ཀླུ་སྨྱོན།
སྐྱག་ ཟན་ཚོ། ཁྱོད་ཚོས་རང་གི་སྐྱག་པ་རྒྱག་ཚད་ཅིག་ཟོ་ལ་དེ་ནས་རང་གི་བྱེད་སྟངས་དེས་བོད་ སྤྱི་བོ་གནམ་བསྟན་ཡོང་ལ་ཕན་གྱི་འདུག་གམ་བསམ་བློ་ཐོངས་ཨ། ཁྱི་སྐྱག་ལའང་མི་དོ་བ་ཁྱོད་ཚོར་མི་གཅིག་གི་ཟེ་བ་ཡར་འཐེན་བྱས་པའི་བྱས་རྗེས་ སྟོན་རྒྱུ་མེད་པར་ཁ་སྐྱག་ལངས་ལ་ཤོར་བ་ཨེ་ཤེས། ཁྱོད་ཚོས་བོད་མི་ཅི་ཙམ་ཡར་ལ་བསླངས་མྱོང་ངམ། ལྡོང་ཡོན་ཏན་ལྟ་བུའི་ཞབས་འདྲེན་པ་དག་དག་ཁྱོད་ཚོ་མིན་དུ་ཆུག་ཀྱང་། ལྡོང་ཡོན་ཏན་གྱིས་བོད་མི་བུ་ཅི་ཙམ་གྱི་ཁ་ནང་ལ་ཡི་གེ་བླུགས་པ་དེར་འགྲན་བཟོད་ པའི་བྱས་རྗེས་ཁྱོད་དང་ཁྱོད་ཀྱི་ཁྱི་ཟུག་རྒྱག་གྲོགས་ཚོར་ཡོད་དམ། ཡོད་དམ། ཡོད་དམ། བོད་བཙན་པོའི་གདོང་རྒྱུད་ཁྱི་རུ་གྱུར་ནས་ཁྱི་རྔ་མ་ཤ་ལེར་ནང་ལ་བཙན།
གོང་གི་ཚིག་ཕྲེང་དེ་དག་ནི་ལྡོང་ཡོན་ཏན་གཞན་དུ་མཐོང་སོང་ཞེས་པའི་རྩོམ་ཡིག་དེའི་མཆན་བུའི་ཁྲོད་ནས་བླངས།
ངའི་ཕ་ཡུལ་དུ་མི་ཞིག་གིས་ཟོས་ཀྱང་སྡིག་པ་མེད་པའི་མནའ་ཡ་མཚན་ཞིག་སྐྱེལ་སྲོལ་ཡོད་པ་སྟེ། དཔེར་ན་བུ་ ཕྲུག་མ་རབས་དག་གིས་ཕ་མའི་ཁ་མི་ལེན་པའི་དུས་དང་། བྱིས་པ་པྲ་ཚགས་དག་གིས་ནང་ཁུལ་འཇིགས་སྐུལ་བྱེད་དུས་སོགས་སུ། ཁྱོད་ཀྱིས་དེ་བྱས་ཀྱི་ལན་དུ་ངས་འདི་དང་དེ་བྱེད་མ་ཐུབ་ཚེ་ངས་ཁྱོད་ཀྱིས་གཅིན་ པ་དྲོན་མོ་འཐུང་གི་ཡིན་ཞེས་དང་ཡང་ན། ངས་ཁྱོད་ཀྱི་སྐྱག་པ་ཚ་བོ་བཟའ་གི་ཡིན་ཞེས་མནའ་སྐྱེལ་སྲོལ་ཞིག་ཡོད་པ་རེད། ཆེས་ཐོག་མའི་དུས་སུ་མནའ་ཚིག་ཡ་མཚན་ཅན་འདི་གོ་མ་ཐག་ཏུ་སེམས་པ་འཇིགས་ཡེར་རེར་ སོང་སྟེ་རང་གནོང་ངོས་ལེན་དང་རང་གིས་རང་གཅུན་བྱས་ནས་གཉོམ་དུང་ངེར་མི་འདུག་ག་ མེད་ཡིན་ན་ཡང་། ལོ་དང་ཟླ་བ་རེ་ཟུང་འགོར་རྗེས་གལ་སྲིད་ངས་འདི་དང་དེ་བྱས་ན་ཡང་ཁོ་དང་མོས་ངའི་ གཅིན་པ་དྲོན་མོ་ནམ་ཡང་འཐུང་མི་སྲིད་ལ་ངའི་སྐྱག་པ་ཚ་བོ་གཞར་ཡང་མི་བཟའ་བའི་ གཏན་ཚིག་མཁྲེག་པོ་ཞིག་རྙེད་རྒྱུ་ཡོད་པས། ངེད་ཅག་ལ་མཚོན་ན་སྔོན་ལས་ཀྱང་ངན་པ་ལང་ཤོར་དུ་གྱུར་ནས་སྤྱི་ཚོགས་ཀྱི་གད་ སྙིགས་འདོར་ས་ཡང་མི་རྙེད་པ་རེར་གྱུར་འགྲོ་བ་མིན་ནམ།
སྤྱིར་ ན་ངའི་ཕ་ཡུལ་གྱི་མནའ་སྐྱེལ་སྟངས་རྫོབ་པོ་འདི་དུས་ནམ་ཞིག་ནས་དར་བ་མི་ཤེས་ མོད། མིས་མི་ལ་གཅིན་འཐུང་དུ་བཅུག་པའི་ལོ་རྒྱུས་ཡོད་ལ། མིས་མི་ལ་སྐྱག་པ་བཟའ་རུ་བཅུག་པའི་གཏམ་རྒྱུད་ཀྱང་རྫོགས་མཐའ་བྲལ་བ་ཞིག་ཡོད་པ་མིན་ནམ། དེ་ནི་མི་ཆེ་གེ་མོ་ཞིག་གིས་མི་གཞན་དེར་རང་ཉིད་ནི་མནའ་བཟའ་དགེ་སྐྱུར་བྱེད་མཁན་ཞིག་མ་ཡིན་པའི་ངོ་གདོང་མཐོང་དུ་བཅུག་པ་ཞིག་མ་ཡིན་པར། ངན་པ་ལང་ཤོར་དུ་སོང་བའི་སྤྱི་ཚོགས་ཀྱི་གད་སྙིགས་ང་དང་ང་འདྲ་བ་དག་ལ་ཆེས་མཐའ་མཇུག་གི་ཆད་པ་གཅོད་སྟངས་ཤིག་ལག་ལེན་དུ་བཏབ་པ་རེད་ལ། དེ་ཡང་ལས་ངན་རང་འཁོར་གྱིས་འཐུང་ན་མི་འདོད་པའི་གཅིན་པ་འཐུང་དུ་བཅུག་པ་དང་། རྒྱུ་འབྲས་དབང་བཙན་པས་རང་སྐྱག་རང་ལ་བཟའ་བཅུག་པ་ཞིག་ག་ལ་མིན།
བོད་ ཀྱི་གསོ་བ་རིག་པའི་གཞུང་ལུགས་ཁག་ཏུ་མི་དང་དུད་འགྲོ་སེམས་ཅན་གང་མང་ཞིག་གི་ གཅིན་དང་སྐྱག་པས་ནད་རིགས་སྣ་ཚོགས་ཤིག་འཇོམ་ཐུབ་པའི་ཚུལ་ངོ་སྤྲོད་བྱས་ཡོད་པ་ སྟེ། དེ་ཡང་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས་པའི་བདུད་ནད་གཞོམ་ པའི་གཉེན་པོ་རྩི་སྨན་གྱི་ནུས་པ་རྐྱང་བཤད་གསལ་སྟོན་དྲི་མེད་ཤེལ་གོང་ཞེས་པའི་ ནང་དུ།
ཨེ་ཀྲོ་ཏ་(བྱིས་པ་ལོ་བརྒྱད་དམ་དགེ་སློང་གཙང་མའི་དྲི་ཆུ )ཡིས་གཉན་རིམས་དུག་ཚད་གདོན། །ནད་རྙིང་རུས་ཞེན་དབུགས་མི་བདེ་བ་སེལ། །
མི་ཡི་དྲི་ཆུ་དྲོན་མོས་ཁ་ནད་སེལ། །
དྲི་ཆུ་གྲང་མོས་མིག་ནད་སེལ་བར་བྱེད། །
དྲི་ཆུ་བར་མས་དུག་དང་གཉན་སྲིན་སེལ། །རིམས་སོགས་འགོ་བའི་ནད་སེལ་རྨ་གསར་འདུལ། །
སྤྲེའུ་བྱ་རྒོད་དྲི་ཆུས་གདོན་ལ་ཕན། །
བ་ཆུས་ཆུ་སེར་ཚད་རྙིང་སྦྱོང་བར་བྱེད། །
ར་ཐུག་བོང་གསེབ་ཆུ་ཡིས་སྣ་ནད་སེལ། །
ཁྱི་ཐུག་སྦྲེ་ཆུས་(ཁྱི་ཆགས་པའི་དྲི་ཆུ་དང་བསྡོངས་ནས་བྱུང་བ)ཁ་ཡི་རིམས་ནད་སེལ། །
ཝ་ཡི་གཅིན་གྱིས་གདོན་དང་སྨྱོ་ནད་སེལ། །
ཆུ་ངན་(ཕོ་མོ་ཆགས་པ་སྤྱོད་པའི་བར་ནས་ཆུ་བ་ལང་གི་ཁ་ཆུ་འདྲ་བ་ཡོང་པར་བཤད། )མེ་དབལ་ནད་དང་རྨ་ངན་སེལ། །
ན་ ར་ཀྵ་ར་(མིའི་དྲི་ཆུ།) ཨཤྭ་ཀྵ་ར་(རྟའི་དྲི་ཆུ )དང་། །ཀཽ་བཀ་ཀྵ་རས་(བ་ལང་གི་དྲི་ཆུ། )དངུལ་ཆུའི་གཡའ་དུག་འཁྲུད། །བྱང་སེམས་དཀར་དམར་ཚད་ལྡན་བཅུད་ལེན་མཆོག །
ཞེས་དང་ཡང་སྐྱག་པ་ལ་མཚོན་ན་ཡང་དེ་བཞིན་སྨན་དུ་འགྲོ་བ་ཡིན་ཏེ། དྲི་མེད་ཤེལ་གོང་ལས།
དྲི་ཆེན་གདོན་སྐྲངས་དུག་སེལ་སྐྲན་ནད་བཤིག །
ཕྱ་ཚན་རོ་ཚན་གསུམ་(མི་རྟ་ཁྱི་གསུམ་མའི་ཁོང་དུ་གནས་དུས་ཀྱི་ཁོང་བྲུན་སྐྱེས་ འཕྲལ་བ་མའི་ནུ་ཞོ་མ་ཞུ་གོང་བཏང་བའི་བྲུན་ལ་ཕྱ་ཚན་ནམ་ཚན་བུ་གསུམ་ཟེར། དེ་འདྲ་བ་ཕྲུ་གུ་སྐྱེས་འཕྲལ་ཤི་བའི་ཁོང་ནས་བཏོན་པ་ལ་རོ་ཚན་གསུམ་ཟེར་བ་ཡིན་ ནོ།།)གྱིས་དུག་ནད་འཇོམས། །
གོ་བོ་བྱ་རྒོད་བྲུན་གྱིས་དྲོད་སྐྱེད་ལ། །སྐྲན་བཤིག་ལྷེན་དང་ལྕགས་དྲེག་འགོག་པར་བྱེད། །སྐྲངས་པ་འཇོམས་དང་རྣག་ཏུ་འགུག་པར་བྱེད། །
ཕག་བྲུན་མ་ཞུ་གཉན་རིམས་མཁྲིས་སྐྲན་འཇོམས། །
རྟ་སྦངས་སྲིན་སེལ་མཁྲིས་རླུང་སྐྱུག་པ་འཇོམས། །
བོང་ནག་སྦངས་ཀྱིས་རྨ་ལ་ཕན་པར་བྱེད། །
ཁྲ་དང་ཕུག་རོན་སྐྱག་བྲུན་སྐྲངས་ནག་འགུགས། །
ཝ་བྱི་འུག་བྲུན་གདོན་དང་སྨྱོ་བྱེད་འཇོམས། །
བྱ་རྒོད་ཕ་ཝང་གཟུགས་མོས་གདོན་ཀུན་སྲུང་། །
མཚལ་ལུའི་བྲུན་གྱི་ལྡེ་གུས་མིག་ལ་ཕན། །སོགས་བྲུན་གྱི་ཕན་ཡོན་བསྟན་པའི་སྡེ་ཚན་ལས་མང་དུ་གསུངས་ཡོད།
དེ་ བཞིན་མི་ཕམ་བེའུ་བུམ་སོགས་ལས་ཀྱང་ཐོ་རེངས་རང་ལུས་གསེར་བུམ་དུ་བསྒོམས་ཏེ་ རླུང་བཟུང་ནས་རང་གི་དྲི་ཆུ་ཁམ་གང་རེ་འཐུང་ན་ལུས་ཀྱི་མདང་སྟོབས་རྒྱས་པར་ གསུངས་པ་སོགས། གལ་སྲིད་སྤྱོད་སྟངས་ཤེས་ན་ས་སྟེང་འདི་རུ་སྨན་མིན་ཅི་ཡང་མེད་ཅེས་པའི་གསུང་ རྒྱུན་ཞིག་ཀྱང་ཡོད་པ་དང་། མདོ་སྨད་བླ་བྲང་སོགས་སུ་མཚོན་ན་དགོན་པའི་གསང་སྤྱོད་ནང་གི་གཅིན་སྐྱག་རོང་བ་ ཚོའི་ཞིང་ཁའི་ལུད་རྫས་ཡོད་ན་མེད་ན་དེ་ཡིན་པས། གྲྭ་པ་ཚོའི་གཅིན་སྐྱག་ལས་སྐྱེས་པའི་གྲོ་ནས་སྲན་གསུམ་འདིས་ཡར་དཀོན་མཆོག་ལ་ མཆོད་པ་དང་མར་ངན་སློང་ལ་སྦྱིན་པ། བར་དུ་སེར་སྐྱ་མི་དམངས་ཀུན་གྱི་ཉིན་རེའི་ཟ་མ་ཐམས་ཅད་འདི་ལས་ཡོང་གིན་ཡོད་པས། རང་གིས་རང་ཉིད་བརྗེད་དེ་གཅིན་དང་སྐྱག་པ་ཞེས་པའི་མིང་ཙམ་ལ་ཡང་ཁ་གཉེར་སྣ་གཉེར་ བྱེད་པའི་དྲེད་པོ་འདི་དག་ལ་ངོ་མ་ཅི་ཞིག་བྱེད་ཨང་། སྔོན་ཆད་གོ་བ་ལྟར་ན་བོད་དུ་རྒྱ་ནག་ཧུའུ་ནན་ནས་ཁྱེར་ཡོང་བཞིན་པའི་ཇ་ནག་གྲུ་ བཞི་མ་དེ་བཟོ་སའི་བཟོ་གྲྭ་ཆེན་པོ་དེའི་ལས་མི་ཡོངས་ཀྱིས་ཇ་ལོའི་ནང་དུ་གཅིན་ པ་ཅི་ཙམ་གཏོང་ཐུབ་ན་དེ་ཙམ་ཇ་ནག་དེར་བྲོ་བ་ཆེ་བའི་བཤད་རྒྱུན་ཞིག་ཀྱང་འདུག་ ཅིང་། སྐབས་རེར་ཇ་ནག་དེའི་ནང་ནས་སྲོག་ཆགས་ཀྱི་རུས་དུམ་ཡང་གང་མང་ཞིག་མཐོང་རྒྱུ་ ཡོད་པར་བརྟགས་ན། ཇ་ནག་བཟོ་གྲྭ་དེའི་ནང་གི་གསང་བ་ངོ་མ་དེ་ཡང་ཤེས་འདོད་དྲག་ཏུ་འགྲོ་བ་ཞིག་ནི་འདུག གང་ལྟར་ང་ཚོས་རྒྱ་ནག་ཧུའུ་ནན་པ་ཚོའི་གཅིན་པ་ལོ་ངོ་འདི་ཙམ་ཞིག་གི་རིང་བཏུངས་ཟིན་པ་དེ་བདེན་ན། དྲ་ངོས་འདི་རུ་གཅིན་སྐྱག་ཅེས་པའི་མིང་ཙམ་ཡང་བྲིས་ན་མི་བཟོད་པའི་ན་ཟུག་དེ་གང་ནས་ཡོང་བ་རེད།
ཨ་རོགས་ཀླུ་ཚང་།
ཁ་སང་དེ་རིང་སེམས་ཁམས་ཅུང་མི་བདེ་ནི་མིན་ནམ།
ཁ་སང་ཟིག་འ་གཅིན་སྐྱག་ངན་རབས་བཤད་འདུག
དེ་རིང་གཅིན་སྐྱག་བཟང་རབས་བཤད་འདུག
མུ་མཐུད་ནས་སྙན་ངག་བྲིས་དང་ཀློག་མཁན་གྱིས་སྒུག་ནས་བསྡད་ཡོད།
ལོ་གསར་བའི་ནང་ཁངས་དྭངས་ཤིང་ལས་ལམ་འགྲོ་བའི་ཡོང་སྨོན་འདུན་དང་བཅས།
གཅིན་སྐྱག་གི་བཟང་ངན་ནི་རང་གི་ཁམས་དང་བསྟུན་ནས་འགྲེལ་བཤད་རྒྱག་དགོས་པ་ཞིག་རེད་འདོད། ཉི་མ་གཅིག་ངས་རང་གི་གཅིན་པའི་བྲོ་བ་དེ་ངོ་མ་ག་འདྲ་ཞིག་ཡིན་ནམ་བསམས་ནས་ཅུང་ཟད་བཏུངས་པ་ཡིན། ཚྭ་དྲི་ཁ་ཞིང་སྐྱུར་དྲི་འཐུལ་བ་ཞིག་འདུག ཉི་མ་གཅིག་རང་གི་སྐྱག་པའི་བྲོ་བ་ཡང་ག་འདྲ་ཞིག་ཡིན་མིན་ཚོད་ལྟ་ཞིག་བྱེད་འདོད། ཅི་སྐྱོན། རང་གི་ཁ་ནང་བརྒྱུད་ནས་ཁོག་ཏུ་སོང་བ་ཞིག་རེད། མ་རེད་དམ། གཙང་བཙོག་ཟེར་བ་འདི་ནི་ངོ་མ་བྱ་ཁྲལ་ཡོང་དུས་བྱི་སོ་སྟོན་ཅིང་བྱི་ཁྲལ་ཡོང་དུས་བྱ་གཤོག་སྟོན་པའི་རྫུ་བག་ཅན་ཞིག་རེད། རྒྱ་གར་དུ་བོད་པ་མང་ཤོས་ཀྱིས་རང་གི་སྐྱག་པ་འབྱར་བའི་རྐུབ་ལག་པས་འཁྲུད་བཞིན་ཡོད་པར་བསམས་ན་བོད་པ་མང་ཤོས་ཀྱི་རང་གི་སྐྱག་པའི་བྲོ་བ་ཏོག་ཙམ་རེ་མྱངས་ཚར་ཡོད་ལ། རྒྱ་གར་ཟ་ཁང་ནས་ཟ་མ་བཟའ་མྱོང་མཁན་དག་གིས་རྒྱ་གར་བ་ཚོའི་སྐྱག་པའི་བྲོ་བ་ཡང་མྱངས་ཚར་ཡོད་པ་རེད། མ་རེད་དམ།
ཉི་ཧོང་དུ་དེང་དུས་གཅིན་བཅོས་ཟེར་བ་ཞིག་དར་ནས་ཕྱུག་པོའམ།རྒན་པོ། འཕྲོད་རྟེན་ལ་དགའ་མཁན་ཙོས་གཅིན་པ་འཐུང་རྐྱང་གནང་གི་འདུག སྐྱག་པ་འང་ཟ་མཁན་ཡོད་ཚོད་གདའ། བོད་པའི་རིག་གཟུང་རྙིང་པ་དེ་ལ་དགག་པ་མི་སྔ་བར་དཔྱད་པ་ཞིག་བཏང་ན་ཅི་མ་རུང་།
གསང་སྔགས་དང་སྦྱར་ནས་ཤ་ལྔ་བདུད་རྩི་ལྔ་སོགས་བཤད་རྒྱུ་མང་ཡང་མང་མང་ཞིག་གི་དྲན་པ་འཐོར་བར་འཇིགས་ནས་རེ་ཞིག་བཏང་སྙོམས་སུ་མི་འཇོག་ཀ་མེད་རེད།
ད་དུང་གསང་དབང་དང་ཤེར་དབང་སོགས་དང་བྱང་སེམས་དཀར་དམར་ལས་བརྩམས་ཏེ་བརྗོད་པར་སྤྲོ་མོད་དེས་ཀྱང་མང་མང་ཞིག་གི་སྙིང་རྩ་འགག་པར་བསམས་ན་འདིར་སྨྲ་ག་ལ་ཕོད་དེ་མི་ཕོད་དོ།།
དཀོན་མཆོག་མཁྱེན། ཀླུ་སྨྱོན་འདི་ངོ་མ་ཀླུ་སྨྱོན་རེད་འདུག སྐྱག་གཅིན་སྟུ་མཇེ་ཁོ་ནས་དུས་གདའ་བ་ཞིག་འདུག
ཡིན་ནའང་བླ་རྒན་འདིས་གཞན་ལ་གནོད་པའི་ཚིག་གཅིག་ཀྱང་ཤོད་ཀྱི་མེད་ལ། ལྷག་པར་ཕྲ་གདོག་དང་ང་རྒྱལ་རྩ་བ་ནས་མེད་པའི་ཆོས་པ་བཟང་པོ་ཞིག་རེད་འདུག
བླ་རྒན་འདྲིན་ཅན་འདི་ང་ཚོ་ཁ་བརྡ་ལ་མགོ་བོ་སྐོར་བཞིན་འདུག། ཐུགས་རྗེ་ཆེ་རྒན་ཀླུ་སྨྱོན། སྐུ་མཁྱེན་རང་གིས་སྐྱག་པ་མ་ཟོ་ཨ། གཞན་ལ་སྐྱག་པ་མ་སྦྱིན་ཨ།
ཨོ་ཨོ་གཅིག་དྲན་སོང་། ཆབ་གསང་རིལ་བུ་ཟེར་བ་གོ་ཨེ་མྱོང་། འདི་བླ་མ་རྩ་བ་ཆེན་པོ་དེ་ཚོའི་སྐྱག་པ་སྐམ་ནས་རིལ་བུ་ཆུང་ཆུང་བཟོས་ནས་སློབ་མ་ཚོར་སྦྱིན་རྒྱུ་རེད་ཟེར་གོ་མྱོང་། དེ་བདེན་པ་ཨེ་རེད།
ཨ་ལགས་ཀླུ་སྨྱོན་གྱིས་གཅིན་སྐྱག་ལ་ཕྱི་ནང་གསང་བའི་བཤད་པ་མང་པོ་ཞིག་བྱེད་འདོད་གདའ་སྟེ་རེ་ཞིག་ཆོས་དང་འཇིག་རྟེན་གྱི་དྲྭ་རྒྱ་ལས་ཐར་ཚོད་མ་རེད། བོད་མི་ས་ཡ་དྲུག་ལ་བླ་མ་ཚོའི་སྐུ་གསང་རིལ་བུ་བཞེས་ཞེས་སྨྲས་ན་མང་ཆེ་བར་ཐེ་ཚོམ་ཙམ་ཡང་མེད་པར་ཐོབ་ཤ་བྱེདསྲིད། འོན་ཀྱང་མིང་དམར་རྗེན་དུ་བཏོན་ནས་གཅིན་སྐྱག་རྡོག་པོར་དྲིལ་བ་འདི་ཟོ་བྱས་ན་མང་ཆེ་བས་སྣ་མ་གཉེར་ཀྱང་རེ་ཞིག་ཚོམ་རེར་ལུས་པ་ཐག་ཆོད། རྟོགས་ལྡན་དང་རོ་སྙོམ་ཀྱི་མཚན་ལ་དགྱེས་པ་རྣམས་ཀྱིས་མིག་ནམ་མཁའ་ལ་གཅེར། ལག་ཐལ་ལོ་སྦྱར་ནས་དངོས་གྲུབ་འདི་ལས་ཆེ་བ་མེད་ཨ་ལ་ལ་ཧོ། ཞེས་ཡིད་ནས་སྐྱུག་མེར་ལངས་ནའང་སྨད་ཚོང མ་མགྲོན་པོ་དང་འཕྲད་པ་ལྟར་ཟོལ་མའི་འཛུམ་རེའང་སྟོན་སྲིད། གང་ཡིན་ན་འདྲ། ནང་ཁུལ་དཀྲུགས་ཤིང་དང་། ཆོས་ལུགས་འཐེན་ཁྱེར་དང་། ཆོལ་ཁའི་ཕྱོགས་རིས། ཀརྨ་པའི་སྤྲུལ་སྐུ་ལ་རྩོད་པ་བྱེད་མཁན་རྣམས་ཀྱི་ཞལ་དུ་བདུད་རྩི་ཆེ་ཆུང་རྒྱ་མ་གང་རེ་འབུལ་ལོ། བཞེས་ཤིག་རོལ་ཅིག དགྱེས་པར་མཛོད་ལ་རྩོད་པ་ཐམས་ཅད་ཞི་བའི་འཕྲིན་ལས་དམ་པ་མཛད་དུ་གསོལ།
དབང་ཆེན་ལགས་སུ་ཡིན་མི་ཤེས་ཀྱང་ཚིག་རྩལ་ངོ་མ་ངར་གི ཤེས་ལྡན་པ་ཞིག་གི་ཁྱད་ཆོས་ཡོད་ཀི ལིང་ཧྲན་མཚོ་གླིང་ནས་འཛོམས་པར་དགའ་ཡོད།