ཁྱེད་རང་ཆུང་བྱིས་པའི་དུས་ནས
འཚུབ་ཆ་ཆེ་བའི་གློག་ཞགས་ཀྱི་འགྲམ་ངོགས་ནས་ནར་སོན་པ་ལགས་ཏེ
པོ་ཏ་ལའི་གསེར་འོད་ལམ་ལམ་གྱི་རྒྱ་ཕིབས་དང་གསེར་ཏོག་ཀྱང་གློག་ཞགས་འདྲ
ཁྱེད་ཀྱི་སྤྱན་ཟུང་ལ་ཁ་བ་བབས་པ་ཕྱི་རུ་བཏོན་མ་མྱོང་བ་འདྲ་སྟེ
ཀ་ལོན་སྦུག་ནས་བྲག་རིས་རྐང་རྗེས་ཀྱི་ཤུལ་ལམ་ང་ཡིས་མཐོང་ཐུབ་ཅིང
ཁྱོད་ཀྱི་ཀི་སྒྲ་རིང་མོའི་རླུང་ཤུགས་ཀྱིས་དེད་པའི་སྤྲིན་པ་དཀར་པོ
ལྷ་སའི་དབྱར་དཀྱིལ་ལ་མཁའ་རུ་འཁོར
རྒྱ་ལོ་དོན་གྲུབ
ཞེ་བསམ་པའི་སེམས་གཏམ་རེ་བཤད་པའི་དབང་དུ་བཏང་ན
ཁྱོད་ཀྱི་སྐྲ་ལོར་ཟུག་པའི་དཀར་མདའ་དེ་དག
གློ་བོ་དམག་མའི་པག་ཚགས་ལ་མེ་མདའ་ཕོག་པའི་ཨུ་ཁུང་བཞིན་ཐོན་ཞིང
ཨུ་ཁུང་རེ་རེ་ནི་ཤ་ལ་ཕུག་པའི་གཅུ་གཟུར་རེ་རེའི་ཤུལ་རྗེས་དང
ཁྱོད་རང་གངས་དང་འགྲོགས་ཡུན་རིང་བའི་ཤུགས་རྐྱེན་ཞིག་ཏུ་ངེས་སོ
གངས་དཀར་པོའི་འགྲམ་གྱི་རྒྱ་ལོ་དོན་གྲུབ
ཁྱོད་ཀྱི་གོམ་བགྲོད་རིང་མོ་འཛམ་པོའི་གླིང་གི་དཀྱིལ་ལ་བྱས་ཤིང
ཐབས་ཤེས་སྣ་དགུ་ཕར་སྤྲོད་ཚུལ་ལེན་གྱི་བརྡ་དོན་ལ་སྦྱོར་དུས
བྲེལ་བ་ཆེ་བའི་ཁྱེད་རང་ཡོང་བ་སྔ་དྲག་སྟེ
ཉིད་ཀྱི་ཡ་ཆུང་སེམས་ནས་འཁོལ་ཡང་ང་ཚོས་ཅི་ཡང་མ་གོ་ལགས
བོད་མཐའ་མཚམས་ནས་དབུས་སུ་ཕེབས་ཤིང
དབུས་ནས་ཡང་བསྐྱར་མཐོ་ཞིང་བརྗིད་པའི་ཧི་མ་ལའི་རི་རྩེ་བརྒལ་རྗེས་ཀྱི་དེ་རིང
ཁྱེད་ཀྱི་དཔུང་རོགས་དག་གིས་གྱེས་བྲལ་གྱི་ལག་བརྡ་སྔར་ནས་བྱས་ཟིན་ཞིང
ཁྱེད་ཀྱི་སྐུ་གཟུགས་ཅུང་ཙམ་སྒུར་འདུག་ལ ཁྱེད་ཀྱི་གསུང་སྐད་ཀྱང་ཅུང་ཙམ་འགག་འདུག་ཨང
ལ་མོའི་རྩེ་ཡི་རྒྱ་ལོ་དོན་གྲུབ
༢༠༡༠།༡༢།༢༦ཉིན།
ང་ཚོ་བོད་ཀྱི་ལོ་རྒྱུས་ཀྱི་མི་སྣ་བྱས་རྗེས་ཅན་ཅན་མི་སྣ་ཁོང་ད་དུང་གངས་ཏི་ས་ལྟར་བཞུགས་འདུག བསམ་པ་དགའ། སྐུ་ཚེ་ཡུན་དུ་བརྟན་པ་ཤོག
སྐུ་ཚེ་ཡུན་དུ་བརྟན་པའི་སེམས་ཚོར་དྲག་པོའི་ངང་སྒྲོ་བཏགས་མེད་པའི་ཁོང་གི་སྐུ་ཚེའི་རིང་གི་ལོ་རྒྱུས་ཅི་བྱུང་གི་རྣམ་ཐར་ཞིག་བལྟ་ན་འདོད། གལ་སྲིད་དེ་འདྲ་རེ་མཆིས་ཚེ་སྐད་རིགས་གང་དུ་ཡོད་ཀྱང་ཁྱད་པར་མེད། སྐུ་ཚེ་བརྟན། ཐུགས་བཞེད་འགྲུབ་པར་སྨོན་ནོ།།
བཀྲ་ཤིས་བདེ་ལེགས། དྲ་གྲོགས་འཇམ་དབྱངས་ལགས། སྐུའི་གཅེན་པོ་མཆོག་གི་སྐུ་ཚེ་སྟོད་ཀྱི་ལོ་རྒྱུས་ཙོང་ཁ་ལྷ་མོ་ཚེ་རིང་མཆོག་གིས་བརྩམས་པའི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་དེབ་དང་པོ་དེ་ཡིན།
འཇམ་དབྱངས་ལགས་་ སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་གི་ལོ་རྒྱུས་རིང་པོ་ཞིག་སྟག་ལྷ་ཕུན་ཚོགས་བཀྲིས་ཀྱི་ཕྱག་དེབ་
ནང་བྲིས་གནང་འདུག དེའི་ནང་ཁོང་གི་དགེ་སྐྱོན་གཉིས་ཀར་འདུག ལྷ་མོ་ཚེ་རིང་གིས་ཕྱག་དེབ་ནང་མཛད་རཛྷྗེས་ཀྱང་ཀྱང་འཁོད་འདུག མི་ཞིག་ཡིན་པ་དང་ཕྱག་ལས་
ཆེན་པོ་གནང་མཁན་ཞིག་ལ་སྐྱོན་དང་ནོར་འཁྲུལ་མེད་པ་ག་ལ་སྲིད གང་ལྟར་སྐུའི་གཅེན་པོ་དེ་བློ་ཁོག་
ཆེན་པོ་དང་མཇོན་པོ་ མཛད་རྗེས་ཆེན་པོ་ཞིག་རེད་འདུག ཡིན་ནའི་ལམ་འགྲོ་བྱུང་མི་འདུག
ད་ལྟ་སྐུ་ངོ་བཞུགས་ཡོད་པས་ ཁོང་རང་གི་ལོ་རྒྱུས་ཕྱག་དེབ་ཞིག་བོད་མི་དམངས་ལ་བཞག་གནང་ཐུབ་པའི་རེ་བ་ཆིན་པོ་ཡོད
ད་ལོ་སྤྱི་ཟླ་དང་པོའམ་གཉིས་པ་གང་རུང་ཞིག་ལ་ལྷ་སྲས་རྒྱ་ལོ་དོན་འགྲུབ་མཆོག་བྱང་ཨ་རིའི་ནེའུ་ཡོག་དང་ཝ་ཤིང་ཊོན་སོགས་སུ་བསྐྱོད་ཀྱིན་འདུག དེ་དུས་ཁོང་གིས་གསུངས་དོན་ཁོང་གི་མི་ཚེ་དང་འབྲེལ་བའི་དཔེ་དེབ་ཅིག་རྩོམ་བཞིན་ཡོད། དེའི་ཆེད་དུ་ཡིན་ཟེར། ཐོག་མར་དབྱིན་ཇིའི་ནང་དུ་དཔར་སྐྲུན་བྱ་རྒྱུ་ཡིན་པ་དང་དེ་ནས་སྐད་རིགས་གཞན་པར་བསྒྱུར་དགོས་གསུངས་སོང་། དེ་དུས་གྲོགས་པོ་རེ་གཉིས་ཀྱིས་ཁོང་ལ་ནན་སྐུལ་གྱིས་གང་མགྱོགས་ཀྱིས་དཔེ་དེབ་དེ་དཔར་བསྐྲུན་ཡོང་བར་ཞུ་ཟེར།
བཟང་ངན་བརྗོད་པ་ཀུན་ཀྱི་ཐ་མ་ལ། །ཚེ་གཅིག་བརྩོན་པའི་མཛད་རྗེས་ཆེས་གསལ་བས། །བོད་རིགས་རྒན་གཞོན་ཀུན་གྱིས་གཅེན་པོ་ཞེས། །མཛེས་བརྗིད་རོ་སྒམ་ངོས་ལ་མཛད་རྗེས་བཀོད། །