བློ་གྲོས།
ད་ནི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལ་རྒྱབ་སྐྱོར་བ་ཚོས་གཞི་ནས་ཁྱབ་བསྒྲགས་ཀྱི་གོམ་སྟབས་བསྒྱུར་མགོ་ཚུགས་སོང་བ་འདྲ། མི་ཆེན་དཔོན་ཆེན་འདི་ཚོས། གནད་ཀྱི་འགག་རྩ་ལ་ཐུག་དུས། གཞི་ནས་གོམ་སྟབས་དེ་བསྒྱུར་གྱི་འདུག འདི་ནི་དམག་བྱུས་ཤིག་ཡིན་པའི་དབང་དུ་བཏང་ན། དམག་དོིན་མཁས་མྱོང་ཅན་གྱི་བྱེད་སྟངས་ཤིག་ཡིན་འདྲ།
བཀའ་ཁྲིར་བསྡད་མྱོང་བ་དང་སླར་ཡང་སྡོད་རྒྱུའི་གོམ་སྟབས་འདི་ཚོས། དམའ་མཐར་ཡང་གོ་བརྡ་ཞིག་སྤྲོད་ཀྱི་འདུག ཁོང་གིས་གནད་མཐའ་དག་འདུས་པའི་ཚིག་གཉིས་ཀྱིས་རང་ཉིད་ངོ་སྤྲོད་འཐུས་གཙང་གནང་འདུག་ལ། བཀའ་བློན་ཁྲི་པའི་ལས་འགན་ནི། བོད་ཀྱི་རྩ་དོན་དང་ཆབ་སྲིད་སྒྲུག་རྒྱུ་གཉིས་རེད་ཅེས་བསྒྲགས་ནས་བཀའ་ཁྲིའི་ལས་འགན་དེ་ཡང་ཡོངས་སུ་བསྟན་པ་ལ། ལག་པ་མང་པོ་ཞིག་གིས་ཐལ་མོ་ལྷན་དུ་བརྡེབས་སོང་། ཐལ་མོ་འདི་མུ་མཐུད་ནས་བརྡེབས་ཚེ། དེ་ནི་ཐལ་མོ་མང་པོ་ཞིག་གིས་བཀའ་ཁྲིའི་ཞབས་སྟེགས་དེ་འདེགས་པའི་ཐལ་མོ་ཡིན་པར་ཐེ་ཚོམ་མི་དགོས་པ་ཞིག་རེད།
ངའི་སེམས་ཁྲལ་ཆེ་ཤོས་ནི། བཀྲས་མཐོང་གིས་གཞིས་ཆགས་ཁག་དང་དགོན་སྡེ་ཁག སློབ་གྲྭ་ཁག་བཅས་ལ་གོམ་སྟབས་བསྒྱུར་ནས། རང་ཉིད་ཀྱི་ཕྱི་ནང་ཐེངས་གཅིག་སྟོན་གྱི་ཡིན་པ་འདྲ་ཞིང་། དེས་ཚུགས་མི་ཐུབ་པའི་རང་ཚུགས་མང་པོ་ཞིག་གི་ཚོས་གཞི་ཨ་མ་བསྔོགས་ངེས་པའང་ཡིན་སྟབས། ཁ སང་གི་འོས་ཤོག་དེ་ཚོ། ཁ་སང་གི་ཁ་ཕྱོགས་དེ་ནས་ཚུར་བཀོག་པ་ཡིན་ན། མི་རབས་གསར་པའི་ཚབ་མཚོན་པ་ལྟ་བུའི་ངའི་འོས་གཞི་སྟེ། ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེ་ལགས་ཀྱི་འོས་ཤོག་གི་གྲངས་ཚད་དེ་མར་ཟགས་རྒྱུ་རེད་དམ་མ་རེད། ད་ལྟ་ངས་འདི་ལ་སེམས་ཁྲལ་བྱེད་བཞིན་ཡོད། ད་ལྟ་ངས་རང་ཉིད་ཀྱི་འོས་ཤོག་རྐང་གྲངས་གཅིག་པུ་དེ་ཐོབ་ངེས་པའི་བཀའ་ཁྲི་དེར་འབུལ་ལམ་ཞུ་རྩིས་ཡིན།
ངའི་སེམས་ཁྲལ་གཅིག་དེ་ནི། ངའི་འོས་ཤོག་རྐང་གྲངས་གཅིག་དེ་ཐོབ་ངེས་པའི་བཀའ་ཁྲི་དེར་འབུལ་མ་ཐུབ་པར། ངའི་འོས་ཤོག་དེ་ཕམ་གྲངས་དེའི་ནང་ཟགས་པ་ཡིན་ན། མ་འོངས་པའི་བཀའ་ཁྲི་དེས་ལས་དོན་བཟང་ངན་གང་ཞིག་བརྩམས་པ་ཡིན་ནའང་། ང་ལ་དགའ་བ་དང་སྐྱོ་བའི་ཚོར་སྣང་གང་ཡང་ཡོང་ས་མ་རེད། འདི་ནི་ངའི་ད་ལྟའི་སེམས་ཁམས་རེད། མི་སུ་ཡིན་ནའང་། རང་ཉིད་ཀྱི་རེ་བ་དང་སྤོབས་པ་དེ་ཕམ་གྱོང་ལ་མ་སོང་བ་ཞིག་བྱེད་པ་ནི་མིའི་སེམས་ཀྱི་རང་བཞིན་ཞིག་རེད།
ངས་རང་ཉིད་ཀྱི་འོས་ཤོག་རྐང་གཅིག་དེ་ཕམ་གྲངས་ནང་ཟགས་འཇུག་པར་འདོད་ན། དེ་ནི་ལས་སླ་ཤོས་དེ་རེད། སྐུ་ངོ་བཀྲ་ཤིས་དབང་འདུད་ལ་ཕུལ་བཞག་པ་ཡིན་ན། མར་ཟགས་ཟགས་པ་ཡིན་པ་དེ་ངས་ཚོད་དཔག་ཐུབ་ཀྱི་འདུག ཡིན་ནའང་། ངས་རང་ཉིད་ཀྱི་འོས་འོག་གཅིག་པུ་དེ་མར་ཟགས་འཇུག་ཕོད་ཀྱི་མི་འདུག
སྔོན་འགྲོའི་སྐབས་སུ་ངས་འོས་ཤོག་གཅིག་པུ་དེ་ཁྲིམས་ལུགས་མཁས་པ་བློ་བཟང་སེང་གེ་ལ་ཕུལ་རྐྱང་བྱས་ཡོད། ད་ནི་བཀྲས་མཐོང་གི་གོམ་པ་རྒྱག་སྟངས་འདིས། ངའི་དངོས་གཞིའི་འོས་ཤོག་དེ་དྲི་རྟགས་མང་པོ་ཞིག་གི་ཀློང་ལ་བསྐྱལ་སོང་།
ཀློག་མཁན་ལགས། ཁྱེད་རང་གིས་བྱས་ན། ངའི་འོས་ཤོག་དེ་བཀྲས་མཐོང་ལ་ཕུལ་བས་དགའ་འམ། བློ་སེང་ལ་ཕུལ་བས་དགའ་འམ། གང་ལྟར་ངའི་འོས་ཤོག་དེ་ཕམ་གྲངས་ནང་མ་ཟགས་པ་ཞིག་བྱུང་ན་དེ་ག་རང་གིས་ངའི་འདོད་པ་ཚིམས་པ་ཡིན། ཁོང་གཉིས་ཀྱི་སུ་ལ་ཐོབ་དང་མ་ཐོབ་ལ་ང་ལ་ཁྱད་པར་གང་ཡང་མེད། ངའི་འདོད་པ་ནི་ངའི་འོས་ཤོག་དེ་ཕམ་གྲངས་ནང་མར་མ་ཟགས་པ་ཞིག་བྱ་འདོད་པ་དེ་ཙམ་ཡིན།
རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་རང་རེད། ཆོ་རྩ་བ་ནས་མེད་པ་ཞིག་བྲིས་འདུག
དངོས་གནས་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་རང་རེད་འདུག
བཀའ་བློན་ཁྲི་བའི་འོས་བསྡུའི་ལས་རིམ་འདིའི་དོན་གཅོད་བཀྲ་ཤིས་དབང་འདུས་ཀྱིས་ཁོ་རང་གི་མི་ཚེར་བསྒྲུབ་པའི་མིའི་རིན་ཐང་དུ་ས་རུ་བསྲེས་སོང་།འདི་ནི་ངའི་དྲན་སྣང་དང་ཚོར་བ་ཡིན་པ་མ་ཟད་མི་མང་པོ་ཞིག་གིས་བཀྲ་ཤིས་དབང་འདུས་ཀྱི་བྱེད་སྟངས་དེ་སྣང་བར་འགྲོ་གིན་མེད་པ་རེད།
བཀྲ་ཤིས་དབང་འདུས་སྔོན་འགྲོའི་སྐབས་སུ་བཀའ་ཁྲིར་ལངས་རྒྱུར་མིན་པར་བཤད་པ་དང་།འོས་བསྡུའི་སྐེད་མཚམས་སུ་གཞན་གྱི་སྐུལ་ངོ་མ་བཟློག་པ་ཡིན་ཚུལ་གྱི་ལངས་པ་སོགས་ཀྱིས་མིའི་རིན་ཐང་དང་།ལྗིད་ཁོག་ཅི་ཙམ་ཡོད་མེད་རྒྱ་མར་བཀྱག་ཚར་བས་ང་ཚོས་ཁོ་ལྟ་བུའི་བྱ་སྒྲོ་ལས་ཡངས་བའི་མི་བུ་ཞིག་ལ་མགོ་སྒུར་དགོས་ན་མི་ཡོང་ཐག་ཆོད་རེད།
དེང་སྐབས་ཡང་ཁོ་རང་ལ་འོས་ཐོབ་མེད་པ་ཤེས་བཞིན་དུ་འཚངས་ཁ་བྱས་ཏེ་སྡོད་པ་འདི་མང་པོ་ཞིག་གིས་བཀྲས་མཐོང་ལ་བསམ་མནག་བྱེད་ཀྱིན་ཡོད་ཚུལ་བཤད་ཀྱིན་འདུག་པས་གནད་འགག་འདི་འདྲ་ཞིག་ལ་འདི་ལྟར་ཅོལ་ཆུང་གི་ལས་ཀ་བྱས་ན་ད་ལྟ་བར་ཁོས་རྒྱལ་བ་རིན་པོ་ཆེའི་སྐུ་འོག་ཞབས་ཞུ་བསྒྲུབ་པའི་དགེ་རྩ་ཚང་མ་མེད་པ་བཟོས་པ་ཞིག་རེད།
སྐུ་ངོ་བཀྲིས་དབང་འདུས་ལགས།ནོར་སོང་།ངོ་མ་ཁྱོད་ལ་བློ་ཕམ་བྱུང་།
གནམ་རྡིབ་ལེའི་སེམས་ཁྲལ་དེ་རི་བོང་ལས་ཕག་པ་ལོ་ཆེ་པ་མེད་འགྲོ་བསམ་ཞི་ ཆི་ཡིན་ཟེར་ན་ཕག་པས་གནམ་ལ་རྩ་བ་ནས་བལྟ་འཕོད་ལེ་མི་བདའ་ མར་མགོ་གུག་བསྡད་ཞི་བདའ་།
ཁྱེད་རང་གི་འོས་གྲངས་གཅིག་པུ་དེའི་ལྡུག་ས། ད་ལྟ་གསལ་པོ་མི་འདུག དེས་ན་ཐག་གཅོད་མ་སྔ་བར་གྱིས།
འོས་ཤོག་སྐབས་ཀྱི་རྩོམ་ཡིག་མ་འདྲ་བ་ཞིག་བྲིས་འདུག ང་ཡང་དེ་བཞིན་རེད། རྒྱུ་མཚན་བཀའ་ཁྲིའི་འོས་གཞི་སུ་ཕམ་སུ་རྒྱལ་དེ་ལས་ང་ལ་མཚོན་ན་ང་རང་ཉིད་ཀྱི་རྒྱལ་ཕམ་དེ་གལ་ཆེ། དེ་བས་ན་ང་རང་གི་འོས་ཤོག་དེ་རྩ་ནས་ཕམ་བཅུགས་འདོད་མེད། ང་རང་གི་འོས་ཤོག་དེ་ངེས་པར་དུ་རྒྱལ་དགོས། དེ་བས་ན་ངས་སྔོན་འགྲོའི་འོས་གཞིའི་སྐབས་ཀྱི་འོས་ཤོག་གཅིག་བུ་༼བཀྲིས་དབང་འདུས༽ཕམ་ཡོད་ན་ཡང་། འོས་དངོས་གཞི་སྐབས་སུ་ངེས་པར་དུ་རྒྱལ་ཁ་ལེན་ངེས་པ་ཞིག་ལ་འོས་འཕེན་གྱི་ཡིན།
ངོ་མ་ཡག་པོ་བྲིས་འདུག ཁྱེད་ནི་མང་གཙོའི་སྤྱི་ཚོགས་ནང་བསྡད་ནས་ཐོབ་ཐང་གཅིག་པུ་མ་ཡིན་པར་ལས་འགན་ངོ་ཤེས་མཁན་ཞིག་རེད་འདུག ལྷག་པར་དུ་ད་ལྟའི་བོད་ཀྱི་ཡ་ང་བའི་གནས་སྟངས་ལ་བསམ་གཞིགས་གནང་མཁན་ཞིག་ཡིན་བཟོ་འདུག་པས། མཆན་བུ་འདེབས་མཁན་ཚོའི་བརྗོད་ཚིག་དག་ངོ་མ་ཆོ་མེད་རེད་འདུག ངས་བསམ་ཚུལ་འགའ་ཞུས་ན་འགྲིགས་སམ།
རྒྱུན་འཁྱོངས་དང་བརྟན་ལྷིངས་དགོས་ཚེ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་འདེམས་དགོས།
འོར་དང་སྟོང་བཤད་ལ་དགའ་ཚེ་བློ་བཟང་སེང་གེ་འདེམས་དགོས།
ལྷག་བསམ་དང་ཉམས་མྱོང་ལ་བསམ་ཚེ་བསྟན་འཛིན་རྣམ་རྒྱལ་ལགས་འདེམས་དགོས།
ཤེས་ཡོན་གྱི་ལག་འཁྱེར་ཙམ་གྱིས་འགྲིགས་བསམ་ན་བློ་བཟང་སེང་གེ་འདེམས་དགོས།
མུན་འཇོམས་མདོ། །
དུས་དེང་སང་ཁྲམ་པའི་མགོ་འཕང་མཐོ། །
དེའི་རྗེས་སུ་ཞུགས་པའི་བླུན་རྨོངས་མང། །
ཕན་མི་ཕན་མི་དཔྱོད་ཁྱུ་བྱས་ཏེ། །
ཁོང་ཨ་ཁུ་ཕག་པའི་རྣམ་ཐར་སྐྱོང། །
མཚམས་འདི་ནས་སྒྱུ་མའི་བྱུང་བ་གླེང། །
བསླབ་གསུམ་གྱིས་མཛེས་པའི་དགེ་འདུན་སྡེའི། །
མཐོ་མཁན་སློབ་བླ་སྤྲུལ་འདུས་མང་སར། །
ལག་ཐལ་སྦྱར་མགོ་གུག་ལྕེ་བསྣར་གྱིས། །
སྒྱུ་འཕྲུལ་གྱི་དད་པའི་གར་འཁྲབ་སྟེ། །
རང་མཐོན་པོའི་གོ་སར་འཛེགས་འདོད་ཀྱི། །
སྐྱབས་རིག་རིག་འཚོལ་བའི་འབྱུང་འབྲས་སུ། །
ཁོང་དད་ཅན་ཁྱིམ་པ་སུན་འབྱིན་འབྲས། །
སྐྱབས་དགེ་འདུན་སྡེ་ལ་མཚན་སྨད་དང་། །
གཤེ་མཚང་འབྲུའི་མེ་ཆར་རླུང་འཚུབ་ལྡང་། །
འདི་སྒྱུ་མ་མཁས་པའི་བྱས་རྗེས་ལགས། །
སྐྱབས་སུན་འབྱིན་ཟིན་པའི་ལེའུ་རྫོགས། །
དེས་མ་ཚད་ད་དུང་གླེང་རྒྱུ་མང་། །
བློ་ངེས་འབྱུང་ཅན་གྱི་རྒན་རབས་མདུན། །
ཕ་བླ་མའི་ཞབས་ཏོག་སྒྲུབ་སྐད་ཀྱིས། །
རི་པོ་ཏཱ་ལ་ཡི་ཕོ་བྲང་དུ། །
སྐྱབས་མཆོག་གྱུར་༸རྒྱལ་དབང་པད་དཀར་འཆང་། །
དུས་རིང་མིན་གདན་འདྲེན་ཞུ་སྐད་འདིས། །
ཁོང་རྒན་རབས་སྣང་བ་ལིང་གིས་བསྒྱུར། །
དོན་དཔོན་པོའི་གོ་སར་འགྱིང་འདོད་རེད། །
དེ་བསམས་ཚེ་ཐམས་ཅད་ཁྲེལ་བའི་རྒྱུ། །
འདི་ཡན་གྱིས་བགྲེས་ཞུས་མདོ་རྫོགས་སོ། །
ཡང་གསན་དང་སྒྱུ་མ་མཁས་པ་ཡིས། །
དཀྱུས་བོར་བའི་རྟ་ཡི་ངང་ཚུལ་གྱི། །
དཔྱོད་མི་ཤེས་གཞོན་སྐྱེས་ཁྲོད་ཞུགས་ནས། །
གསར་འཕྲུལ་དང་རིག་གསར་གཏམ་བསྙད་དེ། །
མིག་མདུན་གྱི་ཁྲ་ཁྲ་ཟིང་ཟིང་ལ། །
ཁོང་བྱིས་བློའི་སྣང་བ་འཕྲུལ་དུ་བཅུག །
དོན་འདི་ཡི་འཕྲུལ་གྱིས་པུར་རྒྱལ་གྱི། །
བསྟན་སྲིད་ལ་འཚུབ་ཆ་ཤིན་ཏུ་ཆེ། །
རྐྱེན་ཟློག་པའི་ཐབས་ལམ་ཉག་གཅིག་ནི། །
ད་བྱིས་པའི་འབུམ་ཆུང་གསོག་རེ་རན། །
བློ་གཞོན་སྐྱེས་རྨོངས་པའི་མདོ་རྫོགས་སོ། །
ད་ཕྱིན་ཆད་གངས་ཅན་སྐྱེས་འགྲོ་ཀུན། །
དྲིན་ཤེས་དང་བློ་གྲོས་ཟུང་འབྲེལ་ཏེ། །
གཡོ་སྒྱུ་མའི་རྗེས་སུ་མི་འབྲང་བར། །
རང་གཞན་བདེའི་ལམ་བུ་བཙལ་ན་ལེགས། །
བྷི་བྷི་སི་ཡིས་ཞུས་པའི་མུན་འཇོམས་མདོ་ཞེས་བྱ་བ་རྫོགས་སོ། །
དྲ་གྲོགས་་བློ་མིང་ལགས། རྒྱལ་ཕམ་གྱི་དབྱེ་བ་ནི་མིའི་སྤྱི་ཚོགས་དང་ཁ་བྲལ་ཐབས་མེད་པའི་གནས་ལུགས་ཞིག་ཡིན་པ་ཁྱེད་གྱིས་མཁྱེན་ངེས། རང་ཉིད་ཐོབ་འདོད་གྱི་རེ་བ་དེ་ཡང་ངོ་མ་རླབས་ཆེན་ཤིག་རེད། འོན་ཀྱང་རང་ཉིད་ཐོབ་པ་ལ་གཞན་གྱི་རམ་འདེགས་ལ་རེ་བ་ནི་རང་ཉིད་ལ་ཡིད་ཆེས་མེད་པའི་མངོན་རྟགས་ཞིག་ཡིནཔ་མ་ཟད་རང་ཉིད་ཐོབ་འདོད་གྱི་རེ་བ་དེ་ཡང་རྨི་ལམ་ཙམ་དུ་ངེས་སོ། ལྷག་པར་དུ་བཀའ་བློན་ཁྲི་པའི་འོས་བསྡུས་རྒྱལ་ཕམ་འདི་ནི་རང་ཉིད་གྱིས་རྣམ་དཔྱོད་ཁོ་ན་བེད་སྤྱོད་དེ། ད་གཟོད་རང་ཉིད་གྱིས་ཐོབ་འདོད་པའི་བཀའ་ཁྲི་དེ་འཚོ་དགོས་བ་ལས། དྲ་གྲོགས་ཚོའི་ལམ་སྟོན་ལ་རེ་བ་ནི་དམངས་གཙོ་ཡང་དག་པ་ཞིག་མིན་པ་མ་ཟད་དམངས་གཙོའི་ཐ་སྙད་གྱི་ཟུར་ཙམ་ཡང་ཁྱེད་གྱི་ཀླད་རྒྱབ་དུ་མ་ཤར་པའི་རྟགས་མཚུན་ལས་མེད།
བློ་གྲོས་ལགས། ཁྱེད་དེ་འདྲའི་ཅོལ་ཆུང་ཞིག་དང་མི་འཁོས་མེད་གཅིག་རེད་འདུག རང་ཉིད་ཀྱི་བསམ་གཞིགས་བྱས་ནས་རང་ཉིད་ཀྱིས་བློ་རིག་བེད་སྤྱོད་དགོས་ཤིང་། ད་དུང་རང་ཉིད་ལ་རིན་ཐང་དང་བློ་སྤོབས་བསྐྱེད་དེ་རང་ཐག་རང་གིས་གཅོད་དགོས་པ་ལས། གཞན་ཟེར་རྗེས་བརྗོད་ཁོ་ན་དང་རི་བོང་ཅལ་འགྲོགས་ཁོ་ན་བྱེད་པའི་གང་ཟག་ཁྱོད་དང་ཁྱོད་འདྲ་བ་བོད་པའི་སྤྱི་ཚོགས་ནང་མང་དག་ཞིག་ཡོད་ན་དེ་དག་ནི་བླུན་པོ་ཆུ་སྣ་གང་འཁྲིད་ཅེས་པའ་དཔེར་ཟླར་སོང་བས་བཀའ་བློན་ཡང་དག་པ་ཞིག་འདེབས་དཀའ་ཚོད་རོགས། དེས་ན་དངོས་གཞིའི་འོས་ཀྱི་ཆ་ཤས་ལེན་མཁན་བོད་མི་སུ་ཡིན་རུང་རང་ཐག་རང་གི་གཅོད་ནས། བློ་ཕ་ལ་མི་འདྲི། གྲོས་མ་ལ་མི་བྱེད་པའི་ཐོག་འོས་ཚད་ལྡན་ཞིག་བླུགས་ན་གཞི་ནས་མང་གཙོའི་ལམ་བུ་དེད་ནས་མུ་ནས་མུ་མཐུད་མདུན་དུ་སྤྱོད་ཐུབ། དེ་ལས་ཁ་ནས་མང་གཙོ་ཞེས་མ་ཎི་འདོན་འདོན་བྱེད་པས་ཕན་པ་མེད།
དེས་ན་རང་གིས་དེ་སྔོན་སྔོན་འགྲོའི་འོས་རྐང་གཅིག་པུ་དེའང་བློ་བཟང་སེང་གེ་ལ་བླུགས་ཟིན་ལ་དངོས་གཞིའི་འོས་རྐང་གཅིག་དེའང་ཁོང་རང་ལ་བླུགས་གཏན་ཁེལ་བ་ཡིན། རྒྱུན་མཚན་ནི།
༡༽ ༧གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་མི་རབས་གསར་པས་རྩ་དོན་དང་འཛིན་སྐྱོང་ལ་གོམས་འདྲིས་བྱེད་པ།
༢༽ རྒྱ་དམར་གཞུང་ངོས་ནས་མི་རབས་རྙིང་པ་ཀླད་རྙིང་འཁྲེགས་བཟུང་འགས་བཙན་བྱོལ་གཞུང་བཙུག་སྡོད་པ་ལས་མི་རབས་གསར་པ་ཚོ་ལ་དེ་ཙམ་དོ་སྣང་དང་སེམས་ཤུགས་པའི་རྩིས་བརྒྱག་གི་ཡོད་པ་དང་།
༣༽ རྒན་རིམ་དག་གིས་སྐུ་ངལ་ཚད་མེད་ཅིག་བསྐྱོན་པ་དང་མཉམ་དུ་སྐུ་དྲག་དང་ཆོལ་ཁའི་འཐེན་འཁྱེར་གྱིས་དྲི་མ་ཤུགས་ཆེར་ཡོད་ཀྱང་གསར་སྐྱེས་ཚོ་ལ་དེ་ཙམ་གྱིས་ལྟ་བ་འཁྲེགས་བཟུང་མེད་པ་དང་།
༤༽ རྒྱ་དཀར་ནག་གཉིས་ཀྱི་ཁྲིམས་ལུགས་གཞིར་བཟུང་ཐོག་བོད་པའི་བཙན་བྱོལ་གཞུང་ལ་ནུས་པ་དང་རྩ་དོན་ཐོག་ནུས་ཤུགས་བཏོན་པ་ལས་ཐབས་གཞན་ནམ་ལམ་ཁ་གཞན་མེད་སྟབས་ཁོང་ཁྲིམས་ལུགས་ཀྱི་མཁས་ཅན་ཡིན་པས་དེ་དག་ལ་ཁྲིམས་ལུགས་གཞིར་བཟུང་ཐོང་ཐབས་ལ་འཚོལ་མཁས་པ་དང་།
༥༽ དེ་སྔོན་ཕན་ཆོད་ཁོང་གིས་རྒྱ་ནག་གི་མཁས་དབང་མང་པོ་དང་ངོ་ཐུག་གིས་བོད་དོན་ཐད་དོན་སྙིང་ལྡན་པའི་བགྲོ་གླེང་རབས་དང་རིམ་པ་གནང་མྱོང་བས་རྒྱ་ནག་མང་ཚོགས་དང་འབྲེལ་འདྲིས་གང་འཚམས་ཡོད་ཅིང་གདེང་འཇོག་ཀྱང་ཡོད་པ་དང་།
༦༽ དེ་སྔོན་ཕན་ཆད་ཕལ་ཆེར་སློབ་གྲྭར་ནང་སློབ་ཕྲུག་དང་དགེ་རྒན་བྱས་ནས་མི་ཚེ་བསྐྱལ་བ་ལས་གངས་ཅན་སྐྱིད་ཤོང་གི་ཁ་འཛུམས་ཁོག་གནག་གི་སྲིད་དོན་ཡ་ང་བ་དེས་མི་གཤིས་མ་བསླད་པ་དང་།
༧༽ བོད་ཀྱི་རྩ་དོན་འདི་རྒྱལ་སྤྱིའི་འགྱུར་འགྲོས་དང་ཡང་འབྲེལ་བ་དམ་ཟབ་གཅིག་ཡོད་པར་བརྟེན་ཁོང་ལ་རྒྱལ་སྤྱིའི་ཁྲིམས་ལུགས་དང་ལམ་སྲོལ་འཕོ་འགྱུར་སོགས་ལ་གོ་རྟོགས་གང་འཚམས་ཡོད་པ་དང་།
༨༽ དེ་སྔོན་ཕན་ཆོད་ཀྱི་མི་ཚེའི་ལོ་རྒྱུས་ནང་ལེགས་ཆ་དང་ཉེས་ཆ་གཉིས་བསྡུར་ན་ལེགས་ཆ་བརྒྱ་ཆ་དགུ་བཅུ་དང་ཉེས་ཆ་བཅུ་ཙམ་ལས་མེད་པས་གང་ཅིའི་ཐད་མི་རབ་མ་གཅིག་ཏུ་བརྩི་ན་ཆོག་པ་དང་།
༩༽ གལ་ཏེ་ཁོང་བཀའ་བློན་ཁྲི་པར་ཕེབས་ན་གཞུང་གི་ཕྱག་ལས་ཆེ་ཁག་དེ་དག་རྒན་པ་འགའི་འགན་འཁྲི་ཡིན་པར་ལྟ་བུ་ངོས་འཛིན་པ་དེ་ལས་ལྡོག་ནས་བོད་ཀྱི་ན་གཞོན་ཕོ་མོ་དབྱེ་བ་མེད་པའི་ཐོག་ནས་སེམས་ཤུགས་དང་བློ་སྤོབས་འཕར་མ་ཞིག་སླེབས་ཤིང་བོད་ཀྱི་རྩ་དོན་འདི་རང་བཞིན་གྱིས་སྲ་བརྟན་དུ་འགྲོ་ངེས་པ་དང་།
༡༠༽ དཔེར་ན་ནང་ཚང་ཞིག་ཕ་འཛོམས་མ་འཛོམས་ཡིན་སྐབས་བུ་ཕྲུག་ཚོས་ནང་གི་བལྟ་རྟོག་ཆ་ཚང་བ་ཞིག་ཐུབ་ན་ནམས་ཞིག་ཕ་མ་མི་བཞུགས་པའི་སྐབས་སུའང་ནང་ཚང་དེ་འཕོ་འགྱུར་དང་ཉམས་རྒུད་འགྲོ་མི་སྲིད་པ་ནམ་བཞིན། ༧གོང་ས་མཆོག་ཞལ་བཞུགས་སྐབས་མི་རབས་གསར་པའམ་གཞོན་སྐྱེས་ཚོས་བཙན་བྱོལ་གཞུང་གི་འགན་ལེན་ཐུབ་པ་ཡིན་ན་རྗེས་སུ་རྒན་རབས་རྣམས་ཞལ་མ་བཞུགས་ནའང་མུ་མཐུད་རྩ་དོན་གནས་ཤིང་བཙན་བྱོལ་གཞུང་ཉམས་རྒུད་མི་འགྲོ་བའི་ཕན་འབྲས་ཆེ་བཅས་ཡིན།
xxxxxxxxxxxxxxxxxxxxxxx
དཔེར་མི་སྲིད་པ་ཡག་པོ་འདུག
ངའི་འོས་དེ་ཡང་ཁྱོད་ཚོས་བླུགས་རོགས་བྱོས་དང་། ངས་ནི་སུ་ཡག་པོ་ཡོད་ཡང་ཤེས་ཀྱི་མེད། བློ་བཟང་སེང་གེ་ཟེར་བ་འདི་དེང་སང་གི་མི་གསར་པ་གཅིག་ཡིན་པར་འདྲ། ལྷ་སྲས་བཀྲ་མཐོང་ལགས་མང་པོ་གོ་མྱོང་ཡོད།
ད་ནི་ཕལ་ཆེར་བློ་སེང་དང། བཀྲེས་མཐོང་གང་རུང་ཞིག་བཀའ་ཁྲིར་ཡོང་བ་ཐག་གིས་ཆོད་སོང་བ་རེད། ངེད་བཙན་བྱོལ་ཚང་གི་རྡོག་རྩ་རིལ་གྱིས་བཤད་ན་འདི་རེད། རྒྱ་ནག་གི་ངོ་གདོང་ན་འགྲམ་ལྕགས་ཚ་བེར་བ་ཞིག་བཞུ་བྱེད་ནི་བློ་སེང་བཀའ་ཁྲི་འོང་བས་ཡིན་ལ། འདི་ལྟར་གཉིད་མ་སད་པ་ལྟ་བུའི་བཙན་བྱོལ་སྤྱི་ཚོགས་འདི་ཡུན་རིང་སྡོད་དགོས་ན་བཀྲེས་མཐོང་གིས་མི་རབས་རྙིང་པའི་མཇུག་སྐྱོང་རྒྱུ་དེ་རེད།
ཁྱེད་ཀྱི་རྩོམ་གཤིས་འདི་ལ་དམིགས་བསལ་བའི་ཚོར་ཤུགས་ཤིག་འདུག དགའ་པོ་བྱུང་། འོན་ཀྱང་། འོས་ཤོག་བློ་སེང་ལ་སྤྲོད་འདོད་ཡོད་པ་ཤོད་བཞིན་དུ་མཇུག་ཏུ་སུ་ལ་འཐོབ་ཀྱང་ཁྱད་པར་མེད། ངའི་འོས་ཤོག་ཕམ་གྲངས་སུ་འགྲོ་མི་རུང་། གསུངས་པ་འདིས་ཁྱེད་ལ་རང་ཚུགས་མེད་པ་ལྟ་བུ་ཞིག་མངོན་ཡོང་གི་འདུག་པས། སེམས་ཀྱིས་ཐག་བཅད་པ་དེ་ཆོད་ཟིན་ལ་བསམས་ནས་འགྲོ་ན་མི་ལེགས་སམ། བཀྲིས་བདེ་ལེགས།
གང་ལྟར་བཀའ་ཁྲིའི་འོས་བསྡུ་དེ་འཇིག་བསྐུལ་དང་། རྒྱུ་དངོས་ཀྱི་དབང་དུ་མ་སོང་བ་ཞིག་དགོས།
ཁོང་གཉིས་ནས་སུར་འོས་ཐོབ་པ་ཡིན་ནའང་རྒྱ་ནག་ལ་འགྲམ་ལྕགས་ཅིག་བཞུ་རྒྱུ་རེད། དེ་ནི་༸གོང་ས་མཆོག་གིས་ང་ཚོ་གནང་པའི་མང་གཙོའི་བྱ་དགའ་ཆེ་ཤས་དེ་ཡིན། འོས་འགྲན་དགོས།
མི་ཁ་ཤེས་ཀྱིས་བློ་སེང་གི་འུར་སྒྲོགས་ཀྱི་འདུག་ཟེར་་་་དོན་རྩ་བློ་སེང་གི་་་༧ གོང་ས་མཆོག་རིང་མིན་ཕོ་བྲང་པོ་ཏ་ལར་གདན་འདྲེན་ཞུ་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར་བ་དེ་དང་་་་གསར་བཏོད་དང་རང་ཁ་རང་གསོ་་་སོགས་ཐབས་ལམ་ཁ་ཤེས་ཐོག་ཤུག་རྒྱག་གི་ཡིན་སྐོར་གསུངས་བ་དེ་ལ་ཐུག་འདུག ། ངའི་བསམ་ན་ཉམས་དམའ་བའི་མི་རིགས་ཤིག་གི་སྣེ་ཁྲིད་པ་ཡིན་ན་་་་སྙིང་སྟོབས་ཡོད་པ་་་དམིགས་ཡུལ་ཡོད་པ་་ཆོད་སེམས་ཡོད་པ་ངེས་པར་མི་རིགས་དེ་ལ་སྙིང་སྟོབས་ཀྱི་བསྐུལ་མ་གཏོང་མཁན་ཞིག་ཡིན་དགོས་པ་ལས ། གཞན་ བདག་དབང་གི་དཀའ་ངལ་་་མི་ཡུལ་ཡིན་པས་དཀའ་ངལ་་་དཔལ་འབྱོར་གྱི་དཀའ་ངལ་སོགས་དངོས་བདེན་ཡིན་ཡང་་་་གོང་ཞུས་ལྟར་མི་རིགས་ཀྱི་སྣེ་འཁྲིད་པའི་འཐབ་བརྩོད་པ་ཞིག་ཡིན་ན་བཀའ་མོལ་གནང་སྐབས་རང་དོན་གཙོ་བོ་མི་འཛིན་པ་གནང་དགོས་པར་སེམས ། སྤྱིར་བོད་བརྒྱུད་ནང་བསྟན་ཆོས་ལུགས་ནང་་་་་སེམས་ཅན་མ་སྒྲོལ་བ་རྣམ་གྲོལ་བར་བྱ་འོ་་་་དབུག་མ་འོང་པ་རྣམ་དབུག་འོང་བར་བྱ་འོ་་་མྱ་ངན་ལས་མ་འདས་བ་རྣམས་མྱ་ངན་ལས་འདའ་བར་བྱ་འོ་ཟེར་བའི་ཚིག་འདི་བོད་མི་བརྒྱ་ཆ་དགུ་བཅུའི་བཏོན་ཡོད་སྲིད་་་་འོན་ཀྱང་ཚིག་དོན་འདི་སྒྲུབ་ཐུབ་མཁན་ཉིན་མོའི་སྐར་མ་ཙམ་མིན་འགྲོ་་་་ཡིན་ཡང་འདི་འུར་སྒྲོགས་ཅིག་མིན་པར་བསོད་ནམས་ཆེན་པོ་བསག་གི་ཡོད་པ་བཞིན་་་་་ཆབ་སྲིད་སྐབས་སུ་ཡང་འདི་དང་མཚུངས་བའི་སྙིང་སྟོབས་བསྐྱེད་པ་དགོས་ངེས་ཞིག་ཡིན་པ་ལས་ཁ་ན་མ་ཐོས་ཞིག་ག་ལ་ཡིན །
མི་རབས་གསར་པར་བློ་སྤོབས་ཡོད་ཀྱང་ཉམས་མྱོང་གིས་ཕོངས་འདུག མི་རབས་རྒན་པར་ཉམས་མྱོང་ཡོད་ཀྱང་སྐུ་དྲག་གིས་ཟིན་འདུག བར་མ་རྣམས་ལ་ཤེས་ཚད་ཡོད་ཀྱང་ངོས་འཛིན་གྱིས་མི་འདང་། ད་ག་རེ་བྱེད་དགོས་པ་རེད་དམ། ངས་མགོ་ཚོས་ཀྱི་མི་འདུག་པས་ན། དྲ་གྲོགས་རྣམ་པའི་དཔྱད་ཞིབ་ཟབ་མོའི་སྒོ་ནས་ལམ་སྟོན་ཞིག་གནོངས་དང་། ད་སྐབས་ང་ནི་ཆུ་སྣ་གར་ཁྲིད་ལྟ་བུར་གྱུར་འདུག ཡང་ན། བཀའ་ཁྲིའི་འོས་མི་དེ་ཚོས་འདོད་སེམས་མ་གང་ཡིན་ནམ།
བོད་ཀྱི་གཏམ་དཔེར། ཨ་མའི་བུ་ལ་ཡོན་གཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད། ཟེར་བ་དེ་གོ་དོན་གཉིས་ཀྱི་ཕྱོགས་ནས་ལེན་རྒྱུ་ཡོད་པ་ཞིག་རེད། དགའ་ལྡན་ཁྲི་ཞེས་པའི་མིང་ཚིག་དེ་རི་བོ་དགེ་ལྡན་པའི་བསྟན་པའི་སྲོལ་གཏོད་པ་པོ་༸རྗེ་ཙོང་ཁ་པའི་སྐུ་ཚབ་འམ་རི་བོ་དགེ་ལྡན་པའི་བསྟན་པའི་བདག་པོ་འགྱུར་བའི་གང་ཟག་དེའི་བཞུགས་ཁྲི་དེ་ལ་གོ་རྒྱུ་གཅིག་འདུག ཡང་གཞན་ཞིག་ནི་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་མི་གཙོ་བོ་བཀའ་བློན་ཁྲི་པ་ཞེས་པའི་ཁྲི་དེ་ལའང་གོ་རྒྱུ་ཡོད་པ་ཞིག་རེད། དོན་དངོས་ཐོག་གང་ལྟར་དེ་གཉིས་ཀ་དགའ་ལྡན་ཁྲི་ཞིག་ཡིན་པ་གསལ་པོ་རེད། མིང་འདོགས་ཚུལ་དང་ལས་དོན་བྱེད་ཆོག་གི་ཐད་མི་འདྲ་བའི་ཁྱད་ཡོད། ད་ཆ་ཞིང་པ་དབུལ་ཕོངས་སྐུ་དྲག་མི་དྲག་གང་གི་བུ་ཕྲུག་ཡིན་མིན་ལ་མ་ལྟོས་པར་རང་ཉིད་ལ་ཤེས་ཡོན་འཇོན་ཐང་སོགས་དང་གཙོ་བོ་མི་མང་གི་གདེངས་ཚོད་དང་དགའ་ཞེན་ལ་ཐུག་ཡོད་པ་གསལ་པོ་རེད། བློ་བཟང་སེངྒེ་ལྟ་བུར་ཆ་བཞག་ན་སྐྱེས་ཁུངས་ཁམས་ནས་ཡིན་པ་དང་བཙན་བྱོལ་ན་སྐྱེས་ནས་སོ་སོའི་ནང་མིའི་བོད་ནང་གི་གནས་སྟངས་གོ་བ་དང་མཐོང་བ་གཉིས་ལས་མཐོང་མེད། བཀྲས་མཐོང་ནི་མིང་ལ་མཐོང་ཡོད་པ་བཞིན་བོད་ཡང་མཐོང་མྱོང་ཡོད་ལ་སྐུ་དྲག་ཀྱི་ཁྱིམ་བརྒྱུད་པ་ཞིག་རེད། རྒྱ་ཕྱོགས་ནས་བཤད་ན་ཁོང་ལྷ་འདྲེ་གདོན་འགེགས་ཀྱི་བུ་ཕྲུག་འམ་ཡང་ན་མངའ་བདག་གི་བུ་ཕྲུག་རེད། ཡིནའང་བཙན་བྱོལ་ནང་ལ་དེ་འདྲའི་མངའ་བདག་དང་གཡོག་པོ་སོགས་སྔར་གྱི་ལམ་སྲོལ་དང་བྱེད་མཁན་མེད་པ་དེ་བོད་མིའི་སྤྱི་ཚོགས་ཙམ་མ་རེད་འཛམ་བུ་གླིང་ལ་མེད་པ་འགྱུར་ཟིན་ཡོད། དེ་ལ་ད་ཆ་བསམ་བློ་གཏོང་རིན་མེད་པ་ཞིག་རེད། ཁོང་གཉིས་ལས་སྔ་མ་དེང་དུས་ཡིན་ཟེར་ནའང་ཆོག ཕྱི་མ་རྙིང་པ་ཡིན་ཟེར་ནའང་ཆོག ལོ་ནའི་འབབས་ཀྱི་བཤད་སྲོལ་རེད། མཐོང་རྒྱ་ཆེ་ཆུང་མཉམ་མྱོང་ཆེ་ཆུང་ཤེས་ཚད་ཆེ་ཆུང་སོགས་བཤད་དཀའ་བ་འདུག སློབ་ཐོན་ལག་འཁྱེར་སྔ་མ་མཐོ་བ་ཡོད་སྲིད་ཕྱི་མ་སློབ་སྦྱོང་ཀྱི་སྦྱངས་འབྲས་མི་དམན་པའང་ཡིན་སྲིད། གང་ལྟར་སུ་བཀའ་ཁྲིར་འཁོད་ནའང་བཀའ་བློན་ལས་རོགས་སྟོབས་ཆེན་ཞིག་ཏུ་འགྲན་རྩོད་པ་དེ་བཀོད་ན་ཧ་ཅང་ཡག་པོ་ཡོད་པ་དང་བོད་མིའི་རྩ་བའི་ཆབ་སྲིད་འཛིན་སྐྱོང་བྱེད་སྟངས་དེ་གཞན་ལས་ཁྱད་དུ་འཕགས་པའི་ཁྱད་ཆོས་ཚང་བ་ཞིག་མངོན་ཐུབ། གཉིས་ནས་སྔ་ཕྱི་གཉིས་ཀ་བོད་ཀྱི་རྩ་དོན་ཐད་ནུས་ཤུགས་སྟོན་མཁན་ཞིག་ཡིན་སྟབས་ངེས་པར་དུ་གོ་སྐབས་འམ་གོ་གནས་ཚད་ལྡན་ཞིག་ཕུལ་དགོས་ངེས་རེད། གསར་གཏོད་འམ་གསར་བརྗེ་ཤེས་ན་དེ་འདྲ་ཟེར་བྱེད་ཆོག ཨ་རི་དང་ཡོ་རོབ་སོགས་ལ་ལེགས་བྱ་ལེན་དགོས་དེ་བས་ང་རང་ཚོའི་ལེགས་བྱ་དང་སློབ་སྐྱེས་ཀྱང་གཞན་ལ་དམིགས་དཔེ་སྟོན་ན་མི་ལེགས་སམ།
བཀྲ་ཤིས་དབང་འདུས་ལགས། ཁྱེད་ནི་ངའི་སེམས་ནང་གི་དཔའ་བོ་ཡིན་ལ། སྔོན་འགྲོའི་འོས་ཤོག་དེའང་ཁྱེད་ལ་འཕངས་པ་ཡིན། ཁྱེད་རང་བཀའ་བློན་འཁེལ་རུང་མ་འཁེལ་རུང་།ངས་དངོས་གཞིའི་འོས་ཤོག་དེའང་ཁྱེད་ཀྱི་མིང་ཐོག་ཏུ་འབུལ་རྒྱུ་ཡིན། དེ་ནི་ངས་ད་ལན་གྱི་འོས་ཤོག་གི་ཐོབ་ཐང་དེ་ཡོངས་སུ་ལོངས་སུ་སྤྱོད་པ་ཞིག་ཏུ་རྩིས་ཡོད། འོན་ཀྱང་ཁྱེད་རང་བཀའ་བློན་ཁྲི་པར་འཁེལ་རྒྱུའི་རེ་བ་ཆུང་ཆུང་ཡིན། གང་ཡིན་ཟེར་ན། ད་ལན་གྱི་བཀའ་བློན་ཁྲི་པའི་སྐོར་བོད་མི་ཀུན་གྱིས་དོ་སྣང་ཧ་ཅང་ཆེན་པོ་བྱེད་ཀྱིན་ཡོད་ཅིང་། གླེང་སློང་ཡང་ཧ་ཅང་མང་པོ་བྱེད་ཀྱིན་འདུག དེ་དག་གི་ཁྲོད་ནས་མངོན་གསལ་ཇེ་དོད་དུ་འགྲོ་བ་ཞིག་ནི། མི་ཀུན་གྱིས་གང་ཟག་སྒེར་གྱི་ཁེ་ཕན་བསྒྲུབ་ཐབས་དང་། ཕྱོགས་ལྷུང་གི་འབག་གཙོག་གིས་གོས་པ། སྤྱི་ཚོགས་རྙིང་པའི་རོ་ལོངས་བྱ་ཐབས་ཁོ་ན་ལས་བོད་སྤྱིའི་རྩ་དོན་བསྒྲུབ་ཐབས་ལ་ཕན་ཐབས་དང་། མི་དེའི་ཀུན་སྤྱོད་དང་འཇོན་ཐང་ལ་དོ་སྣང་བྱེད་མཁན་ཕལ་ཆེར་མེད་པ་དང་འདྲ་བས། ཁྱེད་ཀྱིས་ལོ་ངོ་་་༣༠་ལྷག་ཙམ་གྱི་རིང་དུ་བོད་སྤྱི་པའི་འགན་ཁུར་ཁོ་ནར་དམིགས་པའི་ཕྱག་ལས་ཞིག་ལས། དཔུང་སྒྲིག་ཐབས་དང་རྒྱབ་སྐྱོར་འཚོལ་ཐབས་ཀྱི་ལས་ལ་འཇུག་མྱོང་མེད་ཁར། མ་འོངས་པར་ཁྱེད་བཀའ་བློན་ཁྲི་པ་འཁེལ་རུང་། ཁྱེད་ཀྱིས་ཁྱེད་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་སྣ་དེ་དག་ལ་འཛུམ་མདངས་དམིགས་གསལ་བ་ཞིག་བསྟན་མི་སྲིད་པ་དེ། ཀུན་གྱིས་མངོན་གསལ་རྗེན་རྗེན་དུ་མཐོང་བས། ཁྱེད་རང་བཀའ་བློན་ཁྲི་པར་འཁེལ་རྒྱུ་ཁག་པོ་རེད། འོན་ཀྱང་བདག་ལྟའི་གང་ཟག་རྣམས་ཀྱི་འདོད་བློ་ཁེངས་པ་ཞིག་འོང་བའི་ཆེད་དུ་ཁྱེད་རང་དངོས་གཞིའི་འོས་གཞིའི་ནང་དུ་ཞུགས་རྒྱུར་སེམས་གཏིང་གི་རེ་བ་ཡིན། ངས་ཁྱེད་ལ་སྐུ་ངོ་ཞེས་འབོད་འདོད་མེད་པ་ནི། ཁྱེད་ལ་ཆེ་བསྟོད་བྱེད་མི་འདོད་པ་གཏན་ནས་མིན། སྔོན་གྱི་སྐུ་ངོ་རྣམ་པས་སྐུ་ངོའི་མིང་གི་རིན་ཐང་གཏན་མེད་དུ་བཟོས་པའི་མ་ཟད། ཚིག་འདི་རྣ་བར་ལྷུང་ཚེ་བོད་གཙོང་མཁན་ཞེས་པ་འདི་ངང་གིས་གོ་ཡོང་གིན་འདུག