་པོ་ཞིག་མེད་པ་མ་ཟད་མི་དེའི་ཀུན་སློང་ཁྱེར་སྟངས་དང་། སྡུག་ནས་བཤད་ན་ཁོ་རང་གི་རྒྱབ་ལྗོངས་ལ་སུ་ཡོད་པ་ད་དུང་བརྩད་བཅད་ན་དོགས་པ་འདུག དཔེར་ན་སྐུ་ངོ་བློ་བཟང་སྦྱིན་པ་ལགས་དང་པོ་ཁོ་རང་ལ་འདོད་པ་ཡོད་མེད་ལ་མ་གཏོས་པར་ཁོ་རང་གི་གྲོགས་པོ་དང་ལ་རྒྱ་ཤེས་ཡོན་ཅན་མང་པོ་ཞིག་ནས་སྔོན་འགྲོའི་འོས་ཤོག་ནང་ཞུགས་དགོས་བྱུང་བ་རེད། ཡིན་ནའང་ཁ་སང་གསལ་སྒྲགས་ཤིག་ནང་ཁོ་རང་དངོས་གཞིའི་འོས་ཤོག་ནང་ཞུགས་ཀྱི་མིན་གསུངས་འདུག མི་ཞུགས་པའི་རྒྱུ་མཚན་ཞིག་གསུང་འདུག་དེ་ལ་ལྟས་ན་ཁོང་དངོས་གནས་བོད་གཞི་བྱེས་གཉིས་ལ་ལྷག་བསམ་ཡོད་མཁན་ཞིག་ལས་ཁོ་རང་གི་མཚན་སྙན་དང་ཁེ་གསང་གི་ཆེད་དུ་མིན་པ་གསལ་པོ་རེད་འདུག གང་ལྟར་ད་དུང་ང་ཚོ་ལ་བསམ་བློ་གཏང་བའི་དུས་ཚོད་ཞིག་ཡོད་པ་འདིར་རི་བོང་བཅར་འདྲོགས་ཀྱི་དཔེ་རུ་དང་། ང་ལོ་ཆུང་ཡིན་བློ་སེང་ལ་རྒྱབ་སྐྱོར་ཡོད་དང་། ང་རྒན་པོ་ཡིན་བཀྲས་མཐོང་ལ་རྒྱབ་སྐྱོར་ཡོད་ཟེར་ནས་རིན་ཐང་གསེར་ལས་དཀོན་པའི་དམངས་གཙོའི་ལམ་ཡག་པོ་ཞིག་དང་༧གོང་ས་མཆོག་ཞལ་བཞུགས་དུས་བསྐལ་བཟང་པོ་འདི་རྣམས་ཕྲོག་རླག་ཏུ་མ་སོང་བར་ཧ་ཅང་ནས་ཀྱང་གལ་ཆེ།།
བླ་མ་གྲྭ་བའི་མདུན་དུ།
དད་པ་ཡོད་རབ་བཤད་དེ།
གསེར་གྱི་དར་ཐག་སྐྲམས་ནས།
གྲྭ་ཚོགས་འཛིན་འདོད་བྱེད་ཀྱིད།
ཕ་མེས་རྒན་རབ་དྲུང་དུ།
རྒྱལ་བའི་བཀའ་སློབ་བཤད་དེ།
དབུ་མའི་ལམ་གྱི་མཐོ་བས།
རྒན་རབ་འགོ་བོ་བཅོམ་སོང།
བོད་ཀྱི་གཞོན་ནུའི་མདུན་དུ།
སྔོན་གྱི་ལོ་རྒྱུས་བརྗོད་དེ།
རང་དབང་གཙང་མའི་བུ་རམ།
ཁ་ནང་རྒྱང་ནས་བཞག་སོང།
བུ་མེད་ཚོགས་པའི་ཚོགས་ལ།
ནུབ་ཕྱོགས་ལྟ་གྲུབ་ཞིག་གི།
ཕོ་མོ་འདྲ་མཉམ་དར་གོས།
མགོ་ལུས་ཡོངས་རྫོགས་སྟུམས་སོང།
གསར་འབྱོར་གཞོན་ནུའི་ཚོགས་ལ།
བཙན་བྱོལ་ཐོབ་ཐང་གླེང་ནས།
མངོན་མེད་ཞིང་ཁང་གཞི་ཆགས།
མི་འཁྲུལ་ལས་ལྷག་གནང་བྱུང།
བྱ་ལ་སྒྱུར་ན་བྱ་དང་།
བྱི་ལ་སྒྱུར་ན་བྱི་ཡི།
སྒྱུ་འཕྲུལ་སྣ་ཚོགས་སྟོན་པ།
ཡིད་ནི་ཆོས་ཐབས་མིན་འདུག །།
ད་ལན་བཀའ་བློན་ཁྲི་པའི་འོས་མི་མཐོ་ཤོས་མཁས་དབང་བློ་བཟང་སེང་གེ་མཆོག་ལ་ཐོབ་པ་དེས་གནའ་ནས་ད་བར་སྐུ་དྲག་རིང་ལུགས་ལ་དངོས་ཤུགས་རྒྱུད་གསུམ་གྱིས་སྒོ་ནས་གཞོགས་འདེགས་བྱས་པ་ལ་བརྟེན་ནས་མིང་དང་གོ་ས་མཐོན་པོར་འཛེགས་པའི་རྒན་གྲས་འགས། གཅིག་རྗེས་གཉིས་མཐུད་ཀྱིས་ད་དུང་མུ་ནས་མུ་འཐུད་སྐུ་དྲག་གི་ལག་ཏུ་བཞག་ལས་བོད་ཀྱི་ཆོས་སྲིད་གཉིས་ཀྱིས་ལས་འགན་དེ་ལ་མང་ཚོགས་ཕལ་པ་ནས་ཐོན་པའི་གང་ཟག་སུ་ལ་ཡང་དབང་ཚད་སླེབས་མིང་བའི་ལྟ་ཚུལ་ཉིན་རེ་ནས་ཉིན་རེ་ཇེ་གསལ་ཇེ་གསལ་དུ་འགྲོ་བཞིན་འདུག ཁ་སྔོན་བཀའ་ཁྲི་མཆོག་གིས་སེ་ར་ཆོས་སྒར་དུ་བཀའ་སློབ་སྐབས་གདན་ས་ཁག་གིས་འོས་ཤོག་བླུགས་སྟངས་མ་འགྲིགས་པ་ཡིན་ཚུལ་གསུངས་པ་དེའང་བཀའ་བློན་ཁྲི་པའི་འོས་མི་བྱེ་བྲག་པ་གཅིག་ལ་ཆེད་དུ་དངོས་ཤུགས་བརྒྱུད་གསུམ་གྱིས་སྒོ་ནས་གནོན་ཤུགས་སྤྲད་པ་ཞིག་ཡིན་པ་སྨོས་མ་དགོས་པ་རེད། དེ་བཞིན་དུ་ད་ལན་ཡང་གསུང་བསྒྱུར་མཆོག་གིས་བཀའ་མོས་འདི་ཡང་དེའི་ཕྱོགས་གཏོགས་དང་གཅིག་རྒྱབ་གཉིས་འདུག་གི་དཔུང་སྒྲིག་ཞིག་རེད། ད་དུང་མུ་མཐུད་ནས་སྐུ་སྒེར་དང་བཀའ་ཤག་དེ་བཞིན་དུ་ཁྲིམས་བཟོ་སོགས་ཀྱིས་ལས་ཐོག་པ་རྣམས་པས་མཐའ་གཅིག་ཏུ་བཀའ་ཁྲིའི་འོས་མ་བྱེ་བྲག་པ་གཅིག་ལ་གནོན་ཤུགས་སྤྲོད་བསྡད་པ་ཡིན་ན། དེ་ནི་རྒྱ་དམར་གྱིས་མོ་འོ་ཙེ་ཏུང་ནས་རིམ་པས་གཅིག་རྒྱབ་གཅིག་འདུག་གིས་གོ་ནས་རིམ་པར་རྩིས་སྤྲོད་སྟངས་དང་གཅིག་མཚུངས་ལས་༧གོང་ས་མཆོག་གིས་བཀའ་དགོངས་དང་མཐུན་པའི་མང་གཙོ་ཚད་ལྡན་ཞིག་ཡིན་པར་ངོས་ལན་དུས་ནམ་ཡང་བྱེད་དཀའ་བ་ཞིག་རེད། དེ་བཞིན་དུ་ཁོང་ཚོས་ཁ་ནས་ཉམས་མྱོང་ཉམས་མྱོང་ཞེས་གསུངས་ཀྱང་དོན་དུ་་ཁོག་ལ་ན་ཚ་ཞིག་ཡོད་པ་དེ་ནི་ལོ་མང་རིང་གཞུང་ཞབས་པའི་ལས་ཀ་བྱེད་མ་མྱོང་བའི་འོས་མི་ཞིག་ཐད་ཀར་འདེབས་པ་འདི་ལ་ཐུག་པ་རེད། དེ་ནི་ཕྱོགས་གཅིག་ནས་བཤད་ན་གལ་ཏེ་གཞུང་ལས་རིམ་བགྲོད་ཀྱིས་བཀའ་ཁྲི་འགྲོ་དགོས་པ་ལས་ཐད་ཀར་འོངས་ན་འདོད་པ་མེད་ན་ཐོག་མར་བཀའ་ཁྲིའི་ཆ་རྐྱེན་གྱི་རྩ་ཁྲིམས་བཞག་པའི་སྐབས་གཞུང་གི་ལས་བྱེད་བྱས་པའི་ལོ་ཚད་དམ་ཡང་ན་གནས་རིམ་འདི་ཙམ་ཞིག་སླེབས་པ་ཞིག་དགོས་ཞེས་སྔོན་འགྲོ་འོས་མིའི་ཆ་རྐྱེན་དུ་འཇོག་དགོས་པ་ཞིག་རེད། ད་ལྟ་སྐེ་མཚམས་འདི་ལ་སླེབས་དུས་མི་འདོད་པའི་རྣམ་འགྱུར་སྟོན་པ་འདི་ཧ་ཅང་མི་འོས་པ་ཞིག་དང་། མང་ཚོགས་ཀྱིས་འདོད་བློ་ལ་མ་བསྟུན་པ། མང་ཚོགས་ཀྱིས་ལམ་སྲོལ་ལ་བརྩི་སྲུང་མེད་པ། སྐུ་དྲག་རིང་ལུགས་ལ་དད་འདུན་ཆེ་བ། དེ་བཞིན་དུ་མང་གཙོ་ཚད་ལྡན་ཡོང་བ་ལ་གཏོར་བཤིག་གཏོང་བ་ཞིག་ཡིན་པར་གསལ་པོར་རེད།
མཁས་དབང་ཆེན་མོ་སློབ་དཔོན་ཐུབ་བསྟན་སྦྱིན་པ་མཆོག་གི་གསུངས་པ་ལ་རྒྱུ་མཚན་འདུག གང་ལྟར་བཀའ་ཁྲིའི་སྐོར་ལ་བགྲོ་གླེང་མང་བ་བྱུང་ན་ཕན་ཐོགས་ཡོང་ངེས། ཐབས་སྐྱོ་བ་ཞིག་ལ་བློ་སེང་ལ་རྒྱབ་སྐྱོར་བྱ་མཁན་དེ་དག་གིས་ཚིག་སྡུག་རེ་སྡུག་ཚད་བཀོལ་ནས་རང་དང་བསམ་ཚུལ་མི་མཐུན་པ་བཤོད་མཁན་རྣམས་ལ་རྒོལ་གདུང་གཏོང་་བཞིན་པར་བློ་ཕམ་ཡོད།
i agree what Geyshey Thupten Jinpa la said in youtube. Best coming kalon tripa is Tenzin Tethong la
སྐུ་དྲག་རིང་ལུགས་བཅོམ་འདོད་ན་བཀྲིས་དབང་འདུད་ལགས་སུ་འོས་བླུགས་དགོས་ ཁོང་ནི་བོད་མི་དཀྱུས་མ་ཞིག་དང་ལོ་ངོ་ ༤༠ རིང་བོད་མིའི་ཞབས་ཞུ་ལྷག་བསམ་རྣམ་དག་ཞུས་ཡོད་ འོན་ཀྱང་ཁོང་ལ་མ་དགའ་མཁན་སྐུ་དྲག་རྒྱལ་ལོ་དང་བཀྲས་མཐོང་སོགས་ནས་རྒྱུན་རིང་ནས་ཁོང་ལ་མཐོང་མཆུང་དང་ཁྱད་གསོད་བྱས་ཡོད་ xxxxxxxxxxxxxxxxxxx
བསྟན་འཛིན་དགེ་བྱེད་ཟེར་མཁན་དེའི་རྒན་ཡོལ་མ་ཕྱིན་པར་ད་དུང་སྐུ་སྒེར་ཡིག་ཚང་ནང་ཨུ་ཚུགས་ཀྱི་སྡོད་བཞིན་ཡོད་ xxxxxxxxxxxxxxxxxxxxxx་
མི་སྒེར་ལ་ཚིག་རྩུབ་སྨྲ་བ་དང་དམོད་ཚིག་བོར་བ། ཀླན་ཀ་འཚོལ་བའི་མཆན་གྱི་རིགས་ལ་ཁ་བརྡས་དགའ་བསུ་མི་ཞུ། དེའི་རིགས་ཀྱི་མཆན་དང་མཆན་རྒྱག་མཁན་གཉིས་ཀ་འགོག་བཞིན་ཡོད།
ཁ་བརྡ་རྩོམ་སྒྲིག་པས།
khabdha@gmail.com
http://www.khabdha.org
ངས་སྐུ་ངོ་དང་སྐུ་དྲག་གཉིས་ལ་ཁྱད་པར་ཞེ་དྲགས་མཐོང་མ་སོང་། གལ་སྲིད་བློ་བཟང་སེང་གེར་བཀའ་ཁྲི་ཐོབ་སོང་ན། ཉི་མ་དེ་ནས་བཟུང་ཁོང་ཡང་སྐུ་ངོ་ཆགས་སོང་བ་མ་ཡིན་ནམ། ཁོའི་བུ་རབས་ཚ་རྒྱུད་ཀྱང་སྐུ་ངོའི་རིགས་རྒྱུད་དུ་གཏོགས་པ་མ་ཡིན་ནམ། སྐུ་དྲག་སྐུ་ངོའི་ཁྱད་པར་མ་རྩོད་པར་སུ་ལ་ཤེས་ཡོན་འདུག སུ་ལ་འཇོན་ཐང་འདུག སུ་ལ་ལྷག་བསམ་འདུག སུ་ལ་སྙིང་སྟོབས་འདུག་རྩད་གཅོད་གཏོང་རོགས་ཞུ། སྐུ་ངོ་དང་སྐུ་དྲག་ནི་མིང་གདག་ཕྱོགས་ཤིག་གི་ཁྱད་པར་ལས་དོན་ལ་བོད་ཀྱི་དཔོན་པོ་ཚོར་འབོད་སྟངས་ཤིག་རེད། ད་དུང་སྡེ་བ་དང་སྡེ་སྲིད་ཀྱང་ཡོད་པ་མ་ཡིན་ནམ། སྐུ་དྲག་གི་རིགས་རྒྱུད་ལ་འདོད་པ་མེད་ན་བོད་ཀྱི་ལྷ་བཙན་པོ་ཚོའི་གདུང་རིགས་ཡིན་པར་གྲགས་པའི་ལྷ་རྒྱ་རིའི་གདུང་རྒྱུད་འདི་དག་དང་། ས་སྐྱ་འཁོན་གྱི་གདུང་རྒྱུད། འབྲི་གུང་སྐྱུ་རུའི་གདུང་རྒྱུད། རྙིང་མ་བའི་གཏེར་སྟོན་དག་གི་གདུང་རྒྱུད། པཎ་ཆེན་སྲས་མོ་སོགས་ལ་ཡང་ངོ་ལོག་རྒྱག་དགོས་པར་མི་འགྱུར་རམ། གདུང་རྒྱུད་མི་དགོས་ན་ཆོས་སྲིད་གཉིས་ཀའི་ཕྱོགས་ནས་མི་དགོས་པ་བྱེད། དགོས་ན་ཆོས་སྲིད་གཉིས་ཀའི་ཕྱོགས་ནས་དགོས་པ་བྱེད། ཁོ་བོའི་ལྟ་ཚུལ་ལ་མི་དམངས་ལ་ཕན་ན་གདུང་རྒྱུད་ཡིན་ན་ཅི་ཡང་མི་སྐྱོན་པར་བསམས།
ཁ་བརྡ་ཚང་ལ་ཞུ་རྒྱུ། ་་ཀློག་ཀ་འཚོལ་་་ཟེར་བའི་དོན་ག་རེ་རེད་ལགས།
བཀུར་འོས་་་ངེས་དོན་གྱི་མཁས་པ་ཐུབ་བསྟན་སྤྱིན་པའི་ཤ་ཚའི་གསུངས་ཅིག་གནང་བ་ཡིན་པར་ངོས་འཛིན་བྱེད་རྒྱུ་་་་འོན་ཀྱང་ངའི་མ་འོངས་བའི་བཀའ་ཁྲི་བློ་བཟང་སེངྒེ་ཡིན་་་་ང་ལ་ཡང་ང་རེའི་ཚོད་ཀྱི་རྒྱུ་མཚན་མང་ ། གལ་དེ་་བསྟན་འཛིན་རྣམ་རྒྱལ་ལ་ཐོབ་ཀྱང་་་བློ་འགྱོད་མེད་་་་ཁོང་ཡང་བཀའ་ཁྲིའི་མཚན་ཉིད་ཡོངས་སུ་ཚང་བར་འདོད །
དཀོན་མཆོག་ནོར་བུའི་གསུང་དེ་རེད། བདེན་གཏམ་གསོན་པོ་རེད། སོ་སོའི་རྒྱབ་བསྐྱོར་སུ་ལ་བྱེད་དང་མི་བྱེད་རང་དབང་རེད་ལའང་ཐ་མ་གཅིག་ཕམ་གཅིག་རྒྱལ་བ་ཆོས་ཉིད་རེད། ཐ་མའི་ཐག་གཅོད་གང་བྱུང་བ་དེ་ལ་ཚང་མས་ངོས་ལེན་དང་རྒྱབ་བསྐོར་དགོས་པ་ནི་བཟང་སྤྱོད་དང་མཐུན་པ་ཞིག་ཡིན། དེ་མིན་ཚིག་ངན་ཡོད་ཚད་འདིར་སྤུངས་པ་ཡིན་ན་ཡག་རང་མ་རེད།
སློབ་དཔོན་ཆེ་མོ་མིང་མཚུངས་པའི་མཁས་དབང་བློ་བཟང་སྦྱིན་པ་ལགས་ཀྱིས་གསུངས་པར་རྒྱུ་མཚན་དུ་འདུག་པས་ངའི་བཀའ་བློན་བཀྲས་མཐོང་ལགས་ཡིན།
མཆན་འདི་ལ་བསམ་ཚུལ་ཅི་ཞིག་ཡོད།
མཁས་དབང་མཆོག་ལ་དྲི་བ་ཞིག་ཡོད། ཉིད་ནས་བཀའ་བློན་གྱི་ཐུགས་འགན་མ་བཞེས་གོང་ནས་བཀའ་བློན་ཕྱག་རོགས་བཅོ་ལྔ་བསྐོས་འཚར་བའི་གནས་ཚུལ་ཞིག་ཁ་བརྡ་དྲྭ་བའི་མཆན་བུའི་ནང་བཀོད་འདུག་པས་དེ་དག་སུ་དང་སུ་ཡིན་གསུངས་མཆོག་གམ།
ད་ལྟའི་ཆར་བོད་གཞུང་ནང་བཀའ་བློན་བརྒྱད་ལས་མེད་ཀྱང་བཀའ་བློན་བཅོ་ལྔ་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
ཉིད་ཀྱི་ལོ་རྒྱུས་ལ་ཞིགས་ན་དེ་སྔ་ལྡི་ལི་ཆུ་སྒང་གི་དྲུང་ཆེ་ནང་གནང་མྱོང་ཡོད་ཀྱང་ཉིད་ནས་དེའི་སྐོར་མི་མང་ལ་རྩ་བ་ནས་མི་ཤོད་པའི་རྒྱུ་མཚན་གང་ཡིན་ནམ།
ཉིད་ཀྱི་སློབ་སྟོན་པ་གཙོ་བོ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་ཡིན་བཞིན་ཏུ་ད་དུང་མི་མང་ལ་ཟབ་གདོང་རིན་པོ་ཆེ་ཉིད་ཀྱི་སློབ་སྟོན་པ་ཞུ་ཡུལ་ཡིན་ཞེས་གསུངས་དགོས་པའི་རྒྱུ་མཚན་གཙོ་བོ་གང་ཡིན་ནམ
སྐུའི་གསུང་སྒྱུར་ཆེན་མོས་དངོས་སུ་གདོང་སྟོན་ནས་བཀའ་སློབ་འདི་འདྲ་ཞིག་གནང་དགོས་བྱུང་བ་དེས་ང་ཚོ་ཉེན་ཁ་ཞིག་ཏུ་སླེབས་ཡོད་པ་མཚོན་ཐུབ། བློ་བཟང་སེང་གེ་བཀའ་ཁྲིར་འདེམས་མཁན་ཚོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་རྒྱན་རྒྱབ་པ་དང་ཁྱད་ཆེན་པོ་ཡོད་པ་མ་རེད། གོང་དུ་གསུང་སྒྱུར་ཆེན་མོས། ཉམས་མྱོང་དང་ཤེས་ཡོན། མི་གཞི་སོགས་གཙོར་འདོན་བྱས་ནས་བརྗོད་ཀྱི་འདུག་དེ་ཡང་གནད་འགག་ཡོད་འདྲ།
དེ་ཁྱོད་ལ་བརྩད་གཅོད་བྱེད་དབང་ཡོད་པ་མརེད། དེ་ལས་འདིར་ལྟོས་ཤིག
ཇ་མ་ཟེར་བའི་ཅོལ་ཆུང་པོ། །
དོན་མེད་ངལ་བའི་གཡམ་རྒྱུགས་པོ། །
རང་ཉིད་གར་འགྲོའི་གཏོལ་མེད་པར། །
གཞན་ལ་འཕྱ་བ་ཡིད་རེ་མུག །ཇ་མ་རྣམ་པར་འཐག་པའི་མདོ་རྫོགས་སོ། །
གསུངས་བསྒྱུར་པོ་ལ་གུས་བཀུར་ཡོད། ཡིན་ཡང་ཆབ་སྲིད་ཀྱི་ནང་དུ་གསུངས་བསྒྱུར་པོ་མཚན་ཐོག་ནས་འདི་ལྟར་གསུངས་ན་དེ་རན་པོ་མི་འདུག
Geyshey Thupten Jinpa la, you are right 100 percent. We have to vote Kasur Tenzin Tethong la, by any how this kalon Tripa 2011.
my Katri is T Tethong la for sure. Bhod gyal lo
ཚེ་སྐྱིད་ཀྱི་གསུང་བ་ལ་མངོན་པར་སྟོད་དོ་། ཇ་མ་ལགས་སེམས་ཆུང་བྱས་ན་མིན་ནས་། BB.C
ངོ་མ་རེད་ཡ། ད་བློ་སེང་ལ་རེ་བ་བྱས་པ་ལས་བཀྲས་མཐོང་ཡག་ས་རེད། ངས་བློ་གཟུ་བོར་གནས་ནས་སྐད་ཆ་ཤོད་བཞིན་ཡོད།
ལར་ནི་དམངས་གཙོའི་ཐོབ་ཐང་བེད་མེད་དུ་མ་སོང་གྱིས།
མུ་མཐུད་དུ་ཞུ་ཆོག
དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱི་གསུང་ཚིག་རེ་རེ་ལ་ཞིབ་ཏུ་སེམས་པ་ན། དེ་ཡང་རྒྱུ་མཚན་མེད་པ་ཞིག་ག་ལ་ཡིན། འོན་ཀྱང་ང་རང་ཉིད་ཀྱི་ཐོག་མའི་སེམས་ནང་གི་གཏན་འབེབས་ནི་བློ་བཟང་སེང་གེ་ཡིན། རྒྱུ་མཚན། ལོ་ན་གཞོན་པ། རྒྱལ་སྤྱིའི་ཁྲིམས་དོན་ལ་མཁས་པ། ཤེས་ཡོན་ལྡན་པ། བློ་སྤོབས་ཆེ་བ། མི་རབས་གསར་བ་བཅས་རེ་རེ་ལ་རྒྱབ་ལྗོངས་ཡང་ཡོད། ངས་མི་རབས་གསར་བ་ཞེས་པའི་ཐ་སྙད་འདི་ངས་མུ་མཐུད་ཉར་བ་ན། སྐབས་འདིར་ངས་སོ་སོའི་མི་རིགས་དང་རྒྱལ་དོན་ལ་འགན་མ་འཁུར་བའི་ཞེན་ཁོག་ཅིག་རེད་སྙམ་སོང་། དེ་བཞིན་ཞིབ་ཏུ་བསམ་བློ་བཏང་ན་བློ་སེང་ནི་ལོ་ན་གཞོན་སྟབས། ཁོང་ལ་འཇོན་ཐང་དང་ནུས་པ་ཡོད་ན་ཕྱིས་སུ་རིམ་གྱིས་གོ་སྐབས་སྤྲད་ཆོག་པ་ཞིག་རེད། ལ་ལས་ཨོ་བྷ་མ་དང་བློ་སེང་གཉིས་བསྡུར་གྱིན་འདུག དེ་ནི་གླེན་རྟགས་ཤིག་ལ་ངེས་འཛིན་བྱེད་ཀྱིན་ཡོད། རྒྱུ་མཚན་ཁོང་གཉིས་ལོ་ན་གཞོན་པ་བདེན་ནའང་ཨ་རིའི་རྒྱལ་ཁབ་དང་བཙན་བྱོལ་བོད་གཞུང་བསྡུར་ཐབས་ག་ལ་ཡོད། གལ་སྲིད་ཨོ་བྷ་མས་ནོར་འཁྲུལ་བྱུང་ནའང་ཨ་རིའི་སྲིད་གཞུང་ནི་སྔོན་ལྟར་བརྟན་པོ་རེད། བློ་སེང་གིས་འགན་འཁུར་དགོས་པའི་བཙན་བྱོལ་བོད་གཞུང་དེ་ལོ་ངོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་ཨ་རིའི་སྲིད་གཞུང་དང་བསྡུར་ཐབས་ཨེ་ཡོད། དེ་ང་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས་པ་ཞིག་རེད།
དེ་ཡིན་དུས་ངས་ད་ལྟའི་སྐབས་འདིར་བཀྲས་མཐོང་ལ་ངེས་པར་ཏུ་བསམ་བློ་གཏོང་དགོས་པ་ཞིག་ཆགས་སོང་། ཁོང་གི་མཉམ་མྱོང་། འཇོན་ཐང་། ཤེས་ཚད། ཞེ་སྤོབས། བྱས་རྗེས། ལྷག་བསམ་བཅས་ཁོའི་ཐོག་མའི་བྱིས་དུས་ནས་ད་ལྟའི་བར། བཙན་བྱོལ་བོད་གཞུང་དང་བོད་མིའི་བདེ་སྡུག་གི་ཆེད། རླབས་ཆེན་གྱི་ལས་དོན་མང་པོ་ཞིག་བསྒྲུབས་ཡོད་པ་མ་ཟད། དེ་རེ་རེ་ལ་གྲུབ་འབྲས་ཡང་རླབས་ཆེན་ཐོན་འདུག དེའི་སྟབས་ཀྱིས་ད་དུང་ཁོ་ལ་གོ་ཐོབ་ཡག་པོ་རེ་སྤྲོད་ཐུབ་ན། སྔོན་ལས་ལྷག་པའི་བྱས་རྗེས་རེ་འཇོག་ཐུབ་པའི་ཡིད་ཆེས་དང་རེ་བ་ཆེ། ང་ཚོས་སྐུ་དྲག་གི་མི་རྒྱུད་ཅིག་ལ་ཞེ་གནག་ནས་དྲིན་ཆེན་ལ་དྲིན་ལོག་གིས་སྣང་མེད་དུ་བཞག་ན། ང་ཚོ་དེ་བོད་མི་རིགས་ལ་གྱོང་གུད་རེད།
ངས་སྔོན་འགྲོའི་བཀའ་ཁྲིའི་འོས་བསྡུ་ནས་ད་བར་བསམ་བློ་བཏང་བ་མ་ཟད། དྲ་ཚིགས་ཁག་ཉུལ་ནས་མི་རེ་ཡི་ལོ་རྒྱུས་དང་བྱས་རྗེས་ལ་ཡང་བསམ་གཞིགས་མང་པོ་བྱས། དེ་རིང་ང་རང་ཉིད་ཀྱི་འོས་ཤོག་གཅིག་པོ་དེ་བཀྲས་མཐོང་ལ་དབང་བ་ཡིན།
དགོངས་དག་མཆན་འདི་གཉིས་འགྲོ་སོང་། དྲ་བདག་ནས་གཅིག་སུབ་རོགས་གནང་ཐུགས་རྗེ་གཟིགས།
བོད་མའི་རང་དབང་ལག་དེབ་གྲལ་སྒྲིག་བྱས་ཏེ་། དེ་ནས་བཀའ་བློན་ཁྲི་བ་ཇིག་མིག་ཡག་རབ་དང་། ངའི་བཀའ་བློན་འདི་ཡིན་ཞེ་ན་རན་པོ་འདུག
གསུང་བསྒྱུར་གྱིས་འབེན་མེད་པར་མདའ་ལྡིག་པ་རང་རེད། ཕྱག་དཔེ་མཁས་པ་ཁོང་ག་རེ་གནང་བ་ཡིན་ནམ། བསྟན་འཛིན་བཀྲས་མཐོང་གཞན་གཉིས་ལས་འོས་པའི་རྒྱུ་མཚན་དུ་ཚོགས་པ་ག་རེ་བཙུགས་ན་ཡང་བདག་བཟུང་གནང་གི་མ་རེད་ཟེར། དེ་བདེན་པ་ཡིན་སྲིད་མོད་དེ་བཀྲ་ཤིས་དབང་འདུས་དང་བློ་བཟང་སེང་གེ་གཉིས་ལས་འོས་པའི་རྒྱུ་མཚན་དུ་ག་ནས་འགྲོ། འོ་ན་ཁོང་གཉིས་སུས་ཚོགས་པ་བཙུགས་ནས་བདག་བཟུང་བྱས་པ་རེད། དེ་གསུང་ཡ་མེད་ན་བདག་བཟུང་མ་བྱས་པ་དེ་ཁོང་གཉིས་ལས་ཁྱད་པར་འཕགས་པ་ཇི་ལྟར་འགྱུར། ང་རང་གིས་གོ་མྱོང་བ་ལ། ཉིའུ་ཡོག་བོད་ཀྱི་ཐེབས་རྩ་དང་ལོན་ཌོན་བོད་ཀྱི་ཐེབས་རྩ་དང༌། དྷ་སའི་ཡོངས་གླིང་སློབ་གྲྭ་གསུམ་ལ་ལབ་གླེང་ཕན་བུ་ཡོད་པ་ལས་དེ་མིན་གོ་མྱོང་མེད། གསུང་བསྒྱུར་ལགས་ཀྱིས་བཀའ་ཁྲིའི་འོས་མི་ནོར་མེད་དམ། ཁོང་ནམ་རྒྱུན་ཆོས་ཕྱོགས་ཁོ་ན་ལས་ཆབ་སྲིད་དང་འབྲེལ་བ་མ་གནང་ཙང༌།
ཚེ་རིང་སྐྱིད་ལགས།དོན་དམ་གྱི་མཁས་དབང་ཐུབ་བསྟན་སྦྱིན་པ་ལགས་ལ་ཅིག་བཤད་ཁུལ་འདི་ཁྱོད་ལ་མི་འོས་པ་རེད།ཁྱོད་ཀྱིས་ཆབ་སྲིད་སྐོར་བཤད་ཆོག་ན་ཁོང་གིས་མི་ཆོག་པ་ཅི་ཡིན་ནམ།དེ་ལས་ཁྱོད་ཀྱིས་གཉེར་བཞིན་པའི་དྲ་ནང་གི་བོད་ཟེར་བ་དེ་ཡར་རྒྱས་ལ་གཏོང་མི་ཐུབ་ན་དེས་ཕན་ཐོགས་ཅི་ཡང་མི་འདུགདེའི་ནང་དུ་གསར་བ་ནི་ཅི་ཡང་མི་འདུགརང་གི་མདུན་གྱི་ལས་ཀ་དེ་ཡག་པོ་ཞིག་མི་འཁྱོངས་པར་ད་དུང་གཞན་ལ་ཐེ་གཏོགས་བྱེད་པ་འདི་ང་ཚོ་བོད་པའི་མི་རབས་གསར་བ་ཚོར་ཐོབ་པའི་སློབ་སྦྱོང་ཡིན་ས་རེད།ད་དེ་ཙམ་ཡིན།
གསུང་བསྒྱུར་མཆོག་གི་གསུངས་པ་འདི་ལ་རྒྱུ་མཚན་འདུག་སྟེ། བདེན་དཔངས་མིན་འདུག རྒྱུ་མཚན་ཞུ་བ་དེ་བདེན་པ་དང་གནས་ལུགས་དང་། རིག་པ་དང་། མཁས་པ་དང་། སྐད་སྒྱུར་སོགས་གང་ཡང་མི་ཐོག རྒྱུ་མཚན་ཟེར་བ་འདི་རྒྱུ་དང་དབང་ཡོད་པ་ལ་བདག་པ་དང་། ཉམས་ཆུང་དང་། དམངས་ལ་ནམ་ཡང་བདག་པར་མ་བྱེད་ལགས། རྒྱ་མི་ལ་རྒྱུ་མཚན་ཡོད་ཙང་བོད་དེ་ཁོང་ཚོ་ལ་བདག་པ་རེད། བོད་རྒྱ་མིའི་མངའ་ཁོངས་ཡིན་ཞེས་འཛམ་གླིང་སྤྱི་དང་ལྷག་པར་བཙན་བྱོལ་བོད་གཞུང་གིས་སྒྲོག་པར་བྱེད། ཁོང་ཚོ་ལ་དཔང་པོ་དང་བདེན་པ་མི་དགོས། དབང་དང་རྒྱུ་མངའ་བས་ན་རྒྱུ་མཚན་ཡང་ཁོང་ཚོར་མངའ་འོ། ཨེ་རེད།
ད་བཀྲས་མཐོང་མཆོག་གཅིག་ནས་བཀའ་བློན་ཟུར་པ་ཡིན་པ་དང་། གཉིས་ནས་གྲོགས་པོ་མང་པོ་ཞིག་བཀའ་ཤག་དང་སྐུ་སྒེར་ཚང་ལ་ཡོད་པ། གསུམ་ནས་འབྱོར་ལྡན་རྒྱུ་ཆེན་གྱི་གྲོགས་པོ་མང་པོ་ཡོད་ཙང་། བཀྲས་མཐོང་ཚང་ལ་མཐའ་ས་སྐུའི་གསུང་སྒྱུར་མཆོག་ནས་ཞབས་འདེགས་ཀྱང་ཞུ་བཞིན་ལགས།
ཕྱི་ལོ་2010 ཟླ་12 ཚེས་27 ཉིན་གྱི་ཉིན་གུང་གསར་འགྱུར། གསར་དུ་ཐོན་པའི་གསར་འགྱུར་ལྟར་ན། ཚེ་རིང་སྐྱིད་ཅེས་པས་སྐུ་ཡི་གསུང་སྒྱུར་གྱི་སྨྲ་བརྗོད་རང་དབང་ལ་དོ་ཕོགས་བཏང་འདུག ཡང་ཤར་རལ་གྲི་ལགས་ཀྱིས་མགོ་མ་ཚོས་པར་ཀླད་ལྡག་འདུག གང་ཡིན་ཞེ་ན། ཁོང་གི་མཆན་ནང་འདི་ལྟར་བཀོད་འདུག ལ་ལས་ཨོ་བྷ་མ་དང་བློ་སེང་གཉིས་བསྡུར་གྱིན་འདུག དེ་ནི་གླེན་རྟགས་ཤིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཅེས་བཤད་པ་ནི་བརྟག་དཔྱད་མ་བྱས་པའི་སྐད་ཆ་རང་རེད།
འདི་ནི་ཕྱི་ལོ་2008ཟླ་བ་10 ཚེས་27 ཉིན་ཝ་ཤིང་ཊོན་གྱི་ཝུཌི་རོའོ་ཝིལ་སོན་དུ་(Woodrow Wilson Center) (རྒྱལ་ཁབ་ཀྱི་དམིགས་བསལ་དཀའ་ངལ་སེལ་ཐབས་ཀྱི་བསམ་བློ་བའི་ཞུགས་མོལ་ཚོགས་འདུ།)ཐོག་བློ་བཟང་སེང་གེས་ང་རྒྱ་ནག་གི་ཨོ་བྷ་མ་བྱེད་འདོད་ཡོད། གང་ཡིན་ཞེ་ན་ང་དང་ཨོ་བྷ་མ་གཉིས་ལ་མཚུངས་པའི་ཆ་མང་པོ་ཡོད་ཅེས་བཤད་པ་ལས་གླེང་གཞི་འདི་བྱུང་བ་རེད། རྗེས་སུ་དབྱིན་ཡིག་ཐོག་འདི་སྐོར་བགྲོ་གླེང་ཆེས་མང་པོ་བྱུང་ཡོད། དེ་འདྲ་སོང་ཙང་བློ་བཟང་སེང་གེ་ལགས་དང་ཨོ་བྷ་མ་བསྡུར་བ་བྱེད་མཁན་ཁོང་རང་ཉིད་ཡིན་པ་ལས་གཞན་མ་རེད། དེ་གླེན་རྟགས་ལ་ངོས་འཛིན་བྱ་འདོད་ན། ཤར་རལ་གྲི་ཁྱེད་ཀྱིས་བློ་སེང་ལགས་གླེན་པར་བརྩི་ཆོག དེ་ལ་དགག་བྱ་མེད།
སྐུའི་གསུང་སྒྱུར་མཆོག་གིས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་གལ་ཆེའི་ཚོགས་པ་མང་པོ་བཙུགས་ཏེ། ཁོང་གིས་ཁྱི་ཁ་རུས་བཟུང་མ་གནང་བར་གཞན་གྱི་ལག་ཏུ་བཞག་ཡོད་པ་འདི་གུ་ཡངས་པའི་སྣང་ཚུལ་ཞིག་རེད་ཅེས་གསུངས་པར། དཀོན་མཆོག་ཅེས་པས་འདི་ལྟར་བཤད་འདུག གཞན་གཉིས་ལས་འོས་པའི་རྒྱུ་མཚན་དུ་ཚོགས་པ་ག་རེ་བཙུགས་ན་ཡང་བདག་བཟུང་གནང་གི་མ་རེད་ཟེར། (བདེན་པ་ཡིན་སྲིད་མོད་དེ་བཀྲ་ཤིས་དབང་འདུས་དང་བློ་བཟང་སེང་གེ་གཉིས་ལས་འོས་པའི་རྒྱུ་མཚན་དུ་ག་ནས་འགྲོ། འོ་ན་ཁོང་གཉིས་སུས་ཚོགས་པ་བཙུགས་ནས་བདག་བཟུང་བྱས་པ་རེད།) སྐུའི་གསུང་སྒྱུར་ནས་བཀྲས་མཐོང་གི་མི་གཤིས་བརྗོད་པ་ཙམ་ལས་ལྡོག་ཕྱོགས་ནས་སྐྱེ་བོ་བྱེ་བྲག་པ་སུ་ཞིག་ལ་དམིགས་ནས་གསུངས་མེད་པར་སྙམ། འོན་ཀྱང་ཁྱོད་ཀྱིས་བཤད་པ་ལྟར་ན། བཀྲ་ཤིས་དབང་འདུད་ལགས་དང་བློ་སེང་གཉིས་ཀྱིས་ཚོགས་པ་བཙུགས་ཡོད་པའི་ཁུངས་ཁྱོད་ལ་སྟོན་རྒྱུ་མི་འདུག་ན། ཚོགས་པ་མེད་པར་བདག་བཟུང་ཇི་ལྟར་བྱེད། འོ་ན་ཉི་མ་ཁ་དཀར་ངོ་དཀར་ལ་ཇག་པ་བརྒྱབ་སྟེ་གཞན་གྱི་ཚོགས་པ་བདག་བཟུང་བྱེད་དགོས་སམ། འོན་ཀྱང་མི་དམངས་ལ་ཕན་པའི་ཚོགས་པ་འཛུགས་མི་ཆོག་ཅེས་སུས་ཀྱང་ཁོང་གཉིས་ལ་བཀག་འགོག་བྱས་ཡོད་པ་མ་རེད། མ་བཙུགས་པ་ནི་མ་འཇོན་པའི་རྟགས་རེད། འཇོན་ན་སུས་བཙུགས་ཀྱང་དགེ་ལས་སྐྱོན་མེད། རྡ་སའི་ཡོངས་གླིང་སློབ་གྲྭའི་བརྩོད་གཞི་འདི་ཁྱོད་ཀྱིས་དཔེ་ལ་ཁྱེར་བར་འབྲེལ་བ་ཅུང་ཞིག་མེད་དམ་སྙམ།
ཤེས་རབ་ནས་རྒྱུ་དང་དབང་གི་སྐོར་ལ་འགྲེལ་འདུག རྒྱུ་དང་དབང་ཡོད་པས་འགྲོ་བའི་མིའི་འཕེལ་རིམ་གྱི་ནང་སྤྱི་ཚོགས་ཀྱི་ཁ་ལོ་བསྒྱུར་བ་དང་། ཁྲིམས་ཀྱི་ནུས་པར་བརྒོལ་བ། ཉམས་ཆུང་གི་གཉའ་ནས་གནོན་པ་སོགས་ཚད་ལས་བརྒལ་བའི་ཉེས་པ་བསགས་པ་བཤད་ནས་བཤད་ཚར་ཡས་མེད། འོན་ཀྱང་ཚང་མ་ཉ་ཉུང་མཉམ་བསྲེས་བྱས་ན་གླེན་པའི་རང་གཤིས་དང་གཞན་འབྱོར་ཕུན་ཚོགས་ལ་མི་བཟོད་པའི་ཕྲག་དོག་གི་ཟིན་ཐོ་འགོད་པར་འགྱུར་རོ། ། ཉིན་གུང་གསར་འགྱུར་རྫོགས་སོ། །
བོད་ཀྱི་བྷེ་བྷེ་སེ་གསར་ཁང་གིས་གནས་ཚུལ་དུས་ཐོག་བཀོད་པར་ཐུགས་རྗེ་ཆེ་ཞུས་པ་ཡིན།
གསུང་བསྒྱུར་མཆོག་གིས་གསལ་བཤད་གནང་བར་ཐུགས་རྗེ་ཆེ། ཁས་ལེན་དང་མི་ལེན་ང་ཚོའི་རང་དབང་རེད། དེ་ལྟར་གསུང་ཆོག་པ་དེ་བོད་མི་ཡོངས་ཀྱི་ཐོབ་ཐང་རེད། འོན་ཀྱང་ཟམ་གདོང་ལ་སྐྱབས་རྗེ་ཞེས་བརྗོད་ན་ཅུང་མི་ལེགས་པར་འདུག སྤྱིར་མིང་རྣམས་བརྗོད་འདོད་ཀྱི་རྗེས་འབྲིང་ཡིན་པ་དང་། མིང་ལ་བདག་པོ་ཆེར་མེད་པས་སོ་སྐྱེས་ལ་སངས་རྒྱས་ཞེས་མིང་འདོགས་ཆོག་མོད། འོན་ཀྱང་སྐྱབས་རྗེ་ཞེས་པ་དེ་དམིགས་བསལ་གྱི་ལོ་རྒྱུས་དང་རྒྱུ་མཚན་ཞིག་དགོས་པ་ལས་མཁས་པ་ཡིན་པ་ཙམ་གྱིས་དེ་ལྟར་ཆེ་བརྗོད་བྱེད་མི་རུང་།
སྦི་སྦི་སི། དྷ་སའི་མེག་ལོ་ན་ཁྲོམ་སྟོན་མཁན་ཨ་མ་སྦི་སྦི་སི་ཟེར་བ་ཞིག་འདུག ཁྱེད་རང་དེ་ནི་ཡིན་རྒྱུ་མ་རེད། གསུང་བསྒྱུར་གྱིས་ངས་ད་ལྟའི་དེ་ཚོའི་ནང་ནས་འོས་ཤོས་སུ་མཐོང་གི་ཡོད། རྒྱུ་མཚན་གང་ཡིན་ཟེར་ན། ཞེས་ཐེངས་ཁ་ཤས་གསུངས་འདུག་ཀྱང་སྦི་སྦི་སིས་བཀྲས་མཐོང་གི་མི་གཤིས་བརྗོད་པ་ཙམ་ལས་ལྡོག་ཕྱོགས་ནས་སྐྱེ་བོ་བྱེ་བྲག་པ་སུ་ཞིག་ལ་དམིགས་ནས་གསུངས་མེད་པར་སྙམ་ཞེས་མངོན་སུམ་ལ་བསྙོན་བཏབ་འདུག
མངོན་སུམ་བསྙོན་མཁན་དེ་ཚོར་ལ་འགྲེལ་བཤད་བྱས་ཀྱང་ཕན་ཐོགས་ག་རེ་ཡོད།
ཚོགས་པ་བཙུགས་མཁན་ཞིག་དགོས་ན་ལས་མེད་ཚོགས་པ་ཤ་མེད་ཚོགས་པ་སོགས་ཚོགས་པ་བཙུགས་མཁན་དེ་ཚོ་ལ་འོས་བླུགས། ཚོགས་པ་མ་བཙུགས་མཁན་ཞིག་བཀའ་ཁྲི་འོས་ཀྱི་མེད་ན་ཟམ་གདོང་རིན་པོ་ཆེ་ཡང་ད་ལྟ་ནས་མར་ཕོབ། ཁོང་གིས་ཚོགས་པ་བཙུགས་རབས་གོ་མ་མྱོང༌།
ཧ་ཧ། དྲྭ་གྲོགས་ཚོ་རིགས་ལམ་བསྐོར་ནས་ཉམས་གཏོང་མ་འདུག རིགས་ལམ་ལོ་བརྒྱ་ཕྲག་མང་པོར་སྦྱངས་ཀྱང་མཐར་རྒྱ་མའི་གཡོ་འཕྲུལ་གྱི་དྲྭ་བར་ཚུད་ནས་འཁོར་གསུམ་བཀོག་རྒྱུ་མེད་པ་ཞིག་སྐོར་བ་རེད། གང་ཟག་སྒེར་ལ་སྐྱོན་བརྗོད་ཁོ་ན་བྱས་ན་ཕན་ཐོགས་གང་ཡང་མེད། དེས་ན་ང་རང་ཚོར་དགོས་པའི་བཀའ་སྐོར་ལ་གསལ་བཤད་གནང་རོགས།
བཀའ་བློན་ཞེས་འབོད་དགོས་སམ་སྲིད་འཛིན་ཞེས་འབོད་དགོས། དམངས་གཙོ་ཚད་ལྡན་ཡིན་ན་བཀའ་ཡི་བློན་པོ་དགོས་སམ། བཀའ་བློན་ཡོད་མཁན་ཕལ་ཆེར་འབྲུག་དང་བཙན་བྱོལ་གཞུང་གཉིས་ལས་གཞན་དེང་དུས་ཡོད་རབས་གོ་མ་སོང་། ཡོད་ལས་ཆེ། དད་པ་མི་དགོས་དག་སྣང་མི་དགོས་ན་བཀའ་བློན་ཡང་མེད་པར་བྱས་ན་ལེགས་པར་མངོན།
ཕྱི་ལོ་2010 ཟླ་12 ཚེས་27 ཉིན་གྱི་དགོང་དྲོའི་གསར་འགྱུར། དཀོན་མཆོག་ལུང་གིས་བསྙད་པའི་མདོ།
དཀོན་མཆོག་ལགས་སུ་ཆེད་ཞུ། ངས་ཞུས་པ་ཚང་མ་མངོན་སུམ་སྙོན་ཡོད་ན། ཁྱེད་ཀྱིས་བཤད་པ་ཚང་མ་འགལ་མ་ངེས་མ་འགྲུབ་པའི་གཏན་ཚིག་ཤ་སྟག་རེད། ང་ལ་ཟམ་གདོང་རིན་པོ་ཆེས་ཚོགས་པ་བཙུགས་མེད་པའི་བྱུང་བ་བརྗོད་རྒྱུ་མེད་ལ། ཤ་མེད་ཚོགས་པ་འཛུགས་མཁན་རྣམས་ལས་མེད་ཡིན་པའི་རྒྱུ་མཚན་དེ་བས་ཀྱང་འགོད་རྒྱུ་མེད། གང་ལྟར་ཁྱེད་རང་གི་གཞན་བརྟེན་གྱི་སྣེ་མོ་འཚོལ་དང་ཁྱེད་ཀྱིས་རྒོལ་འདོད་པའི་སྐྱེ་བོ་རྣམས་ཀྱིས་ཁྱེད་ལ་ཕན་ཇི་ཙམ་བཏགས་འདུག་ལེགས་པར་ཤེས་པར་འགྱུར། ངར་འཛིན་འདིས་བློ་གྲོས་ཀྱི་མིག་སྒྲིབ་པས་ན་དོན་དངོས་མི་མཐོང་བ་དངོས་པོའི་གཤིས་ཡིན་ཕྱིར་ཁྱེད་ལའང་ཁག་དེ་ཙམ་མེད། ངས་གསལ་པོར་བཤད་ན་ཆོས་དོན་བརྒྱུད་བོད་ནས་གསར་དུ་ཕེབས་པའི་གྲྭ་རྒྱུན་རྣམས་ལ་གནང་བཞིན་པའི་འཚོ་སྣོན་དང། ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་མཁན་རང་རིགས་རྣམས་ལ་ཐོབ་པའི་གོ་སྐབས་བཟང་པོ་སོགས་ཀྱི་སྣེ་མོ་འཚོལ་དང་། འདིས་སུ་ཞིག་བྱས་པ་ཅན་དང་སུ་ཞིག་བཀའ་དྲིན་ཅན་ཡིན་པའི་དོན་དངོས་ཀྱང་ཤེས་པར་འགྱུར་རོ། །དེ་ཙམ་དུ་མ་ཟད་ཨ་རིའི་བོད་སྐད་རླུང་འཕྲིན་དང་ཨེ་ཤ་ཡའི་བོད་སྐད་རླུང་འཕྲིན་གཉིས་ཀྱིས་བོད་ཆབ་སྲིད་ཐད་ལག་རྗེས་ཇི་ཙམ་བཞག་པ་དང་། འདིའི་བྱུང་བའང་ལེགས་པར་ཤེས་དགོས་པར་སྣང་། དོན་དངོས་སུ་ང་ལྟ་བུ་བྱས་རྗེས་དྲུད་ཤུལ་གང་ཡང་མེད་མཁན་གྱིས་བྱས་པ་ཅན་ལ་གཤེ་བ་ནི། དུས་ངན་བསྐལ་པའི་སྙིགས་མ་ལ། །ཁྲམ་པ་རིན་ཆེན་གསེར་ལས་བྲིན། །ཞེས་པའི་ལུང་བསྟན་ཐོག་ཏུ་འཁེལ་འདུག
མཁས་དབང་ཐུབ་བསྟན་སྦྱིན་པ་ལགས་ཀྱི་གསུངས་པར་རྒྱུ་མཚན་ཆེན་པོ་འདུག་ད་རེས་ཀྱི་བཀས་བློན་ཁྲི་པའི་འོས་གཞི་འདི་ཤིན་ཏུ་ནས་གལ་ཆེ་བས་ཚང་མས་དོ་བརྟན་ནན་པོ་གནང་རོག་ཐུགས་རྗེས་གཟིགས།
དགོངས་དག་་་བཀའ་བློན་ཁྲི་པ་
xxxxxxxxxxxxxxxxxxxxx
dear bbc . do not make false news.
འཆི་མེད་ལགས། ཁྱེད་རང་བོད་པ་ཡིན་ན་བོད་ཡིག་བྲི་རོགས་གནང་། འདི་ངའི་རེ་བ་ཡིན། མི་རིགས་འདི་རླུང་ལ་མ་བསྐུར།
སྔར་རྒྱལ་དབང་ལྔ་བའི་སྐབས་སུ་སྡེ་སྲིད་ཟེར་བ་ཞིག་ཡོད་པ་གོ་མྱོང་། དེའི་རྗེས་སུ་ ༧གོང་ས་མཆོག་གི་སྐུ་དབང་བཞེས་མེད་པའི་སྐབས་སུ་རྒྱལ་ཚབ་ཟེར་བ་ཞིག་ཡོད་པའི་སྐོར་གོ་མྱོང་། ཁ་སྔོན་རྒྱ་རི་རིན་པོ་ཆེ་ནས་གསུང་དོན། ༧གོང་ས་མཆོག་གི་དབུ་མ་ཁྲིད་པའི་གནས་སྟངས་འོག་ནས་ཕྱག་ལས་གནང་འདོད་མེད་གསུངས་པ་ཡང་༧ རྒྱལ་ཚབ་ཞིག་བསྐོ་བཞག་གནས་དགོས་ཟེར་བ་མིན་འགྲོ་བསམ་པ་ཡིད་ལ་འཆར། དེ་ཡང་བསམ་བློ་གཏོང་དགོས་པ་ཞིག་ཏུ་སྣང་། ༧གོང་ས་མཆོག་གི་ལས་ཁུངས་མཚན་ལ་དེང་སང་སྐུ་སྒེར་ཡིག་ཚང་ཞེས་འབོད་ཀྱི་འདུག ངའི་བསམ་ཚུལ་བྱས་ན་ཉམས་མྱོང་གིས་ཕྱུག་པའི་བགྲེས་པ་ཚོའི་ཐུགས་དགོངས་ན། གལ་སྲིད་༧ གོང་ས་མཆོག་བགྲེས་ཡོལ་དུ་བཞུགས་པའི་དབང་དུ་བཏང་ན་ཡང་སྐུ་སྒེར་ཡིག་ཚང་གི་ཕྱག་ལས་རྣམས་མུ་མཐུད་དགོས་པ་དང་། དེ་ལ་རྒྱལ་ཚབ་ལྟ་བུ་ཞིག་དགོས་པ་ཡིན་ནམ་བསམ། འོན་ཀྱང་རྒྱལ་ཚབ་ཀྱི་འགན་ནི་ལུགས་སྲོལ་བྱས་ན། ༧གོང་ས་མཆོག་སྐུ་ན་ཕྲ་བའི་སྐབས་དང་། ༧གོང་ས་མཆོག་གི་ཡང་སྲིད་ཐུགས་ཐག་གཅོད་ཕྱོགས་ཐད་ལ་འགན་འཁུར་དགོས་མཁན་ཞིག་མིན་འགྲོ་བསམ།
སྡེ་སྲིད་ལམ་ལུགས་ག་འདྲ་ཡིན་མིན་མ་འོངས་བོད་ཀྱི་བཅའ་ཁྲིམས་སུ་ཡོད་པ་མིན་ནམ།
བོད་ཀྱི་སྤྱིར་བཏང་གི་གནས་ཚུལ་ལ་ཞུགས་ནས་ཐེངས་འདའི་བཀའ་ཁྲི་འདེམས་ཕྱོགས་ཐད་སྐད་ཤོར་རྒྱུ་དེ་བོད་མི་མང་ལ་ཤ་ཞེན་ཅན་ཞིག་ཡིན་ཕྱིན་སུ་ཡིན་ན་འང་ཡོད་སྲིད་པ་ཞིག་རེད།
སྐད་ཤོར་སྟངས་དེའང་སྒེར་སོ་སོའི་བསམ་བློ་དང་ཐུགས་བསམ་བཞེས་ཕྱོགས་གཙོ་བོ་བྱས་ནས་གསུང་སྐད་གྱོན་པ་དེ་ཆོས་ཉིད་རེད།
གདམ་ང་ཡོད་པའི་མི་ཀུན་གྱི་གནས་ཚུལ་ལ་ཞིབ་འཇུག་དང་རྟོགས་དཔྱོད་མི་བྱེད་པར་རང་ཉིད་ལ་ཆ་རྒྱུས་ཏོག་ཙམ་ཡོད་པའི་མི་དེའི་གནས་ཚུལ་དང་ཕྱི་རྗེས་བཟང་བའི་ལོ་རྒྱུས་དུམ་བུ་རྒྱུ་མཚན་ཁོ་ནས་མི་འདི་ཐེངས་འདིའི་བཀའ་ཁྲིར་འཚམས་ཤོས་རེད་ཅེས་བརྗོད་རྒྱུ་དེའང་ཆགས་ལྡན་ཞིག་གི་རང་གཤིས་རེད།
བོད་ནས་མཐོ་རིམ་སློབ་མ་འགས།
ཐེངས་འདིའི་སྲིད་འཛིན་དུ་གདམ་པའི་མི་ནི།
གསར་གཅོད་ཀྱི་སྙིང་སྟོབས་ཡོད་པ།
གསོན་ཤུགས་ཀྱི་ཚོར་བ་རྣོ་བ།
ཆབ་སྲིད་ཀྱི་མིག་རྒྱང་རིང་བ།
གཅིག་སྒྲིལ་གྱི་ཐབས་ལ་མཁས་པའི་མི་ཞིག་དགོས་གསུང་པ་ང་ལ་མཚོན་ན་རླབས་ཆེའི་བསམ་བློ་ལ་བཀུར་བཞིན་ཡོད།
ངའི་བསམ་འཆར་རམ་ལྟ་ཕྱོགས་བྱས་ན།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཞལ་བཞུགས་པའི་སྐབས།
བོད་བཙན་བྱོལ་གཞུང་གི་གཞི་བརྟན་པོ་ཡིན་པའི་སྐབས།
ཕྱི་རྒྱལ་ཁག་གི་རྒྱབ་སྐྱོར་ཏོག་ཙམ་ཡོད་པའི་སྐབས།
སྐབས་མང་པོ་ཞིག་དང་བསྟུན་ནས་རྒྱ་བོད་གཉིས་ཀྱི་བར་ན་ཞི་འགྲིག་གི་ཟམ་པ་གཟུགས་ཐུབ་མཁན་གྱི་བཀའ་ཁྲི་ཞིག་དགོས་ངེས་རེད་བསམ་གྱིན་འདུག
དགེ་བཤེས་བླ྄ོ་སྦྱིན་ལ་ཁག་མི་འདུག སྐུ་ངོ་བསྟན་འཛིན་དགེ་བཤེས་༼སྐུ་སྒེར་དྲུང་ཆེ་ཟུར་བ། བཀྲས་མཐོང་གི་ཕུ་བོ༽ཚང་གིས་བཙུར་ཡོང་བ་ཡིན་འདུག
ད་བར་སྐུའི་གསུང་སྒྱུར་དང་སྐུའི་བཀའ་བློན། དེ་བཞིན་སྐུའི་མག་པ་སྟེ། ཨ་རིའི་རླུང་འཕྲིན་གྱི་བློ་བཟང་རྒྱ་མཚོ་སོགས་ཀྱིས་བཀྲས་མཐོང་ཚང་ལ་རྒྱབ་སྐྱོར་ཞུས་སོང་། ད་སྐུའི་གང་ཞིག་ཁྲིད་ནས་བཀྲས་མཐོང་གི་རྐུབ་ནས་སྟེགས་འགྲབ་ཡོད་དམ།
སྐུ་དྲུང་ཡིག་བསྟན་འཛིན་དགེ་བྱེད་འདི་ངོ་མ་སྟོབས་ཤུགས་ཆེན་པོ་འདུག སྐུའི་ཚང་མ་ཁྲིད་ནས་གཅུང་པོ་སྟེགས་བཞིན་ལགས།
ཉིན་ཞིག་སྐུ་ངོ་མ་ཡང་ཁྲིད་ནས་རྒྱབ་སྐྱོར་གནང་བར་ཕེབས་ཤས་ཆེ།
ད་ནས་བཟུང་བོད་རྒྱལ་ཁབ་ཆེན་པོའི་བཀའ་བློན་ཁྲི་བ་། རྒྱ་ནག་གཞུང་ལ་མགོ་སྒུར་ནས་ཕར་རྟུན་བྱེད་མཁན་ཞིག་མི་ཡོང་པའི་རེ་བ་བྱེད་བཞིན་ཡོད་།
ལོ་ཙ་པ་ཐུབ་བསྟན་སྦྱིན་ལགས་ཀྱིས་གསུངས་པ་བཞིན་རྒྱབ་སྐྱོར་ཡོད
གང་ཡིན་ཟེར་ན་གཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ
ལགས་ལ་ཉམས་མྱོང་དང་དྲང་བདེན་ཕུགས་བསམ་བཅས་གང་གི་ཕྱོགས་ཡིན་ན་ཕུན་སུམ
ཚོགས་པ་ཡོད་པ་ང་ལ་ཡིད་ཆེས་ཡོད།།
སྔོན་འགྲོའི་འོས་བསྡུ་ཟིན་པ་དང་དུས་མཚུངས་ཆགས་ཅན་རྩ་ལངས་པ་ཇི་བཞིན་བཀྲས་མཐོང་མཆོག་ལ་རྒྱབ་སྐྱོར་གནང་མཁན་རྣམས་ཇེ་འཁྲུགས་སུ་སོང་སྟེ་བློ་སེང་ལགས་སྐྱེས་ནས་ལྟའི་བར་གྱི་ལོ་རྒྱུས་གྱི་རྒྱུད་རིམ་ཡོད་ཚད་སྔོགས་བཤེར་བྱས་ཏེ་སྐྱོན་གྱི་ཆ་ནས་བ་སྤུ་བུ་ག་ཚུན་ཆད་ནས་སྟོན་ཏེ་མི་མང་མདུན་སར་གསལ་སྟོན་བྱེད་གང་ཐུབ་ཀྱི་ལམ་ནས་ཁོང་ལ་རྒྱབ་སྐྱོར་དང་ཡིད་ཆེས་བརླག་ཏུ་བཅུག་པའི་ལས་འགུལ་འཁྲུགས་པོ་ཞིག་སྤེལ་བཞིན་བ་འདི་ནི་གནས་ཚུལ་སྤེལ་སའི་རྒྱུད་ལམ་ཁག་ནས་ཕྱི་གསལ་ནང་གསལ་རེད། ཡིན་ན་ཡང་གནས་ཚུལ་ཡོད་ཚད་ལན་གྲངས་དུ་མས་ཉན་ཀློག་གི་ལམ་ནས་དཔྱད་ཞིབ་བྱས་བས་ཁོང་ནི་གསེར་གྱི་གོང་བུ་དང་མཚུངས་བས་ཇི་ཙམ་གྱིས་ཕྱི་བརྡར་བྱས་ཀྱང་དེ་ཙམ་གྱི་གསེར་འོད་དོན་པ་ལས་མག་མོག་ཅན་གྱི་རག་གན་དོན་བ་ནམ་ཡང་མི་མངའ། དེར་རྟེན་རྒྱབ་སྐྱོར་གནང་མཁན་མི་མང་ཁྲི་ཕྱེད་གཉིས་མ་ཟིན་ཙམ་དེ་དག་ཀྱང་ནམ་ཡང་སེམས་ཤུགས་ཆགས་དགོས་བ་དང་འགྱུར་བ་གཏོང་དགོས་བའི་གནས་ཚུལ་ཞིག་ནམ་ཡང་མི་འདུག། དེ་ལས་ལས་འགུལ་སྤེལ་མཁན་དྲི་བ་དང་ལན་འདེབས་བྱེད་མཁན་མི་སྣ་མཐོ་དམན་དྲག་ཞན་ཡོད་ཀྱི་རྒྱབ་ལྗོངས་དང་རྒྱུད་རིམ་ལ་ཞིབ་འཇུག་དོ་ནན་བྱས་ཏེ་དེ་དག་གི་ལོ་རྒྱུས་དང་པར་རིས་རྣམས་ཡིག་ཚགས་སུ་དོ་དན་ཉར་དགོས། གང་ཡིན་ཟེར་ན་མ་འོངས་པ་གལ་སྲིད་བློ་སེང་བཀའ་ཁྲི་ཐོབ་པ་ཡིན་ན་མི་སྣ་དེ་དག་གིས་བཀའ་ཁྲི་ལས་དོན་ལ་བར་ཆོད་མི་བརྩམས་བ་མ་ངེས་སྟབས་སྐབས་དེར་དོག་ཟོན་བྱེད་སྟབས་བདེ་བའི་ཁྱད་བར་ཡོད། གལ་སྲིད་བཀའ་ཁྲི་ལས་དོན་ལ་བོད་རིགས་ནང་ཁུལ་ནས་བར་ཆོད་བརྩམས་ན་རྒྱ་མིས་བརྩམས་བ་
ལས་མཐུ་ཚབས་ཆེ་བ་རྩོམ་ཐུབ། དངོས་གནས་ཡང་དག་པའི་མང་གཙོ་འགྲོ་ལུགས་ལྟར་བྱས་ན་ཐ་མ་མི་མང་མང་བའི་ཕྱོགས་ལ་མི་མང་ཉུང་བའི་ཕྱོགས་གཏོགས་ཀྱིས་བརྩི་བཀུར་དང་མཉམ་རུབ་ཞུ་དགོས་པ་ལས་དགྲ་ཁ་གཏད་དུ་བརྩིས་ཏེ་ལས་དོན་ལ་བར་ཆོད་སོགས་བརྩམས་རྒྱུ་མེད། འོན་ཀྱང་ང་ཚོ་བོད་རིགས་མི་འབོར་མང་པོ་ཞིག་ལ་མང་གཙོའི་གོ་རྟོགས་མ་སད་སྟབས་དེ་དག་གི་ལྟ་བ་ནི་ཡུན་རིང་གི་རེ་སྒུགས་ཤིག་རེད།།
བསྟན་འཛིན་རྣམ་རྒྱལ་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མའི་གདོང་གི་རྣམ་འགྱུར་དང་ངག་གི་སྒྲ་གདང་བཅས་ལ་གཟིགས་དང་ཡིད་ཆེས་དང་སྤོབས་པས་ཕུང་པ་ཤ་སྟག་རེད་འདུག རྒྱུ་མཚན་ཡང་དག་མེད་པའི་དོན་ཁ་ཤས་བསྐྱར་ལྡབ་ཡང་ལྡབ་བྱེད་ཀྱི་འདུག
བསྟན་འཛིན་རྣམ་རྒྱལ་ནི་མི་རྒས་པ་དང་ཉམས་མྱོང་རྙིང་པ་རེད། དེ་སྔ་ཕན་ཆད་ང་ཚོ་བོད་པ་རྣམས་རྙིང་ཞེན་གྱི་ར་བ་ལས་མ་འདས་པའི་སྐྱོན་ལྷག་ནས་བོད་འདི་ཕུང་བ་རེད། ད་དུང་ང་ཚོའི་དེ་ལ་འགྱུར་བ་ཞིག་མ་གཏང་ན་བོད་ཀྱི་བདེན་མཐའ་ནམ་མཁའི་འཇའ་རུ་ཡར་བའི་ཉེན་ཁ་ཡོད་པ་ཡིན་དུས་བཙན་བྱོལ་བ་ཚང་མས་གཟབ་གཟབ་གནང་དགོས།
བསྟན་འཛིན་རྣམ་རྒྱལ་གྱི་འཇོན་ཐང་ཡོད་ན་མེད་ན་བསྟན་ཚར་བ་རེད། ལོ་མང་པོའི་རིང་ལ་ལས་དཀའ་བྱས་པ་རེད་དེ་བོད་ཀྱི་རྩ་དོན་སྒྲུབ་ཐུབ་ཡོད་མ་རེད། ད་དུང་དེའི་ལམ་ལ་སོང་ན་བོད་ཀྱི་རྩ་དོན་སྒྲུབ་ཐུབ་ཀྱི་མ་རེད།
ད་ཡིན་ན་ང་ཚོ་ལ་རེ་བ་ཞིག་ཡོད་པ་དེ་བློ་བཟང་སེང་གེ་ཁོང་རེད། ཁོང་ནི་གསར་གཏོད་ཀྱི་བློ་གྲོས་ལྡན་ལ་ཤེས་རིག་གི་ནོར་གྱི་ཕྱུགས་པའི་གངས་ཅན་ཕོ་རྒོད་ཅིག་རེད། ཁོང་གིས་རྒྱལ་བ་རིན་པོ་ཆེའི་བཀའ་དང་མི་འགལ་བའི་ཐོག་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ཡང་དག་པ་ཞིག་བྱེད་ངེས་རེད།
བོད་ཀྱི་རྩ་དོན་རྩོད་པ་དང་རྒྱ་དམར་ལ་ཁ་ཡ་བྱེད་དགོས་ན་བློ་བཟང་སེང་གེ་ལ་འོས་བླུག་དགོས་རེད།
དེ་མིན་གཞུང་གི་དངུལ་བྱུང་སོང་ཁ་མཉམ་པ་དང་རྒྱ་དམར་གྱིས་སྐུ་དྲག་རིགས་ལུགས་པ་ཞེས་མིང་འདོག་ངན་པ་དགོས་ན་བསྟན་འཛིན་རྣམ་རྒྱལ་ལ་འོས་བླུག་དགོས་རེད།
ང་ལ་ང་ཚོ་བོད་པ་རྣམས་གདམ་ཁ་ནོར་བ་བྱེད་ཤེས་མཁན་ཞིག་ཡིན་་བསམ་པའི་སྤོབ་པ་ཡོད།
གདམ་ཁ་མ་ནོར་བ་ནི་མཁས་དབང་ཟམ་གདོང་རིན་པོ་་་་་་་་་་་་་་་ཨོ་་་་་་་་་་་་ཨོ་་་་་་་་ད་ལྟ་མཁས་དབང་བློ་བཟང་སེང་གེ།
ང་ཚོ་བོད་པ་སེང་ལ་དགའ།
ལྷག་པར་གངས་ཀྱི་སེང་གེར་དགའ།
ང་ཚོ་བོད་པ་བློ་གྲོས་དང་ལྡན་པའི་སེང་གེ་ལ་དགའ།
ང་ཚོའི་རྒྱལ་དར་ངོས་ལ་སེང་གེ་ཡོད།
སེང་གེའི་ང་ཚོ་བླུ་མི་སྲིད།
བོད་པ་ཚོ་སེང་གེའི་མིང་དང་ལྡན་པའི་མི་ལ་ཡིད་ཆེས་གནང་ནས་འོས་་་་་་་་་་་་བླུག་ཤོག་་་་་་་་་་་་་་་་་་་་་་་་་་་་་་སེང་རྒྱལ་ལོ།
དགེ་བཤེས་ཐུབ་བསྟན་བྱིན་པ་ལགས་ཀྱིས་བོད་སྤྱི་པའི་ལག་རྒྱ་མི་དོར་བར་སྤྱི་པར་ཕན་པའི་བཀའ་མོལ་གསུངས་བ་ནི་ཁོང་གི་ཐོབ་ཐང་ལོས་ཡིན་ལ་སྨྲ་བརྗོད་རང་དབང་ཡང་ཡིན།་་ཁོང་ནི་བོད་མི་ས་ཡ་དྲུག་གི་ཁོངས་ནས་གཅིག་ཡིན་པ་ཤེས་དགོས།་་ཁོང་གསུང་བསྒྱུར་གྱི་ལས་འགན་ལས་ཆབ་སྲིད་ནང་ཐེ་གཏོགས་བྱེད་མི་ཆོག་པ་སུས་བཀའ་བཅད་བྱས་ཡོད་པ་རེད་དམ།་ཁོང་གིས་དུས་བབ་ཛ་དྲག་དེར་བོད་སྤྱི་པའི་ལས་དོན་ལ་ཕན་ན་བསམ་པའི་སེམས་འཁུར་ལེན་པ་ནི་ཁོང་གི་ཐོབ་ཐང་ཡིན་པ་ཡིད་ལ་འཇོགས་དགོས་པ་ཡིན།
དྲང་པོ་བཤད་ན་ངས་དེ་སྔོན་སྔོན་འགྲོའི་འོས་ཤོག་དེ་བློ་སེང་ལ་གཡུག་པ་ཡིན། དེ་རྗེས་ངས་བློ་སེང་ལགས་དང་། སྐུ་ངོ་བསྟན་རྣམ་གཉིས་ཀྱི་བཀའ་སློབ་མང་པོ་ཉན་པ་ཡིན། ངས་སྐུ་ངོ་བསྟན་རྣམ་དེ་དྲང་པོ་དང་། རང་ཚུགས་ཐུགས་པུ། བོད་མི་རིགས་ཀྱི་ཡ་རབས་ཀྱི་སྲོལ་རྒྱུན་རྒྱུད་ལ་ལྡན་ཞིང་འགོ་ཁྲིད་ཀྱི་ཉམས་མྱོང་ཡོད་པ་ཞིག་མཐོང་སོང་།
མདོར་ན་བརྒྱ་བཤད་སྟོང་བཤད་ཇི་ལྟར་བྱེད་རུང། ཁོ་བོས་བལྟས་ན་མཐའ་མ་བློ་བཟང་སེང་གེ་འཐོབ་རྒྱུ་ཧ་ལམ་ཐག་ཆོད་པ་རེད། གང་ཡིན་ཟེར་ན། ང་ཚོད་བོད་རིགས་ཁྲོད་ནས་མདོ་སྟོད་བ་བརྒྱ་ཆ་བརྒ་ཡིས་བློ་བཟང་སེང་གེ་བླུགས་རྒུྱ་རེད། དེ་ནི་བཤད་མི་དགོས་པ་རེད། ཕལ་ཆེར་མདོ་སྟོད་བ་གཅིག་གིས་ཀྱང་བཀྲིས་མཐོང་ལ་བླུགས་གིན་མ་རེད་ཟེར་ན་ཡང་ཆོག དབུས་གཙང་གི་ཁོངས་ལ་ཁག་གཉིས་ཡོང་གིན་ཡོད། ཁག་གཅིག་གིས་བཀྲིས་མཐོང་ལ་བླུགས་པ་དང། ཁག་གཅིག་གིས་བློ་སེང་ལ་བླུགས་རྒྱུ་རེད། དེ་ནི་ཕལ་ཆེར་བརྒྱ་ཆ་ལྔ་བཅུ་ལྔ་བཅུ་རེད་ལབ་ན་ཆོག ཡང་མདོ་སྨད་ཡང་དེ་དང་འདྲ་བ་ཡིན། བྱས་ཙང་སྔོན་རྩིས་རྒྱབ་ན་བློ་བཟང་སེང་གེ་ལ་ཐོབ་རྒྱུ་གཏན་འཁེལ་བ་རེད།
ཡང་རྩིས་རྒྱག་གཏང་གཞན་ཞིག་གི་ཕྱོགས་ནས་བྱས་ན། དགོན་པ་གྲྭ་ཚང་གི་གྲྭ་བ་བརྒྱ་ཆ་བརྒྱད་ཅུ་ཡིས་བློ་སེང་ལ་འོས་བླུགས་རྒྱུ་ཡིན་པ་དང། དེ་བཞིན་སློབ་གྲྭ་བ་དང་གཞོན་སྐྱེས་མང་པོ་ཞིག་གིས་བློ་སེང་ལ་འོས་འཕེན་པ་བཅས་བསྡོམས་ན་ཉུང་མཐར་བརྒྱ་ཆ་དྲུག་ཅུ་བརྒལ་བས་བློ་སེང་ལ་འོས་བླུགས་རྒྱུ་རེད། བྱས་ཙང་འདིའི་ཕྱོགས་ནས་བལྟས་ན་ཡང་བློ་སེང་ཐོབ་རྒྱུ་རེད།
བསྟན་རྣམ་ལགས་ལ་བསམ་བློ་གསར་བ་དང་ཕུགས་བསམ་ཡོད་མཁན་ཞིག་རེད།
ལྷག་བསམ་མིང་ཅན་པ་ང་ཚོས་བློ་བཟང་སེང་གེའི་འོས་ཤོག་དེ་རྣམས་བཀྲས་མཐོང་བླུགས་ཤེས་བརྗོད་རྒྱུ་མ་བྱུང།
ང་ཚོས་གང་ཟག་སྒེར་ཚོའི་འོས་ཤོགས་དེ་འཕྲོག་བརླགས་སུ་མི་གཏོང་རོགས་ཤེས་རེ་སྐུལ་ཞུ་པ་ཙམ་ཡིན།
མུན་འཇོམས་མདོ། །
དུས་དེང་སང་ཁྲམ་པའི་མགོ་འཕང་མཐོ། །
དེའི་རྗེས་སུ་ཞུགས་པའི་བླུན་རྨོངས་མང། །
ཕན་མི་ཕན་མི་དཔྱོད་ཁྱུ་བྱས་ཏེ། །
ཁོང་ཨ་ཁུ་ཕག་པའི་རྣམ་ཐར་སྐྱོང། །
མཚམས་འདི་ནས་སྒྱུ་མའི་བྱུང་བ་གླེང། །
བསླབ་གསུམ་གྱིས་མཛེས་པའི་དགེ་འདུན་སྡེའི། །
མཐོ་མཁན་སློབ་བླ་སྤྲུལ་འདུས་མང་སར། །
ལག་ཐལ་སྦྱར་མགོ་གུག་ལྕེ་བསྣར་གྱིས། །
སྒྱུ་འཕྲུལ་གྱི་དད་པའི་གར་འཁྲབ་སྟེ། །
རང་མཐོན་པོའི་གོ་སར་འཛེགས་འདོད་ཀྱི། །
སྐྱབས་རིག་རིག་འཚོལ་བའི་འབྱུང་འབྲས་སུ། །
ཁོང་དད་ཅན་ཁྱིམ་པ་སུན་འབྱིན་འབྲས། །
སྐྱབས་དགེ་འདུན་སྡེ་ལ་མཚན་སྨད་དང་། །
གཤེ་མཚང་འབྲུའི་མེ་ཆར་རླུང་འཚུབ་ལྡང་། །
འདི་སྒྱུ་མ་མཁས་པའི་བྱས་རྗེས་ལགས། །
སྐྱབས་སུན་འབྱིན་ཟིན་པའི་ལེའུ་རྫོགས། །
དེས་མ་ཚད་ད་དུང་གླེང་རྒྱུ་མང་། །
བློ་ངེས་འབྱུང་ཅན་གྱི་རྒན་རབས་མདུན། །
ཕ་བླ་མའི་ཞབས་ཏོག་སྒྲུབ་སྐད་ཀྱིས། །
རི་པོ་ཏཱ་ལ་ཡི་ཕོ་བྲང་དུ། །
སྐྱབས་མཆོག་གྱུར་༸རྒྱལ་དབང་པད་དཀར་འཆང་། །
དུས་རིང་མིན་གདན་འདྲེན་ཞུ་སྐད་འདིས། །
ཁོང་རྒན་རབས་སྣང་བ་ལིང་གིས་བསྒྱུར། །
དོན་དཔོན་པོའི་གོ་སར་འགྱིང་འདོད་རེད། །
དེ་བསམས་ཚེ་ཐམས་ཅད་ཁྲེལ་བའི་རྒྱུ། །
འདི་ཡན་གྱིས་བགྲེས་ཞུས་མདོ་རྫོགས་སོ། །
ཡང་གསན་དང་སྒྱུ་མ་མཁས་པ་ཁོང། །
དཀྱུས་བོར་བའི་རྟ་ཡི་ངང་ཚུལ་གྱི། །
དཔྱོད་མི་ཤེས་གཞོན་སྐྱེས་ཁྲོད་ཞུགས་ནས། །
གསར་འཕྲུལ་དང་རིག་གསར་གཏམ་བསྙད་དེ། །
མིག་མདུན་གྱི་ཁྲ་ཁྲ་ཟིང་ཟིང་ལ། །
ཁོང་བྱིས་བློའི་སྣང་བ་འཕྲུལ་དུ་བཅུག །
དོན་འདི་ཡི་འཕྲུལ་གྱི་པུར་རྒྱལ་གྱི། །
བསྟན་སྲིད་ལ་འཚུབ་ཆ་ཤིན་ཏུ་ཆེ། །
རྐྱེན་ཟློག་པའི་ཐབས་ལམ་ཉག་གཅིག་ནི། །
ད་བྱིས་པའི་འབུམ་ཆུང་གསོག་རེ་རན། །
བློ་གཞོན་སྐྱེས་རྨོངས་པའི་མདོ་རྫོགས་སོ། །
ད་ཕྱིན་ཆད་གངས་ཅན་སྐྱེས་འགྲོ་ཀུན། །
དྲིན་ཤེས་དང་བློ་གྲོས་ཟུང་འབྲེལ་ཏེ། །
གཡོ་སྒྱུ་མའི་རྗེས་སུ་མི་འབྲང་བར། །
རང་གཞན་བདེའི་ལམ་བུ་བཙལ་ན་ལེགས། །
བྷི་བྷི་སི་ཡིས་ཞུས་པའི་མུན་འཇོགས་མདོ་རྫོགས་སོ། །
ཨ་མ་མ་མམམ་་་སྦི་སྦི་སི་ཁ་ཤུགས་ཆེ་བ་ལ། ཆོས་དོན་བརྒྱུད་བོད་ནས་གསར་དུ་ཕེབས་པའི་གྲྭ་རྒྱུན་རྣམས་ལ་གནང་བཞིན་པའི་འཚོ་སྣོན་དང་ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་མཁན་རང་རིགས་རྣམས་ལ་ཐོབ་པའི་གོ་སྐབས་ཚང་མ་བཀྲས་མཐོང་གི་བྱས་པ་རེད་ཟེར། བཀྲས་མཐོང་སྐྱེས་ནས་ད་ལྟའི་བར་འཛམ་བུ་གླིང་གི་ཡར་རྒྱས་ཀྱི་གྲུབ་འབྲས་ཚང་མ་བཀྲས་མཐོང་གིས་བྱས་པ་མ་རེད་དམ། ༧སྐྱབས་མགོན་རིན་པོ་ཆེ་དང་བཅས་པ་༡༩༧༠་ནས་༢༠༡༠་བར་གྱི་བཀའ་བློན་རིམ་པ་དང་སྐུ་ཚབ་ཁག་དང་དོན་གཅོད་ཁག་ཚང་མ་སྐུ་མཚམས་ལ་བཞུགས་ནས་ཕྱག་ལས་ཚང་མ་བཀྲས་མཐོང་གིས་གནང་བ་ཡིན་རྒྱུ་རེད། དེ་ཡིན་ན་གསར་འགྱུར་ཆེན་པོ་རེད། སྦི་སྦི་སིས་ལོས་བཤད།
སྐུ་ཞབས་བཙན་བྱོལ་བ་ནས་ཚོད་དཔག་གི་བསྡོམས་རྒྱག་པ་འདི་དེ་ཙམ་མ་ཡིན་བ་ཞིག་འཆར། གང་ཡིན་ཟེར་ན་སྟོང་ཕྲག་ཕྱེད་གཉིས་ཙམ་གྱི་རྒྱ་སྒྲོལ་ལགས་ཀྱི་འོས་ཤོག་དེ་དག་དངོས་གཞི་སྐབས་སུ་བཀྲས་མཐོང་མཆོག་ལ་བརྒྱ་ཆ་༩༥ འགྲོ། བརྒྱ་ཆ་ ༥ བློ་སེང་ལགས་ལ་འགྲོ། ལྡི་ལི་ཆུ་སྒང་གིས་སྟོན་པའི་བཀའ་ཁྲི་འོས་གཞི་བསོད་ནམས་སྟོབས་རྒྱལ་མཆོག་གི་འོས་ཤོག་གཅིག་སྟོང་མ་ཟིན་ཙམ་ག་ཚད་ཡོད་པ་དེ་སྐུ་ངོ་བཀྲ་ཤིས་དབང་འདུས་མཆོག་ལ་བརྒྱ་ཆ་༨༠འགྲོ། བརྒྱ་ཆ་༢༠ བློ་སེང་ལགས་ལ་འགྲོ། སྤེན་པ་ཚེ་རིང་ལགས་ཀྱི་འོས་ཤོག་བརྒྱ་ཆ་༩༠ཐམ་པ་བློ་བཟང་སེང་གེ་མཆོག་ལ་འགྲོ། བརྒྱ་ཆ་༡༠བཀྲས་མཐོང་ལགས་ལ་འགྲོ།
མཁྱེན་ལྡན་པ་དཀོན་མཆོག་ལགས་སུ་ཆེད་ཞུ། ཁྱེད་རང་གི་ཚོད་དཔག་གནང་བ་དེ་ཅུང་ཐལ་དྲག་འདུག བོད་ནས་གསར་དུ་ཕེབས་པའི་གྲྭ་རྒྱུན་རྣམས་ལ་འཚོ་སྣོན་དང་ཕྱི་རྒྱལ་ལ་སློབ་གྲྭར་ཕེབས་མཁན་རང་རིགས་རྣམས་ལ་སློབ་ཞུགས་གོ་སྐབས་བཟང་པོ་རྣམས་གཙོ་བོ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གི་བཀའ་དྲིན་དང་ཐུགས་རྗེ་ལས་བྱུང་བ་ཞུ་མ་དགོས་ཀྱང་། དེ་དག་གི་འགོ་འཛུགས་དང་ལས་ཀྱི་སྣེ་མོར་སུ་གཏོགས་ལ་ང་ཚོས་དཔྱད་པ་བྱས་ཏེ་དྲིན་ཅན་གྱི་ལག་པ་རྡོ་བརྡུང་མ་གཏོགས་རོགས་ཞེས་ཞུས་པ་ལས། ཐམས་ཅད་བཀྲས་མཐོང་གིས་བྱས་པར་ནམ་ཡང་འདོད་ཀྱི་མེད་ཀྱང་། མ་མཐར་ཡང་དེ་དག་གི་ཐོག་བཀྲས་མཐོང་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། ལྷག་དོན་འཛམ་གླིང་གི་གྲུབ་འབྲས་ཚང་མ་བཀྲས་མཐོང་གིས་བྱས་མ་བྱས་ལ་དྲི་བ་དྲི་མཁན་རང་ཉིད་ཀྱི་དེ་ཁོ་ན་ཉིད་སྟོན་པ་ཙམ་དུ་ཟད་དོ། །ཡིན་ན་ཡང་ཁོང་བྱས་པ་ཅན་ཞིག་རེད། བྱས་པ་ཅན་ཡིན་ཀྱང་མ་འོངས་པར་བྱས་རྗེས་འཇོག་ཐུབ་པའི་ངེས་པ་མེད་སྟབས་ཁོང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་དགོས་ཞེས་གླེང་ན་རྒྱུ་མཚན་དང་ལྡན་པ་མ་རེད་སྙམ། དེ་འདྲ་སོང་ཙང་སོ་སོའི་རང་དབང་སོ་སོས་བྱེད་སྤྱོད་ཡག་པོ་གཏོང་བར་ཞུ། །
བགྲོ་གླེང་ཧ་ཅང་ཡག་པོ་གནང་གི་འདུག ཐུགས་རྗེ་ཆེ། ཕན་ཐོགས་ཞེ་དྲག་འདུག སྐྱོན་གྱི་ཁྲོད་ནས་ཡོན་ཏན་རྙེད་པ་རང་རེད་འདུག ད་དུང་མུ་མཐུད་གནང་རོགས།
བ་འདིའི་ཉལ་སྟངས་ལ་བལྟས་ན་བེའུ་ལྡན་ཀྱོག་ཅེས་པ་ལྟར། བཙན་བྱོལ་བ་ལགས་ཀྱིས་བཤད་པ་ལྟར་ཕལ་ཆེར་ཡིན་བཟོ་ཆེ། ཁྱེད་ཀྱིས་བྱས་ན་མདོ་སྟོད་བརྒྱ་ཆ་བརྒྱ་ཡིས་བློ་བཟང་སེང་གེ་ལགས་སུ་འོས་བླུགས་དགོས་པའི་རྒྱུ་མཚན་གང་ཡིན། །དབུས་གཙང་ཕྱེད་ཀ་དང་མདོ་སྨད་ཆེད་ཀས་བློ་སེང་ལགས་སུ་མི་བླུགས་པའི་རྒྱུ་མཚན་ཡང་གང་ཡིན། གང་ལྟར་ཁྱེད་རང་གི་བཀའ་མོལ་དེ་ཆོལ་ཁའི་དབར་ལ་འགལ་ཟླ་བཟོ་ཡས་ཀྱི་སྐད་ཆ་ཚབས་ཆེན་ཞིག་རེད་འདུག་ན།་རྗེས་སུ་འདི་ལྟ་བུ་མ་གླེང་ན་ལེགས་པར་སེམས། །
བློ་སེང་ལགས་ལ་སྔོན་འགྲོའི་འོས་གྲངས་མང་པོ་ཐོབ་དེ་རྒྱུ་མེད་མ་རེད། ལོ་ངོ་ལྔ་བཅུའི་ནང་གི་ནོར་འཁྲུལ་ལ་བསམས་ནས་བྱུང་བ་རེད། བློ་སེང་ལགས་ལ་བཀའ་བློན་ཐོབ་ན་འཞིགས་དགོས་པ་གཅིག་ཡོད་པ་ནི། ཉམས་མྱོང་མེད་པ་གཅིག་དང་གཞན་ཡང་སྐྱོན་གང་ཡོང་སྲིད་དམ། བྱུང་ན་ཡང་མར་འབེབས་ཆོག་གི་རེད་དེ་འྡརིའ་དངས་ཀྲག་ཡོང་དགོས་དོན་ང་ལ་མི་བདེ་གཞན་ཅིག་བློ་ལ་ཤར་བགྱིད་འདུག བྰཊ་ པི་ལྰིས་ གྲོནཊ་ ཨྰསྒ མི། བྰཡེ།
འདི་ལ་འདྲི་བ་ཁ་ཤས་ཡོད། ལན་ཞིག་སྤྲོད་རོགས།
བསྟན་འཛིན་རྣམ་རྒྱལ་ལགས་སྔོན་མ་བཀའ་ཁྲི་ཡིན་མུས་ལས་ཀ་བསྐྱུར་ནས་ཨ་རིིར་ལོག་པ་རེད། དེའི་རྐྱེན་གྱིས་བོད་གཞུང་དང་དམངས་ལ་གྱོང་གུན་རླབས་ཆེ་བཟོས་ཡོད། ད་ཅིའི་ཕྱིར་ཡང་བསྐྱར་བཀའ་བློན་གནང་གི་ཡིན་ཟེར།
ཁྱེད་ཡང་བློ་ཁ་བསྒྱུར་ན་བཀའ་ཁྲི་སྐྱར་ནས་ཨ་རིར་ལོག་ཕེབས་ཨེ་སྲིད།
མང་གཙོའི་ཁེ་ཕན་ལོངས་སུ་སྤྱོད་བཞིན་པར་ཧ་ཅང་དགའ། གཞན་ལ་དམོད་ཚིག་གིས་བསམ་ངན་བཅངས་ནས་དྲ་འཕྲིན་བྲིས་ཚད་ལ་བོད་མིའི་ཡ་རབས་བཟང་པོའི་གོམས་ངད་མེད་རྟགས་ཡིན་པས། འདི་རིགས་ལ་དགག་པ་འཕྲལ་དུ་བྱ་དགོས་པ་ལས། དེ་མིན་ཚང་མ་བསྔགས་འོས་སུ་མཐོང་། ཧ་ཅང་ལེགས། ད་དུང་མུ་མཐུད་དང་སྤྲོ་པོ་དང་སྐྱིད་པོ། ལྷག་པར་གཞོན་པར་དམིགས་དཔེ་བཟང་པོ་ཡོང་ངེས་རེད། བཙན་བྱོལ་བོད་མིའི་ལར་རྒྱ་ཡང་རེད།
བཀའ་བློན་ཁྲི་པ་སུ་ལ་འཐོབ་ཀྱང་རྒྱབ་སྐྱོར་ཡོད། ང་ཚོ་ལ་ཁའི་སྟེང་གི་ཉི་མ་ལྟ་བུ་རེད། སང་ཉིན་གྱི་ན་གཞོན་ཚོའི་མདུན་ལམ་ལ་གཟིགས་ནས་བསམ་བློ་རྒྱ་ཆེ་ཙམ་གཏོང་རོགས།
དེ་རིང་ཀུན་གླེང་གི་ལེ་ཚན་འདི་ཉན་པ་ཡིན། ངས་དོ་སྣང་གསར་པ་ཞིག་བྱུང་བ་ནི་བསྟན་འཛིན་རྣམ་རྒྱལ་སྤྱི་དོན་བཀའ་བློན་གྱི་ལས་དཀའ་བཞགས་ནས་སྒེར་དོན་ནང་མའི་ཆེད་དུ་ཨ་རི་ལ་ཕྱིན་པ་ཁས་ལེན་བྱས་སོང་། དེ་ནི་གནས་ཚུལ་དོ་སྣང་བྱེད་དགོས་པ་ཞིག་མཐོང་། གང་ཡིན་ཟེར་ན་ཁོང་གིས་མ་འོངས་པར་སྒེར་གྱི་དོན་དག་ཞིག་ལ་ཐུག་ན་བོད་སྤྱི་པའི་དོན་དག་དབྱུགས་པའི་ཉེན་ཁ་མེད་པ་རྩ་ནས་མེད་པར་སེམས།
སྙིང་ཉེ་བའི་ཀློག་པ་ པོ་རྣམ་པ་ལགས། སྤྱིར་བཏང་གི་ངས་ཅི་ཡང་མི་ཤེས་པ་དང་ང་ཚོས་ཁོར་ཡུག་གི་རྨོངས་བ་ཧ་ཅང་སྟུག་པ། མི་བུ་མང་མང་གི་བསམ་བློའི་མིག་ཁ་ཕྱེས་མེད་པ་སོགས་གཞི་བྱས་ཐོག སྐད་ཆ་དྲང་མོ་རེ་བཤད་ཀྱང་ནུས་པ་ཆེར་མེད་མོད་ང་ནི་རང་ཉིད་རང་གི་བསམ་བློའི་ ཆེད་དུ་གསོན་པ་ཞིག་ཡིན་ཕྱིར་དང་་་་་་།
གོང་ཞུས་རྒན་ལྷ་བཟང་ཚེ་རིང་དང་སྐྱེས་སར་ཀླུ་སྒྲུབ་སོགས་དྲ་གྲོགས་ཁ་ཤས་ཀྱིས་ བཤད་པར་གནས་ལུགས་ཧ་ཅང་ཡོད་པར་སྙམ་ལ། འདི་ནི་དོན་དངོས་ཐོག་གཟབ་དགོས་ས་ཞིག་ཀྱང་རེད་འདུག གལ་སྲིལ་མི་རིགས་རང་གི་སྐད་ཡིག་གི་སྟེང་ནས་ཟིན་བྲིས་ཙམ་ཡང་འབྲི་མི་ནུས་པའི་ སྐྱེས་བུ་ཞིག་རྒྱལ་ཁབ་ཞིག་གི་བཀའ་ཁྲིར་བསྡད་པ་ཡིན་ན་མི་རིགས་གཞན་དང་རྒྱལ་ ཁབ་བཞན་གྱིས་ང་ཚོར་ཅི་ཞིག་ཟེར་རམ། ཐ་ན་རྒྱ་ནག་གཅིག་པུས་ཀྱང་་་་་་།
ད་དུང་ད་ལོའི་ཉིན་ཞིག་ལ། བློ་བཟང་སེང་གེ་མཚན་ཉིན་གྲྭ་ཚང་གིས་གདན་ཞུས་ལྟར་ང་ཚོ་ཕྱི་དྲོའི་ཆུ་ཚོད་ལྔ་ པའི་སྟེང་མཚན་ཉིད་ཚོགས་ཁང་དུ་འཛོམས་ཤིང་ཆུ་ཚོད་གསུམ་ཙམ་དུ་གཏམ་བཤད་དང་བགྲོ་ གླེང་བྱས། མཐར་གྲྭ་བཙུན་ཞིག་གིས་བཀའ་འདྲི་ཞུ་རྒྱུར་་་ཁྱེདཀྱིས་རྩོམ་ཡིག་མང་པོ་འབྲི་ བཞིན་ཡོད་གསུང་པ་དེ་དག་བོད་ཡིག་གི་སྟེང་ནས་འབྲི་བཞིན་ཡོད་དམ་དབྱིན་ཇིའི་ སྟེང་ནས་འབྲི་བཞིན་ཡོད། ཡང་རྗེས་སོར་ང་ཚོའི་དུས་དེབ་དང་ཚགས་པར་གང་ཞིག་ལས་མཇལ་ཐུབ་པ་རེད་་་ཅེས་དྲིས་ པར་ཁོང་གིས་གསུང་དོན། དུས་བབ་དང་པང་ཆེན་སོགས་ལས་མཐོང་ཐུབ་ཀི་རེད་གསུང་པ་ལས་དྲི་བ་དང་པོ་དེར་ཁྱོན་ ནས་ལན་བརྒྱབས་མ་སོང་ལ་དེར་གནད་དོན་ཞིག་ཡོད་པ་ནི་ཁོ་རང་གི་གསང་པ་ཤོར་འགྲོ་ བས་ཡིན་པ་ནི་བདེན་པ་དང་དངོས་ཡོད་་ཡིན་པ་དེ་འོ།།
http://www.khabdha.org/?p=13559
རང་ཉིད་ཀྱིས་བཀའ་ ཁྲིའི་འོས་བླུགས་སའི་འོས་མི་དེ་ཇི་ཙམ་མཐོ་བོར་སླེབས་ཡོད་པ་དེའི་ཚོད་ཀྱིས་ རང་ལ་སྤྲོ་སྣང་ཞིག་དང་། དེ་དང་དེའི་ཁ་གཏད་ལྟ་བུ་ཕམ་པར་མཐོང་ཚེ་རང་བཞིན་གྱིས་ཁོང་དགོད་ཅིག་ཡོང་བཞིན་ པ་ནི། དེ་རིང་ཁ་སང་གི་བཙན་བྱོལ་སྤྱི་ཚོགས་ནང་སྐབས་ཐོག་གི་དོ་སྣང་བྱེད་ཡུལ་ཞིག་ ཡིན། འདི་ལྟར་བལྟས་ན། བཙན་བྱོལ་གྱི་གནས་སྟངས་དེ་ཧ་ཅང་ཉམས་ངན་གྱི་གནས་སུ་ལྷུང་ངེས་པ་དང་། འགྲོ་སྲིད་པའི་རྟགས་མཚན་ཁག་ཅིག་ད་ལྟའི་བཀའ་ཁྲིའི་འོས་བསྡུའི་ནང་མངོན་པར་ སླེབས་བཞིན་པ་དེ་ཡིན། ཨ་རིིར་གནས་སྡོད་བློ་བཟང་སེངྒེ་བཀའ་ཁྲིའི་འོས་མིར་ལངས་ནས་རང་གི་མིང་མཐོང་ ཙམ་གྱི་ཆེད། གང་ལ་ཡང་བསམ་ཤེས་མེད་པར། བཀའ་བློན་ཁྲི་པའི་མིང་ཙམ་ལ་འཐམ་ནས་སླེབས་བཞིན་པ་དེར་བོད་རིགས་ན་གཞོན་མང་པོ་ ཞིག་གིས་དགའ་བསུ་བྱེད་པ་ནི། མགོ་སྟོང་གིས་མགོ་སྟོང་བསུས་པ་ལས་གཞན་ཅི་ཡང་མིན་སྟབས། ང་ཚོ་ཀླད་པ་སྟོང་བའི་ལས་འགུལ་དེར་ཡིད་ཐང་ཆད། ངས་ནམ་རྒྱུན་བཙན་བྱོལ་སྤྱི་ཚོགས་འདི་ནས་སྐྱུག་བྲོ་བའི་ཟློས་གར་མང་པོ་ཞིག་ མཐོང་མྱོང་བའི་ལེ་ཚན་ཞིག་ནི། བཙན་བྱོལ་སྤྱི་ཚོགས་ཀྱི་མི་འབོར་བརྒྱ་ཆའི་མང་ཆེ་བ་ནི། བོད་དང་བོད་ཀྱི་ཆོས་དང་རིག་གཞུང་ཐད་རྒྱུས་ལོན་གང་ཡང་མེད་པར། ས་གནམ་གཉིས་ཀའི་བར་ནས་ཐལ་རྡུལ་དང་མཉམ་དུ་གུ་ཅོ་སྒྲོག་བཞིན་རླུང་ཐན་ཞིག་གིས་ ཁུར་ནས་འགྲོ་བཞིན་པའི་གནས་སྟངས་དེ་རེད། ངས་ཧ་ཅང་གསལ་ཁ་དོད་པོ་དང་། ལྷག་བསམ་རྣམ་དག་སྒོས་བོད་རིགས་ཚོར་རེ་འབོད་བྱེད་འདོད་པ་ཞིག་ནི། ང་ཚོའི་བསམ་བློའི་གོ་རྟོགས་དང་། ཤེས་ཡོན་གྱི་ཆུ་ཚད་མཐོར་འདེགས་གཏོང་ཐུབ་མཁན་ཞིག་དགོས་པ་ལས། ད་ལྟའི་བཀའ་བློན་ཁྲི་པ་ཞིག་གིས་རྒྱ་ནག་གཞུང་གི་ལག་ནས་རང་དབང་རང་བཙན་སོགས་ གང་ཡང་ལེན་མི་ཐུབ་པ་ནི་བརྗོད་མི་དགོས་པ་ཞིག་ཡིན་སྟབས། ང་ཚོས་མུ་མཐུད་རང་ཉིད་ཀྱི་མི་རིགས་སྲུང་སྐྱོབས་བྱེད་ཐབས་ལ་སྲི་ཞུ་སྒྲུབ་ ཐུབ་མཁན་ཞིག་བཀའ་ཁྲིར་འདེམས་དགོས་པ་ལས། ཀླད་པ་སྟོང་བའི་ཕོ་སར་ཞིག་བཀའ་ཁྲིར་འདེམས་པ་ནི། རང་རེ་མལ་ས་ནས་འཆི་ལམ་དུ་སྙེག་པའི་སྟ་གོན་ངོ་མ་རེད་ཅེས་ཤོད་འདོད་བྱུང་། བློ་བཟང་སེངྒེས་ཆེས་དགོད་བྲོ་བའི་སྐད་ཆ་འདི་ལྟ་བུ་ཞིག་བཤད་ཡོད་དེ། ང་ནི་བོད་ཀྱི་ཆོས་དང་རིག་གཞུང་ལ་རྒྱུས་ལོན་ཟབ་པོ་ཡོད། གང་ལགས་ཤེ་ན་ངའི་པ་ལགས་དང་། བཟའ་ཟླ་དེ་ཚོ་ཞལ་འདོན་འདོན་རྒྱུར་དགའ་བོ་ཡོད་ཅེས་བཤད་་་་་་སྐད་ཆ་འདིས་ནི་ རྩོད་གླེང་གང་ཡང་མི་དགོས་པའི་ཐོག་ནས་བློ་བཟང་སེངྒེའི་བོད་ཀྱི་ཆོས་དང་རིག་ གཞུང་གི་གོ་རྟོགས་གསལ་འདོན་བྱས་པ་རེད། དེར་བརྟེན་ངས་ནམ་ཡང་རང་ཉིད་བླུན་པོ་ཞིག་ལ་དབུ་ཁྲིད་བླུན་པོ་ཞིག་མི་ཡོང་བར་ རེ་སྒུག་བྱས་ནས་ཡོད།
http://www.khabdha.org/?p=13559
ངས་སྔོན་འགྲོའི་འོས་ཤོག་སྐབས་དངོས་གནས་བཀའ་བློན་ཁྲི་པ་དེ་མི་གསར་པ་ཞིག་དང་ཕུག་བསམ་ཡོད་པ་ཞིག་ལ་བསམ་བློ་བཏང་སྟེ་བློ་བཟང་སེང་གེ་འོས་འཕེན་པ་ཡིན།་འོན་ཀྱང་ད་ལྟ་བར་དུ་་སྐོུ་བཀྲང་མཐོང་གི་སྐོར་སྐྱོན་བརྗོད་བྱེད་མཁན་ཚོའི་གནས་ཚུལ་ལ་ཞིབ་འཇུག་བྱེད་དུས་མང་ཆེ་བ་ནི་སྐུ་དྲག་གི་རྒྱུད་པ་རེད་ཟེར་བ་དང།རྒྱ་ནག་གིས་ཤོད་བཞིན་པའི་སྥྱི་ཚོགས་རྙིང་པ་རོ་ལངས་རྒྱ་མཁན་རེད་ཟེར་བ་བདེན་པར་འགྱུར་རྒྱུ་རེད་ཟེརབ་་སོགས་ནི་རྒྱུ་མཚན་དང་ཁུངས་ལུང་མེད་པའི་སྐད་ཆ་ཁོ་ན་ཤོད་པ་ལས།་དོན་དངོས་ཀྱིས་བོད་མི་རིགས་དང་རྒྱལ་ཁབ་ལ་ཕན་པའི་ལས་དོན་ག་རེ་གྲུབ་ཐུབ་མིན་སྐོར་ལ་དཔྱད་པ་བྱས་ཏེ་བསམ་ཚུལ་ཤོད་ཀྱི་མིན་འདུག་་་„སྐུ་དྲག་ཟེར་བ་ནི་ཕྱི་ལོ་༡༩༥༩་ལོར་བོད་ལ་རྒྱ་མིས་བཙན་འཛུལ་བྱས་པ་ནས་བཟུང་མཇུག་སྒྲིལ་ཟིན་ཏེ་ང་ཚོ་ཆང་མ་བཙན་བྱོལ་དུ་འགྲོ་དགོས་བྱུང་བ་རེད།་ལྷག་པར་སྐྱེ་ཁུངས་ལ་འདེམས་ཀ་མེད་པ་ནི་ཚང་མས་ཤེས་གསལ་དང།་ཁོང་་སྐུ་དྲག་ཏུ་སྐྱེས་པ་ཁོང་གི་ནོར་འཁྲུལ་ཡིན་གྱི་མ་རེད་ལ་ཁོང་ནི་བཙན་བྱོལ་དུ་འཚར་ལོངས་བྱུང་སྟེ་བཙན་བྱོལ་སྤྱི་ཚོགས་ནང་ཕྱག་ལས་གནང་བ་དང།་བཙན་བྱོལ་གྱི་དུས་བབ་གཉན་འཕྲང་སྐབས་རང་མགོ་རང་མཐོན་མ་ཡིན་པར་བོད་པའི་སྤྱི་ཚོགས་ནང་ཕྱག་ལས་གནང་བ་ནི་དངོས་ཡོད་དེ་རེད།་སྐུ་དྲག་ཟེར་བའི་མིང་སྐམ་པོ་དེ་བེད་སྤྱོད་བཏང་སྟེ་བོད་སྤྱི་པའི་ལས་དོན་ལ་འགལ་རྐྱེན་བཟོ་ཐབས་བྱེད་ཀྱི་ཡོད་པའི་སྣང་ཚུལ་དེ་བོད་མིའི་ནང་བསམ་ཚུལ་མང་དུ་འགྲོ་བར་བརྟེན་ནས་འཁྱོག་བཤད་དང་འཆལ་གཏམ་ཁོ་ན་སོགས་སེམས་གཙོ་སྨྲ་བ་མ་ཡིན་པར་དངོས་གཙོ་སྨྲ་བའི་བསམ་ཚུལ་དང་བགྲོ་གླེང་བྱེད་རན་པའི་དུས་ལ་བབ་འདུག་་་མཐར་ཁྱེད་ཚོའི་འཆལ་གཏམ་ཤོད་དྲག་པའི་རྐྱེན་གྱིས་ང་རང་གི་དངོས་གཞིའི་འོས་དེ་བཀྲས་མཐོང་ལགས་སུ་འཕེན་རྒྱུའི་ཐག་གཅོད་བྱས་པ་ཡིན།་
བཀྲ་རྡོར་ལགས་ཀྱིས་ཡག་པོ་ཞེ་དྲག་གསུངསའདུག བོད་མི་རིགས་ལ་ཤ་ཚ་བ་ཟེར་ན། འདི་ལྟ་བུ་ལ་ཟེར་བ་ཡིན། ངོ་མ་རེད། འཛམ་གླིང་ནང་ཆེས་ཆེར་སྙན་གྲགས་རྒྱས་པའི་དབུ་ཁྲིད་༸གོང་ས་མཆོག་ལྟ་བུ་ལ་རྒྱ་མིས་ཁ་ཡ་རྩ་བ་མི་བྱེད་པར། ཉམས་མྱོང་གང་ཡང་མེད་པའི་མི་ཞིག་གིས་རྒྱ་ཡི་མཉམ་དུ་བོད་དོན་གླེང་རྒྱུའི་རེ་བ་བྱེད་པ་ནི་ཡི་དྭགས་སྨིག་རྒྱུར་ཆུ་འཁྲུལ་དང་མཚུངས་པ་རང་རེད། མ་གཞི་ནས་བཀའ་བློ་ཁྲི་པའི་ཞབས་སྟེགས་འདི་འཇོན་སྟངས་འདོན་སའི་གཡུལ་ས་ཞིག་རེད་མ་གཏོགས། ཉམས་མྱོང་གསོག་ས་དང་སྦྱོང་བརྡར་བྱེད་སའི་མི་རྒན་སློབ་གྲྭ་ཞིག་མ་རེད། བོད་ལ་ཤ་ཚ་ཡོད་པའི་གཞོན་སྐྱེས་ཡིན་ན་ཧོལ་རྒྱུགས་མ་བྱེད། གལ་སྲིད་ཁྱེད་ཚོས་ལོ་གཞོན་རྒྱུ་མཚན་དུ་བྱས་ན་འོས་ཤོག་འཕེན་པ་ཡིན་ན། བོད་བསྟན་པ་ཆབ་སྲིད་ལ་གནོད་ཚབས་ཆེན་པོ་སྐྱེལ་རྒྱུ་ཡིན་པ་རྗེས་ནས་ཤེས་ཡོང་། ཕན་མ་ཐོགས་ནའང་གནོད་མ་སྐྱེལ་རོགས།
ངས་བློ་བཟང་སེང་གེར་རྒྱབ་སྐྱོར་ཕྱིར་འཐེན་བྱས་པ་ཡིན། དང་པོ་ན་གཞོན་ཞིག་སླེབས་ན་ཡག་པོ་ཞེ་དྲག་ཡོང་ས་རེད་དྲན་ནས་བློ་བཟང་སེང་གེར་རྒྱབ་སྐྱོར་བྱས་རེད། ཡིན་ཡང་ཟླ་ཤས་ནང་ངོས་ལེན་དང་དགའ་བསུ་བྱེད་མི་ཐུབ་པའི་གནས་ཚུལ་མང་བྱུང་སོང་། དཔེར་ན། བློ་བཟང་སེང་གེའི་རྒྱབ་སྐྱོར་བ་ཁག་གཅིག་གིས་ངེས་པར་དུ་ཁོ་ལ་ཐོབ་དགོས་པའི་ཨུ་ཚུགས་བྱེད་ཀྱི་འདུག གལ་སྲིད་ཁོ་ལ་ཐེངས་འདིར་བཀའ་ཁྲི་མ་ཐོབ་ན་རྗེས་མ་ནས་ཁོས་བོད་དོན་ཐོག་ལས་ཀ་བྱེད་ཀི་མ་རེད། ཐེངས་འདིར་ཁོ་ལ་བཀའ་ཁྲི་མ་ཐོབ་པ་ཡིན་ན་ཐེ་ཝན་ལ་འགྲོ་གི་རེད་ཀྱི་ཟེར་ནས་ཞེད་སྣང་བཟོ་མཁན་ཡང་འདུག སྐད་ཆ་འདི་དག་གི་ཐོག་ནས་བློ་བཟང་སེང་གེ་ལགས་ད་བར་དུ་བོད་དོན་དང་འབྲེལ་བ་གཏིང་ཟབ་པོ་ཞིག་མེད་པ་མཚོན་གྱི་འདུག གལ་སྲིད་ཁོང་བོད་དོན་དང་འབྲེལ་བ་གཏིང་ཟབ་པོ་ཞིག་ཆགས་ཡོད་ན། ཐེངས་གཅིག་བཀའ་ཁྲིའི་འོས་ཤོག་མ་ཐོབ་པ་ཙམ་གྱིས་བོད་དོན་དང་ཁ་བྲལ་ནས་འགྲོ་ཆོག་ཆོག་ཡོད་དོགས་མེད། ཁོ་བོད་པའི་སྤྱི་ཚོགས་དང་འབྲེལ་བ་དམ་ཟབ་མེད་པར་འགྲོ་ཆོག་ཆོག་ཡོད་པའི་ཞག་མ་ཁ་ཤས་ཀྱི་འགྲོ་པོ་ནང་བཞིན་ཡོད་པ་འདིས་ཐོག་ནས། ཁོ་ལ་བོད་དོན་ཆེད་བློས་མི་ཐོངས་པའི་མ་འོངས་འཆར་གཞི་གང་ཡང་མེད་པ་མཚོན་གྱི་ཡོད་རེད། མ་ཟད་ད་ལྟ་ཡང་བོད་དོན་དང་འབྲེལ་བ་དེ་ཙམ་མེད་པར་ཁ་ཐག་རིང་ཙམ་ཡིན་པ་མཚོན་གྱི་འདུག གལ་སྲིད་ཁོ་ལ་བོད་དོན་ཆེད་སེམས་ཤུགས་དང་འཆར་གཞི་དངོས་གནས་ཞིག་ཡོད་ན་ཐེངས་གཅིག་གི་བཀའ་ཁྲིའི་འོས་ཤོག་ཐོབ་མ་ཐོབ་གལ་ཆེན་པོ་བརྩི་གི་མ་རེད། གང་ཡིན་ཟེར་ན་བཀའ་ཁྲི་ཐོབ་ན་མ་ཐོབ་ན་རང་གི་མི་རིགས་དང་རང་གི་མི་རིགས་ལ་བཅིངས་པའི་ཤ་ཚ་དང་སེམས་ཤུགས། རང་གི་མི་རིགས་ཆེད་ཡོད་པའི་འཆར་གཞི་དང་རྨ་ལམ་རྣམས་མུ་མཐུད་བློས་གཏོང་གི་མ་རེད། འོན་ཀྱང་བཀའ་ཁྲི་ལྟ་བུའི་མིང་གནས་ཆེ་ཤོས་ཐོབ་ན་མ་གཏོགས་བོད་དོན་ཆེད་ལས་ཀ་བྱ་འདོད་མེད་པའི་ཐོག་ནས་ཁོ་ལ་རྒྱབ་སྐྱོར་བྱེད་ཁག་པོ་ཆགས་སོང་། བོད་ལ་ཕན་པའི་འཆར་གཞི་རྒྱ་ཆེ་གཏང་ཟབ་ཅིག་མེད་པར་གནས་སྐབས་ཀྱི་བཀའ་ཁྲིའི་འོས་བསྡུའི་གོ་སྐབས་དང་མཐུན་པའི་རྣམ་འགྱུར་ཞིག་བཟུང་བ་ཙམ་རེད། དེ་ཕྱིར་བོད་དོན་དང་འབྲེལ་བ་གཏིང་ཟབ་མེད་པདང་བོད་དོན་ཐོག་ཕུགས་བསམ་དང་འཆར་གཞི་སྲ་ཐག་ཆོད་ཅིག་མེད་པའི་འགྲོན་པོ་འགྲོ་ཆོག་ཆོག་ཅིག་ལ་རང་གི་འོས་ཤོག་གཅིག་པོ་བླུགས་ན་ནོར་བ་རེད།
༢། ཁོས་འོས་ཤོག་ཐོབ་ཐབས་ཆེད་སྐད་ཆ་ག་རེ་བཤད་རྒྱུར་འཛེམ་ཟོན་བྱེད་ཤེས་ཀྱི་མི་འདུག མི་མང་ལ་འདོད་པ་ག་རེ་ཡོད་པ་ཚང་མ་དང་མཐུན་པའི་སྐད་ཆ་ཞིམ་པོ་རྐྱང་རྐྱང་བཤད་ཀྱི་འདུག མ་འོངས་པར་ལས་དོན་ག་རེ་འགྲུབ་དང་ག་རེ་འགྲུབ་མི་སྲིད་པའི་སེམས་ཁྲལ་བྱེད་ཀྱི་འདུག བྱེད་སྟངས་འདིའི་ཐོག་ནས་ངས་ཁོ་ལ་ཡིད་ཆེས་བྱེད་ཐུབ་མ་སོང་བས་ངའི་འོས་གཅིག་པོ་ཕྱིར་འཐེན་བྱས་པ་ཡིན། ཡིན་ཡང་ཁོང་སྒེར་ལ་མ་དགའ་བ་མེད་པས་དགོངས་འགལ་མེད་པ་དང་ལོ་གསར་བའི་ནང་བདེ་ཐང་ལས་དོན་ལེགས་འགྲུབ་ཡོང་བའི་སྨོན་འདུན་བཅས།
ནོར་བཙོས།
ངས་བློ་བཟང་སེང་གེར་རྒྱབ་སྐྱོར་ཕྱིར་འཐེན་བྱས་པ་ཡིན། དང་པོ་ན་གཞོན་ཞིག་སླེབས་ན་ཡག་པོ་ཞེ་དྲག་ཡོང་ས་རེད་དྲན་ནས་བློ་བཟང་སེང་གེར་རྒྱབ་སྐྱོར་བྱས་རེད། ཡིན་ཡང་ཟླ་ཤས་ནང་ངོས་ལེན་དང་དགའ་བསུ་བྱེད་མི་ཐུབ་པའི་གནས་ཚུལ་མང་བྱུང་སོང་། དཔེར་ན། བློ་བཟང་སེང་གེའི་རྒྱབ་སྐྱོར་བ་ཁག་གཅིག་གིས་ངེས་པར་དུ་ཁོ་ལ་ཐོབ་དགོས་པའི་ཨུ་ཚུགས་བྱེད་ཀྱི་འདུག གལ་སྲིད་ཁོ་ལ་ཐེངས་འདིར་བཀའ་ཁྲི་མ་ཐོབ་ན་རྗེས་མ་ནས་ཁོས་བོད་དོན་ཐོག་ལས་ཀ་བྱེད་ཀི་མ་རེད། ཐེངས་འདིར་ཁོ་ལ་བཀའ་ཁྲི་མ་ཐོབ་པ་ཡིན་ན་ཐེ་ཝན་ལ་འགྲོ་གི་རེད་ཟེར་ནས་ཞེད་སྣང་བཟོ་མཁན་ཡང་འདུག སྐད་ཆ་འདི་དག་གི་ཐོག་ནས་བློ་བཟང་སེང་གེ་ལགས་ད་བར་དུ་བོད་དོན་དང་འབྲེལ་བ་གཏིང་ཟབ་པོ་ཞིག་མེད་པ་མཚོན་གྱི་འདུག གལ་སྲིད་ཁོང་བོད་དོན་དང་འབྲེལ་བ་གཏིང་ཟབ་པོ་ཞིག་ཆགས་ཡོད་ན། ཐེངས་གཅིག་བཀའ་ཁྲིའི་འོས་ཤོག་མ་ཐོབ་པ་ཙམ་གྱིས་བོད་དོན་དང་ཁ་བྲལ་ནས་འགྲོ་ཆོག་ཆོག་ཡོད་དོགས་མེད། ཁོ་བོད་པའི་སྤྱི་ཚོགས་དང་འབྲེལ་བ་དམ་ཟབ་མེད་པར་འགྲོ་ཆོག་ཆོག་ཡོད་པའི་འགྲོན་པོ་ནང་བཞིན་ཡོད་པ་འདིས་ཐོག་ནས། ཁོ་ལ་བོད་དོན་ཆེད་བློས་མི་ཐོངས་པའི་མ་འོངས་འཆར་གཞི་གང་ཡང་མེད་པ་མཚོན་འདུག མ་ཟད་ད་ལྟ་ཡང་བོད་དོན་དང་འབྲེལ་བ་དེ་ཙམ་མེད་པ་མཚོན་གྱི་འདུག གལ་སྲིད་ཁོ་ལ་བོད་དོན་ཆེད་སེམས་ཤུགས་དང་འཆར་གཞི་དངོས་གནས་ཞིག་ཡོད་ན་ཐེངས་གཅིག་གི་བཀའ་ཁྲིའི་འོས་ཤོག་ཐོབ་མ་ཐོབ་གལ་ཆེན་པོ་བརྩི་གི་མ་རེད། གང་ཡིན་ཟེར་ན་བཀའ་ཁྲི་ཐོབ་ན་མ་ཐོབ་ན་རང་གི་མི་རིགས་དང་རང་གི་མི་རིགས་ལ་བཅིངས་པའི་ཤ་ཚ་དང་སེམས་ཤུགས། རང་གི་མི་རིགས་ཆེད་ཡོད་པའི་འཆར་གཞི་དང་རྨི་ལམ་རྣམས་ནམ་ཡང་བློས་གཏོང་གི་མ་རེད། འོན་ཀྱང་བཀའ་ཁྲི་ལྟ་བུའི་མིང་གནས་ཆེ་ཤོས་ཐོབ་ན་མ་གཏོགས་བོད་དོན་ཆེད་ལས་ཀ་བྱ་འདོད་མེད་པ་འདི་སྐྱོ་བོ་རེད། རྒྱབ་སྐྱོར་བྱེད་རིན་མི་འདུག བོད་ལ་ཕན་པའི་འཆར་གཞི་རྒྱ་ཆེ་གཏང་ཟབ་ཅིག་མེད་པར་གནས་སྐབས་ཀྱི་བཀའ་ཁྲིའི་འོས་བསྡུའི་གོ་སྐབས་དང་མཐུན་པའི་རྣམ་འགྱུར་བསྟན་པ་ཙམ་རེད། དེ་ཕྱིར་བོད་དོན་དང་ཤ་འདྲེས་ཁྲག་འདྲེས་ཆགས་མེད་པ་མ་ཟད། བོད་དོན་ཐོག་ཕུགས་བསམ་དང་འཆར་གཞི་སྲ་ཐག་ཐག་ཅིག་མེད་པའི་འགྲོན་པོ་འགྲོ་ཆོག་ཆོག་ཅིག་ལ་འོས་ཤོག་བླུགས་ན་ནོར་བ་རེད།
༢། ཁོས་འོས་ཤོག་ཐོབ་ཐབས་ཆེད་སྐད་ཆ་ག་རེ་བཤད་རྒྱུར་འཛེམ་ཟོན་བྱེད་ཤེས་ཀྱི་མི་འདུག མི་མང་ལ་འདོད་པ་ག་རེ་ཡོད་པ་ཚང་མ་དང་མཐུན་པའི་སྐད་ཆ་ཞིམ་པོ་རྐྱང་རྐྱང་བཤད་ཀྱི་འདུག མ་འོངས་པར་ལས་དོན་ག་རེ་འགྲུབ་དང་ག་རེ་འགྲུབ་མི་ཐུབ་པ་སོགས་ལ་སེམས་ཁྲལ་བྱེད་ཀྱི་འདུག འོས་ཤོག་ཐོབ་ཐབས་ཁོ་ན་ལས་དམིགས་ཡུལ་གསལ་བོ་མེད་པར་ག་རེ་ཐེབས་ཐེབས་བཤད་སྲིད་པའི་བྱེད་སྟངས་སླ་བོ་འདི་ལ་ཡིད་ཆེས་བྱེད་ཐུབ་མ་སོང་བས་ངའི་འོས་གཅིག་པོ་ཕྱིར་འཐེན་བྱས་པ་ཡིན།
༣། ད་དུང་མིང་མཇུག་སེང་གེ་ཡིན་པ་རྒྱུ་མཚན་དུ་བགྲང་མཁན་ཚོས་རྣམ་རྟོག་དང་རྨོངས་དད་རང་ལ་གཞི་བཞག་ནས་བཤད་པའི་སྐད་ཆ་དགོད་བྲོ་ཞིག་རེད། བཀའ་ཁྲི་འོས་འདེམས་སྐབས་རྣམ་རྟོག་དང་རྨོངས་དད་བྱེད་མི་རུང་བ་ཡིད་འཛིན་འཚལ།
འབྱོར་ཚེ་ཉེ་བའི་དྲུང་ན་ཞུད་ཞུད་དུ་འགྲོ་ཞིང་།།
རྒུད་ཚེ་རིང་བོའི་ས་ནས་མཛུབ་ཀེར་གྱིས་འཕྱ་བ།།
དྲིན་བྱས་དྲིན་དུ་མི་གོ་གྲོགས་ངན་གྱི་གཤིས་ལ།།
བསམ་ཞིང་ངུ་མ་དགོད་ཀྱི་སྣང་བ་ཞིག་ཤར་སོང་།།
ཤེས་བརྩོན་ཐོས་པ་ཅན་གྱི་ཉམ་ཆུང་གི་ཁ་སྟབས།།
བླུན་པོ་ནོར་རྐྱལ་ཁུར་བའི་དབང་ཤེད་ཀྱིས་བཅོམ་སྟེ།།
ཆོས་མཐུན་བཀུར་སྟིའི་བཞུགས་གྲལ་གོ་ལོག་ཏུ་བསྡེབས་ནས།།
སེང་གེ་ཁྲི་ཡི་གཡོག་ཏུ་གྱུར་ཚུལ་འདི་སྐྱོ་བ།།
ཡུམ། གསུང་བསྒྱུར་ཁོང་དེ་འདྲ་ཐབས་སྐྱོ་པོ་ཡིན་མིན་གང་ཤེས་ཏེ། གང་ལྟར་ད་རེས་ཁེ་མཚར་ཞིག་གནང་བྱུང༌། ༸སྐྱབས་མགོན་རིན་པོ་ཆེའི་ཨིན་སྐད་གསུང་བསྒྱུར་དེ་ཡང་སྐུ་སྒེར་ཨིན་ཇི་དྲུང་ཆེ་བཀྲས་མཐོང་བསྟན་རྣམ་གྱི་སྤུན་མཆེད་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལ་རག་ལས་ཀྱི་ཡོད་པ་འདྲ། དགེ་བཤེས་ལྷག་རྡོར་དང༌། ཐུབ་སྦྱིན། རྡོ་རྗེ། དགྲ་འདུལ་སོགས་དགེ་བཤེས་མང་པོ་ཞིག་འགྲན་བསྡུར་ཡོད་པ་རེད་ཟེར་བ་བདེན་པ་འདྲ།
གཏམ་བཟང་ཞིག་ལ་དེང་སང་སྟག་སྨྱོན་གྱིས་གད་སྙིགས་ནང་ནས་རང་བཙན་ལག་དེབ་གཙབ་ཧྲལ་དེ་ཕྱིར་བླངས་པ་དང་། སྦྱར་རྩི་འགྱིག་དེམ་གང་ཉོས་ནས་ཤོག་ལྷེ་རེ་རེ་བཞིན་སྦྱར་གྱི་འདུག་ཟེར། འོན་ཀྱང་སྟབས་མ་ལགས་པ་ཞིག་ལ་པར་མགོ་སྦྱར་སའི་ཤོག་ལྷེ་དེ་རྙེད་མི་འདུག དེ་རང་བཙན་ལག་དེབ་ལ་དངུལ་སྤྲོད་རྒྱུ་མིན་པ་དཀོན་མཆོག་དཔང་བཞག་བྱས་པའི་མནའ་ཟོས་པས་ཡིན་ས་རེད།
ཇི་ཙང་ག སྟག་སྨྱོན་གྱི་མཆན་དེ་མཐོང་སྐབས་མི་མང་པོས་ཁོ་ལ་བོད་མིའི་འོས་བསྡུའི་སྐོར་བཤད་པའི་ཐོབ་ཐང་ཡོད་མ་རེད་ཟེར་གྱི་འདུག ཤོག་ངོས་ཧྲལ་ཟིན་པ་རྣམས་ཡར་སྦྱར་ཡོད་ན་ཡང་ལོ་མང་པོའི་རིང་དངུལ་སྤྲད་ཡོད་ཀྱི་མ་རེད་འདོད་ལ། འོས་བསྡུའི་དེབ་སྐྱེལ་ནི་ག་ནས་བྱེད། ཁ་རང་རེད། འགན་ཁུར་རྩ་ནས་མེད་པར་དུས་ཚོད་མ་འཁྱོལ་བ་རང་རེད།
སེང་གེ་གསུམ་གྱི་སྐོར་ལ་འབྲེལ་བཤད་རོབ་ཙམ་ཞུས་ན།
སེང་གེ་དང་པོ་ནི།
ཁོ་བར་འོས་ཤོག་ཐོབ་ཆེད་ འཛེམབག་སྤུ་ཙམ་མེད་པར་མི་མང་ལ་མགོ་སྐོར་བཏང་བ་། ཕྱོགས་གཅིག་ནས་རང་བཙན་ལག་དེབ་ཀྱི་དཔྱ་དངུལ་མར་བཅག་དགོས་རེད་ཞེས་དང་ཡང་ ཕྱོགས་གཞན་ཞིག་ནས་ཕྱི་རྒྱལ་ཁག་ལ་ཡོད་པའི་བོད་མི་རྣམས་ཀྱི་ཨ་སྒོར་སྟོང་ཕྲག་ རེ་སྤྲོད་དགོས་རེད་ཞེས་གསུངས་པ་དེ་གཉིས་སྔ་ཕྱི་ནང་འགལ་གྱི་སྐད་རབ་རིམ་པ་ ཤོད་ཀྱི་ཡོད་པ་དང་། དེ་སྔ་ལྡི་ལི་ཆུ་སྒང་གི་དྲུང་ཆེ་ནང་གནང་མྱོང་ཡོད་ཀྱང་ཁོ་བས་དེའི་སྐོར་མི་ མང་ལ་རྩ་བ་ནས་མི་ཤོད་པའི་རྒྱུ་མཚན་དང་ཁོ་བའི་སློབ་སྟོན་པ་གཙོ་བོ་བཀའ་ཟུར་ འཇུ་ཆེན་ཐུབ་བསྟན་ཡིན་བཞིན་ཏུ་ད་དུང་མི་མང་ལ་ཟབ་གདོང་རིན་པོ་ཆེ་ཉིད་ཀྱི་ སློབ་སྟོན་པ་ཞུ་ཡུལ་ཡིན་ཞེས་གསུངས་པ་དེའོ།
སེང་གེ་གཉིས་པ་ནི།
ན་ནིངས་གྲོས་ཚོགས་ནང་ལ་ དཔུང་ཁག་བསྒྲིགས་ཏེ་གྲོས་ཚོགས་ཚུགས་མི་ཐུབ་པ་དགྲ་དགའ་སྙིང་སྡུག་བཟོས་པ་ལྟར་ སེང་གེ་དེ་བཀའ་ཁྲིར་འོས་ཐོབ་པ་ཡིན་ན་ད་ལོ་ནས་འདི་ངའི་ཕྱོགས་གཏོགས་རེད་བཀའ་ བློན་ལ་འདེམས་རྒྱུ་ཡིན་ཁོ་ལ་ཤེས་འཇོན་ག་ཚོད་ཡོད་ན་ཡང་ངའི་ཕྱོགས་མ་རེད་བཀའ་ བློན་ལ་འདེམས་མིན་ཞེས་དཔུང་ཁག་བསྒྲིགས་རྒྱུ་ཡིན་པ་གཏན་ཁེལ་རེད། རྒྱུ་མཚན་ནི་ཁོ་བས་༼ང་རང་མི་གཅིག་ཡིན་པ་ཡིན་ནའང་འདིར་དཔུང་སྒྲིག་པ་སླེབས་པ་ ཡིིན༽མི་མང་དང་གཞུང་གི་ལས་བྱེད་མདུན་དུ་དེ་ལྟར་བརྗོད།
སེང་གེ་གསུམ་པ་ནི།
ལྡི་ལི་ཆུ་བཞི་སྒང་དྲུག་ སློབ་སྟོན་པ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་དང་ལག་འབྲེལ་བྱས་ཏེ་ཡང་བསྐྱར་བོད་ སོག་ལས་ཁུངས་དང་གྲོས་ཆོད་བཞག་ཏེ་༸གོང་ས་མཆོག་དང་རྒྱལ་ཞེན་ཅན་གྱི་མི་སྣ་དག་ ལ་ཚུར་རྒོལ་བྱ་རྒྱུ་དེའོ།
༢༤༽ བཀྲ་རྡོར་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡ གི་ཆུ་ཚོད་ ༢ སྐར་མ་ ༡༢
བློ་སེང་ལ་དྲི་ལན་ གྱི་ཀུན་གླེང་དེ་བརྒྱུད་ཏེ་བསམ་ཡོད་ཅན་གྱི་མི་སྣ་དག་ལ་བསམ་བློ་གཏོང་རྒྱུའི་ གོ་སྐབས་ཤིག་རེད་སྙམ། རྣམ་རྒྱལ་ལགས་ཀྱིས་བློ་སེང་ལ་རྡ་ས་ཆུ་བཞི་སྒང་གི་དྲུང་ཆེ་བྱེད་མྱོང་བའི་ ཉམས་མྱོང་སྐོར་དྲིས་དུས་ལན་ག་རི་རྒྱབ་སོང་ཁྱེད་ཚོས་གསལ་པོ་གཟིགས་ཡོད་ཤག་ རེད། བློ་སེང་ལྡི་ལི་ཆུ་བཞི་སྒང་དྲུག་དང་འབྲེལ་བ་ཡོད་པ་གསལ་པོ་ཆགས་སོང་སྙམ།
དེ་མིན་དེ་སྐོར་ག་བྱས་ཏེ་གསལ་བོ་མི་ཤོད་པའི་རྒྱུ་མཚན་ཅི།
མི་རྗེ་ཟམ་གདོང་ཚང་གིས་
༼བར་ལམ་ཞིག་ནས་ང་ལ་དེའི་ ཐོག་དམིགས་བསལ་གྱིས་ཚོར་སྣང་ཆེན་པོ་བྱུང་། ཉེ་ཆར་དབུས་སྤྱི་ཁྱབ་འོས་བསྡུ་ལྷན་ཁང་གིས་བཀའ་བློན་དང་སྤྱི་འཐུས་ཀྱི་འོས་ ཤོག་གསལ་བསྒྲགས་གནང་བ་རེད། དེའི་སྐབས་གདན་ས་ཁག་གིས་འོས་ཤོག་འཕེན་སྟངས་ཀྱི་འགྲོས་དེ་གོ་སོང་། དེའི་སྐབས་ཡ་མཚན་པོ་དང་ཧང་སང་དགོས་པ་བྱུང་། གྲྭ་པ་ཚོས་འདི་འདྲ་གནང་གི་ཡོད་པ་རེད་དམ། དེ་འདྲ་བྱས་པ་ཡིན་ན་ནམ་རྒྱུན་ང་ཚོས་གྲྭ་པས་ཆབ་སྲིད་ནང་ཆ་ཤས་ལེན་དགོས་པ་རེད་ ཅེས་བཤད་སྡོད་པ་དེ་ཆོས་སྲིད་ཟུང་འབྲེལ་ཆགས་ཀྱི་ཡོད་དང་། ཆོས་འགལ་རིང་ལུགས་ཤིག་ཆགས་འགྲོ་ཡི་ཡོད་པའི་ངེས་པ་མི་འདུག་སྙམ་པའི་ཞེད་སྣང་ འདྲ་བྱུང་སོང་། ངས་དེ་རིང་ནང་ཚགས་བྱས་ཏེ། ང་རང་ལ་ཚོར་སྣང་བྱུང་བ་དེ་ཞུས་པ་ཡིན་
ཨ་རོགས་ཚོ་བློ་སེང་གི་ སྐད་ཆར་ཉོན་དང་། ༢༠༠༦ བློ་སེང་གི་བྱང་ཨ་རིའི་སྤྱི་འཐུས་ཀྱི་འོས་མིར་ཐོན་ཀྱང་ཁོ་བས་དགོངས་པ་བཞུས་ ཡོད། རྒྱུ་མཚན་ནི་ཁོ་བ་བོད་མང་གི་སྤྱི་འཐུས་བྱས་ན་ཁོ་བའི་ལས་ཀ་ཤོར་དོགས་ཀྱི་ཁོ་ བས་སྤྱི་འཐུས་ཀྱི་འོས་ནས་ཕྱིར་འཐེན་བྱས་ཡོད། བོད་པའི་ཁ་དཔེར་ཆོས་བཤད་འཁྲམ་པའི་ཁ་ལ་ཡོད་ཟེར་བ་ལྟར་ཁོ་བས་༼ང་རང་་མ་་ཤི་་ བར་བོད་སྤྱི་པའི་རྩ་དོན་ཆེད་དུ་ལས་ཀ་བྱེད་རྒྱུའི་དམ་བཅའ་བརྟན་པོ་ཡོད་༽ཅེས་ མི་མང་མགོ་སྐོར་གཏོང་གི་ཡོད།
རྣམ་རྒྱལ་ལགས་ཀྱི་དྲི་ བ་ཁག་ལ་ཁོ་བས་ལན་ཐེབས་ཀྱི་མི་འདུག་འདྲེ་ཤར་སྒོར་བཞག་ཏེ་གླུད་ནུབ་སྒོར་བཏང་ ཞེས་པའི་དཔེ་ལྟར་ཁོ་བས་ཏན་ཏན་བོད་པའི་སྐད་ཡིག་གི་ཐོག་ལ་ཀླད་སྟོང་བ་རང་རེད་ འདུག
ཨ་རོགས་ཚོ་བསམ་བློ་ གཏོང་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་བོད་གཞུང་གི་ཁ་གཏད་ རེད་དམ་ཡང་རྒྱ་དམར་གཞུང་གི་ཁ་གཏད་རེད། བློ་སེང་གིས་གཞོན་ནུ་ལྷན་ཚོགས་འདི་བོད་གཞུང་གི་ཁ་གཏད་རེད་ལབ་སོང་།
༸གོང་ས་མཆོག་གི་རྒྱ་ མི་་དང་མཐུན་འབྲེལ་བྱེད་དགོས་ཞེས་ ༢༠༠༨ ལོར་བོད་ནང་གི་གཟིངས་འཁྲུགས་ཆེན་པོ་ལངས་པའི་རྗེས་སུ་གསུངས་པ་ཞིག་ལས་ ༢༠༠༥ ནང་ལ་རྩ་བ་ནས་མེད་སྐུ་མཁྱེན་རྫུན་མི་ཤོད་རོགས།
ཁོ་བར་དྲི་བ་ཞིག་འདུག་ རྒྱུ་མཚན་གང་གི་ཕྱིར་འཕྲོད་བསྟེན་ཡིན་ན་འཕྲོད་བསྟེན་གྱི་ཐོག་ཉམ་མྱོངས་བསགས་ མྱོང་འདེམས་པའི་དགོས་པའི་རྒྱུ་མཚན་གང།
ག་དུས་ཡིན་ནའང་སྔ་ཕྱི་རྒྱབ་འགལ་རྐྱང་རྐྱང་མི་ཤོད་རོགས་བློ་སེང་།
དཀོན་མཆོག་མཁྱེན་ཁྱེད་ཚོས་སྟག་སྨྱོན་ལ་ཉེས་སྨད་མ་བྱེད་རོགས་། སྐུ་མཁྱེན་། སྟག་སྨྱོན་གྱི་སེམས་ནས་བོད་ཞེས་པའི་མང་འདི་དོར་ཐབས་ཡོད་པ་མ་རེད་།
ཧ་ཧ། ད་ཡིན་ན་གད་མོ་སློང་གི་འདུག གཞོན་ནུ་ཚོགས་པ་བོད་གཞུང་གི་ཁ་གཏད་རེད། ཅེས་ཤོད་མཁན་གྱི་མི་འདིས་དོན་ལ་གཞོན་ནུ་ཚོགས་པ་རྒྱ་དམར་གུང་ཁྲན་དང་གནས་བབ་གཅིག་གི་ཐོག་བཞག་འདུག ཀུན་སློང་དང་བྱེད་སྤྱོད་འདི་འདྲ་ཡོད་པའི་མི་གཅིག་གིས་བཀའ་བློན་བྱེད་རྒྱུ་ཡིན་ཟེར་ན། ད་ཅི་འདྲ་ཡོང་ས་རེད། གཞོན་ནུ་ཚོགས་པ་གཟབ་གཟབ་བྱས་ན་མ་གཏོགས་ལྔ་པའི་ལམ་དུ་གཏོང་བ་ལ་ཐེ་ཚོམ་མི་འདུག་གོ །ཨ་རོ་དོན་གྲུབ་ལྷ་དར། ད་མ་ཉལ་ཡར་ལ་ལོངས། ད་དུང་ཉལ་བསྡད་ན་ལྔ་བའི་ལམ་དུ་འགྲོ་ཉེན་འདུག
ད་ལམ་བཀའ་ཁྲིའི་འོས་མི་བསྟན་རྣམ་དང་བློ་སེང་གཉིས་ཀྱི་voa ནང་གྱི་གླེང་མོལ་ལ་ཞིབ་ན་བསྟན་རྣམ་ནས་ཡུལ་ལགས་ཚུལ་ལྡན་དང་དངོས་འབྲེལ་གང་ཡིན་ད་རང་ལན་བཏབ་སོང་བ་དང་བློ་སེང་ནས་དྲི་གང་བསྐུལ་པ་དེའི་ལན་མ་བཏབ་པར་བརྙན་འཕྲིན་གཟིགས་མཁན་ཚོ་འཆམ་འཆམ་འཁྲིད་རྩིས་བྱས་པར་ལྟས་ན་མི་དེ་དངོས་གནས་གཏན་པོ་ཞིག་ཙ་བ་ནས་ཡིན་ཚོད་མིན་འདུག
དེ་རིང་སྦི་སྦི་སིས་ཞབས་འདྲེན་བླ་ན་མེད་པ་ཞུས་འདུག ཁ་གཏད་ཚོགས་པ་དང་དགྲ་ཁ་གཏད་གཉིས་ཀྱི་ཁྱད་པར་ཤེས་མི་འདུག ཨ་ཁ་ཁ་ རྒྱ་གར་གྱི་སྦི་ཇི་སྦི་ཚོགས་པ་དེ་རྒྱ་གར་གྱི་དགྲ་རེད་དམ། དེ་རྒྱ་གར་ནང་གི་ཁ་གཏད་ཚོགས་པ་རེད། སྦུ་ཤི་ཁོང་ཚོའི་ཚོགས་པ་རིལ་སྤབ་ལེག་ཚོགས་པ་དེ་ཨ་མི་རི་ཁའི་དགྲ་རེད་དམ། དེ་ཨ་མི་རི་ཁའི་སྲིད་གཞུང་གི་ཁ་གཏད་ཚོགས་པ་རེད། ཨ་ཁ་ཁ་ཁ་ཁ། ཁྱོད་འདྲ་བ་ཚོས་རྒྱབ་སྐྱོར་བྱས་ན་སྐུ་ངོ་ལ་ཕན་ལས་གནོད་ཆེ་བ་འདུག
སྦི་སྦི་སིའི་དགོང་དྲོའི་གསར་འགྱུར། དཀོན་མཆོག་ལགས་ནས་མཆན་བཏབ་པར་ཐུགས་རྗེ་ཆེ། ཞབས་འདྲེན་དངོས་གནས་ཞུ་མཁན་དེ་ཁྱེད་རང་རེད། ཁྱེད་རང་ཉིན་རེ་ལས་ཉིན་རེ་རྨོངས་ཚབས་ཆེ་རུ་འགྲོ་ཡི་འདུག ད་ཁྱེད་རང་གིས་ཨ་ར་པ་ཙ་འབུམ་ཐེར་གཅིག་གསོག་དགོས་པ་འདུག ཁྱེད་རང་དཔལ་ཆོས་ཀྱི་གྲགས་པའི་ཚད་མའི་གཞུང་ལ་སྦྱངས་པ་རྩ་བ་ནས་མེད་པ་ཙམ་དུ་མ་ཟད། དྲི་མ་ཙམ་ཡང་བྲོ་གི་མི་འདུག ཁྱད་གཞི་ཁྱད་ཆོས་དང་སྤྱི་བྱེ་བྲག་སོགས་ཀྱི་སྐོར་ལ་བློ་གྲོས་ཀྱི་མིག་ལྡོང་འདུག མ་གཞི་རང་ནས་ངས་སྦི་ཇའི་སྦི་རྒྱ་གར་གཞུང་གི་དགྲ་ཁ་གཏད་ལྟ་ཅི་ཁ་གཏད་ལའང་ངོས་འཛིན་གྱི་མེད། འོན་ཀྱང་ཀོང་རེསེ་ཚོགས་པའི་དགྲ་ཁ་གཏད་ལ་བརྩིས་ན་མི་འགྲིག་པ་ཅང་མེད། དེ་བཞིན་ཨ་རིའི་རི་པབལི་ཁནཊི་དམངས་གཙོ་ཚོགས་པ་སྟེ་སྒྱེ་མོ་ཁེརེ་སེའི་དགྲ་ལའང་བརྩི་ཆོག ཁྱེད་རང་གིས་དགྲ་ཁ་གཏད་ཀྱི་གོ་དོན་ཡང་ཤེས་མེད་ཚོད་དུ་སྣང། འདི་དག་ནི་ཚོགས་པ་ནང་ཕན་ཚུན་སུ་རྒྱལ་སུ་ཕམ་གྱི་འཐབ་བརྩོད་ཁོ་ནའི་ཁྲོད་ལས་དོན་འགོ་འཛུགས་པ་དང་། ནང་ཕན་ཚུན་སུ་རྒྱལ་སུ་ཕམ་གྱི་འཐབ་བརྩོད་ཁོ་ནའི་ཁྲོད་ལས་དོན་མཇུག་སྒྲིལ་གྱི་ཡོད། ཁྱེད་རང་གིས་འདི་དག་དང་བོད་ཀྱི་གཞོན་ནུ་ཚོགས་པ་དང་བོད་གཞུང་དབར་གྱི་འབྲེལ་བ་གཅིག་མཚུངས་སུ་ངོས་འཛིན་པ་ནི་ཧ་ཅང་གི་ཐབས་རྡུག་རེད། བུ་གླེན་པས་ཕ་ཡི་ཀླད་པ་བལྡག ཅེས་པ་འདི་ལྟ་བུ་ལ་ཟེར་བ་ཡིན། བོད་གཞུང་དང་གཞོན་ནུའི་དབར་ལངས་ཕྱོགས་མི་འདྲ་བ་ཙམ་ལས་སུ་རྒྱལ་སུ་ཕམ་གྱི་གནས་ཚུལ་རྩ་བ་ནས་མེད། མགོ་འོག་དཔུང་ཆུ་ཡིན་པ་མ་བརྗེད། ཁོང་གཉིས་ཀའི་བསྒྲུབ་བྱ་བོད་ཀྱི་བདེ་སྐྱིད་རེད། ད་མང་པོ་མི་བཤད། བཤད་ཀྱང་གོ་ཡི་མ་རེད།
བློ་བཟང་སེང་གེ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་མཁས་ལུགས་ཀྱིས་འོས་བླུགས་རྒྱུ་ཡིན་ཟེར་གྱིན་འདུག འོ་ནས་རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་ནས་བོད་དོན་ལ་ཕན་པའི་མཛད་རྗེས་གང་ཡོད་དམ
དགེ་བཤེས་ལགས་ཀྱི་དགོངས་ཚུལ་འཛེམས་ཟོན་མེད་པར་གསུངས་པར་བསྔགས་བརྗོད་ཆེན་པོ་ཡོད། དགོངས་ཚུལ་ཡོད་པ་ཆོག་པ་དང་། དགོངས་ཚུལ་གསུངས་པ་ནི་དེ་བས་ཀྱང་ཡག་པོ་རེད། འོན་ཀྱང་བཀའ་ཁྲིའི་འདེམས་ཀ་རང་ཉིད་ཀྱིས་བྱེད་རྒྱུ་ཡིན་པས་ཁོང་གི་དགོངས་ཚུལ་དང་ངའི་བསམ་ཚུལ་དང་རྦད་དེ་ཐ་དད་ཡིན། འདི་ལ་འགྱུར་བ་གཏན་ནས་མེད།
༄། །བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་དེ་སྐུ་ངོ་བཀྲ་ཤིས་དབང་འདུས་ལྷག་སུ་གང་མི་འདུགས་།
མཚངས་མས་དགོངས་པ་གཞེས་གནང་རྒྱུའི་གལ་ཆེ་པོ་རེད་འདུག་ད་རེས་གི་དུས་ཚོད་དེ་ལ་ལྷག་པར་དུ་
ཆོལ་གསུམ་ཆིག་བསྒྲིལ་དང་རྒྱ་བོད་གཉིས་སྨན་དབུ་མིའི་ལམ་གི་སྲིད་རྒྱུད་ལ་ཕུལ་དུ་བྱུང་པ་ཡིན།
བཀྲ་ཤིས་བདེ་ལེགས་ཞུ།
སྐུ་ཞབས་ཐུབ་བསྟན་སྦྱིན་པ་ལགས་སྐུ་དྲག་རྙིང་པས་ལྟ་བ་རང་རེད།
ང་ཚོས་བྱས་པ་ཅན་གྱི་མི་སྣར་སྐྱོན་འཛུགས་ཁོ་ན་བྱེད་མི་ཉན། ལོ་ཙཱ་བ་ཁོང་ལྟ་བུ་ཐོན་པ་ང་ཚོ་བོད་མིའི་གཟི་བརྗིད་རེད།
ཁོང་གི་ཤེས་ཡོན་ལ་ང་ཚོས་རྗེས་སུ་ཡི་རང་བྱེད་འོས་པ་ཞིག་ཡིན། འོན་ཀྱང་སྐུའི་གསུང་བསྒྱུང་མིང་ཐོག་ནས་དྲྭ་ཐོག་ཏུ་གློག་བརྙན་ཐོག་ནས་བཀྲས་མཐོང་ལ་རྒྱབ་སྐྱོར་བྱེད་འདི་ཅི་འདྲ་ཡིན་ནམ།
ཁོང་ལྟ་བ་རྙིང་པ་ཡིན་ན་དྲང་བདེན་ཁྱོད་རང་གདོད་མིའི་དུས་ཀྱི་མི་ཡིན་རྒྱུ་རེད། ཁ་ཕོ་རུ་བཤད་ནས་གང་ཡོང་། ལྟོས་དང་དེང་སང་ཚན་རིག་གི་ཐོག་ནས་གསུང་བསྒྱུར་བྱེད་དགོས་ན་ཁོང་མེད་དུ་མི་རུང་བ་ཞིག་རེད།
ལོ་ཙྰ་བ་ཤེས་ཡོན་ལ་རྗེས་སུ་ཡི་རང་ཡོད་ ཡིན་ནའང་ཁོང་དང་པོ་གྲ་པ་ཡིན་པ་འདྲ་ད་ལྟ་གྲ་མ་རེད།མི་དེ་འདྲ་ཞིག་གི་གཞན་ལ་ཕན་ག་འདྲ་ཞིག་ཐོག་ཡོང་ངམ་ མི་སུ་ཡིན་ན་དང་པོ་རང་ཡག་པོ་བྱས་ནས་དེས་ནས་དྲང་པོ་བྱས་ནས་ལས་ཀ་བྱས་ན་ཡག་པོ་རེད་བསམས་འདུག །
དིང་རྡོར་ལགས་གདོད་མའི་མི་རྒྱུད་ཡིན་ཟེར་ནས་ལྟ་བ་རྙིང་པའི་བོད་རྩ་མེད་བཟོས་ན་ག་འདྲ་ཡོད་དམ།
དྲང་བདེན་ཁྱེད་རང་གི་ལན་ག་རེ་བསྐྱོན་གིན་ཡོད་མེད་ངས་མགོ་འཚོས་མ་སོང་། ཡིན་ནའང་ལྟ་བ་རྙིང་པའི་བོད་རྩ་མེད་བཟོ་དགོས་པ་མ་རེད། དུས་རབས་བཞིན་འགྱུར་འགྲོ་གི་རེད། ཧ་གོ་སོང་ངེ།
འོས་ཤོག་འཕེན་མཁན་རྣམས་ཀྱིས་སོ་སོའི་བསམ་ཚུལ་གང་ཡོད་བཤད་པ་ལ། ཡིད་རངས་ཞུ། གལ་སྲིད་མཁྱེན་ལྡན་བློ་བཟང་སེང་གེ་ནང་བཞིན་པ་ཞིག་ད་ལྟའི་ཆར་མེད་ན། ངས་མཁྱེན་ལྡན་བསྟན་འཛིན་རྣམ་རྒྱལ་ལ་འོས་འཕེན་ཐག་ཆོད་ཡིན། ཁོང་འོས་ཆོས་ཚང་བ་ཞིག་ཡིན་ས་རེད། སྐད་བསྒྱུར་ཆེན་མོས་འབུར་དུ་ཐོན་ནས་གསལ་བཤད་གནང་སྟངས་ལ་གཞིག་ན་མཁྱེན་ལྡན་བསྟན་འཛིན་རྣམ་རྒྱལ་ལགས་ལ་འོས་ཐོབ་ན་ཡང་མ་འགྲིགས་པ་མི་འདུག་བསམ་བྱུང་།
ཡིན་ནའང་ད་ལྟའི་ཆར་། ང་རང་ཚོའི་མི་རབས་ཀྱི་ཁུག་སོར། དུས་རབས་ཀྱི་དཀྱོགས་འཚམས་འདིར། དུས་རབས་དང་འཚམ་པའི་ཤེས་ཡོན། འགྱོན་ཐང་གཉིས་གརྩེགས་ཅན་གྱི་བློ་བཟང་སེང་གེ་ལ་ནི། ངས་རྨི་ལམ་ཚུན་དུ་འོས་ཤོག་འཕེན་ངེས་ཅན་ཡིན།
ཉམས་མྱོང་ཅན་ཞིག་དགོས་རེད་ཟེར་ནས་ཁ་ཤས་ལ་སེམས་ཁུལ་ཡོད་པའི་བཟོ་འདྲ་མཐོང་གི་འདུག ང་ཚོས་བཀའ་བློན་ཁྲི་བ་ཞིག་གདེམས་ཀྱི་ཡོད་རེད་མ་གཏོགས། སློབ་སྟོན་པ་ཞིག་གདེམས་ཀྱི་ཡོད་མ་རེད། བཀའ་བློན་ཁྲི་བ་ལ་སློབ་སྟོན་པ་ཟེར་ན་འདྲ། བློ་དྲི་སའི་ཉམས་མྱོང་ཅན་ཞིག་དགོས་ངེས་ཅན་རེད། གལ་སྲིད་དེ་མེད་ན། བཀའ་ཤག་རྙིང་པས་ཡིག་ཆ་གང་ལ་བཞགས་ཡོད་མེད་སོགས་ཤེས་ཀྱི་མ་རེད།
ཇི་སྲིད་དུ། མི་རབས་རྙིང་པ་མལ་གསོ་གཏོང་མ་ཐུབ་ཀྱི་བར་དུ། བོད་ཀྱི་གཞུངས་དམངས་ལ་འགྱུར་བ་ཆེན་པོ་འགྲོ་རྒྱུ་མེད་པ་གཏན་ཁེལ་རེད། དེའི་རྒྱུ་མཚན་ལ་དགོངས་ནས་༧གོང་ས་མཆོག་གིས་སྐུ་མལ་གསོ་བའི་ཐུགས་ཆགས་གནང་པ་ཡིན་པ་གཏན་ཁེལ་རེད།
༧གོང་ས་མཆོག་ལས་ལྷག་པར་སུ་ཡང་མ་ཕེབས་མི་ཕེབས་ཕེབས་པར་མི་འགྱུར་ནའང་། མི་རབས་གསར་བས་ག་འདྲ་བྱེད་ཀྱི་འདུག་བལྟ་དཔྱད་བྱེད་པའི་དུས་ལ་གཏན་གཏན་ཁེལ་འདུག
བཀའ་ཁྲི་ཟམ་གདོང་བླ་མ་ནི་འཛམ་གླིང་ལ་ངོམ་ཆོག་པའི་ང་ཚོའི་ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་དང་ ། ཤེས་ཡོན་དང་འཇོན་ཐང་ ། ལྷག་བསམ་སོགས་གང་ཅིའི་ཐད་ནས་བོད་མི་རིགས་ཀྱི་གཟི་བརྗིད་དུ་བགྲང་རིན་ཡོད་པའི་དཔའ་རྒོད་ངར་མ་ཞིག་ཀྱང་ཡིན ། འབྱུང་འགྱུར་གྱི་བཀའ་ཁྲིའི་འོས་མིའི་ཁོངས་སུ་དེ་ལྟ་བུའི་བཀའ་ཁྲི་ཞིག་ནམ་མཁའི་མེ་ཏོག་གི་སྤུན་མཆེད་ཡིན་མོད ། དེ་ལ་འཁངས་ར་བཤད་དོན་མེད་ལ །དེ་ནི་ང་ཚོའི་མི་རིགས་འདིའི་ལས་དབང་ལས་གཞན་ལ་ཁག་དཀྲི་བྱེད་ས་དེ་བས་ཀྱང་མེད ། མ་འོངས་པའི་བཀའ་ཁྲིས་བོད་ཀྱི་བདེན་དོན་དང་འཛིན་སྐྱོང་གི་ཐད་མཛད་རྗེས་གསར་བ་འཇོག་མ་ཐུབ་ཀྱང་ ། ད་ཡོད་གཞུང་གི་སྲིད་ཇུས་དང་ལས་འཆར་སོགས་མུ་མཐུད་རྒྱུན་འཁྱོངས་བྱེད་ཐུབ་པ་ཞིག་དང་། མི་མང་གི་ངོས་ནས་ཀྱང་བཀའ་ཁྲི་སུ་སླེབས་མིན་ལ་མ་ལྟོས་པར་གོང་བུ་གཅིག་གྱུར་དང་ ། ཕྱར་གྲུ་མཉམ་འདེགས་གནང་ཐུབ་ན་དཀའ་ངལ་གང་ལའང་ང་ཚོས་གདོང་ལེན་བྱེད་ཐུབ་པར་གདོན་མི་ཟ ། དེས་ན་ང་ཚོས་ཆིག་སྒྲིལ་གྱིས་ཕྱོགས་འཐེན་རྒྱབ་ཏུ་བསྐྱུར་ན ། མེས་པོ་རྣམས་ཀྱང་མི་མངོན་དབྱིངས་ནས་འཛུམ་ཤིག་གེར་བཞུགས་རྒྱུར་ཐེ་ཚོམ་མེད ། བོད་ཀྱི་འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལས་ང་ཚོའི་མ་འོངས་པའི་བསམ་བློའི་ཁ་ཕྱོགས་ལ་སྟངས་འཛིན་བྱ་དགོས ། འདི་བརྗེད་མི་ཉན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
༄༅ ། བཀའ་ཁྲི་ཟམ་གདོང་བླ་མ་ནི་འཛམ་གླིང་ལ་ངོམ་ཆོག་པའི་ང་ཚོའི་ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་དང་ ། ཤེས་ཡོན་དང་འཇོན་ཐང་ ། ལྷག་བསམ་སོགས་གང་ཅིའི་ཐད་ནས་བོད་མི་རིགས་ཀྱི་གཟི་བརྗིད་དུ་བགྲང་རིན་ཡོད་པའི་དཔའ་རྒོད་ངར་མ་ཞིག་ཀྱང་ཡིན ། འབྱུང་འགྱུར་གྱི་བཀའ་ཁྲིའི་འོས་མིའི་ཁོངས་སུ་དེ་ལྟ་བུའི་བཀའ་ཁྲི་ཞིག་ནམ་མཁའི་མེ་ཏོག་གི་སྤུན་མཆེད་ཡིན་མོད ། དེ་ལ་འཁངས་ར་བཤད་དོན་མེད་ལ །དེ་ནི་ང་ཚོའི་མི་རིགས་འདིའི་ལས་དབང་ལས་གཞན་ལ་ཁག་དཀྲི་བྱེད་ས་དེ་བས་ཀྱང་མེད ། མ་འོངས་པའི་བཀའ་ཁྲིས་བོད་ཀྱི་བདེན་དོན་དང་འཛིན་སྐྱོང་གི་ཐད་མཛད་རྗེས་གསར་བ་འཇོག་མ་ཐུབ་ཀྱང་ ། ད་ཡོད་གཞུང་གི་སྲིད་ཇུས་དང་ལས་འཆར་སོགས་མུ་མཐུད་རྒྱུན་འཁྱོངས་བྱེད་ཐུབ་པ་ཞིག་དང་། མི་མང་གི་ངོས་ནས་ཀྱང་བཀའ་ཁྲི་སུ་སླེབས་མིན་ལ་མ་ལྟོས་པར་གོང་བུ་གཅིག་གྱུར་དང་ ། ཕྱར་གྲུ་མཉམ་འདེགས་གནང་ཐུབ་ན་དཀའ་ངལ་གང་ལའང་ང་ཚོས་གདོང་ལེན་བྱེད་ཐུབ་པར་གདོན་མི་ཟ ། དེས་ན་ང་ཚོས་ཆིག་སྒྲིལ་གྱིས་ཕྱོགས་འཐེན་རྒྱབ་ཏུ་བསྐྱུར་ན ། མེས་པོ་རྣམས་ཀྱང་མི་མངོན་དབྱིངས་ནས་འཛུམ་ཤིག་གེར་བཞུགས་རྒྱུར་ཐེ་ཚོམ་མེད ། བོད་ཀྱི་འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལས་ང་ཚོའི་མ་འོངས་པའི་བསམ་བློའི་ཁ་ཕྱོགས་ལ་སྟངས་འཛིན་བྱ་དགོས ། འདི་བརྗེད་མི་ཉན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
སྟག་འབུལ་རྒྱལ། དེ་བདེན་པ་རེད། འོན་ཀྱང་དེ་སུས་བྱེད་ཐུབ་པ་འདུག་བལྟ་དགོས་པ་རེད།
ཇི་སྲིད་དུ། མི་རབས་རྙིང་པ་མལ་གསོ་གཏོང་མ་ཐུབ་ཀྱི་བར་དུ། བོད་ཀྱི་གཞུངས་དམངས་ལ་འགྱུར་བ་ཆེན་པོ་འགྲོ་རྒྱུ་མེད་པ་གཏན་ཁེལ་རེད། དེའི་རྒྱུ་མཚན་ལ་དགོངས་ནས་༧གོང་ས་མཆོག་གིས་སྐུ་མལ་གསོ་བའི་ཐུགས་ཆགས་གནང་པ་ ཡིན་པ་གཏན་ཁེལ་རེད།
༧གོང་ས་མཆོག་ལས་ལྷག་པར་ སུ་ཡང་མ་ཕེབས་མི་ཕེབས་ཕེབས་པར་མི་འགྱུར་ནའང་། མི་རབས་གསར་བས་ག་འདྲ་བྱེད་ཀྱི་འདུག་བལྟ་དཔྱད་བྱེད་པའི་དུས་ལ་གཏན་གཏན་ཁེལ་འདུག རིག་རལ་གྱིས་ཟེར་བ་འདི་ལ་བསམ་བློ་ཅུང་ཟད་གཏོང་དགོས་འདུག་སྙམ།
ང་ལ་རྒན་གཞོན་དང་རིགས་རུས་མཐོ་དམའ ། སྐུ་དྲག་སོགས་སུ་ཞིག་བཀའ་ཁྲིར་སླེབས་ཀྱང་ཁྱད་པར་ཏིལ་འབྲུ་ཙམ་ཡང་མེད ། གཙོ་བོ་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་མཁན་ཞིག་ཡིན་ཕྱིན་ཐོབ་ཐང་འདྲ་མཉམ་སྤྲོད་དགོས་པར་སེམས ། བོད་མི་ཡིན་ཕྱིན་མི་རེའི་ཕྲག་ན་འགན་རེ་ཡོད་པ་དེ་མ་བརྗེད་ཚེ ། ལས་ཀ་བྱེད་མཁན་ལ་དཀའ་ཡོང་གི་མ་རེད་སྙམ །
ཡིག་ཆད དཀའ(ངལ་)
སྟག་འབུམ་འདི་ཨ་མའི་བུ་རང་རེད། གསུངས་བ་རྣམས་ཤིན་དུ་མད།
ངེད་ཚོ་མཁོ་བའི་བཀའ་ཁྲི་ནི་བོད་རིགས་ཀྱི་དོན་དུ་ལྷག་བསམ་རྣམ་དག་གི་ཞབས་འདེབས་སྒྲུབ་ཐུབ་མཁན་ཞིག་ཡིན་ན་སྐུ་དྲག་དང་མི་ཚང་ཕལ་བ། ལོ་ན་རྒན་པ་དང་ལོ་ན་གཞོན་པ། སྐྱེས་པ་བུད་མེད་སུ་སླེབས་ཀྱང་ཁྱད་པར་རྩ་བ་ནས་མེད་། ཡུལ་ལ་བདེ་སྐྱིད་བྱུང་ན།། རྒྱལ་པོ་ཨ་ནི་བྱས་ཀྱང་ཆོག་ཞེས་པ་དེ་ལེགས་བཤད་རང་རེད།
བཙན་བྱོལ་བོད་གཞུང་གི་མི་འབོར་ཁྲོད་དུ་བོད་ཡིག་ལ་དགའ་མཁན་དང་། ཤེས་མཁན་དང་། དོ་སྣང་མཁན་ཤིན་ཏུ་ཉུང་ཕྱིར་བོད་ཡིག་གི་རང་མགོ་མི་ཐོན་པ་ཞིག་ལ་འོས་ཤོག་མང་བ་རེད།
མཁས་དབང་དམ་པ། ཐུབ་བསྟན་སྤྱིན་པ་དང་། འཇམ་དབྱངས་ནོར་བུ་ལྟ་བུ་ཉུང་ཉུང་རེད།
༄། །་ཁྱེད་སྣམས་པའི་སུ་ལ་ད་ལོའི་བཀའ་བློན་ཁྲི་པ་དེ་འོས་པ་འདུགས་
དྲ་གྲོགས་རྣམ་པ།
རང་ཉིད་ཀྱི་རྣམ་དཔྱོད་ལ་བསྟེན་ནས་མཆན་ཡག་པོར་འདེབས་རོགས།
ང་ཚོས་མཛེས་སྡུག་ལྡན་པའི་གླེང་སྟེགས་ཤིག་བསྐྲུན་ན་ཡག་པོ་མི་འདུག་གམ།
སྐུ་མཁྱེན།
ད་ངས། ད་ལྟ་བར་དུ། ཉིན་མ་མང་པོ། བསམ་བློ་བཏང་བའི་རྗེས་སུ། སྲས་སྐུ་བཀྲ་ཤིས་དབང་འདུས་ལགས་རང་ལ། སྒྱབ་སྐྱོར་བྱེད་རྒྱུར། བློ་ཐག་བཅད་པ་ཡིན། གསུམ་པོ་གང་རུང་སུས་བྱེད་ཀྱང་། བཀའ་ཁྲི་མི་མི་འཇོན་པ་མི་འདུག་སྙམ། རྒྱུ་མཚན་ནི། གཞན་གཉིས་ལས་གཅིག་གསར་གྲགས་པ་དང་།གཅིག་རྙིང་དྲགས་པའི་སྐྱོན་ཙམ་གྱིས་ཡིན།
http://www.tibetanpoliticalreview.com/project-updates/bostontibetanassoconkatriendorsement
http://www.tibetanpoliticalreview.com/
ངེད་ཚོས་བཀའ་ཁྲི་གདམ་ག་མི་ནོར་ཞིག་བྱེད་དགོས།
ཡོན་ཏན་བཞི་ལྡན་པའི་རྒན་པོ་བཀྲ་ཤིས་དབང་འདུས།
༡ ལྷག་བསམ་ཆེ་བ།
༢ ཉམས་མྱོང་ཆེ་བ།
༣ གཟུ་བོར་གནས་པ།
༤ བོད་ཡིག་གི་རང་མགོ་ཐོན་པ།
ཡག་པོ་འདུག འོན་ཀྱང་བཀའ་ཁྲིའི་ཞབས་སྟེགས་འདི་སྦྱོང་བརྡར་སྤྲོང་སའི་ར་བ་དང་ཉམས་གསོག་བྱེད་སའི་ཁོར་ཡུག་མ་ིཡིན་པ་ཤེས་པར་བྱེད་དགོས། དེ་ཚོ་གཞི་རིམ་ནས་བྱེད་དགོས། ད་གང་ཡང་བྱེད་ཀྱི་མ་རེད། ད་ཆ་གདན་ས་ཁ་ཆས་ནང་བསྡུས་གྲྭ་བ་དགེ་བཤེས་བཏང་བ་དང་། གྲྭ་ས་དེའི་སྐྱིད་སྡུག་ལ་ཞུགས་མིན་མ་ཤེས་མཁན་ཡང་དགེ་ཤེས་བཏང་བ་བྱུང་འདུག ད་ཐམས་ཅད་ཐོད་བརྒལ་ལ་དགའ། ཐོད་བརྒལ་འདི་བོད་པའི་ལུགས་སྲོལ་ཆགས་འདུག རྗེས་སུ་སློབ་གྲྭར་མ་ཞུགས་གོང་ནས་སློབ་གྲྭ་ཆེན་མོའི་ལག་ཁྱེར་ལེན་ཡས་ཀྱི་སྔ་ལྟས་རེད།
༄ ། །བཙན་བྱོལ་རང་དབང་ལ་ཡོད་པའི་བོད་མིའི་ཚོའི་༢༠༡༡་གི་བཀའ་བློན་ཁྲི་པ་དེ་སྐུ་ངོ་བཀྲ་ཤིས་དབང་འདུས་
ལ་དགོས་གལ་ཆེ་བ་སུ་གང་མི་འདུག། ཚང་མས་མཁྱེན་གསལ་ལྟར་རང་རེའི་བཅའ་ཁྲིམས་དགོངས་དོན་
གྲོས་ཚོགས་ནས་སྲིད་བྱུས་གཏན་འབེབས་གང་གནང་འཛིན་སྐྱོང་བཀའ་ཤག་ནས་ཕྱག་བསྟར་གནང་
དགོས་ཤིང་། བཀའ་ཟུར་ཁོང་འདས་པའི་མི་ལོ་ ༤༠ ཙམ་རིང་འཛིན་སྐྱོང་ནང་ཐེམ་སྐས་རིམ་འཛེགས་
ཀྱིས་གཞུང་མང་གི་ཞབས་འདེགས་ཇི་ཞུས་རྒྱ་ཆེའི་མང་ཚོགས་ནས་མཁྱེན་རྟོགས་ཡོད་ཀྱང་།
གཞོས་སྐྱེས་ཁག་གཅིག་དང་། འདས་ལོ་བཅུ་ཕྲག་གཉིས་ཙམ་ནང་བོད་ནས་གསར་ཕེབས་གནང་མཁན་
ཁག་གཅིག་གིས་གསལ་མཁྱེན་མེད་པ་དངོས་འབྲེལ་ལ་སོང་། ང་ཚོའི་སྤྱི་ཚོགས་འདི་དེ་ཙམ་ཆེན་པོ་མིན་
སྟབས་གཞན་ལ་འདྲི་རྩད་དང་ཕྱོགས་ཡོངས་ནས་དཔྱད་ཞིབ་གནང་སྟེ་བཀའ་ཁྲིར་སུ་ལ་འོས་བབ་ཡོད་
མིན་གཟིགས་གལ་ཆེ། ༑སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་བླ་ན་མེད་པ་ཡང་དག་པའི་དབུ་
འཁྲིད་ལམ་སྟོན་འོག་བོད་མི་ས་ཡ་དྲུག་གི་འཕྲལ་ཕུགས་ཀྱི་བདེ་དོན་མཁེ་ཕན་གྱི་ཆེད་མི་རབས་གོང་མ་
རྣམས་ནས་སྤྱིའི་སྒྲིག་འཛུགས་ལམ་སྲོལ་རྨང་གཞི་སྲ་བརྟན་བཟོས་གནང་བར་རྒྱུན་འཁྱོངས་ཡར་རྒྱས་
གཏོང་རྒྱུ་དང་། མི་རབས་གསར་པར་བརྟན་ལྷིང་ཐོག་ནས་བརྒྱུད་སྤྲོད་ཐུབ་ཐབས་ཆེད་ད་ལྟའི་སྐབས་
འདིར་མ་འོངས་ལོ་ ༥ རིང་སྐུ་ངོ་བཀྲཤིས་དབང་འདུས་ལ་བཀའ་ཁྲི་འགན་འཁུར་མཁྱེར་དགོས་པའི་
དུས་ཚོད་གནད་འགག་ཆེ་ཤུས་ནང་ནས་ཆེ་བ་དེ་ཡིན་དེ་དོན་དགོངས་འཇག་ཡོང་བར་མཁྱེན་
ལྷོ་བྲག་པ་བཀྲས་དབང་ལགས་ཀྱིས་བསམ་བཏང་དྲན་རྙེད་ཀྱིས་གཅིན་པ་གཏོང་ཁར་གསང་སྤྱོད་དྲན་པའི་དཔར་ལྟར་གནང་འདུག འདི་ཕལ་ཆེར་སྲིད་དོན་པ་ཞིག་གི་བྱེད་སྟངས་ཡིན་སྲིད། བཀྲས་དབང་ལགས་དང་བཀྲས་མཐོང་ལགས་གཉིས་སྤར་ཁ་མཐུན་གྱི་མི་འདུག བྱས་ཙང་སྨེ་བ་སྤར་ཁ་ངན་པ་ཟློགས། ཞེས་པ་མང་ཙམ་ཐོན། བློ་སེང་ལ་གྲོགས་སུ་གྱུར་འདུག བྱས་ཙང་འདི་བཞིན་འབྱུང་བའི་བཀྲ་ཤིས་ཤོག ཅེས་པ་འབུམ་ཐེར་ཐོན། དོན་འགྲུབ་པར་འགྱུར་རོ། །
སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ནས་ཞབས་ལོ་དེ་ཙམ་ཞུས་རིང་རྣམ་སྤྱོད་བསྟོན་རྒྱུ་མེད་ན་མིན་ཚེ་ཚང་མ་བསྟོན་ཚར་རེད་ དགུང་ལོའང་མཐོན་པོར་ཕེབས་ཚར་ལེ་རེད་ ད་ནི་མི་རབས་གསར་པ་དང་ བསམ་ལོ་གསར་པ་ ཐབས་བྱུས་གསར་པ་ཚོལ་དགོས་ལེ་ལས་ཀླད་རྙིང་ཁྲེགས་བཟུང་དང་ཉི་མ་རིང་པོ་ཁོ་ནའི་དབང་གིས་ངེད་ཚོའི་བོད་དོན་ཉིན་རེ་བཞིན་དུས་ཡུན་ཉག་ཕྲར་འགྲོ་བཞིན་པ་འདི་གསར་གཏོད་ཀྱི་གོམས་པ་འདུན་ཕྱོགས་ནམ་ཡང་སྤོ་ཐུབ་ལེ་མ་རེད་ ད་ནི་བསྟན་འཛིན་རྣམ་རྒྱལ་ལགས་དང་ བློ་བཟང་སེངྒེ་ལགས་རྣམས་གཉིས་ལོ་ཚོད་དང་ ཤེས་ལྗོན་སོགས་གང་སྤྱིའི་ཆ་ནས་སྐྱབས་བཅོལ་བ་སྦར་མོ་གང་གི་ནང་ནས་འོས་མཚམས་ཆེ་ཤོས་ཁོང་གཉེས་རེད་བདའ་ ཁོང་གཉིས་གང་རུང་ལ་འོས་འཕེན་དགོས་ལེ་མ་ཏོགས་ འཛམ་བུ་གླིང་ཡོངས་རྫོགས་འདུན་ཕྱོགས་སུ་གོམ་པ་མྱུར་མགྱོགས་སྤོ་སར་ ངེད་ཚོས་དུས་རབས་ཉི་ཤུ་པའི་ནང་གི་ལྟ་བ་དང་བྱེད་སྟངས་བཟུང་ནས་གོམ་པ་ཕྱིར་ལོག་རྒྱབ་ཤིག་རྒྱགས་ལེ་ཡིན་ནམ་།
ད་བསམ་ཚུལ་ཡོད་ན་འདིར་སྤུངས་ཤོག དེ་མིན་ཐུབ་སྦྱིན་སྒུག་ཡུན་ཐུབ་ཀྱི་མེད་བཟོ་མཆིས། ངའི་བཀའ་ཁྲི་བསྟན་འཛིན་རྣམ་རྒྱལ་ལགས་ཡིན། གང་ཡིན་ཞེས་ན་ཁ་བཤད་ཆུ་ཡི་ལྦུ་བ་དང་། ལག་ལེན་གསེར་གྱི་ཐིགས་པ་ཞེས་པ་འདི་ལོ་ངོ་སྟོང་ཕྲག་མང་པོའི་ལག་ལེན་ཁྲོད་ནས་ང་ཚོའི་མེས་ཚོ་ལ་ཐོབ་པའི་སྡོམ་ཚིག་རེད། ལར་ནས་མྱུ་གུ་མ་འབུས་གོང་ནས་འབྲས་བུ་བཏགས་དགོས་པ་དང་། སྐས་མ་འཛེགས་པར་ཐོག་ཁ། གྲལ་གཞུག་མ་འགྲིམ་པར་གྲལ་མགོ་སོགས་ནི་དངོས་པོའི་ཆོས་ཉིད་དང་རྩ་བ་ནས་མཐུན་གྱི་མི་འདུག ཆོས་ཉིད་དང་མི་མཐུན་པའི་བྱ་བ་རྣམས་ཕམ་རྒྱུ་ཉག་གཅིག་རེད། བྱེ་མའི་ཁང་བུ་གྲུབ་པར་ཆ་བཞག་ཀྱང་། ནམ་ཞིག་བརྡིབ་རྒྱུ་རེད། བྱས་ཙང་ཕྱོགས་ལྷུང་གི་བསམ་པ་དོར་ཏེ་བོད་སྤྱི་པའི་དོན་ལ་བསམ་བློ་གཏོང་དགོས།།།
བཀའ་ཁྲི་སུ་ཡིན་རུང་བོད་མ་རིགས་ལ་ལྷག་བསམ་ཡོད་མཁན་ཞིག་བྱུང་ན་འགྲིག་གི་འདུག།
འོན་ཀྱང་བཀྲ་མཐོང་གི་ལོ་རྒྱུས་ལ་བལྟས་ན་ལྷག་བསམ་དེ་ཙམ་ཡོད་བཟོ་མི་འདུག་
དེ་ལས་མཁས་དབང་བློ་བཟང་སེང་གེ་ལགས་སུ་འོས་བླུག་ན་ཁེ་སང་ཆེ་ས་རེད་དེར་རྟེན་ངའི་བཀའ་
ཁྲི་བློ་བཟང་སེང་གེ་ཡིན།།
བཀའ་བློན་ཁྲི་པའི་འོས་མི་ལ་སྐྱོན་བརྗོད་མ་བྱས་ན་བཟང་། ངས་ནི་ཁོང་གཉིས་སུ་འོས་འཐོས་ཀྱང་ཁྱད་མེད་ཀྱི་ཡིད་ཆེས་བློ་གཏད་བཅོལ་རྒྱུ་ཡིན་ལ། གུས་བཀུར་བྱ་ངེས་ཡིན། ཕྱོགས་གཉིས་ཀས་སྐྱོན་བརྗོད་རེས་རྐྱང་པ་བྱས་པ་ཡིན་ན་འབྱུང་འགྱུར་བཀའ་ཁྲི་སུ་ལ་ཐོབ་ཀྱང་ཏན་ཏན་སྤྱི་ཚོགས་ནང་རྙོག་གླེང་ཡོང་སྲིད་པ་རེད།
ད་ང་ཚོས་རྙོག་གླེང་དེའི་རིགས་མི་ཡོང་བའི་ཐབས་ལམ་འཚོལ་དགོས་པར་སེམས།
དེ་ནི་ཕྱོགས་གཉིས་ཀས་འོས་མི་ལ་གུས་བཀུར་དང་བརྩི་མཐོང་བྱ་རྒྱུ་གལ་ཆེན་དུ་མཐོང་ངོ་ །
སེར་ལྷོས་བཤད་པ་བདེན་པ་རེད།
གོང་དུ་རྐང་དུང་ལགས་ཀྱིས་བློ་སེང་ལ་མཁས་དབང་ཞེས་བརྗོད་འདུག་་་ཁྱེད་རང་གི་མཁས་པ་དང་མཁས་དབང་གི་མཚན་ཉིད་ཤེས་ཀྱི་མེད་དམ།
དབྱིན་བོད་གང་ཡིན་རུང་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་མེད་པར་མཁས་དབང་ཞེས་འབོད་བདེ་པོ་འདུག་གམ།་
གཞེན་འཁོག་ཡིན་ན་ནི་གང་ཞིག་་་་དེ་མིན།
སྐུའི་གསུང་བསྒྱུར་གྱི་བཀྲས་མཐོང་ལ་རྒྱབ་སྐྱོར་ཇི་ཙམ་བྱས་ཀྱང་མ་འོངས་པའི་བཀའ་བློན་ནི་བློ་བཟང་སེང་གེ་ཡིན་པ་སྨོས་ཅི་དགོས། དེ་ལས་ཡིག་བསྒྱུར་གྱི་ལས་ལ་བྲེལ་ན་སྐྱིད།
ཡུལ་ས་མཐར་འཁྱམས་པའི་ནའ་ལོངས་ཚང་། །
སྐུའི་གསུང་ཆེན་མོར་མ་དམོད་ཤིག །
ཆགས་སྡང་དང་མ་རིག་ལིང་ཏོག་གིས། །
བདེན་རྫུན་དཔྱོད་བློ་གྲོས་མིག་སྒྲིབ་འདུག །
ཡུལ་ས་མཐར་འཁྱམས་པའི་ནའ་ལོངས་ཚང་། །
སྐུའི་གསུང་སྒྱུར་ཆེན་མོར་མ་དམོད་ཅིག །
ཆགས་སྡང་དང་མ་རིག་ལིང་ཏོག་གིས། །
བདེན་རྫུན་དཔྱོད་བློ་གྲོས་མིག་སྒྲིབ་འདུག །
བཀའ་ཁྲིའི་ཁྲི་སྟེང་དུ། བློ་བཟང་སེང་གེ་ལགས་ལས། བསྟན་འཛིན་རྣམ་རྒྱལ་ལགས་མི་ལེགས་སམ། ཁོང་གཉིས་ལས་ཀྱང་རྙོག་གླེང་གང་ཡང་མེད་པའི་ལས་བྱེད་རྙིང་པ་བཀྲ་ཤིས་དབང་འདུས་ལགས་ལེགས་པ་མི་འདུག་གམ།
ཁ་ཤས་ཀྱིས་འདི་ནང་གཟིགས་ཟེར།
http://www.shambalapost.com/blog/viewpost/5189
སུ་ལ་ཡིད་འཆེས་བྱེད་དགོས་སམ།
གོང་དུ་རྐམ་དགེ་ལེགས་ལགས་ཀྱིས་བཀྲིས་དབང་འདུས་ཀྱི་ཁྱད་ཆོས་དྲངས་འདུག་པ་དངོས་ཡོད་རེད།་་
ཡིན་ནའང་བློ་ཕམ་གནས་ཚུལ་གཞན་ཞིག་ཡོད་པ་ནི།་་བཀྲས་དབང་ལགས་ཁོང་རང་ཚུགས་བརྟན་པོ་མེད་པ་དེ་ཡང་དངོས་ཡོད་རེད་ལ།་་སེམས་ཆུང་དྲགས་ནས་ནོར་འཁྲུལ་ཤོར་གྱི་ཡོད་པ་དེ་ཡང་དངོས་ཡོད་རེད།་་
གཞན་ཡང་བཀའ་ཁྲིའི་ཆ་རྐྱེན་གལ་ཆེ་ཤོས་གཉིས་ཏེ་་འབྱོན་བཏང་དང་རང་ཚུགས་ཐུབ་པ་གཉིས་ཚང་མེད་པས་བཀའ་ཁྲིར་མི་འོས་སོ།་
རང་རེའི་བཙན་བྱོལ་སྤྱི་ཚོགས་ནང་མི་སྣ་བྱས་རྗེས་ཅན་དང་།་ལྷག་བསམ་ཅན།་འབྱོན་བཏང་ཅན་ཐོན་ཚེ་ལམ་སེང་ནག་ཐིག་རེ་བྱུག་གི་འདུག་་་ཡང་མིན་ན་ཁུངས་ལུང་མེད་པའི་སྐྱོན་བརྗོད་བྱེད་ཀྱི་འདུག་་་་གཏམ་འཆལ་དེ་ཚོའི་ཡོངས་ཁུངས་དེ་ང་ཚོས་བརྩད་གཅོད་བྱེད་དགོས།་་གཏམ་འཆལ་དེ་འདྲ་སྤེལ་དགོས་དོན་དོག་པ་ཟ་ཡི་འདུག་་་
ལྷག་པར་ཀརྡོ་རབ་འབྱམས་ཟེར་བ་དེས་རྟག་པར་བོད་མིའི་སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུར་སེམས་བྲལ་གྱི་དཀྲོག་གཏམ་འབའ་ཞིག་སྤེལ་བཞིན་འདུག
གོང་གསལ་རྟགས་དེའི་ནང་གི་མིང་མེད་གཏམ་འཆལ་དེ་ཡང་ཀརྡོ་ཁོ་རང་སྤེལ་བ་ཡིན་བཟོ་འདུག་
བསམ་བློ་མང་ཙམ་གཏོང་། ཧོལ་རྒྱུགས་མ་བྱེད།
ལ་རྒྱའི་བདག་པོ་ལགས།
ངེད་རང་གཞུང་ཞབས་བཀྲ་ཤིས་དབང་འདུས་ལགས་ལ་བཀའ་ཁྲི་པ་ལ་རྒྱབ་སྐྱོར་བྱེད་མཁན་ཅིག་ཡིན་ལ། ཁྱེད་ལྟར་ལ་རྒྱའི་བདག་པོ་དངོས་གནས་ཡིན་མདོག་གིས། ང་ལ་འབུར་འཇོམས་བྱེད་པ་འདི་དཔང་པོ་དྲ་རྒྱའི་བདག་པོ་ཚོ་ཡོད་རེད། ངས་ད་བར་རང་མིང་ཀརྡོ་རབ་འབྱམས་དང་། དུས་བབ་ནང་ལ་ཀརྨ་རྡོ་རྗེ་
ཞེས་རང་མིང་དངོས་སུ་སྟོན་ནུས་མཁན་གྱི་མི་བུ་ཡིན་པས། ངས་ལྷག་བསམ་ལ་ཁྱོད་ཀྱི་ནར་ནར་ལྕེ་དེ་བདག་པོ་ཡག་པོ་རྒྱག་གནོངས་ཞུ་ཆེད་དུ།
ཁྱོད་ཀྱི་འཆལ་གཏམ་འདི་འདིར་ཡང་བསྐྱར་ཅིག་ཀློག་སླད་དུ་འདིར་བཀོད་ཡོད། ཀློག་རོག་གནང་།
༡༣༧༽ ལ་རྒྱའི་བདག་པོ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༦ གི་ཆུ་ཚོད་ ༢༠ སྐར་མ་ ༣༨
རང་རེའི་བཙན་བྱོལ་ སྤྱི་ཚོགས་ནང་མི་སྣ་བྱས་རྗེས་ཅན་དང་།་ལྷག་བསམ་ཅན།་འབྱོན་བཏང་ཅན་ཐོན་ཚེ་ལམ་ སེང་ནག་ཐིག་རེ་བྱུག་གི་འདུག་་་ཡང་མིན་ན་ཁུངས་ལུང་མེད་པའི་སྐྱོན་བརྗོད་བྱེད་ ཀྱི་འདུག་་་་གཏམ་འཆལ་དེ་ཚོའི་ཡོངས་ཁུངས་དེ་ང་ཚོས་བརྩད་གཅོད་བྱེད་དགོས།་་ གཏམ་འཆལ་དེ་འདྲ་སྤེལ་དགོས་དོན་དོག་པ་ཟ་ཡི་འདུག་་་
ལྷག་པར་ཀརྡོ་རབ་འབྱམས་ཟེར་བ་དེས་རྟག་པར་བོད་མིའི་སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུར་སེམས་བྲལ་གྱི་དཀྲོག་གཏམ་འབའ་ཞིག་སྤེལ་བཞིན་འདུག
གོང་གསལ་རྟགས་དེའི་ནང་གི་མིང་མེད་གཏམ་འཆལ་དེ་ཡང་ཀརྡོ་ཁོ་རང་སྤེལ་བ་ཡིན་བཟོ་འདུག་
ལ་རྒྱའི་བདག་པོ་དང་ལོ་ཙྰ་བ་གཉིས་ཀྱིས།
རང་གི་བསྟན་རྣམ་མཆོག་ལ་རྒྱབ་སྐྱོར་བྱས་ན། དེའི་མཆན་བུ་ཚང་མ་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཅིག ཡོང་ན་སྙམ་པའི་རེ་བ་དེ་མ་བསྒྲུབས་ཙང་། ང་ལ་གཤེ་གཤེ་བཏང་བ་འདྲ། དེ་ནོར་བ་མིན་ནམ། ཁོག་ཡངས་ཆེ་ཙམ་བསྐྱེད་ནས་དགོངས་པ་བཞེས་དགོས།
ངས་བྱས་ན། བསྟན་རྣམ་ལགས་ཕྱག་རྗེས་མི་གིས་མཐོང་རྒྱུ་ཡོད་པ་དང་། ལག་པས་ཟིན་རྒྱུ་ཡོད་པ་ཡིན་ན་ཡང་། སྔར་བཀའ་ཁྲི་བཞག་ནས་ཨ་རིར་འགྲོ་ནུས་པ་འདིས། ང་ལ་མི་བདེ་བ་ཆེན་པོ་འདུག
གཞན་བཀྲས་མཐོང་བསྟན་རྣམ་ལགས་ལ་ད་ལྟའི་འཆར་ངས་ངོས་ནས་སྐྱོན་སྤུ་ཙམ་ཡང་སྟོན་ཡང་མེད་ལ། མི་བཀའ་དྲིན་ཅན་ཅིག་དང་། མི་བྱས་རྗེས་ཅན་ཞིག་ལ་ངོས་འཛི་ཞུ་བགྱིད་ཡོད།
http://www.youtube.com/user/catchochuk#p/u/15/0dAuLplhEnI
དེ་རིང་བསམ་ཆ་འགའ་ཞིག་ཡོད་པས་སྐད་བསྒྱུར་དང་རྐུན་མ་ཚོས་ཉོན་དང་ཨྰ་་་་
གཅིག བྱེད་པ་པོའི་རྨོངས་དད།
ད་ ལྟ་རང་རེའི་མཐོན་པོ་དང་ཆེན་པོ་མཁན་པོ་ཚོས་བོད་བརྒྱུད་ནང་བསྟན་ནི་ནང་བསྟན་ ཡོངས་ཀྱི་རྩེ་ཕུད་ཡིན་ལུགས་རྒྱལ་སྤྱིའི་ཐོག་བསྒྲགས་དང་སྒྲོག་བཞིན་འདུག དེ་ ནི་དོན་དངོས་དང་མཐུན་པ་ཞིག་ཡིན་ངེས་རེད། ང་ཚོས་བོད་རིགས་ཀྱི་འཚོ་བའི་ནང་དུ་ བལྟས་ན་ཚང་མས་ནང་བསྟན་ལ་དད་གུས་ཆེན་པོ་ཡོད་པ་ནི་མངོན་སུམ་རེད། དད་གུས་ཀྱི་ ངོ་བོ་ནི་རྨོངས་དད་མཚན་ཉིད་པ་རེད་། ང་ཚོས་ལོ་ངོ་སྟོང་ཕྲག་གི་རིང་ལ་བོད་ བརྒྱུད་ནང་བསྟན་ནི་བོད་མིའི་བདེ་སྡུག་བྱེད་པ་པོར་བསྒྱུར་བའི་སྐྱོ་གར་འདི་ རེད། སྐྱོ་གར་ཟེར་དགོས་དོན་ནི་ནང་རིག་པའི་དགོངས་པ་ངོ་མ་ནི་བྱེད་པ་པོ་ཁས་མི་ལེན་ ལ། གལ་སྲིད་བྱེད་པ་པོ་ཞིག་དགོས་ན་རང་གི་བདེ་སྡུག་བྱེད་པ་པོ་ནི་རང་ཉིད་ཡིན་པ་ འདི་རེད། ང་ཚོས་ལྷ་དང་བླ་མ་ནི་ཀུན་མཁྱེན་དང་ཀུན་ཁྱབ་ཀུན་ནུས་ཀུན་འདྲེན་ཀུན་སྐྱོབ་ ཀྱི་ནུས་པ་ཅན་དུ་དྲིལ་བསྒྲགས་ནས། ལྷ་དང་བླ་མར་སྐྱབས་བཅོལ་བ་ཡིན་ན་འདི་དང་ཕྱི་མ་ཐམས་ཅད་སྐྱབས་འགྲོ་བ་དང་། དེ་ ཡང་ཁས་སྐྱབས་མ་བཅོལ་བར་རྒྱུ་ནོར་ནི་སྙིང་པོ་མེད་པས། སྙིང་པོ་ལེན་ཐབས་ནི་བླ་ མ་དང་དགོན་པར་ཕུལ་རྒྱུ་དེ་ཡིན་པར་བསྒྲགས་པས། བླ་མ་དང་དགོན་པར་ཕུལ་ན་འདྲེན་འགྲོ་བའི་བསམ་བློ་རྒྱ་ཁྱབ་འདི་རེད། དེར་བརྟེན་མང་ཚོགས་ཚོས་རྒྱུ་ནོར་ཡོད་ཚེ་གང་སར་གནས་མཇལ་དང་མཆོད་འབུལ་བྱ་དང་ བྱ་བཞིན་པ་ཚོའི་དམིགས་ཡུལ་དེ་རེད། དེ་ནི་ནང་བསྟན་གྱི་དགོངས་པ་ངོ་མ་རེད་ དམ། རང་ཉིད་རང་གི་མགོན་ཡིན་གསུངས་པ་འདི་གང་གི་དོན་ཡིན། བཞེངས་པ་དང་བསྐོར་བ་ ཁོ་ན་ལ་བཅུག་པ་འདི་ཡང་དག་ཡིན་ནམ། འདོན་རྒྱུ་སྒྲུབ་རྒྱུ་ཤ་སྟག་བསླབ་པ་འདི་པ་ ནང་ཆོས་ཡིན་ནམ། ལུས་ངག་ཡིད་གསུམ་ལ་འགྱུར་བ་འགྲོ་མི་དགོས་པར་འདོན་འབུལ་ བཞེངས་གསུམ་གྱིས་འགྲིག་པ་ཡིན་ནམ། བླ་གྲ་ཚོས་འདོན་འདོན་སྒྲུབ་སྒྲུབ་ཀྱིས་ འགྲོ་བ་རིགས་དྲུག་འདྲེན་བཞིན་ཡོད་དམ། ཐབས་དེས་འདྲེན་འགྲོ་བ་སུས་རིག་ཡོད་དམ། དབུས་གཙང་སོགས་སུ་མཆོད་མཇལ་ལ་འཚང་ཀ་ཤིག་ཤིག་འདི་ནང་ཆོས་དངོས་ཡིན་ནམ། མང་ ཚོགས་རྣམས་འདི་འདྲ་ཤ་སྟག་བྱེད་བཅུག་པ་འདི་ཡང་དག་ཡིན་ནམ། མང་ཚོགས་ལ་གསོལ་འདེབས་དང་སྨོན་ལམ་རྐྱང་བསླབ་པ་འདི་འགྲིག་གམ། སེར་སྐྱ་ཚ་ང་མས་ལྷ་འདྲེ་གསོལ་མཆོད་ཁོ་ན་བྱས་ནས་མགོན་ཁང་དང་སྲུང་མ་ཁང་གི་ མདུན་དུ་མཆོད་འབུལ་བ་གྲལ་བསྟར་སྒྲིགས་པ་འདི་ནང་ཆོས་ཡིན་ནམ། མོ་ལུང་རྩིས་གསུམ་ལྷ་འབེབས་ལུང་ཞུར་འཚང་ཀ་ཤིག་ཤིག་འདི་ཚོ་ནང་ཆོས་ཡིན་ནམ། མདོས་ཡས་གླུད་གསུམ་འདི་ནང་ཆོས་ཡིན་ནམ། དགོན་པར་རབ་ཏུ་བྱུང་བ་ཚོའི་ལས་འགན་ནི་རིམ་གྲོ་འདོན་རྒྱུ་དེ་ཡིན་ནམ། དངོས་གནས་ཀྱི་ནང་རིག་ནི། རང་ཉིད་རང་གི་མགོན་ཡིན་ཏེ། གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །ཞེས་པ་དང་། བདེན་གཉིས་ཀྱི་གནས་ལུགས་རྟོགས་རྒྱུ་དེ་ཡིན་པར་གསུངས་ཡོད།
གཉིས། ལྷ་འདྲེའི་འཐབ་རྩོད།
ལྷ་ འདྲེ་ནི་བོད་བརྒྱུད་ནང་བསྟན་གྱི་སྲོག་ཤིང་དང་བོད་མི་རིགས་ཀྱི་རྟེན་མཁར་ཡིན་ ནམ། མཁས་གྲུབ་ཚོའི་གསུང་འབུམ་ནི་ལྷ་འདྲེའི་དབང་བསྐུར་དང་སྒྲུབ་ཐབས་དང་གསོལ་ མཆོད་ཀྱིས་ཁེངས་ལ། དགོན་པ་ཚང་མས་ལྷ་འདྲེ་གཙུག་ཏུ་བཀུར་ཞིང་མགོན་ཁང་དུ་རྒྱུན་དུ་བསྐང་གསོ་གྱེར། མང་ཚོགས་ལ་ཡང་སྲུང་མ་གསོལ་བཅུག་པས་སྐྱབས་མགོན་དུ་གྱུར། ལ་ལར་སྲུང་མ་ཁང་གི་བུད་མེད་སོགས་འགྲོ་མི་ཆོག་པ་འདི་ཅི་ཡིན་ནམ། བོད་ཀྱི་ལྷ་ འདྲེས་བོད་ཡུལ་བསྲུང་བ་སོགས་ཀྱི་དྲིལ་བསྒྲགས་ལ་བརྟེན་ནས་མང་ཚོགས་ཚོས་རྒྱུན་ དུ་བསང་གསོལ་བྱེད་ཅིང་སྲུང་མ་གསོལ་བ་འདི་ནང་ཆོས་ཡིན་ནམ། དགོན་གྲོང་གང་དུ་ ཡང་སྤྱི་སྒེར་གྱི་རིམ་གྲོའི་གཙོ་བོ་ལྷ་གསོལ་ཀླུ་གསོལ་ཡིན་པ་འདི་ཅི་ཡིན་ནམ། དཔེ་ཆའི་ཐོག་ཏུ་འཁོད་པའི་ལྷ་འདྲེའི་ནུས་པར་བལྟས་ན། བོད་དུ་དགོན་པ་ཚང་མར་གྲ་བཙུན་ཚུལ་ལྡན་ཤ་དག་དང་། བོད་ཡུལ་ནི་མ་འབད་ལྷུན་གྲུབ་ཀྱི་ཞིང་ཁམས་ཤིག་ཡིན་དགོས་པའི་ཚོར་བ་བྱིན་འོང་ ལ། དངོས་ཡོད་དགོན་སྡེའི་ནང་གི་རུལ་སུང་དང་བོད་ཡུལ་གྱི་གནས་སྟངས་རིག་དུས་ལྷ་ འདྲེ་ཐུ་བོ་ཆེ་ཚོ་ཤི་ཟིན་པའི་ཚོར་བ་ཞིག་བྱིན་འོང་། ལོ་རྒྱུས་ཐོག་དང་ལྷག་ཏུ་ད་ལྟ་སྲུང་མའི་འཐབ་རྩོད་རྒྱུན་དུ་བྱས་ནས་བོད་རིགས་ ཙམ་མ་ཟད། ཕྱི་རྒྱལ་བ་ཡང་འདྲ་མིན་ཞུགས་ནས་རྒྱལ་སྤྱི་ཅན་དུ་གྱུར་འདུག ད་ལྟ་བོད་དུ་ཅུང་ཟད་འབུར་ཐོན་བྱུང་རིགས་ཀྱི་མི་སྣ་དང་རང་དང་མི་མཐུན་པ་ཀུན་ ལ། ཕྲག་དོག་ཅན་ཚོས་གོ་སྐབས་བཟུང་ནས་ཁོ་ནི་དོལ་རྒྱལ་བསྟེན་མཁན་རེད་ཅེས་དཀྲོག་ གཏམ་སྤེལ་ནས་མིང་ངན་བཏགས་རྐྱང་རེད་ལ། མང་ཚོགས་ཚོས་འུར་འདྲོགས་ཀྱིས་དགོན་ པ། གྲ་ཚང་། ལྷ་ཁང་། ཟ་ཁང་དང་ཚོང་ཁང་། མགྲོན་ཁང་ལ་ཡོང་མི་མེད་པ་བཟོས་འདུག དཀྲོག་གཏམ་སྤེལ་མཁན་གཙོ་བོ་བླ་གྲ་ཚོ་རེད་ལ། བླ་གྲ་དང་ཚོང་ལས་མི་སྣ་མང་པོར་མ་ཉེས་ཁག་གཡོགས་ཕོག་ནས་མང་ཚོགས་དང་འབྲེལ་ གཏུགས་ཆད་དེ་ཁ་ཕྲལ་གཏོང་གི་འདུག འོན་ཀྱང་འགྲེལ་བཤད་བྱེད་ས་མི་འདུག དེ་ནི་གཏམ་འཆལ་འུར་སྒྲོག་གི་བྱ་ངན་ལས་བྱུང་བ་ཞིག་རེད། དངོས་གནས་ལྷ་འདྲེ་དགག་རྒྱག་གི་རྒྱབ་ལྗོངས་ཅི་ལྟ་བ་ངས་མི་ཤེས་མོད་། དོན་དུ་དགེ་ལུགས་པ་ཙམ་མ་ཟད། བོད་རིགས་ཧྲིལ་པོ་ནང་དཀྲུག་ཆེན་པོ་ཞིག་བསླང་འདུག ང་ནི་འཐབ་རྩོད་ནང་དུ་གནོད་འཚེ་ཕོག་མཁན་ཞིག་ཀྱང་ཡིན། ང་རང་ནི་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་ལ་དད་པ་བྱེད་མཁན་ཞིག་ཡིན། འབྲི་གུང་བཀའ་བརྒྱུད་དང་དགེ་ལུགས་སྲུང་མའི་བར་དུ་འབྲེལ་བ་གང་ཡང་ཡོད་པ་མ་ རེད། འོན་ཀྱང་ཕྲན་གྱིས་བཀའ་རྙིང་ཟུང་འབྲེལ་ཡིན་ཟེར་རྙིང་མ་ཤུགས་ཆེར་འགྲོ་བ་ འདིས་བཀའ་བརྒྱུད་ཀྱི་རིང་ལུགས་ཉམས་ཆགས་ཤུགས་ཆེན་འགྲོ་བཞིན་འདུག་པས། རྗེས་འབྲང་ཚང་མས་དོ་སྣང་དང་བཀའ་བརྒྱུད་ལ་ཤུགས་བརྒྱབ་དགོས་ལུགས་བཤད་པ་ དང་། ཁོ་བོའི་རྩོམ་ཡིག་ལྷག་བསམ་གྱི་འབེལ་གཏམ་དང་། བོད་རེ་བ་ཅན། དེང་རབས་ཆོས་ལུགས་པའི་སྨྱོ་གར། རྟགས་ཙམ་འཛིན་པའི་ཆོས་པའི་སྐྱོ་གར་ཞེས་པ་རྣམས་སུ་ནང་བསྟན་ཉམས་ཉེས་དང་རུལ་ སུངས་ཅན་དུ་གྱུར་བའི་སྐོར་གླེང་བ་སོགས་ལ་མི་དགའ་བ་ཚོས་གང་སར་དཀྲོག་གཏམ་ བཟོས་ནས་ཁོས་བདུད་རྒྱལ་བསྟེན་གྱི་ཡོད། ཁོའི་རྩོམ་ཡིག་ལྟ་མི་ཉན་ཅེས་བསྒྲགས་འདུག རྩོམ་ཡིག་མེར་བསྲེག་པ་དང་། ལམ་དུ་བསྐྱུར་བ། དོང་དུ་མནན་པ། སོགས་ལོ་མང་རིང་ཞྭ་མོ་དེ་གཡོགས་བྱུང་། དེ་ནི་ང་ཙམ་མ་ཡིན་པར་ལས་རིགས་འདྲ་མིན་ཁྲོད་ཀྱི་མི་སྣ་མང་པོར་མ་ཉེས་ཁག་ གཡོགས་ཀྱི་ཞྭ་མོ་གཡོགས་དང་གཡོག་བཞིན་ཡོད་ལ། ད་བར་དག་སེལ་བྱེད་ས་རྩ་བ་ནས་མི་འདུག འཐབ་རྩོད་དེ་ནི་བོད་ཕུང་ཆོས་གནོད་རང་རེད་འདུག
གསུམ། རུལ་སུངས་མཁྲེག་འཛིན།
དགོན་ སྡེ་ཁག་ཏུ་སྡོམ་ཁྲིམས་ཐད་སྔོན་དུས་གོང་མ་ཚོས་དག་ཐེར་ཐེངས་མང་གནང་ཡོད་ཀྱང་། ད་ལྟའི་དུས་འདིར་རུལ་སུངས་གཞི་ཁྱོན་ཆེན་པོར་འགྱུར་བཞིན་ཡོད་འདུག བླ་སྤྲུལ་ཡིན་ནའང་འདྲ། གྲ་བཙུན་ཡིན་ནའང་འདྲ། མི་ཡིན་སྟབས་ཉོན་མོངས་པ་ཡོད་པས་སྡོམ་པ་ཉམས་སྲིད་ལ། ཉམས་པར་ཧ་ལས་རྒྱུ་མི་འདུག ཉམས་མ་ཐག་དགོན་པ་དང་ཁ་གྱེས་ནས་མི་ཕལ་པ་བྱས་ན་སངས་རྒྱས་ཀྱི་བསྟན་པ་དང་མཐུན་ ཡོད། འོན་ཀྱང་ང་ཚོས་ཉམས་ཀྱང་ཉམས་མེད་མདོག་གིས་རང་གཞན་གྱི་སྐྱོན་སྒྲིབ་པའམ་གསང་ ནས་མུས་འཐུད་དགོན་པར་བསྡད་པའི་སྲོལ་འདི་རེད། དཔེར་ན་འཕགས་ཡུལ་དུ་ཆོས་རིག་ལས་ཁུངས་ཀྱིས་དགོན་སྡེའི་འདུལ་ཁྲིམས་ཞིབ་བཤེར་ ཚན་པ་ཞིག་བཙུགས་པ་ལ། ཐོག་མར་དག་ཐེར་གྱི་འབྲས་བུ་ཅུང་ཟད་ཐོབ་ཀྱང་། རིང་པོར་མ་ཐོགས་པར་དགོན་པ་ཁ་ཤས་ཀྱི་ཞིབ་དཔྱོད་ལས་ཀར་འགོག་རྐྱེན་འཕྲད་པ། ཞིབ་བཤེར་མི་སྣར་ལམ་སྒུག་གི་འཇིགས་སྐུལ་སོགས་བྱུང་ནས་ཞིབ་བཤེར་ལས་དོན་བག་ལ་ ཡལ་འདུག དེའི་ཐོག་ནས་རུལ་སུངས་རྒྱ་ཁྱབ་ཡིན་པ་མ་ཟད། མཐོ་རིམ་པའི་རྒྱབ་གཉེར་ཡོད་པ་མཚོན་ཡོད། བོད་དུ་ཡང་རུལ་སུངས་ཀྱི་སྣང་ཚུལ་ཡོངས་ཁྱབ་ཀྱི་རང་བཞིན་རེད། ཆུང་མ་དང་ཕྲུ་གུ་ཡོད་ཀྱང་ཇོ་ཁང་དང་དགོན་པར་ཆོས་གོས་གྱོན་ནས་བསྡད་ཡོད། དེ་མིན་ཁོ་བོས་དེབ་གཞན་དུ་བྲིས་པ་བཞིན་གྲ་བཙུན་བར་གྱི་དགའ་རོགས། སྐྱ་བོ་དང་གསང་གྲོགས་བྱས་པ་ཧ་ཅང་མང་འདུག ༢༠༡༠་༡༢་༤ཉིན་ལྷ་ས་མི་དམངས་སྨན་ཁང་གཉིས་པའི་ནང་དུ་བཙུན་མ་ཞིག་གིས་ཕྲུ་གུ་ སྐྱེས་མ་ཐག་མི་གཞན་ལ་སྟེར་ནས་དགོན་པ་ཕྱིར་ལོག་འདུག་ལ། ད་ལོ་སྟོན་ཁ་ནག་ཆུར་མངལ་བཤིག་རྩིས་བྱས་ཀྱང་སྨན་པས་ཕྱི་དྲགས་པས་བཤིག་མི་ཐུབ་ ཟེར་ཡང་ཨུ་ཙུགས་བྱས་པས། རྒན་མོ་ཞིག་གིས་དེ་མ་གསོད་རོགས་ངས་གསོ་ཆོག་ཟེར་བར་བརྟེན་ལྷ་སར་སྐྱེ་བར་ ཁྲིད་འོང་བ་རེད་འདུག ཕ་ནི་སྤྲུལ་སྐུ་ཞིག་ཡིན་སྐད། དེ་མིན་ས་ཕྱོགས་གང་སར་བླ་མ་དང་མཁན་པོ། གཏེར་སྟོན། འདས་ལོག་ཡིན་མདོག་སྟོན་མཁན། བསྟན་པ་དགོན་པ་ཁ་ལ་འཁྱེར་ནས་རྒྱ་དཀར་ནག་སེར་གསུམ་སོགས་སུ་འདྲ་མིན་བཅོ་ བརྒྱད་ལས་ཀྱིན་འདུག དགོན་པའི་ནང་དུ་ཆང་དང་ཨ་རག་འཐུང་བ། གློག་བརྙན་འདྲ་མིན་བལྟ་བ། རྒྱན་པོ་འགྱེད་པ། སྐྱ་ཆས་གྱོན་པ། བུད་མེད་ཉར་བ་སོགས་བྱེད་པ་དང་། གྲོང་དང་གྲོང་ཁྱེར་ནང་དུ་ཁང་པ་ཉོས་ནས་སྐུ་ཚོང་པགས་ཚོང་འབུ་ཚོང་བཤས་ཚོང་ སོགས་གཉེར་གིན་འདུག དངོས་གནས་ཆག་གྲུམ་ཤུགས་ཆེན་ཤོར་འགྲོ་གི་འདུག
བཞི་པ། གཤག་བཅོས་གཙང་བཤེར།
ད་ ནི་རང་རེའི་དབུ་ཆེ་དང་བསྟན་འཛིན་ཚོས་དག་ཐེར་གཤག་བཅོས་ཀྱིས་ནང་རིག་མྱུར་ སྐྱོབ་བྱ་རན་ཐག་ཆོད་འདུག་པས་མ་ཚད་ཕྱི་འགྲོ་འདུག་སྙམ། ད་དུང་གོ་མེད་ཚོར་མེད་ངང་བཞག་ན་རེ་བ་ཏིལ་འབྲུ་ཙམ་མེད་པའི་སྔ་རྟགས་བསྟན་ཟིན་ པ་འདི་རེད། ད་ལྟ་ཕྱོགས་གཅིག་ནས་བླ་གྲ་མཐོ་རིམ་ཚོས་ཕྱི་ནང་གང་སར་ཆོས་སྤེལ་ རྒྱུ་ཁོ་ནར་ཤུགས་བརྒྱབ་ནས། ང་ཚོས་ཆོས་ལུགས་ཀྱི་ཆེད་དུ་འཐབ་རྩོད་བྱེད་ཀྱི་ཡོད་ཟེར། ན་གཞོན་འགའ་ལས་མི་རིགས་གླེང་མཁན་ནི་དཀོན་འདུག ཕྱོགས་གཅིག་ནས་ནང་བསྟན་རྗེས་འབྲང་ཚོ་ནི་རིམ་པས་རུལ་སུངས་ཅན་ཚབས་ཆེན་དུ་ འགྱུར་འགྲོ་གི་འདུག སྦྱིན་བདག་གི་རྔུལ་ཁྲག་གིས་འབུལ་དངོས་རྣམས་བག་མེད་འཆལ་སྤྱོད་ལ་སྤྱོད་བཞིན་ འདུག འདི་འདྲ་བྱེད་མཁན་ཉུང་ཉུང་མ་རེད། གནས་ཚུལ་འདི་ཆེན་པོ་ཚོས་སྔ་ས་ནས་ཤེས་ཡོད་སྲིད། འོན་ཀྱང་ད་བར་གཙང་བཤེར་བྱ་དགོས་ལུགས་གཏན་ནས་གླེང་མ་མྱོང་ལ། ཆོས་མེད་ན་བོད་མེད་རབས་བཅོ་བརྒྱད་བཤད་ནས་བཞུགས་འདུག གང་ལྟར་མང་ཚོགས་ནི་རྨོངས་དད་ཅན་ཤ་སྟག་རེད་འདུག་ལ། ནང་རིག་ནི་ཤོག་ཐོག་ལས་ཆོས་ལུགས་མི་སྣའི་ལུས་ཐོག་ལས་མཐོང་རྒྱུ་དཀོན་པས། རྟགས་ཙམ་འཛིན་པའི་དུས་ཟེར་བ་དེ་ཡིན་འདུག ཆོས་དང་གང་ཟག་ཡོངས་སུ་ཐ་དད་འགྲོ་བཞིན་འདུག འདི་ནང་རིག་འདི་དུས་རབས་དང་མ་རན་པས་ཡིན་ནམ། དད་ལྡན་མང་ཚོགས་ལ་མ་གཏོགས་ཆོས་ལུགས་མི་སྣ་རང་ལ་མི་དགོས་པ་ཡིན་ནམ། གང་ལྟར་ཕྱི་ཚུལ་ཙམ་ལས་ལག་ལེན་ཐད་ཐ་དད་ཤུགས་ཆེན་འགྲོ་བཞིན་པ་དེ་ནི་ལྷ་ས་ སོགས་ནས་ས་ལེར་མཐོང་གི་འདུག ས་ཕྱོགས་གཞན་དུའང་དེ་མཚུངས་ཡིན་འདུག དེས་ན་མཁན་པོ་སོགས་ཀྱིས་དག་བཤེར་ཚོགས་པ་བཙུགས་ནས་དྲིལ་བསྒྲགས་དང་། མཉམ་འཛོམས་ཀྱི་རུལ་སུངས་ཐག་ཆོད་ཀྱི་ཐབས་ལམ་ཞིག་མ་འཚོལ་རང་འཚོལ་རེད་ འདུག བསྟན་པར་སྙིང་ནས་ཤ་ཚ་ཡོད་ལ་དམངས་ཀྱིས་བརྩི་བཀུར་ཐོབ་པའི་མཁན་པོ་ཚོས་ ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་དང་། ལག་བསྟར་ཨེ་ཐོན་ཚོད་ལྟ་གནང་དགོས་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་རེད་འདུག དེ་ མིན་ཨ་ཁ་ཁ་གསུངས་ནས་བཞུགས་བསྡད་ན་ནི། ནམ་རྒྱུན་བསྟན་པ་དང་སེམས་ཅན། མི་རིགས་སོགས་ཀྱི་འདྲ་ཆགས་པོ་དེ་ཚོ་བརྫུན་དུ་མི་ཐལ་ལམ། ཕྱི་བཤིག་གི་སྟ་རེ་དུས་ལ་ཁག་བཞག ནང་བཤིག་གི་སྟེའུ་ཆོས་པ་ཚོས་བྱས་ནས་རིང་པོར་མི་ཐོགས་པར་རུལ་སུངས་ཀྱི་འགས་ རྫས་ཀྱིས་ནང་རིག་ཚལ་བ་སྟོང་དུ་བཀས་པར་འགྱུར་བ་ནི་ཐེ་ཚོམ་གཏན་ནས་མི་དགོས་སོ། དེ་འདྲའི་སེམས་ཁྲལ་ལ་བརྟེན་ནས་ཕྲན་གྱིས་མ་བཅོལ་བཞིན་དུ་རུལ་སུངས་ལ་ངོ་རྒོལ་ བྱེད་དགོས་པའི་འབོད་སྐུལ་ཞུས་པ་ཡིན། ལ་ལས་དོན་མེད་སེམས་ཁྲལ་རེད་ཟེར་མོད། ཕྱོགས་གཅིག་ནས་ཚན་རིག་དང་མི་མཐུན་པ་སྟེ་རིགས་པས་ཁུངས་སྐྱེལ་བྱེད་མི་ཐུབ་ པའི་གླེང་ཕྱོགས་དར་བ་དང་། ཕྱོགས་གཞན་ནས་འཚོ་བ་རུལ་སུངས་ཀྱི་གནས་སྟངས་རྒྱ་ཁྱབ་ཨེ་ཙི་ནད་ལྟར་གསོ་དཀའ་ བར་གྱུར་འདུག་པས། ད་རེས་ཆེན་པོ་ཚོ་དང་མཐོན་པོ་ཚོ། མཁན་ཆེན་ཚོས་འགན་འཁུར་ནས་ཞིབ་དཔྱོད་གཙང་བཤེར་དང་། དག་ཐེར། སྡོམ་པ་འབུལ་ཆོག་དང་། ལམ་ལུགས་གསར་བ་འཛུགས་པ་སོགས་མ་གནང་ན་ཁྱོད་ཅག་ནི་འགན་འཁྲིའི་འདུ་ཤེས་བོར་ བའི་མི་སྣ་ཆེན་པོ་སྟེ། དུས་རབས་དང་ལོ་རྒྱུས་ཀྱི་ནག་ཅན་མི་སྣར་གཏོགས་རྒྱུ་ ཐེ་ཚོམ་མེད་དེ། གཙང་བཤེར་དང་དག་ཐེར། དུས་མཐུན་ལམ་ལུགས་གསར་བ་གང་ཡང་གཏན་འབེབས་མ་བྱས་པར་ལོ་ངོ་ཉིས་སྟོང་གོང་གི་ རྒྱ་གར་གྱི་ལམ་ལུགས་དེ་མ་རན་བཞིན་དུ་ཨུ་ཙུགས་བྱས་ནས་རུལ་སུངས་ལ་བསྒྱུར་ བཅོས་རྩ་བ་ནས་གཏོང་རྩིས་མ་བྱས་པས་….
ཀརྡོ་རབ་འབྱམས་ལགས།་་སྐུ་ཉིད་ཀྱི་ཐུགས་ཀློང་འཁྲུགས་ཡོད་ན་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན།
སྐུ་ཉིད་གསུངས་པ་བཞིན་ཉིད་ཀྱི་ལྷག་བསམ་ལ་ཡིད་རངས་ཞུ་རྒྱུ་ཡིན།་་ལྷག་པར་ཉིད་ཀྱིས་བཀྲས་མཐོང་ལ་སྐྱོན་མེད་པ་དག་གསེས་གནང་བར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།་་ངས་གོང་དུ་བརྗོད་དོན་ནི།་སྐུ་ཉིད་ཀྱི་ཤམ་བྷ་ལའི་ད་གནས་སུ་གཏམ་འཆལ་བཀོད་ཡོད་པ་དེར་དྲ་གྲོགས་ཚོར་སྟོན་ཆེད་དྲ་གནས་དེའི་དྲ་རྟགས་བཀོད་ཡོད་པ་དེར་བརྗོད་ཀྱི་ཡོད།་
དེ་མིན་ཉེན་ཆེ་བ་གལ་གང་ཡང་མེད།་ཐུགས་ལྷོད་ཙམ་བཞུགས་རོགས།་་་གང་ལྟར་ནའང་ང་ཚོ་ཤ་རུས་གཅིག་པ་རེད།་
བཀུང་འོས་སྐུའི་གསུང་བསྒྱུར་ཆེན་མོ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ཡིད་རངས་དང་བསྔགས་བརྗོད་ཞུ་རྒྱུ་ཡིན།་
གང་ཡིན་ཟེར་ན།་་་་་བཙན་བྱོལ་བོད་མིའི་ཤེས་ལྡན་མི་སྣ་ཡིན་ཟེར་མཁན་སྐོར་ཞིག་དང་།་་སྨྱུག་ཁ་ཡངས་པའི་དགེ་རྒན་སྐོར་ཞིག་གིས།་ཐེངས་འདིའི་བཀའ་ཁྲིའི་འོས་བསྡུའི་ཆེན་མོའི་ལས་རིམ་འབྱོར་དངོས་གང་དུ་ཡང་ཁ་མ་བསྒྲགས་པར་བཏང་སྙོམ་ལ་བསྡད་སོང་།་་་བཏང་སྙོམ་ནི་བཏང་སྙོམ་རང་སྟེ་གཉིད་ཁུག་པ་དང་ཁྱད་ཅི་ཡོད།་་་་འོ་ན་ཁོ་ཚོས་ཁ་མ་བསྒྲགས་པར་བསྡད་དགོས་དོན་ནི་རང་ཉིད་ཆོལ་ཁའི་གཞེས་འགོག་མེད་ཚུལ་དང།་ལྷག་བསམ་ཆེ་ཚུལ་རྣམ་པ་སྟོན་ཆེད་ཙམ་རེད།་་འོན་ན་དེ་ལྟར་རེད་དམ་ཞེས་ན།་་དེ་ནི་ཁོ་ཚོས་རང་གཟོན་དང།་རང་ཁེ་ཁོ་ནའི་ཆེད་ཡིན་པ་ལས་ཕྱོགས་རིས་མེད་པ་མཚོན་མི་ཐུབ།་་ལྷག་པར་མི་མང་ལ་བཀའ་ཁྲིའི་འོས་མི་ཚོའི་དགེ་སྐྱོན་བརྗོད་ནས།་་འོས་མི་ཚོ་དོན་ངོ་མ་གང་འདྲ་ཞིག་ཡིན་པ་དེ་འདྲ་སྤྱི་ཚོགས་ནང་གཤམ་སྟོན་དང་།་་ལྷན་དུ་གོ་རྟོགས་དམན་པའི་མི་མང་གི་བསམ་བློའི་ཁ་ཕྱོགས་མི་འཛོལ་སླད་དུ་ལམ་སྟོན་དགོས་གལ་ཆེ་བའི་འགག་རྩའི་དུས་ཚོད་འདི་འདྲར་ཡང་བསམ་མ་ཕོད་པ།་བྱེད་མི་ཕོད་པ།་བརྗོད་མི་ཕོད་པར་བསྡད་ན།་་དམག་མི་ཞིག་འགག་རྩའི་འཐབ་རྩོད་སྐབས་མི་མདའ་སྐྱུར་ནས་བྲོས་ཡིབ་བྱས་པ་གཉིས་སུ་མ་མཆིས།་་་རྒྱུ་མཚན་དེ་འདྲར་བརྟེན་ནས་དགེ་བཤེས་ལགས་ཀྱི་སྙིང་སྟོབས་ལ་ཡིད་འགུལ་ཚད་མེད་བཅས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།་
དུས་པ་དྲ་ཚིགས་ལས་བརྐུས་ཡོང་བའི་རཔྱད་རྩོམ་ཞིག་འདི་ན་ཡོད།
ད་གཞི་ནས་གདོང་རིས་ངོ་མ་དེ་ཐོན་ཡོང་གི་འདུག ལྟོས་དང། ཟླ་འདིའི་ཚེས་༡༥ ཉིན་དགོང་མོ་ཝ་ར་ཎ་སིར་བོད་ཀྱི་དགུ་བཅུ་གསུམ་དང༌། ཐང་སྟོང་གླུ་གར་ཚོགས་པའི་གོ་སྒྲིག་འོག་བློ་བཟང་སེང་གེ་ལགས་སུ་འོས་འགུག་དགོང་ཚོགས་ཤིག་སྤེལ་འདུག
ཐོག་མར་དགུ་བཅུ་གསུམ་གྱི་ཚོགས་གཞོན་ཀླུ་མཁར་བྱམས་ཀྱིས་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་ཐང་སྟོང་གླུ་གར་ཚོགས་པ་གཉིས་ཟུང་འབྲེལ་གྱིས་བཀའ་ཁྲིའི་འོས་མི་བློ་བཟང་སེང་གེ་ལགས་ངོ་སྤྲོད་བྱས་འདུག སྐབས་དེེར་བློ་བཟང་སེང་གེ་ལགས་ནས་བཤད་དོན།
འོས་མི་གཞན་གཉིས་ནི་བཀའ་ཁྲི་ཟུར་པ་བཀྲ་་་ས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང། བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་གཉིས་རེད། ངས་ཁོང་གཉིས་མཉམ་དུ་ལོ་ཉི་ཤུ་རིང་ལས་ཀ་ཆེ་འབྲིང་ཆུང་གསུམ་མང་པོ་ཞིག་བྱས་པ་ཡིན། ཁོང་གཉིས་ལ་རྒྱུས་ཡོད་ལ་གུས་ཞབས་ཀྱང་ཡོད། ཅེས་བཤད་འདུག གོང་དུ་བློ་བཟང་སེང་གེས་བཤད་པའི་སྐད་འདི་བདེན་པ་ཡིན་ནམ། མངོན་སུམ་འཛེམས་མེད་ཀྱིས་བོད་ནས་ཕེབས་པའི་ཆོས་ཞུ་བ་རྣམས་བ་མགོ་བསྐོར་འདི་ལྟ་བུ་ཞིག་བཏང་འདུག ལོ་ཉི་ཤུའི་རིང་ཁོ་ཚོ་གསུམ་ལས་ཀ་མཉམ་དུ་བྱས་ཡོད་དམ། ད་བློ་སེང་གིས་བཀའ་བློན་ནས་གཙོ་བྱས་པའི་སྐྱབས་བཅོལ་བོད་མི་རྣམས་ལ་མིའི་མཐོང་རྩ་བ་ནས་འཇོག་གི་མི་འདུག འདི་ཧམ་པས་མི་ཟ་ཞེས་པ་དེ་རེད། ཁོའི་ཀུན་སློང་ལྟར་ན་རང་ཉིད་མི་ཆེན་པོ་ཡིན་པ་སྒྲུབ་བྱེད་དང་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ལས་ཀ་ལོ་ཉི་ཤུ་ཙམ་བྱས་པའི་བྱས་པ་ཅན་ཞིག་ཏུ་བསྒྲུབ་འདོད་ནས་བཤད་པ་རེད། ང་ཚོ་ཚང་མ་གླེན་པར་བརྩི་བཞིན་འདུག འོན་ཀྱང་མི་ཟེར་མཁན་དེ་མ་མཐར་ཡང་དྲང་པོ་དགོས་པ་རེད། བློ་སེང་གི་སྐད་ཆ་དེ་ལ་དྭགས་བྱང་ཐང་ལ་བཤད་ན་འདྲ་པོ་རེད། འོན་ཀྱང་ང་ཚོའི་མདུན་བཤད་ན་རང་ཉིད་ཁྲམ་པ་ཡིན་པ་གསལ་བསྟོན་བྱས་པ་ཙམ་ཞིག་རེད། ཡང་བསྐྱར་ཡོད། བློ་སེང་གི་རྒྱབ་སྐྱོར་བ་ཀླུ་མཁར་བྱམས་རེད། ད་༸གོང་ས་མཆོག་ལ་མཚན་སྨད་ཞུ་ཡས་ཀྱི་ལས་གཞི་འདི་རྒྱ་ཆེ་རུ་གཏོང་འདོད་པ་མ་ཡིན་ནམ། གང་ལྟར་གཟབ་གཟབ་བྱེད་པའི་དུས་ལ་བབ་འདུག བློ་སེང་ལགས། སྐུ་མཁྱེན་སྐྱག་རྫུན་ཆེན་པོ་འདི་ལྟ་བུ་མ་ཤོད་རོགས། ངའི་འོས་ཁྱེད་ལ་ཕུལ་ཆོག་ཀྱང་སྐད་ཆ་བདེན་པ་ཤོད་རོགས་གནང།
བོན་ཞེས་པའི་མཆན་བུར་ལྟས་ན་ཁོ་རང་བོན་པོ་ཡིན་བཟོ་མི་འདུག
དེས་ན་བོན་ཞེས་པའི་སྤྱི་མིང་བྱེ་བྲག་གིས་ཁྱེར་ཏེ་གང་བྱུང་མ་གནང་ན་ལེགས།
བོན་པོར་ལྷ་སྲུང་གི་རྙོག་ཁྲ་རྩ་བ་ནས་མེད།
དེ་ཤོད་དགོས་དོན་ཀྱང་མེད།
དེས་ན་ཁྱེད་ལ་འབོད་སྐུལ་ཞུ་རྒྱུ་གཅིག་ལ་ཁྱེད་རང་གི་མཚན་དེ་གཞན་ཞིག་བཏགས་ན་ག་འདྲ་འདུག
གལ་ཏེ་ཁྱེད་རང་བོན་པོ་ཞིག་ཡིན་པའི་དབང་དུ་བཏང་ནའང་སྤྱི་ཡི་མིང་ཁྱེར་ཏེ་དྲྭ་རྒྱའི་སྟེང་གང་བྱུང་བཤད་ཐལ་བྱུང་ཚེ་དེ་ནི་ཉེས་ཚབ་ཤིན་ཏུ་ཆེ།
དེ་ང་ཡི་རེ་བ་ཡིན།
ད་ཡང་ངའི་དྲ་ལམ་བཀག་ཟིན་འདུག
བློ་བཟང་སེང་གེ་མཆོག་གི་གདོང་དངོས་མ་ཕྱིར་བཏོན་བྱས་པའི་ཁོང་རང་ཉིད་ཀྱི་་ཆེད་བཪྩམ་ཁག་མང་གཅིག་འདིར་གསལ་བོ་ཡོད།།
ཆེད་བརྪོམ་་ཚང་མ་དབྱིན་ཡིག་གི་ཐོག་ཡོད་པའི་The Tibetan Political Review ནང་གསལ་བོ་ཡོདྲ
ད་དུང་ཁོང་ལ་རྒྱབ་གནང་མཁན་མང་ཆེ་བ་ཕྱོགས་རུས་ཅན་ཤ་རྟགས་ཡིན་པས་ཚང་མས་དོ་སྣང་བྱེད་དགོས་ྲ
http://sites.google.com/site/tibetanpoliticalreview/project-updates/areviewofdrlobsangsangay%E2%80%99spublishedscholarlyworks
གོང་གསལ་གྱི་link འདི་ལ་གཟིགས་གནང་ཞུ་ྱྱ་ྱ་་་་་་་་་་མ་ཟེད་ྱ་ཁོང་ལ་རྒྱབ་བསྐྱོར་བྱ་མཁན་ཚང་མྱ་དངོས་འཛིན་གནང་དེ་ལས་གལ་ཆེན་ཡིན་པ་རེད
དེ་རིང་འདི་ནས་བོད་རིགས་དངོས་མ་ཞིག་ཡིན་པས་ཆ་ནས་ང་ཚོའི་ནང་འགོ་བོ་རྨོངས་ལ་ཕྱོགས་རུས་ཅན་གསར་ཐོམ་པ་གྲྭ་པ་འགའ་དང་གྲྭ་ལོག་པ་ཁྲོམ་པའི་ནང་སྤེལ་པ་འདི་ཚོ་ལ་གསལ་བཤད་ཞིག་ངེས་པར་དུ་དགོས་པར་འདུག་ྲྲྲྲྲྲྲྲྲྲྲྲྲ་་་་་་་་་་་་་་་་་་
ཐོག་མར་བློ་སེང་འདི་མཁས་དབང་མ་ཡིན་པ་་་་་་་ར་སྤྲོད་བྱ་གི་ཡིན་་་་་་་་་་་་་་་་ please see this links or visit website (the tibetan polical review )
2 ྱྱྱྱ་བློ་སེང་འདི་ཁམས་པ་ཕྱོགས་རུས་ཅན་པའི་ར་སྤྲོད་དུ་(་གསེར་རྟ་ཚུལ་ཁྲམས་་་བོད་ཀྱི་བང་ཆེན་་སོགས་ཀྱི་རྒྱུན་རམ་ྱ
ད་མཆན་རྒྱག་ས་འདི་སྒེར་ལ་དག་པ་འདྲ། སུ་གཅིག་གིས་ཡ་བྱེད་ཀྱི་མི་འདུག གང་ཡང་བྱེད་ཀྱི་མ་རེད། མཆན་ངས་བཏབ་ཆོག བོད་ཀྱི་མཛངས་མ་ཡོད་ཚད་ལ་དབང་བསྐུར་མཁན་བློ་བཟང་དབང་རྒྱལ་གྱིས་ཝ་ར་ཎ་སིར་གཞས་པ་མའེ་ཀར་ལ་ཞུ་བ་འཐེན་པ་ཁྱེད་ཚོས་ཧ་གོ་སོང་ངམ། གནས་ཚུལ་འདི་ཤེས་ན་དགོད་བྲོ་པོ་ཞེ་དྲག་བྱུང་འདུག དེ་རིང་གི་གསར་འགྱུར་མཚམས་འདིར་འཇོག་རྒྱུ་ཡིན།
ང་ཚོ་མཆན་འདེབས་མཁན་ཚོས་ངས་པར་དུ་ཡིད་གཟབ་གནང་དགོས་གལ་ཅན་དུ་མཐོང་།
ང་ཚོའི་མཆན་འདི་ཚོ་བོད་རིགས་མང་པོ་ཞིག་གི་ཀློག་གི་ཡོད་པར་ཤེས་དགོས།
གལ་ཏེ་དངོས་མིང་མ་སྤྱད་ནའང་བོད་སྤྱི་པའི་ཐོག་ནས་འགན་ཆེན་པོ་ཞིག་ཁེར་ཐུབ་དགོས།
གོང་དུ་ཁ་ཤས་ཀྱིས་བློ་བཟང་སེང་གེ་མཁས་དབང་མ་རེད་ཅེས་ཟེར་གྱི་འདུག
དེ་ཚོ་དགད་མོ་ཤོར་ཡ་རང་རེད།
ཨ་རིའི་གཙུག་ལག་སློབ་གཉེར་ཁང་ཆེན་མོ་ནང་ནས་འབུམ་རམས་པའི་ལག་འཁྱེར་བཞེས་མཁན་ང་ཚོ་བོད་པ་ལ་གཅིག་རང་ཡོད་པ་དེ་མཁས་དབང་མ་རེད་ཅེས་ཤོད་པ་འདིས་རང་གི་ནང་ཁྲོལ་ཕྱིར་བཏོན་པ་རང་རེད།
དངོས་གནས་བདེན་་་་་་་་གསུངས་སྒྱུར་ཆེན་མོ་ཐུགས་ཁག་མི་འདུག་་་་་བཀའ་བློན་ཁྲི་པ་དེ་ལ་རྒྱལ་ཁབ་འཛིན་སྐྱོང་གི་ཉམ་མྱོང་མེན་ན་མེད་ཐབས་རེད་།།
དྲ་གྲོགས་ཞིང་པའི་བུ་ལགས།་ང་ཚོས་བརྡ་ལན་སྤྲད་ས་དེ་བློ་སེང་ལ་རེད།དངོས་གནས་བྱས་ན་རྟ་པོ་གྲལ་ལ་བཏགས་ན།་གོང་ཐང་མིས་མཇལ་ཞེས་པའི་དཔེ་ལྟར་རེད་མོད།་་བློ་སེང་གིས་ག་དུས་ཡིན་ན་སོ་སོ་མཁས་དབང་ཡིན་ཚུལ་བརྗོད་ཀྱི་ཡོད།དེ་ནི་ཡ་མཚན་རེད།་གཙུག་ལག་ཁང་ནས་ཐོན་ཚད་ལ་མཁས་དབང་ཞེས་འབོད་ཀྱི་མེད།་དཔེར་ན་ཨོ་བྷ་མ་ཧ་ཝར་ཌེ་གཙུག་ལག་སློབ་གཉེར་ཁང་ནས་ཐོན་པའི་ཕུལ་བྱུང་གི་སློབ་མ་ཞིག་རེད་ལ།་ལྷག་པར་ཁོང་གཙུག་ལག་ཁང་དེར་བཞུགས་རིང་གཞུང་འབྲེལ་གྱི་ཁྲིམས་ལུགས་ཉམས་ཞིབ་ཀྱི་དུས་དེབ་ཀྱི་རྩོམ་སྒྲིག་པ་བྱེད་མྱོང་ཡོད།ཁོང་གིས་ཚད་མཐོ་བའི་རྩོམ་ཡིག་ཀྱང་མང་པོ་སྤེལ་མྱོང་ཡོད།་་ཡིན་ནའང་ཁོང་གིས་མཁས་དབང་ཡིན་གསུངས་ཀྱི་མེད་ལ།་མི་མང་གིས་ཀྱང་མཁས་དབང་ཞེས་བརྗོད་ཀྱི་མེད།
ཞིང་པ་ནི་ཞིང་པ་རང་རེད་གང་ཡང་ཤེས་ཀྱི་མིན་འདུག
བློ་སེང་གི་རྫུན་ཏམ་ལ་ལྟོས་དང་འདིར་ཡོད་།
༢
དྲི་བ་གཉིས་པ་དེ་བློ་བཟང་ སེང་གེ་ལགས་སུ་ཁྱོད་ཀྱིས་སྔོན་ཆད་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ཨ་རིའི་ནང་གི་མི་རིགས་ནག་པོ་བཞིན་གནས་དགོས་ལ་ ཉིན་ཞིག་བོད་མི་ཞིག་གིས་རྒྱ་ནག་གི་སྲིད་འཛིན་གྱི་གོ་ས་འཛིན་ཐུབ་བམ་ཞེས་པའི་ བསམ་ཚུལ་འདོན་མྱོང་ཨེ་ཡོད་ལགས་ཞེས་དྲི་བ་བཀོད་པར།
ཁོང་གིས་དེ་འདྲ་ཞིག་རྩ་བ་ནས་གསུངས་མྱོང་མེད་ཚུལ་དང་འཇམ་དབྱངས་ནོར་བུ་ལགས་ ཀྱིས་ཁོང་རྒྱ་ནག་གི་ཨོ་བྷ་མ་བྱེད་རྒྱུ་ཡིན་ལབ་པ་དེ་རྫུན་མ་རེད།ཡང་གཅིག་བཤད་ ན་བོད་དེ་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ནས་རང་སྐྱོང་ལ་རྩོད་ལེན་བྱེད་ དགོས་ཞེས་ཐོག་མར་གོང་ས་མཆོག་གིསགསུངས་པ་མ་རེད་དམ་ཟེར།
སྐབས་དེར་འོག་གི་ཉན་མཁན་སློབ་མ་ཞིག་ཡར་ལངས་ནས་བློ་བཟང་སེང་གེ་ལགས་ཀྱིས་བཀའ་མོལ་དེ་འདྲ་ཞིག་གནང་མྱོང་བ་དངོས་གནས་རེད།བདེན་དཔང་“བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་”ཀྱི་ དྲ་ཐོག་ཏུ་ཁོང་གི་གསུང་བཤད་སྒྲ་འཛིན་འཁོར་ཐག་ཚང་མ་དངོས་སུ་བཞག་འདུག་ཅེས་ ཁུངས་སྐྱེལ་སོང་ལ།དེ་ལ་ཁོང་གིས་གཏམ་བཤད་དེ་ཨ་རིའི་མི་རིགས་ནག་པོའི་སྲིད་ འཛིན་ཐོག་མ་ཨོ་བྷ་མར་སྲིད ་འཛིན་གྱི་རྒྱལ་ཁ་ཐོབ་ལ་ཉེ་བའི་བདུན་ཕྲག་གཉིས་ལྷག་གི་སྔོན་ཡིན་པས།དུས་ཚོད་ དང་གནས་སྟངས་ལ་བལྟས་ནས་བཤད་པ་ཞིག་ཡིན་ལ་སྐབས་དེའི་ནང་དོན་ཡང་དངོས་གནས་མིན་ ཞེས་ལན་བསྐྱོན་སོང་།
༣ དྲི་བ་གསུམ་པ་དེ་བློ་བཟང་སེང་གེ་ལགས་ཀྱིས་སྔོན་ཆད་འགྲོ་བ་མིའི་ཐོབ་ཐང་གི་ བསྒྲགས་གཏམ་དེབ་ཆུང་དེ་བོད་ཡིག་ཏུ་བསྒྱུར་གནང་བ་མ་ཟད།བོད་ཀྱི་དུས་བབ་སོགས་ སུ་བོད་ཡིག་ཐོག་བྲིས་པའི་རྩོམ་ཡིག་རེ་ཟུང་ཡང་སླེབས་སོང་བས་དེ་དག་ཁོང་རང་ ཉིད་ཀྱིས་དངོས་སུ་བྲིས་པ་ཡིན་མིན་དྲིས་ལ།
ཁོང་གིས་བོད་ཡིག་ནང་བྲིས་ པའི་རྩོམ་ཡིག་དེ་དག་ཁོང་རང་ཉིད་ཀྱིས་དངོས་སུ་བྲིས་པ་མིན་ཡང་འབྲི་མཁན་ལ་ནང་ དོན་ཞུ་དག་བྱེད་རོགས་སོགས་བྱས་པ་ཡིན།ཁོང་གི་བོད་ཡིག་ཤེས་ཚད་དེ་འདྲའི་སྐྱོ་ བོ་མིན་ལ་བོད་ཡིག་ཀློག་ཡག་པོ་ཐུབ་ཀྱིན་ཡོད་པར་མ་ཟད་བོད་སྐད་ཀྱང་ཡག་པོ་བཤད་ ཤེས་ཀྱིན་ཡོད་གསུངས་སོང་།
ད་ང་ཐང་ཆད་སོང། དངོས་གནས་ཐང་ཆད་སོང། དཔྱད་རྩོམ་བྲི་བར་ཐང་ཆད་སོང། ཡིན་ལུགས་རྣམ་པར་དཔྱོད་པའི་དཔྱད་རྩོམ་བྲི་བར་ཐང་ཆད་སོང། བོད་སྤྱི་ལ་ཕན་པའི་ནང་དོན་ཅན་གྱི་དཔྱད་རྩོམ་བྲི་བར་ཐང་ཅད་སོང། ཐོད་བརྒལ་ཧམ་ཤེད་རིང་ལུགས་པའི་འཁྱོགས་བཤད་ལ་བདེན་པའི་དངོས་ར་སྤྲོད་བྱེད་ཀྱི་གཏན་ཚིགས་འགོད་པ་ལ་ཐང་ཆད་སོང། ང་ཐང་ཆད་པའི་ཞོར་ལ་ཞེ་ཡང་ཁྲེལ་སོང། སློབ་དཔོན་པདྨ་འབྱུང་གནས་ཀྱིས། བོད་ལ་དྲིན་ཆེར་བྱས་ཀྱང་དྲིན་མི་ཚོར་ཞེས་གསུངས་པའི་བཀའ་ལ་ཡིད་ཆེས་རྙེད་སོང། ད་ནས་བཟུང་བོད་རྣམ་གང་བྱེད་ཀྱང་བྱེད་དུ་ཆུགས། ང་ནི་མི་སྡོད་བདེ་ལྡན་ཞིང་ལ་འགྲོ །རང་ཉིད་གང་སྐྱིད་གནས་ལ་འཁྱམས་ནས་འགྲོ །
http://www.khabdha.org/?p=13832
དྲ་གྲོགས་BBC ལགས་ཁྱེད་ཐང་མ་ཆད།
ཚུར་ལ་གསོན་དང་དྲ་གྲོགས་BBC།།
ང་ཚོ་ཚང་མ་དཔུང་པ་མཉམ་དུ་སྒྲེང།།
ཡང་གཅིག་གསོན་དང་རྣམ་དཔྱོད་ཅན་པ་ལགས།།
ཡིད་ཐང་མ་ཆད་ཕ་བཟང་བུ།།
སྤོབས་པ་མ་ཉམ་རིགས་བཟང་བུ།།
དུས་ངན་སྙིགས་མའི་མི་རྣམས་ཀྱིས།།
དྲིན་ཅན་དྲིན་ལོག་བྱས་པ་མང།།
ཀླད་མེད་བུ་ཡིས་དྲིན་ཅན་ཕུངས་པ་མང།།
སྙིང་མེད་བུ་ཡིས་ཕ་མགོ་བརྡུང་བ་མང།།
བྱས་ཅན་མི་ལ་སྒྲོ་འདོགས་བསྐུར་འདེབས་མང།།
བྱས་མེད་མི་ཡིས་ང་རྒྱལ་གོ་འཕང་མཐོ།།
རྒྱུས་མེད་མི་ཡིས་སྟོང་གཏམ་བཤད་པ་མང།།
དེ་ལྟའི་ངང་ཚུལ་བསམས་ན་སེམས་སྐྱོ་ཡང་།།
གཉན་འཕྲང་དུས་སུ་ལྷག་དུ་སྤོབས་པ་སྐྱེས།།
༸རྒྱལ་བའི་དབང་པོའི་ཞབས་འདེགས་བསྒྲུབས་བརྩོན།།
གདོང་དམར་བོད་མིའི་ལ་རྒྱ་འདེགས་ལ་འབད།།
ཡུལ་གྱར་བོད་མིའི་ཆིག་སྒྲིལ་གོང་བུར་སོམས།།
དེ་དག་ལ་རྒྱའི་བདག་པོའི་སྙིང་གཏམ་ཡིན།།
དེ་དག་ལ་རྒྱའི་བདག་པོའི་སེམས་པ་ཡིན།།
ང་དང་བོད་མིའི་བར་དུ་ལ་རྒྱ་ཡོད།།
ང་དང་རྩ་དོན་བར་དུ་ལ་རྒྱ་ཡོད།།
ང་དང་རིགས་གཞུང་བར་དུ་ལ་རྒྱ་ཡོད།།
ང་ནི་དོན་གྱི་ལ་རྒྱའི་བདག་པོ་ཡིན།།་།།
བོན་ཞེས་པའི་མཆན་འདེབས་པ་པོ་འདིས་བོན་གྱི་གྲུབ་མཐའི་མིང་ཁུར་ཏེ་གང་བྱུང་བཤད་ན་གྲུབ་མཐའ་སྤྱི་ལ་མཚན་སྨད་དམ་དཀྲུགས་ཤིང་དུ་འགྲྱུར་ཉན་འདུག་པས་ད་ནས་བཟུང་གྲུབ་མཐའི་མིང་བེད་སྤྱོད་མ་གཏོང་རོགས་ཞུ་རྒྱུ་མ་ཟད་ཁ་བརྡ་རྣམ་ཚང་ཡང་འདི་རིགས་ལ་དགོངས་གཟབ་གནང་དགོས་པ་གལ་ཆེ་སྙམ།
གྲུབ་མཐའི་སྤྱི་མིང་ཐོག་སྒེར་སེམས་རང་འགའ་བས་ཀུན་ནས་སློངས་ཏེ་ཁ་ཚིག་བྱུང་རྒྱལ་དུ་སྨྲ་བ་རྣམས་ལ་ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པས། ཁ་བརྡའི་གཙོ་འགན་པ་རྣམ་པས་གོང་གི་བོན་ཞེས་པའི་མཆན་བཀོད་འདི་དག་ཕྱིར་འཐེན་གནང་རོགས་ཅེས་རེ་ཞུ་བྱེད་བཞིན་ཡོད།
དེ་ག་རང་རེད།